ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་།
Lha Charitable Trust
Regd No. 240
Institute For Social Work & Education
སྔོན་གླེང་།
༄༅།། ཕྱི་ནང་གཞུང་ལུགས་སྨྲ་བའི་དབང་ཕྱུག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་དགུང་གྲངས་ ༧༦ ལ་ ཕེབས་པའི་སྐུའི་འཁྲུངས་སྐར་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་སྔོན་དུ་བཏང་སྟེ། གང་ཉིད་སྐྱེ་ འགྲོ་སྤྱི་དང་། ཁྱད་པར་བོད་བསྟན་སྲིད་དང་རིག་གཞུང་ལེགས་བྱང་སྐད་ཡིག་བཅས་ཀྱི་ཆེད་སྐུ་ཚེ་ཡུན་དུ་བརྟན་ཅིང་། མཛད་འཕྲིན་ཡར་ ངོའ ་ི ཟླ་ལྟར་འཕེལ་བའི་བཀྲིས་སྨོན་འདུན་གྲངས་མེད་ཞུ། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལེགས་བྱང་སོགས་སྲུང་སྐྱོབ་དང་དར་ སྤེལ་གྱི་ལས་གཞིའི་འོག་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་ཪིན་པོ་ཆེ་མཆོག་གི་ཟབ་རྒྱས་རིན་བྲལ་གྱི་གསུང་བཤད་དང་གསུང་རྩོམ་ སོགས་དྲ་རྒྱ་བརྒྱུད་ནས་ཁྱབ་སྤེལ་ཞུ་རྒྱུའི་ལས་འཆར་འདི་ཪིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ལ་ཕེབས་སྐབས་བཀའ་དྲིན་རྗེས་དྲན་ཞུ་ སླད་ ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་དངོས་སུ་དབུ་འབྱེད་ཀྱིས་འགོ་འཛུགས་ཞུས་པ་ཡིན་ཞིང་། ད་ལྟའི་ཆར་ཁོང་གི་དྲྭ་ཚིགས་ནང་བོད་ ཡིག་ཐོག་གསུང་བཤད་དང་གསུང་རྩོམ་གྲངས་ ༥༣༣ དང་། ཨིན་ཡིག་ནང་གྲངས་ ༨༨ སྒྲ་ལྡན་གསུང་བཤད་གྲངས་ ༣༨༠ གློག་བརྙན་ གྲངས་ ༤༡ སོགས་ཀྱི་བརྗོད་གཞི་གཙོ་བོ་ཁག་ནི་འཚེ་མེད་ཞི་བ་དང་། ཤེས་ཡོན་སློབ་གསོ། སྲིད་དོན་ཚན་རིག མང་གཙོའི་རིང་ལུགས། ཁྲིམས་ལུགས། བྱུང་རབས་ལོ་རྒྱུས། རིག་གནས། སྐད་ཡིག ཁོར་ཡུག བཟང་སྤྱོད་གོང་འཕེལ། མི་ཚེའི་རིན་ཐང་སོགས་ཀྱི་ཐོག་ལམ་ སྟོན་གནང་བ་འདི་དག་སྐྱེ་འགྲོ་སྤྱི་དང་། ཁྱད་པར་བོད་ཕྱི་ནང་གཉིས་སུ་ཁོང་གི་གསུང་ལ་གཙིགས་ཆེར་འཛིན་མཁན་སྐོམ་པ་ཆུ་འདོད་ལྟར་ གྲངས་ལས་འདས་པ་རྣམས་ལ་དྲ་ལམ་བརྒྱུད་ནས་ཉམས་ལེན་དང་ལྟ་ཀློག་ཐུབ་ཆེད་མཐུན་རྐྱེན་སྐྲུན་ཐུབ་པར་ཧ་ཅང་བློ་ཡིད་ཚིམས་པོ་བྱུང་ ། ད་དུང་འདས་པའི་ལོ་གཅིག་ཙམ་ནས་གང་ཉིད་ཀྱི་གསུང་རྩོམ་སོགས་བསྡུ་རུབ་དང་སྒྲ་ཕབ་ཞུས་པ་བོད་ཨིན་གཉིས་ནང་ཤོག་ངོས་ ༥༠༠ ལྷག་ཙམ་ཞུ་དག་དང་རྩོམ་སྒྲིག་ལས་དོན་འགྲོ་བཞིན་པས་འབྱུང་འགྱུར་དེབ་གཟུགས་ཀྱི་ངོ་བོ་ཐོག་འདོན་སྤེལ་གྱིས་དོན་གཉེར་ཅན་རྣམ་པའི་ སྤྱན་ལམ་དུ་འབུལ་ཐུབ་པའི་རེ་བ་ཡོད། ད་བར་གཟུར་གནས་བློ་ལྡན་མང་པོས་གང་ཉིད་ཀྱི་མཚན་ཐོག་དྲྭ་གནས་ལ་ཡིག་ངག་གཉིས་ཐོག་ནས་རྒྱབ་སྐྱོར་དང་སྐུལ་ལྕག་གནང་བར་ ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཪིན་པོ་ཆེ་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་གང་ཉིད་ཀྱི་མཛད་རྣམ་མདོར་བསྡུས་ ཤིག་དང་། ལྷག་པར་ཪིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ལ་ཕེབས་སྐབས་ཇར་མ་ནིར་གནས་བཞུགས་མཁས་དབང་བྲག་གཡབ་བློ་ལྡན་ ཤེས་རབ་རིན་པོ་ཆེ་མཆོག་གིས་ཆེད་དུ་མཛད་པའི་ “སློབ་དཔོན་ཆེན་པོ་༧མི་དབང་༧སྐྱབས་མཆོག་ཟམ་གདོང་རིན་པོ་ཆེའི་ལེགས་མཛད་ རྗེས་དྲན་རིན་ཆེན་དོ་ཤལ་” འདི་མཉམ་འགྲེམས་སྤེལ་ཞུས་པའང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་ བོད་བསྟན་སྲིད་དང་། སྐད་ཡིག་ལེགས་བྱང་། བོད་མིའི་ཆེ་མཐོང་། གཟི་བརྗིད། ལ་རྒྱ། སྤོབས་པ་སོགས་གོང་མཐོར་འདེགས་པའི་ཕྱག་རྗེས་ ཇི་ཙམ་འཇོག་གནང་མཛད་ཡོད་པ་མཁྱེན་རྟོགས་སླད་འཕྲུལ་དེབ་འདི་འགྲེམས་སྤེལ་ཞུས་ཡིན་པ་བཅས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༥ ཉིན།།
Lha office: Temple Road, Mcleod Ganj 176219, Dharamashala, Distt. Kangra, H.P. India Phone: +91(0) 1892-220992 Mobile: +91(0) 9882323455 Email: office@lhasocialwork.org Websites: www.lhasocialwork.org, www.samdhongrinpoche.com www.tibetnature.net, www.contactmagazine.net