བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད་དང་གསུང་རྩོམ་སོགས་གལ་ཆེ་ཁག་ཕྱོགས་བསྡུས་”ཀྱི་དེབ་ཕྲེང་བདུན་པ་’འདི་བཞིན་ཕྱི་ལོ་༢༠༡༦ ཟླ་༡༡ ཚེས་༥ ཉིན་གང་ཉིད་ཀྱི་འཁྲུངས་སྐར་ཉིན་དབུ་འབྱེད་གནང་བ་འབྲེལ། དེབ་ཕྲེང་བདུན་པ་འདི་ནི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དཔར་སྐྲུན་དང། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྒེར་དྲུང་འབུམ་རམས་པ་བསྟན་འཛིན་དོན་ཡོད་ལགས་ཀྱིས་ཕྱོགས་སྒྲིག་དང་ཞུ་སྒྲིག་གནང་བ་ཞིག་ཡིན། གསུང་འབུམ་དེབ་འདི་རིན་མེད་ལ་འགྲེམས་སྤེལ་བྱེད་ཀྱི་ཡོད་པས། ཐུགས་མཁོ་ཡོད་མཁན་རྣམས་ཀྱིས་འཕྲུལ་དེབ་དྲ་ཐག་འདི་ནས་ཕབ་ལེན་གནང་ཐུབ