ཤར་དུང་རི

Page 1

བདེན་པའི་བློ་མིག

སྒྲིག་པ་པོའི་གཏམ།

མུན་པ་སིབ་སིབ་དང་རླུང་དམར་འུར་འུར་གྱི་ལོ་ཟླ་འདིར།

ཤར་དུང་རི༽རང་གི་རྩ་དོན་དང་ལངས་ཕྱོགས་ཀྱིས་བརྩེངས་ཤིང་། དེབ་ཕྲེང་ཉེར་

གསུམ་གྱི་གོམ་པས་ཁེར་ལམ་གྱི་དབེན་པ་དཀྲོག་དུས། ང་ཚོར་བདེན་སྟོབས་ཀྱིས་སེམས་ཁ་དྲོས ་ཤིང་དད་འདུན་གྱི་ཡིད་ཆེས་རྙེད་ཡོད། དེ་ལས་གཞན་ཐེངས་འདིའི་དེབ་ཕྲེང་གི་གསལ་བཤད་ཅིག་ལ།

ཤར་དུང་རིའི༽དེབ་ཕྲེང་འདི་འདོན་རྒྱུའི་སྟ་གོན་སྔོན་ནས་བྱས་ནའང་། རྩོམ་

གྱིས་མི་ལོངས་པའི་དཀའ་ཁག་ལ་འཕྲད་དེ་ད་རག་བར་ཕྱིར་འགྱངས་མི་བྱེད་ཐུ་མེད་བྱུང་། སྟབས་ལེགས་པ་ཞིག་ལ། སྐུ་ཞབས་མེ་ལྕེ་ལགས་ཀྱིས་ ༼

2010ལོའི་གླེང་གཞི་དང་བསམ་བློའི༽སྐོར་གྱི་རྩོམ་ཡིག་བཅུ་གཉིས་མཁོ་འདོན་གནང་བས་དེབ་གྱི་ལམ་རྒྱགས་གྱ་ནོམ་པར་གྱུར་མོད། ཡིན་ནའང་

། མཁོ་འདོན་གནང་བའི་རྩོམ་ཡིག་ཆ་ཚང་འགོད་མ་ཐུབ་པར་དེ་དག་འདེམས་གསེས་སྒོས་བཀོད་པ་དང་། གཞན།

ཤར་དུང་རིར༽རྒྱབ་སྐྱོར་དང་

ཐུགས་ཁུར་ཚད་མེད་གནང་བའི་རྩོམ་པ་པོ་རེ་གཉིས་ཀྱི་བརྩམས་ཆོས་ཀྱང་ཐེངས་འདིར་འགོད་མ་ཐུབ་པས། འདིར་ཆེད་དུ་སྐུ་ཞབས་མེ་ལྕེ་དང་རྩོམ་ པ་པོ་གཞན་དག་ལ་གསལ་བཤད་དང་དགོངས་དག་ཅིག་ཞུས་པ་ཡིན།

རང་དབང་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ/འགྱན་སངས་རྒྱས་དོན་གྲུབ།

རང་དབང་ནི་སྐྱེས་པ་ནས་འཆི་བའི་བར་སྐྱེ་བོ་རེ་རེ་ལ་གདོད་ནས་གྲུབ་པའི་དམིགས་བསལ་གྱི་ཐོབ་ཐང་དང་དབང་ཆ་སྟེ། འཁོར་བའི་

བཙོན་རར་མ་ཚུད་པའི་སྔོན་ལ་འཇིག་རྟེན་འདིའི་མི་ཡོད་དོ་ཅོག་གི་འདུན་པ་ནི་གདོད་ནས་རང་དབང་དུ་གྲུབ་པའི་ཕྱིར་ན་ལྷན་སྐྱེས་སམ་རང་ གྲུབ་ཀྱི་ཆོས་ཅན་དུ་ནུབ་ཕྱོགས་རང་དབང་རིང་ལུགས་པ་ཚོས་འདོད། དེའི་ཕྱིར་རང་དབང་ནི་འདས་མ་འོངས་ད་ལྟ་གསུམ་གའི་ལོ་རྒྱུས་

ཀྱི་ལུས་ལ་ཐུན་མོང་དུ་གྲུབ་པའི་སྲོག་གི་བརྗོད་བྱ་སྟེ། རྟོགས་པའི་མཐོ་དམའ་མ་གཏོགས། མི་རིགས་གང་དང་དུས་རབས་གང་། ཆོས་

ལུགས་གང་། མཚན་རིག་གང་ཡིན་ཀྱང་རང་དབང་གི་བརྗོད་དོན་ལ་མ་འབྲེལ་བ་ཞིག་ཕལ་ཆེར་མེད་པར་སྣང་། མི་རང་ལྡོག་ལ་སྦྱར་ནའང་ མི་ཚེའི་མཐར་ཐུག་གི་རྩོལ་བ་ཆེན་པོ་དང་དམིགས་པ་ཆེན་པོ་ཡང་དེ་བཞིན་རང་དབང་གི་བདེ་བ་ལ་བྱེད་པས་ན། རང་དབང་ཞེས་པ་ཆོས་ ལུགས་བྱུང་བའི་སྐད་ཅིག་གཉིས་པ་ནས་བཟུང་ཆོས་ལུགས་མཚན་རིག་དང་ལོ་རྒྱུས་མཚན་རིག་གི་ངོ་བོར་གྲུབ་ཟིན་ནོ། །

རང་དབང་གི་རྟེན་གཞི་ནི་རིགས་རྣམ་ངེས་པ་ཅན་དུ་གནས་པའི་སྤྱི་ཚོགས་དེའི་ཕྱི་ནང་གི་ཆ་རྐྱེན་ཏེ། འགྲོ་བ་མིའི་སྤྱི་ཚོགས་བྱུང་

ཞིང་མི་ཉིད་སྤྱི་ཚོགས་ཀྱི་མི་རུ་གྱུར་བ་ནས་བཟུང་། དེ་ཉིད་ཤེས་རིག་ཡོན་ཏན་དང་མི་ཆོས་ཀུན་སྤྱོད། འཚོ་བའི་ཉེར་བསྡོགས་སོགས་ཀྱིས་

མཚོན་པའི་སྤྱི་ཚོགས་འབྲེལ་ལམ་ཁོ་ནའི་ཁྲོད་དུ་གནས་ངེས་པའི་ཕྱིར་རོ་ཞེས་ནུབ་ཕྱོགས་རང་དབང་རིང་ལུགས་པ་ཚོས་བཞེད། མི་རང་ ལྡོག་ལ་བལྟོས་ནས་བཤད་ན། སྤྱི་ཚོགས་འབྲེལ་ལམ་ལ་མ་བལྟོས་པའི་རང་དབང་ནི་སྤྱི་ཚོགས་ཀྱི་འབྲེལ་ཐག་ཡོངས་སུ་བཅད་ཅིང་འཁོར་

བ་ལས་རིང་དུ་ཕྱོགས་པའི་ཁེར་རྐྱང་གི་རང་དབང་དུ་གཏོགས་པས། བརྒྱ་ལ་བལྟོས་མེད་ཀྱི་རང་དབང་ཡིན་དུ་ཆུགས་ཀྱང་དེ་སྤྱི་ཚོགས་ཀྱི་ འགན་འཁྲི་བོར་བའི་མི་རང་ལྡོག་གི་རང་དབང་ལས་མ་འདས་པས་ཚོགས་པའི་ངོ་བོའམ་ཚོགས་པའི་ལོངས་སྤྱོད་དུ་འགྱུར་དཀའོ། །ཆོས་ ལུགས་ཀྱིས་བཤད་ནའང་དེ་བཞིན་ཏེ། འཁོར་བར་སྐྱེས་པའི་མི་ཞིག་ཡིན་ཙ་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྲོག་གི་རྒྱུན་

མཐུད་དེ་ཀུན་རྫོབ་པའི་འཇིག་རྟེན་འདི་ལ་མི་གནས་ཐུ་མེད་རེད་ལ། གནས་སྐབས་དེར་ཟག་བཅས་ཉེར་ལེན་གྱི་གཟུགས་ཀྱི་ཕུང་བོ་འདི་ 1

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

ཟག་མེད་རྣམ་བྱང་གི་ཀུན་གཞིའི་རྣམ་ཤེས་ཀྱི་ཕུང་བོ་ལས་ཤིན་དུ་གལ་ཆེ་བར་སྣང་བས། ཐར་བ་སྙེག་པའི་ཆོས་པ་ཞིག་ཡིན་ཏུ་ཆུགས་ཀྱང་ ། ཐོག་མར་སྲོག་འཚོ་བའི་དགོས་དབང་གིས་བདག་མེད་རྟོགས་པའི་ཤེས་རབ་མ་ཐོབ་བར་དུ་རང་ཉིད་དུག་གསུམ་གྱི་གཞན་དབང་ལས་ ཐར་བ་མེད་པས་མི་འདོད་བཞིན་དུ་སྡིག་ལས་འབའ་ཞིག་ལ་སྤྱོད་རྒྱུ་ལས་འོས་མེད་ལ། ནམ་ཞིག་དགེ་བ་དོན་དུ་གཉེར་ནས་མཐར་ཐུག་ གི་རང་དབང་འཐོབ་པར་འདོད་ནའང་། ཐོག་མར་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་མཆོག་གསུམ་གྱིས་རྗེས་སུ་གཟུང་བའི་འབྲེལ་ཐག་

གང་དེ་གཅད་ཐབས་མེད་པས་སྐབས་ཐོག་ལ་དེ་ཡང་གཞན་དབང་ཅན་ཡིན་པ་ལྟ་བུ་རེད། གཞན་དུ་ན། སྤྱིར་བཏང་པ་རྣམས་ལ་འདི་ལྟ་

བུའི་མཐར་ཐུག་གི་རང་དབང་ནི་སེམས་ཀྱི་མྱོང་བ་ཞིག་ལས་ལུས་ངག་ཏུ་འཆར་བའི་སྐབས་ཤིན་ཏུ་ཉུང་བ་མངོན་སུམ་ཚད་མས་གྲུབ། ལྷག་ པར་དུ་སྤྱི་ཚོགས་ཀྱི་རང་དབང་གང་ཞིག

དགག་བྱ་དང་རྟིང་སྐུལ་སྟེ་དོ་བདག་ལམ་ལུགས་ཀྱི་རྩ་བའི་ཆོས་གཉིས་དང་མ་བྲལ་བར་གནས་

དགོས་པར་ནུབ་ཕྱོགས་པ་ཚོས་འདོད་དེ། “ནམ་ཞིག་མི་རྣམས་ལ་འདམ་ཀའི་རང་དབང་ཡོད་པའི་སྐབས་དེར། ཁོ་ཚོའི་བྱ་སྤྱོད་དག་དུས་ བདེ་ཞོད་འཇགས་སུ་གནས་པའི་སྤྱི་ཚོགས་ཀྱི་སྒྲིགས་སྲོལ་དང་ཕན་ཚུན་སྤངས་འགལ་དུ་གྱུར་ཚེ། དེ་ལ་དགག་བྱ་བྱེད་རྒྱུ་ནི་དོ་བདག་ལམ་

ལུགས་ཀྱིས་མངོན་དུ་བྱ་དགོས་པའི་དམིགས་རྩེ་རེད་ལ། གལ་སྲིད་མི་གཞན་དག་ལ་འདམ་ཀའི་གླགས་ཡོད་པའི་སྐབས་དེར། ཁོ་ཚོའི་ བྱ་སྤྱོད་དག་ཡ་རབས་ལུགས་བཟང་གི་སྤྱི་ཚོགས་སྒྲིགས་སྲོལ་ལ་སྨན་པ་ཡིན་ན། དེ་ལ་རྟིང་སྐུལ་བྱེད་རྒྱུ་ནི་དེ་བཞིན་དོ་བདག་ལམ་ལུགས་

ཀྱིས་མངོན་དུ་བྱ་དགོས་པའི་དམིགས་རྩེ་ཡིན་པའི་ཕྱིར་རོ། །འདི་ནི་རང་སྐྱོང་དང་གཞན་སྐྱོང། རང་དབང་དང་གཞན་དབང ། རང་ཁ་རང་ དཀྱུ་དང་རང་ཁ་གཞན་དཀྱུའི་བར་ལ་འབྱུང་བཞིན་པའི་འགལ་བའི་གཞི་གྲུབ་སའོ། །”1

དེ་ལྟ་བས་ན། རང་དབང་ནི་རྟེན་ཅིང་འབྲེལ་

འབྱུང་གི་ཆོས་ཅན་དུ་རང་བཞིན་གྱིས་གྲུབ་བོ། །ཕྱིར་བསློགས་ནས་བཤད་ན། རང་དབང་ནི“བཙོན་ར་ཟླུམ་པོར”བསྙད་པའི་སྤྱི་ཚོགས་ཀྱི་

འབྲེལ་བ་དང་སྤྱི་ཚོགས་ཀྱི་སྒྲིགས་སྲོལ་རྣམས་མི་འཇིག་པར་གནས་པའི་ཉེར་བསྡོགས་དང་། སྤྱི་ཚོགས་རྩ་ལག་སྦྱོར་འཇགས་ཡོང་བ་དང་ བསྐྱར་དར་གྱི་ལམ་ལ་ཞུགས་འགྱུར་གྱི་ཉེར་བསྡོགས་ཀྱང་ངོ་། །རྒྱུ་མཚན་འདི་འདྲའི་དབང་གིས། ནུབ་ཕྱོགས་རང་དབང་རིང་ལུགས་རྙིང་ མའི་མཁས་པ་སྦེན་ཟེམ(Jeremy Bentham,杰里米•边沁,1༡༧༤༨ནས༡༨༣༢ )གྱིས་དེང་གི་དབང་ཆའི་ཁ་སྒྱུར་གྱི་

བྱེད་ལས་དང་ངོ་བོ་ལ་དམིགས་ནས་སྤྱི་ཚོགས་ཀྱི་རང་དབང་ལ“བཙོན་ར་ཟླུམ་པོའམ”(རྒྱ་ནག་སྐད་དུ圆形监狱 ཞེས་པ་སྟེ་ང་ཚོའི་

བཤད་སྲོལ་གྱི་འཁོར་བའི་བཙོན་ར་ཞེས་པའི་དོན་ནོ) “ལྟ་རྟོག་ཁང”གི་མིང་གིས་གདགས་ཏེ། (ལྷག་པར་དུ་དབང་ཆ་གཅིག་སྤྱོད་ཀྱི་

སྤྱི་ཚོགས་གང་དེའི་མི་རང་ལྡོག་གི་རང་དབང་ནི་དཔེར་ན་བཙོན་ཁང་དང་བཟོ་གྲྭ སྨན་ཁང་། སྨྱོན་པའི་སྨན་ཁང་། རིམས་འགོག་སྨན་ཁང་ ། སློབ་རའི་ནང་གི་རང་དབང་ལ་ལྟ་བུར་བཤད)། དོན་ནི་དེང་གི་དབང་ཆའི་ལྟ་རྟོག་འོག་ན་བལྟོས་བཅོས་སམ་མཐའ་ཅན་གྱི་རང་དབང་ ལས་བལྟོས་མེད་མཐའ་མེད་ཀྱི་རང་དབང་ཞིག་གཞི་འགྲུབ་མི་སྲིད་པ་དེའོ། ། དེ་བཞིན་མོན་ཐེ་སི་ཁོས་ཚོགས་དྲུག་རང་སར་བཞག་པའི་ གདོད་མའི་རང་དབང་ནི་དོན་ལ་རང་དབང་མ་ཡིན་པར་ཀླ་ཀློའི་དམུ་སྤྱོད་དུ་འགྱུར་བས། གང་འདི་དོན་དུ་གཉེར་བར་འདོད་པ་ནི་ཀླ་ཀློའི་

སྲིད་སྐྱོང་ཚོའི་དམིགས་རྩེ་ཁོ་ན་ཡིན་པར་འདོད། མང་གཙོའི་རྒྱལ་ཁབ་དག་ལ་མཚོན་ནའང་། མི་ཚོས་གང་ཞིག་བྱ་འདོད་པ་དེ་བྱ་རུང་བ་ བདེན་ནའང་། ཆབ་སྲིད་ཀྱི་རང་དབང་ནི་གང་ཞིག་བྱ་འདོད་པ་བྱ་རུང་བའི་དོན་མ་ཡིན་པར་ཚད་ཅན་དུ་ཐག་བཅད་པ་ལྟར།

“རྒྱལ་ཁབ་

ཞིག་གམ་ཁྲིམས་ཅན་གྱི་སྤྱི་ཚོགས་གང་ལ་མཚོན་ནའང། རང་དབང་ནི་མི་ཞིག་གིས་བྱ་རུང་བའམ་བྱ་འོས་པའི་བྱ་བ་དེ་རྩོམ་ཆོག་པ་ལས།

བཙན་གྱིས་ཁོ་ལ་བྱ་མི་འོས་པའི་བྱ་བ་དེ་བྱེད་པར་མི་སྐུལ་བ”2ཙམ་ལས་མ་འདས་པས་ན། སྐབས་དེའི་མང་གཙོའི་ཆབ་སྲིད་དང་སྐུ་དྲག་ ཆབ་སྲིད་ཀྱི་རྒྱལ་ཁབ་དག་གི་རང་དབང་ནི་རང་དབང་མཚན་ཉིད་པ་མ་ཡིན་པར་བཤད་དོ། ། 1.泽蒙特•鲍曼:《自由》,吉林人民出版社2005年版,第3页。 2. 孟德斯鸠:《论法的精神》(上册),商务印书馆1982年版,第154页。 སྤྱིའི་དེབ་གྲངས་ཉེར་གསུམ་པ།

2


བདེན་པའི་བློ་མིག

དེ་ལྟ་མོད་ཀྱི། རང་དབང་ནི་སྐྱེས་བུའི་འཇིག་པ་མེད་པའི་ནང་གི་དེ་ཉིད་བསྲུང་བྱེད་ལ་རྩོད་མེད་དུ་གྲུབ་སྟེ། སྤྱིར་བཤད་ན། “བཙོན་

ར་ཟླུམ་པོའི”ནང་རོལ་དེ་ག་ནས་སྤྱི་མང་ལ་རང་རྐྱ་འཕེར་པའི་རང་དབང་གི་བསམ་བློ་སྐྱེ་མི་ཐུབ་པ་བདེན་ནའང་། ནུབ་ཕྱོགས་པ་རྣམས་ལ་

མཚོན་ན་སྤྱིར་བཏང་གི་འདམ་ཀའི་རང་དབང་དང་ཁྱད་པར་དུ་མ་མཐའི་འཚོ་བ་ལ་མེད་དུ་མི་རུང་བའི་འདམ་ཀའི་རང་དབང་གཞིར་བཟུང་ ནས་དབང་ཆ་སོ་སོར་བགོ་རྒྱུ“བཙོན་ར་ཟླུམ་པོའི”མི་ཆོས་དང་འབྲེལ་བའི་བཅས་ཁྲིམས་ཀྱི་དགོངས་པ་ཡིན་པས། གལ་ཏེ་ཁྲིམས་ལས་མི་

འདའ་ན“བཙོན་ར་ཟླུམ་པོ”གང་དེས“བཙོན་པ”ཚོའི་དབེན་གནས་ཟིང་བྲལ་ལྷིང་འཇགས་སུ་སྡོད་པའི་བདེ་བ་བསྲུང་ནས་ཁོ་ཚོ་སྐབས་ཀྱི་བདེ་ སྐྱིད་ལ་དགོད་དགོས་པ་བཙོན་རྫི་གང་དེའི་མ་མཐའི་འགན་འཁྲིར་བཤད་ལ། ལྷག་པར་དུ་མཚར་སྡུག་ཁ་ལོ་སྙོམས་པའི“བཙོན་ར་ཟླུམ་ པོ”དག་ནི་དཔྱོད་པ་ཆེ་ཞིང་བློ་རྒྱ་ཡངས་པ། གཟིགས་པ་མཐོ་བའི་དཔྱོད་བཅས་ཀྱི་ཕུལ་བྱུང་ཇུས་དཔོན་དང་བཟོ་བོ་མཁས་པ་སྟེ་ཡོན་ཏན་

པ་དང་ཆབ་སྲིད་མཁས་ཆེན་དག་གིས་བཞེངས་པའི་ཕྱིར་ན། དེའི་ནང་རོལ་གྱི་དབང་ཆས“བཙོན་པ”རྣམས་ལ་ནང་སེམས་དང་ཕྱི་འཛད་ སྤྱོད་གང་ཐད་ནས་སྐྱབས་དང་སྐྱོབ་པ། མགོན་དང་སྡོངས་གྲོགས་མཛད་ཐུབ་པར་མ་ཟད། མཐའ་མཇུག་མཁར་ནང་གི་རང་དབང་ལ་གནོད་ བྱེད་དུ་གྱུར་བའི་ཁྲིམས་ལུགས་ཡོད་ཚད་མེད་པར་གཏང་ནས“རང་དབང་ལས་ཐར་བའི་རང་དབང”ཡང་སྩོལ་ངེས། དེ་ཅིའི་ཕྱིར་ཞེ་ན། འདི་ ལྟ་བུའི“བཙོན་ར་ཟླུམ་པོའི”ཇུས་དཔོན་ལ་སྐྱེས་བུའི་བསམ་སྤྱོད་ལ་སྣེ་ཤན་བྱེད་པའི་ཁྲིམས་ཀྱི་ཤེས་བྱ་སྣ་ཚོགས་འཛོམས་པར་མ་ཟད། དེ་ མཚུངས་ཀྱི་རིག་པའི་སྟོབས་རྩལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མཐུན་རྐྱེན་ངེས་ཅན་བསྐྲུན་པའི་ནུས་པ་དང་བློ་རྒྱ་གཉིས་ཀ་ཡོད་ལ། “བཙོན་

པ”རྣམས་ཀྱིས་ཀྱང་དེ་བཞིན་སློབ་གསོ་དང་སྤྱི་ཚོགས། རིག་གནས་གསོ་སྦྱོང་མྱང་ཆོག་གི་ཐོབ་ཐང་རྣམས་བདག་གིར་བཟུང་བཞིན་པའི་

ཕྱིར་རོ། ། དོན་འདི་ལ་བརྟེན་ནས་ནུབ་ཕྱོགས་པས་རང་དབང་ཞེས་པ་ཕན་ཚུན་བལྟོས་ནས་གྲུབ་པའི་སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་སྟེ། བྱེ་ བྲག་ཏུ་བཤད་ན“བཙོན་ར་ཟླུམ་པོའི”ནང་གི་གཅེར་བུ་རྒྱབ་སྤྲོད་ལྟ་བུའི་སྤྱི་ཚོགས་ཀྱི་འབྲེལ་བའམ་དབང་ཆའི་འབྲེལ་བ་ལས་བྱུང་བའི་ཆོས་ དེ་ལ་གོ དེའི་དོན་དཔེར་ན། ཅིག་ཤོས་ལ་འགྲོ་འཆག་གི་གླགས་ཡོད་པས་ཅིག་ཤོས་ལ་མེད་པ་དེ་མཚོན་ལ། ཅིག་ཤོས་ཀྱི་བྱ་སྤྱོད་ལ་ བཀག་རྒྱ་མེད་པས་ཅིག་ཤོས་ལ་བཀག་རྒྱ་ཡོད་པ་དེ་མཚོན་པ་ལྟ་བུའོ། །

རང་དབང་ནི་ལར་སྲིད་གཞུང་ངམ་ཚོགས་པ་ཕན་ཚུན་བར་གྱི་ཁྱད་པར་འཚོལ་བྱེད་དང་། སྲིད་གཞུང་ངམ་ཚོགས་པ་གང་ཞིག་གི་

མཆོག་དམན་དང་དགེ་སྐྱོན། ཡག་བཙོག་སོགས་གཞལ་བྱེད་དོ། ། སྲིད་ཚོགས་ཤིག་ལ་ཆ་བཞག་ནའང་སྤྱི་མང་ཚོའི་སྤྱི་ཚོགས་ཀྱི་ཐོབ་

ཐང་དང་ཆབ་སྲིད་ཀྱི་ཐོབ་ཐང་། དཔལ་འབྱོར་གྱི་ཐོབ་ཐང་། རིག་གནས་ཀྱི་ཐོབ་ཐང་སོགས་ཀྱིས་མཚོན་པའི་སྐྱེས་བུའི་ཐོབ་ཐང་ཐམས་

ཅད་མངོན་དུ་བྱས་ཡོད་མེད་ཀྱང་རང་དབང་གཞི་གྲུབ་མིན་ལ་རག་ལས། རང་དབང་གིས་སྤྱི་ཚོགས་གྱི་འབྲེལ་བ་ཞིག་མཚོན་བཞིན་པའི་ཆ་ ནས་བཤད་ན། མི་རྣམས“གཞན་དབང་གང་ཞིག་ལ་གཡོལ་བར་འདོད་པའི་རྟེན་བཅས་ཀྱི་འབྲེལ་བ་གང་དེ་གཞི་གྲུབ་པའི་སྐབས་སུ། ད་ གཟོད་མི་འདི་ཚོ་རང་དབང་ཡིན་པར་བརྗོད་ཆོག”3 གསལ་བོར་བཤད་ན་རང་དབང་ཡོད་མེད་ཀྱི་ཁྱད་པར་ནི། བལྟོས་བཅོས་ཀྱིས་དགག་བྱ་

ཅི་ཡང་མྱོང་མི་དགོས་པའི་གནས་ཚུལ་འོག་ནས་སྤྱིར་བཏང་གི་འདམ་ཀ་ལ་རང་དབང་ཡོད་མེད་དང་། མས་རིམ་ལ་གནས་པའི་འཚོ་གནས་

ལ་ཉེ་བར་མཁོ་བའི་འདམ་ཀའི་རང་དབང་ཡོད་མེད་གཉིས་སོ། ། འདི་ལྟ་བུའི་རྟེན་བཅས་ཀྱི་འབྲེལ་བའི་ཁྲོད“དབང་འཛིན་པ་ནི་ནམ་ཡང་ རང་དབང་ཅན་རྣམས་ཡིན་ལ། རང་དབང་ཅན་གྱིས་ནམ་ཡང་དབང་འཛིན། དབང་མྱོང་མཁན་ནི་ནམ་ཡང་རང་དབང་མ་ཐོབ་པ་ཚོ་རེད་ལ།

རང་དབང་མ་ཐོབ་པ་ཚོས་ནམ་ཡང་གཞན་གྱི་དབང་མྱོང”4བ་ནི་སྒེར་གཅོད་སྤྱི་ཚོགས་ལ་གདོད་ནས་གྲུབ་པའི་རང་དབང་གི་འབྲེལ་བའོ།

།དེ་ཡང་སུ་དང་གང་གིས“རང་དབང་ལ་ངེས་པ་རྙེད་པ་ནས་བཟུང་། ཕན་ཚུན་སྤངས་འགལ་དུ་གྱུར་བའི་སྤྱི་ཚོགས་ཀྱི་སྣང་གནས་གཉིས་ཐུན་ 3.泽蒙特•鲍曼:《自由》,吉林人民出版社2005年版,第1页。 4. 泽蒙特•鲍曼:《自由》,吉林人民出版社2005年版,第21页。 3

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

མོང་དུ་གནས་པའི་ཚུལ་དེ་རང་བཞིན་གྱིས་བསྟན་ཏེ། རང་དབང་འདོད་པས་སྤྱི་ཚོགས་གང་དེ་ལ་རང་དབང་མེད་པར་སྡོམ་གཅུན་མྱོང་བཞིན་

པ་ཤུགས་ནས་བསྟན་པའི་ཕྱིར་རོ། །” རང་དབང་ཐོབ་ནས་དེ་ལ་སྤྱད་པར་འདོད་པ་དེས། བལྟོས་བཅས་ཀྱིས་མས་མཐའ་ལ་གནས་པའི་ སྤྱི་ཚོགས་ཀྱི་གནས་སྟངས་གང་དེ། བླ་ན་འཕགས་པའི་གནས་སྟངས་གཞན་ཞིག་ལ་འཕར་བར་འདོད་པ་དེ་མཚོན། སྤྱི་ཚོགས་སྣང་གནས་ རིགས་གཉིས་ཀྱི་བར་ལ་ཁྱད་པར་མཐའ་ཀླས་པ་ཞིག་གཞི་གྲུབ་ནའང། དེ་གཉིས་ཀྱི་རྩ་བའི་ཁྱད་པར་གཅིག་ནི་རང་དབང་གི་དམིགས་

ཀྱིས་བསལ་བའི་ཆོས་དེས་བསྐྱེད་དེ། རང་ཉིད་ཀྱི་ལུས་ངག་གི་སྦྱོར་བ་གང་ཞིག གཞན་དབང་གིས་བྱས་སམ་རང་དབང་གིས་བྱས་པ་དེའོ། །”5 རང་དབང་ལ་བརྩོན་པར་འདོད་པ་དེས་མང་གཙོ་མ་ཡིན་པའི་སྤྱི་ཚོགས་གང་ཞིག་བྱེས་བྲལ་ཁ་ཐོར་དུ་གནས་ཤིང་གནས་པར་འགྱུར་ ངེས་པའི་ཆོས་ཉིད་དེ་དངོས་ཤུགས་བརྒྱུད་གསུམ་ནས་སྟོན་པར་བཤད།

རང་དབང་ལ་ཡུལ་དུས་གནས་བབ་ཀྱི་དབང་དུ་བྱས་པའི་གོ་བ་ལེན་ཚུལ་སྣ་ཚོགས་པ་ཞིག་བྱུང་མྱོང་སྟེ། ཧྥ་རན་སིའི་ཁྲིམས་ཀྱི་

མཁན་པོ་མོན་ཐེ་སི་ཁའོས་གསུངས་པ་ལྟར་སྔོན་མ་དག་ལ་ཁ་ཅིག་གིས། དབང་ཆ་ཡོད་རྒུ་གཅིག་ཏུ་བསྡུས་ནས་འཛེམ་བག་མེད་པར་

གཉོམ་ཆུང་གི་མི་ཚོའི་མགོ་ཐོག་ཏུ་བཙན་གྱིས་སྤྱོད་པའི་ཚོགས་པའམ་སྐྱེས་བུ་གང་ཞིག་ཚར་བཅད་ནས་རང་གིས་བཀུར་བར་འདོད་པའི་

སྐྱེས་བུ་དེ་གདམ་པ་ལ་རང་དབང་དུ་འདོད་ཅིང་། སྐོར་ཞིག་གིས་དྲག་པོའི་གོ་མཚོན་ཐོགས་ནས་གཞན་གྱི་སྟེང་དུ་གདུག་ལས་སྣ་དགུ་རྩོམ་

པ་ལ་རང་དབང་དུ་འདོད། ཡང་ཁ་ཅིག་གིས་རང་དབང་ཞེས་པ་མི་རིགས་རང་གི་བདག་པོ་གང་དེའི་དབང་གི་ཁ་ལོ་མྱོང་ཆོག་པའི་ཐོབ་ཐང་ ངམ། མི་རིགས་རང་ཉིད་ཀྱི་ཁྲིམས་ལུགས་ལྟར་གང་དེའི་དབང་སྒྱུར་མྱོང་ཆོག་པའི་ཐོབ་ཐང་ལ་གོ སྐོར་ཞིག་གིས་རང་དབང་ཞེས་པ་སྐྱེས་ བུའི་འཚོ་གནས་ལ་ཕྱིའི་བཙན་ཤུགས་ཀྱི་གཉའ་གནོན་དང་བཀག་སྡོམ་མེད་པར་རང་ཉིད་ཀྱིས་ཅི་ཞིག་བྱ་འདོད་པ་དེ་བྱ་རུང་བའི་ཐོབ་ཐང་ལ་

གོ ཡང་འུ་ཅག་ལྟ་བུ་དོན་དམ་པའི་རང་དབང་ལ་ངེས་ཤེས་ཕྲ་མོ་ཙམ་ཡང་མེད་པའི་རིགས་དག་གིས་མངའ་བདག་ལ་ཁྲལ་འུ་ལག་རྒྱུགས་

མི་དགོས་ཤིང་བྲག་གཡོག་གི་བཅིངས་པ་ལས་ཐར་ནས་མངའ་བདག་གི་དབང་སྒྱུར་མྱོང་མི་དགོས་པ་ལ་རང་དབང་དུ་འདོད་ཅིང་། ལྟོ་བར་ ཟས་ཟ་དབང་ཡོད་ཅིང་ལུས་ལ་གོས་གྱོན་དབང་ཡོད་པ། ལག་གིས་ལས་བྱེད་དབང་ཡོད་པ་ལྟ་བུ་རྐང་གཉིས་པ་ལ་གདོད་ནས་གྲུབ་པའི་

བཟའ་བཏུང་འགྲོ་འདུག་ཉལ་འཆག་ཡན་གྱི་འཚོ་བའི་འདུ་བྱེད་ནས། སྐྲ་དང་ཁ་སྤུ་སྨ་ར་འཇོག་ལུགས་བར་གྱི་དཔེ་ལུགས་གོམས་སྲོལ་ ཐམས་ཅད་རང་དབང་དུ་བརྩི། ནུབ་ཕྱོགས་པ་རྣམས་ལ་མཚོན་ནའང་དུས་རབས་བར་མའི་རིང་ལ་འུ་ཅག་ལྟར་རང་དབང་ཞེས་པ“ཁྲལ་

འུ་ལག་རྒྱུགས་མི་དགོས་ཤིང་མངའ་བདག་གི་བཅིངས་པ་ལས་ཐར་བར་གོ་ཞིང་། རང་དབང་ལ་ལོངས་སྤྱད་པས་རང་སྐྱོང་ཚོགས་པ་དང་། གྲོང་ཁྱེར། ས་ཞིང་ལ་མངའ་དབང་ཆེན་པོ་ཡོད་པ་དེ་མཚོན་ལ། ཁྲལ་འུ་ལག་རྒྱུགས་མི་དགོས་ཤིང་ཁྱད་པར་ཅན་གྱི་ཐོབ་ཐང་དེ་ཡོད་པས་

མི་ཆེན་ཆེ་རྒྱུད་ཀྱི་གྲལ་དུ་ཚུད་པར་འགྱུར”6བས་རང་དབང་ལ་སྤྱད་ནུས་པར་འདོད་པ་ལྟར། རང་དབང་ཞེས་པ་ཐོག་མཐའ་བར་གསུམ་དུ་སྐྱེ་

རྒྱུད་མཆེད་ཁུངས་མཐོ་ཞིང་གཤིས་རྒྱུད་སྤྱོད་ལམ་བཟང་བའི་དོན་ཏེ། བཟང་པོ་མིང་ཆེན། ཁོངས་ཡངས་དཀྱེལ་ཆེའི་མིང་གི་རྣམ་གྲངས་སུ་ གོ གཞུག་ནས་ཡུན་གྱིས་སྐྱེ་རྒྱུད་མཆེད་ཁུངས་ཀྱི་དོན་དེ་ཉམས་ནའང་། མངའ་དབང་གི་དོན་དེ་མ་ཉམས་པར་སོར་གནས་བྱུང་། སྐབས་

དེ་དག་ལ་རང་དབང་དོན་དུ་གཉེར་བའི་སྐྱེ་བོ་ཉུང་མཐའ་ཙམ་ལས་མེད་ལ། དེ་དག་གིས་རང་ཉིད་ཀྱི་བུ་ཕྲུག་དང་ཁྲལ་པ། ཞབས་འབྲིང་པ། ཉེས་ཅན། འཁོར་གཡོག་སོགས་ལ་གདུག་ལས་གཏང་ཆོག་པ་རང་དབང་དུ་བརྩི། དཔེར་ན་གནའ་བོའི་ཡ་ཏེན་དང་རོ་མའི་རང་དབང་ལྟ་ བུའོ། །

5.泽蒙特•鲍曼:《自由》,吉林人民出版社2005年版,第1页。 6. 泽蒙特•鲍曼:《自由》,吉林人民出版社2005年版,第2页。 སྤྱིའི་དེབ་གྲངས་ཉེར་གསུམ་པ།

4


བདེན་པའི་བློ་མིག

རང་དབང་གི་ལོ་རྒྱུས་འདི་ལྟར་ལར་ནས“བཙོན་ར་ཟླུམ་པོའི”རང་དབང་མ་ཡིན་པའི་ལོ་རྒྱུས་སྟེ། རང་དབང་ལ་བརྩོན་པ་དང་རང་

དབང་ལ་རྒོལ་བའི་རྩོད་བསྐལ་གྱི་བྱུང་རབས་སོ། །གོང་དུ་བཤད་པ་ལྟར་བརྒྱ་ལོ་བར་མའི་རིང་ལ་རང་དབང་ནི་དབང་རྩོད་དང་བདག་ཉིད་ གཅིག་ཏུ་འབྲེལ་སྟེ། རང་དབང་གིས་སྐྱེ་བོ་ཉུང་ཤ ས་ཤིག་གིས་སྟེང་ན་བཙན་པའི་དབང་གཅོད་པའི་བཀའ་ལ་མགོ་སྒུར་མི་དགོས་པ་དེ་

མཚོན། འདི་ལྟ་བུའི་རང་དབང་ནི་དོན་ལ་རང་དབང་མཚན་ཉིད་པ་མ་ཡིན་པར་རང་དབང་ཙམ་པོ་པ་དང་རང་དབང་ཉི་ཚེ་པ་ཙམ་མོ། །དེ་ ལྟ་ནའང་སྐྱེས་བུའི་ཐོབ་ཐང་ལ་བཅིབས་པའི་རང་དབང་གི་ལྟ་བ་དེ་སྐབས་དེ་ཚོའི་རིང་གི་ཡེ་ཤུ་ཆོས་ལུགས་ཀྱི་རང་དབང་ལྟ་བ་དང་། 《རོ་ མའི་སྐྱེ་འགྲོའི་ཁྲིམས་ཡིག》སོགས་ཀྱིས་མཚོན་པའི་སྐྱེས་བུའི་ཐོབ་ཐང་སྐོར་གྱི་བཅས་ཁྲིམས་དག་གི་བསམ་བློའི་ས་བོན་ལ་བརྟེན་ནས་

ཟམ་མ་ཆད་པར་རྩ་བ་ཟུག་ཅིང་ལོ་འདབ་རྒྱས་པའི་ལམ་དུ་མངོན་པར་ཕྱོགས། བརྒྱ་ལོ༡༣པ་སྟེ།

༡༢༥༡ལོར་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་པ་རྣམས་གཞི་གཅིག་ཏུ་འདྲེས་ནས་བལྟམས་པའི་དབྱིན་ཇིའི《རང་

དབང་རྩ་འཛིན་ཆེན་མོས》རྒྱལ་རྒྱུད་འཛིན་པའི་ཐོབ་ཆ་ལ་དོགས་པ་ཟོས་ཞིང“རང་དབང་གི་ཆེད་དུ་རང་དབང་ལ་གནས་དགོས”པའི་འབོད་

པ་བཏང་བ་ནས་བཟུང་། སྐུ་དྲག་རྣམས་ཀྱིས་རང་དབང་སྐོར་ཚོ་ཞིག་མ་གཏོགས་ཐམས་ཅད་ལ་ལོངས་སྤྱད་མི་ཆོག་པར་ཐག་བཅད་པ་དང་ མཉམ་དུ། མང་ཚོགས་རྣམས་གཞུང་གི་དོན་ལ་རྣམ་པ་རྒྱ་ཆེ་བའི་སྒོ་ནས་ཞུགས་ཆོག་པར་ཐག་བཅད། རྒྱལ་པོས་འབངས་མི་ཡིད་མཐུན་ མ་བྱུང་བར་ཁོ་ཚོའི་ལག་ནས་གང་འདོད་ཀྱིས་ཁྲལ་ལེན་པ་སོགས་འབངས་མི་ལ་གནོད་སྐྱེལ་བའི་ལས་སྦྱོར་ཐམས་ཅད་མཐའ་གཅིག་ཏུ་

སྤང་དགོས་པར་གདམས། གྲལ་ཐོབ་མཉམ་པའི་རང་དབང་གི་འབངས་མིའི་འདྲི་གཅོད་དང་རྒྱལ་ཁྲིམས་ཀྱི་འདྲི་གཅོད་མ་གཏོགས། སུ་

དང་གང་གིས་ཀྱང་སྐྱེ་བོ་དག་ལ་བྱུང་རྒྱལ་གྱིས་ལྟ་རྟོག་བཀག་འདོམས་བྱས་མི་ཆོག་ལ། ཁོ་ཚོའི་རྒྱུ་ནོར་ཐབས་དང་བཙན་གྱིས་བླང་མི་ཆོག་ པའི་རྒྱ་མཛད་པ་སོགས་ཐབས་དུ་མའི་སྒོ་ནས“རང་དབང་གི་འབངས་མིའི”ཐོབ་ཐང་ཁྲིམས་མཐུན་དུ་བྱས་པར་མ་ཟད་དེ་ལ་སྔ་ན་མེད་པའི་

སྲོག་ཟུངས་གསར་བའང་བསྣན། དེའི་སྟབས་ཀྱིས།《རང་དབང་རྩ་འཛིན་ཆེན་མོས》རྒྱལ་པོའི་དབང་ཆ་དང་བྱ་བྱེད་ཐམས་ཅད་མཐའ་ཅན་

དུ་བྱས་པས་མི་ཚད། གལ་སྲིད་རྒྱལ་པོའི་དབང་སྤྱོད་ཚད་ལས་འདས་ཚེ་འབངས་ཀྱིས་དྲག་པོའི་གོ་མཚོན་ཐོགས་ནས་རྒྱལ་སྲིད་བརླག་

ཆོག་པའི་མནའ་གན་ཡང་བཞག དེ་ནས་བཟུང་། རང་དབང་གི་འབངས་མིས་རང་ཉིད་ཀྱི་ཐོབ་ཐང་བསྲུང་ཕྱིར་དྲག་པོའི་གོ་མཚོན་ཐོགས་ ནས་ཁེང་ལོག་གི་སྦྱོར་བ་རྩོམ་པ“སྤྱི་ཚོགས་ཀྱི་རྩེད་འཇོའི་སྒྲིག་ལམ”(社会游戏规则)ལ་རུང་བའི་རྒྱུན་སྤྱོད་ཀྱི་དཔེ་ལུགས་སུ་

བརྩི། འདི་ལྟ་བུའི་ཁེང་ལོག་གི་ཐོབ་ཐང་ཡོད་པར་གྱུར་བ་དེས། དངོས་དང་བརྒྱུད་པའི་སྒོ་ནས་རྒྱལ་པོ་དང་བཅས་པའི་སྐྱེ་འགྲོའི་བདག་པོ་ ཐམས་ཅད་ཁྲིམས་འོག་ཏུ་འདུ་བར་བྱས་སོ། །

བརྒྱ་ལོ་བར་མའི་དུས་མཇུག་ལ་སླེབས་པ་ན། “རང་དབང་ཞེས་པའི་ཁྱད་པར་ཅན་གྱི་ཐོབ་ཐང་འདི་མི་ཆེན་སྐུ་དྲག་ཚོ་ཁོ་ནར་སྩོལ་

བའི་སྲོལ་ལས་འདས་ཏེ། སྤྱི་ཚོགས་ཀྱི་ཚོགས་པ་ཡོངས་དང་ཁྱད་པར་དུ་གྲོང་ཁྱེར་དང་གྲོང་བརྡལ་ཡོངས་ལ་བསྩལ། གྲོང་དང་གྲོང་བརྡལ་

དག་གིས་རང་དབང་ལ་སྤྱད་པར་གྱུར་བ་དེས། ཁོ་ཚོས་ཁྲལ་འུ་ལག་དང་ནོར་སྲིད་ཀྱི་ཁུར་བོ་གཞན་རྣམས་ཐང་ལ་ཕོག་པ། ཁོ་ཚོའི་ཉོ་ཚོང་ གི་དགག་ཆ་དང་བཀག་རྒྱ་མཐའ་དག་ཕ་རོལ་དུ་བསྐྲད་ནས་རང་སྐྱོང་གི་ཐོབ་ཐང་དང་རང་ལ་དབང་བའི་ཐོབ་ཐང་མང་པོ་བགོ་སྐལ་དུ་ཐོབ་

པ་དེ་མཚོན།”7 རང་དབང་གི་གྲོང་དག་ཡུལ་དེའི་སྐུ་དྲག་ཚོའི་དབང་སྟོབས་ཀྱི་བཅིངས་པ་ལས་ཐར་བ་དེས། རྒྱུ་ནོར་དང་མངའ་བདག་ གི་ཐོབ་ཐང་བར་ན་གཞི་གྲུབ་པའི་འབྲེལ་ཐག་དེ་སོ་སོར་གཅད་ལ་རྐྱེན་བྱས་། དེ་ནས་བཟུང་། འགྲོ་བ་མིའི་འགུལ་སྤྱོད་དང་འབྲེལ་བའི་

རྩ་ལག་སྟེ་དཔལ་འབྱོར་གྱི་བྱུང་འཕེལ་དེ་ཆབ་སྲིད་རྩ་འཛུགས་དང་སྲོལ་རྒྱུན་གྱི་གཞན་ཁ་དཀྱུ་བའི་ཐོབ་ཐང་དང་རང་སར་གྱེས་ཏེ། རང་ ཁ་རང་གསོ་དང་རང་ཁ་རང་དཀྱུའི་དཔལ་འབྱོར་གྱི་རྩ་ལག་རང་ཚུགས་ཅན་དེ་ཆགས་པར་གྱུར་བ་ན། དེང་གི་ཤེས་བསྐལ (ཤེས་རིག་ 7.

泽蒙特•鲍曼:《自由》,吉林人民出版社2005年版,第41页。

5

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

གི་བསྐལ་པ)གྱི་རང་དབང་གི་མཚར་སྡུག་འདབ་བརྒྱ་རྒོད་སའི་དགའ་ཚལ་ལྟ་ན་སྡུག་དེ་ཉེ་བར་བསྐྱེད་ཅིང། ༡༥༡༧ལོ་དང༡༥༨༠ལོའི་

གཞུག་གི་གསར་བརྗེ་ཡིས་མུ་མཐུད་ནས་ཤེས་བསྐལ་གྱི་རང་དབང་གསར་མའི་མྱུ་གུའི་མགོ་འབུས་པར་བྱས། འདིའི་ཡར་སྔོན་གྱི་རང་ དབང་གིས་ཁྲིམས་ལུགས་སྔུན་ནས་སྐྱེ་བོ་ཐམས་ཅད་འདྲ་མཉམ་ཡིན་པའི་ལྟ་བ་གཙོ་བོར་འཛིན་པ་ལས། འབྱོར་བའི་ཕྱོགས་ནས་ཐམས་ ཅད་འདྲ་མཉམ་ཡིན་པའི་ལྟ་བ་དེ་མི་འཛིན་ནོ། །

བརྒྱ་ལོ༡༦པ་ནས༡༧པའི་བར་ལ་བརྩམས་པའི་ཆོས་ལུགས་བསྒྱུར་བཅོས་དང་བརྒྱ་ལོ༡༧པ་ནས༡༨པའི་བར་ལ་བྱུང་བའི་འཁོར་བའི་

རིག་གནས་ཀྱི་འཕེལ་ཁ་ལ་མངོན་པར་གཞོལ་བའི་བློ་འབྱེད་ལས་འགུལ། ༡༦༨༨ལོའི་དབྱིན་ཇིའི་གཟི་བརྗིད་གསར་བརྗེ་ནས། ༡༧༧༦ལོའི་ ཨ་རིའི་རང་བཙན་གསར་བརྗེ། ༡༧༨༩ལོའི་ཧྥ་རན་སིའི་གསར་བརྗེ་ཆེན་མོ། ༡༨༣༠ནས༡༨༤༨ལོའི་བར་གྱི་ཡོ་རོབ་གསར་བརྗེ་སོགས་

ཀྱིས་ཤེས་བསྐལ་གྱི་རང་དབང་གི་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཞིང་། སྐབས་དེ་དག་གི་རིང་ལ་བྱུང་བའི་ཅེར་ཧྥེར་སོན

(Thomas Jefferson, 杰弗逊,༡༧༤༣ནས༡༨༢༦)གྱི《ཝིར་གི་ནྰི་ཨ་ཆོས་ལུགས་རང་དབང་བཅའ་ཁྲིམས》དང་ལ་

ཁིའི(J•Locke,洛克,༡༦༣༢ནས༡༧༠༤)《སྲིད་གཞུང་རྣམ་བཤད》། ཧྥ་རན་སིའི་གསར་བརྗེའི་ས་བོན་དུ་བཤད་པའི་རུ་སོའི

(J•J•Rousseau,卢梭,༡༧༡༢ནས༡༧༨༨)《སྤྱི་ཚོགས་གན་ཆིངས་རྣམ་བཤད》། རྒྱལ་ཁབ་དེ་ཉིད་ཀྱི《སྐྱེས་བུའི་ཐོབ་ཐང་ གསལ་བསྒྲགས》(༡༧༨༩ནས༡༧༩༢ལོའི་བར)སོགས་མཚན་མོའི་སྨག་ལ་ཐོ་རངས་སྐར་ཆེན་ཤར་འདྲའི་གཞུང་ཆེན་རྣམས་ཀྱིས།

འདྲ་མཉམ་དང་རང་དབང་། རང་ཚུགས་ནི་འགྲོ་བ་མིའི་རིགས་ལ་གདོད་ནས་གྲུབ་པའི་ཐོབ་ཐང་བསྒྱུར་དུ་མེད་པ་དེ་ཡིན་ལ།

“རྣམ་དག་

གི་རང་དབང་ནི་སྐྱེས་བུ་རང་ལྡོག་གི་མཐར་ཐུག་གི་ཐོབ་ཐང་གིས་རང་ཉིད་ཀྱི་འདུན་པ་ལྟར་སྦྱོར་བ་གང་ཞིག་དོན་དུ་གཉེར་ཆོག་པ་ལ་ཟེར་

ཞིང། དེ་ལ་བཀག་རྒྱ་ཉག་གཅིག་ཡོད་པ་ནི་གཞན་པའི་དེ་མཚུངས་ཀྱི་ཐོབ་ཐང་ལ་གནོད་པར་མི་བྱ་བ་དེའོ། ། མི་རང་ལྡོག་གི་རང་དབང་ གིས་ཁྲིམས་ལུགས་ཀྱི་བཀག་རྒྱ་མྱོང་མི་དགོས་པར་བདག་གིས་འདོད་དེ། དེ་ཅིའི་སླད་དུ་ཞེ་ན། ཁྲིམས་ལུགས་ནི་ནམ་ཡང་སྒེར་གཅོད་ པ་ཚོའི་ཉེར་སྤྱད་ཡིན་པའི་ཕྱིར་ཏེ། ཁྲིམས་ལུགས་ཀྱིས་མི་རང་ལྡོག་གི་ཐོབ་ཐང་ལ་གནོད་ཅིང་འཚེ་བའི་སྦྱོར་བ་རྩོམ་སྐབས་གཟོད་དོན་འདི་ གསལ་བོར་རྟོགས་ཡོང”8ཞེས་པ་ལྟ་བུའི་གསུང་འགྲོས་དབྱངས་སུ་གྱེར་ནས་རང་དབང་ལ་དུས་རབས་བར་མའི་གོ་བ་ལས་བརྒལ་བའི་སྲོག་

སྙིང་གསར་བ་བསྩལ། མི་རྣམས་ཆོས་ལུགས་ཀྱི་སྒེར་གཅོད་དང་མངའ་བདག་གི་བཙན་གནོན་ལས་ཐར་དགོས་པའི་གསུང་གི་འབོད་པ་ས་

སྒང་རིལ་མོར་བསྒྲགས་པ་དེ། རྣམ་དག་རང་དབང་གི་བསྟན་པ་འཛམ་བུ་གླིང་ལ་དར་བའི་བདག་རྐྱེན་བླ་ན་མ་མཆིས་པ། རབ་དང་ཕུད་ དང་གྱ་ནོམ་དུ་གྱུར། ལྷག་པར་དུ༡༧༧༦ལོའི《ཨ་རིའི་རང་བཙན་གསལ་བསྒྲགས》སྤེལ་བའི་རྗེས་སམ་དོན་དམ་པས་བཤད་ན། སི་ཕེན་

པ་ཚོས་རྒྱལ་པོ་སྲིད་ཁྲི་ལས་ཕབ་སྟེ་མི་སེར་རང་ཉིད་ལ་དབང་བའི་སྲིད་གཞུང་གསར་བ་བཙུགས་པ་ནས་བཟུང་། སྤྱི་མཐུན་ལམ་ལུགས་ དང་རྗེ་བོའི་སྲིད་ཁྲིམས་ལམ་ལུགས་ལ་རྟེན་བཅས་པའི་ཤེས་བསྐལ་གྱི་རྣམ་དག་རང་དབང་གསར་མའི་ཤིང་རྟའི་སྲོལ་ཡོངས་སུ་ཕྱེས་པར་

གྱུར་བས། བརྒྱ་ལོ༡༨པའི་དུས་མཇུག་ནི་རྣམ་དག་རང་དབང་གསར་མའི་སིལ་སྙན་ཉི་མ་འབྲུག་གྲགས་དེ་འཛམ་གླིང་ཤ ར་ནུབ་ཡོངས་ལ་ དཀྲོལ་བའི་རྒྱུ་སྔོན་དུ་བཏང་ནས་སྐྱེས་བུའི་ཐོབ་ཐང་གི་ལས་དར་དཀར་པོ་གཟི་འབར་དེ་ནུབ་ཀྱི་དགུང་ལ་བསླངས་པའི་དུས་རབས་སོ། །

གཞུག་གི་བརྒྱ་ལོ་གཉིས་དང་ལྷག་པར་དུ་བརྒྱ་ལོ༢༠པའི་རིང་ལ་རང་དབང་གི་ལྗང་བུའི་ལང་ཚོ་གང་དེ། རིགས་རྒྱུད་མཆོག་དམན་ཀྱི་

ཕྱོགས་ཞེན་དང་དབུལ་ཕྱུག་བཙན་དྲག་གི་རྩུབ་སྤྱོད། ལྷག་པར་དུ་ནྰ་ཙི་དང་ཧྥ་ཤི་སི་ལྟ་བུའི་རིགས་རྒྱུད་དམར་གསོད་ལ་ཡ་མི་ང་ཞིང་མིག་

མི་འཛུམ་པའི་སྒེར་གཅོད་དྲག་ལས་དང་དྲེགས་སྤྱོད་རིང་ལུགས་ཀྱི་བཙའ་སེར་ཐན་གསུམ་གྱིས་མནར་བར་གྱུར་བས། སྐྱེས་བུའི་ཐོབ་ཐང་ 8.ཅེར་ཧྥེར་སོན་གྱི་གསུང་། སྤྱིའི་དེབ་གྲངས་ཉེར་གསུམ་པ།

6


བདེན་པའི་བློ་མིག

ལ་ལོ་ལེགས་ཀྱི་འབྲས་བུ་སྨིན་མ་ཐུབ། རང་དབང་དོན་ཐོག་ཏུ་འཁྱོལ་རྒྱུ་ཕར་ཟད། “སྐྱེ་འགྲོའི་བདག་པོ”ཚོའི་རང་དབང་གི་དྲན་པ་དགུང་ ལ་ཡལ་ཞིང་རྒྱུ་འབྲས་ཀྱི་བློ་མིག་ས་ལ་ལྷུང་བས། ཕྱོགས་བཞིའི་བདུད་ཁ་དར། སྟོང་འདྲེ་རྡུལ་དུ་ལངས་ནས་རང་དབང་དུམ་བུར་གཏུབས།

ཐོབ་ཐང་ས་ལ་བསྲེས། གསོད་གཅོད་རླུང་ལྟར་འཚུབ། མི་རོས་ཐང་མ་བརྡལ། རྟ་རོས་རི་རབ་བརྩིགས། ཁྲག་གི་ཡུར་ཆུ་དྲངས། ནད་ མུག་ཆུ་ལྟར་བརྡོལ། སྐྱེ་འགྲོ་སྡུག་གིས་མནར་ནས་སེམས་ཅན་ཁ་དག་པར་བྱེད་པའི་བཟོད་མེད་སྡུག་བསྔལ་དྲག་པོས་སྐྱེ་འགྲོ་རྣམས་ཉིན་

མཚན་ཐོག་ཐག་ཏུ་མནར་ནས་ཆག་ཉེས་ཆེན་པོ་བཟོས། དེ་ལྟ་ནའང་། དེ་ལྟ་བུའི་འདྲེ་སྲིན་ཧ་ལ་མི་གཟན་གྱི་གནམ་ས་གཡོ་བའི་དྲག་པོའི་ སྐན་སྒྲ་དང་འཁྱིག་པའི་སོ་སྒྲ། གཏུམ་པོའི་བསྰོ་སྒྲ་ཐོག་རྒྱལ་ངར་མ་འདྲ་བ་དེ། དགུང་ཨ་སྔོན་འོག་ན་འཚོ་ཞིང་ས་དོག་མོའི་སྟེང་ན་གཞེས་ པའི་ཤེས་ཡོན་པའི9དཔྱོད་ཤེས་དང་རྒྱུ་འབྲས་བློ་མིག་གི་ཡངས་པའི་སྤྲིན་སྒོ་འབྱེད་པའི་བརྡ་རུ་སོང་བས། རང་དབང་ལྟ་བའི་མཚར་སྡུག་

ཉིན་མོར་བྱེད་པའི་འཛུམ་ཞལ་སླར་ཡང་ནུབ་ཕྱོགས་ལྷུན་པོའི་ཕྲག་གོང་ནས་མངོན་པར་གྱུར་བ་ན། སྐྱེས་བུའི་ཐོབ་ཐང་གི་བུ་འབྲུག་དཀར་པོ་ མལ་ལས་བསླང་བའི་རབ་མཛེས་ཆར་སྤྲིན་སྔོན་མོ་ནུབ་ནས་བསྡུས་ཏེ་ལྷོ་བྱང་ལ་ལང་ལོང་དུ་རྒྱུ་བའི་དབུའང་བརྩམས་ཟིན་ཏེ། ༡༩༤༨ལོར་

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཁ་གཅིག་ཏུ་མོལ་ནས་བསྒྲགས་པའི《འཛམ་གླིང་སྐྱེས་བུའི་ཐོབ་ཐང་གསལ་བསྒྲགས》དང་དེའི་རྗེས་

ཐོགས་སུ་བྱུང་བའི་སྤྱི་ཆིངས་དག་གིས་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ། སྐྱེ་བོ་རྣམས་ལ་གདོད་ནས་གྲུབ་

པའི་རང་དབང་གི་དོན་ལ་བརྩི་མཐོང་ཆེན་པོ་གནང་ཞིང་སྐྱེས་བུའི་རྩིས་ཐང་དང་ཐོབ་ཐང་ཐམས་ཅད་ཡང་བསྐྱར་འདྲ་མཉམ་དུ་བསྒྲུབས་པར་

མ་ཟད། དེ་ལ་དེ་བསྟུན་གྱིས་རྒྱལ་ཁབ་སོ་སོར་མཚན་རྟགས་ཀྱང་འགོད་དུ་བཅུག་པ་དེས། སྐྱེས་བུའི་རང་དབང་གི་ཐོབ་ཐང་མཐའ་དག་

བསྲུང་ཞིང་བསྐྱབ་སྟེ། རང་དབང་གི་བསྟན་པ་གནམ་འོག་སྐྱེ་འགྲོ་ཀུན་གྱི་བདེ་དགའི་དཔལ་གྱི་ལོངས་སྤྱོད་དུ་འགྱུར་བའི་ཉེར་བསྡོགས་སུ་ གྱུར་དང་འགྱུར་བཞིན་པ་འདིའོ།

ཤེས་བསྐལ་གྱི་རང་དབང་ནི་འདི་ལྟར་རང་དབང་མ་ཡིན་པའི་རང་དབང་གི་ལོ་རྒྱུས་བཤུལ་ལམ་རིང་མོ་དེ་བརྒྱུད་ནས་མཐའ་མར་རྣམ་

དག་གཙང་མའི་ཆོས་ཅན་དུ་འཚར་ལོངས་བྱུང་བ་ཞིག་སྟེ། བྱེ་བྲག་ཏུ་བཤད་ན། “ཤེས་བསྐལ་གྱི་རང་དབང་ལ་སྲོལ་རྒྱུན་གྱི་རང་དབང་དང་ མི་མཚུངས་པའི་ཁྱད་པར་གྱི་ཆོས་གཉིས་མངོན་པར་གྲུབ་སྟེ། གཅིག་ནི་མི་སྒེར་རིང་ལུགས(个人主义)དང་བདག་ཉིད་གཅིག་ཏུ་

འབྲེལ་ལ། གཉིས་ནི་ཚོང་རའི་དཔལ་འབྱོར་དང་མ་རྩ་རིང་ལུགས་བར་ལ་ཤ་ཁྲག་གི་འབྲེལ་བ་དང་རིག་གནས་ཀྱི་འབྲེལ་བ་ཟབ་མོ་ཆགས་ ཡོད་པ་དེའོ། །”10

མི་སྒེར་རིང་ལུགས་གྱི་དོན་ནི་བདག་ཉིད་དང་མི་གཞན་བར་ན་མི་འདྲ་ས་མངོན་གསལ་ཞིག་གཞི་གྲུབ་པ་དེ་ངོས་ཟིན་

པར་གྱུར་ཤིང་། དེ་ལ་བརྟེན་ནས་བདག་ཉིད་བདག་ཏུ་འདུ་ཤེས་ཤིང་བདག་རང་སྟེང་གི་གོང་ཐང་ལ་ངེས་པ་རྙེད་པར་གྱུར་བས། བདག་ཉིད་ བདག་གིས་སྨོན་འདྲིན་མཉེས་གཤིན་གྱིས་བསྐྱང་སྟེ་བསྐྱེད་བསྲིང་དགོས་པར་འདོད་པའི་སེམས་བྱུང་དྲག་པོ་ཞིག་སྐྱེ་ཡོང་བ་དེ་ལ་ཟེར། དེ་ ལྟ་བུའི་སྐྱེས་བུ་རེ་རེ་ལ་སྐྱེ་བ་དང་འགྲོགས་ནས་འོང་ཞིང་སོ་སོར་ཕྲལ་དུ་མེད་པའི་ཐོབ་ཐང་སྣ་ཚོགས་ལྷན་སྐྱེས་ཀྱིས་གཞི་གྲུབ་པ་དེ་ལ་མི་

རང་ལྡོག་གི་རང་དབང་ཟེར་ཞིང་། དེ་ལྟ་བུའི་རང་དབང་དེ་ནི་སྤྱི་ཚོགས་རང་དབང་གི་རྩ་ལག་གང་དེ་འགྲུབ་བྱེད་ཀྱི་ཉེ་རྒྱུར་གྱུར་ཡོད་དེ། ཐུན་ མོང་ངམ་སྤྱི་མཚན་དུ་གྱུར་བའི་རང་དབང་གི་ཐོབ་ཐང་གང་ཞིག སྐྱེས་བུ་རང་ལྡོག་གི་ཐོབ་ཐང་མི་འབོར་བའི་ཉེར་བསྡོགས་སྔོན་དུ་འགྲོ་ 9. ཤེས་ཡོན་པ་ནི་སྤྱི་ཚོགས་དཔེ་ལུགས་ཅན་དུ་བསྒྱུར་ནས་རང་དབང་མངོན་དུ་བྱེད་པ་ལ་ཀུན་སྤྱོད་ཀྱི་བསླབ་པ་གནང་མཁན་དང་ཀུན་སྤྱོད་གཞན་ལ་སྒྲོག་མཁན་དུ་བཤད་ལ།

གཟུགས་

མི་འདྲ་བ་གཉིས་ཀྱི་སྒོ་ནས་དཔྱོད་ཤེས་ཀྱི་ཁྲིམས་ལུགས་བཅའ་མཁན་དུ་བཞེངས་པར་བཤད་དེ། དང་པོ་ནི་མཚོན་བྱེད་བརྡ་རྟགས་དབང་དུ་བྱེད་མཁན་དང་། གཉིས་པ་ནི་ཆེ་གཉེར་གྱི་ ཇུས་འཐེན་པ་བྱེད་པ་དེའོ། །

10.泽蒙特•鲍曼:《自由》,吉林人民出版社2005年版,第44页。 7

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

དགོས་པས་ན། ཤེས་བསྐལ་གྱི་རང་དབང་མཐའ་དག་མི་སྒེར་རིང་ལུགས་དང་འབྲེལ་ནས་བཤད་དགོས་དོན་ཡང་རྒྱུ་མཚན་འདི་འདྲའི་ དབང་གིས་སོ། །

དེ་ལྟ་མོད་ཀྱི། སྐྱེས་བུ་རང་ལྡོག་གི་རང་དབང་གི་ཆེད་དུ་གཞན་ནམ་ཐུན་མོང་གི་བདེ་བ་ལ་གནོད་པར་མི་བྱ་བ་ནི་རང་དབང་གང་དེ་

ཤོར་བར་མི་འགྱུར་བའི་སྔོན་འགྲོ་དང་འགྲོ་བ་མིའི་རིགས་དོན་དམ་པའི་མི་སྒེར་རུ་འགྱུར་ཐུབ་པའི་ཉེར་བསྡོགས་ཀྱང་ངོ་། ། ཤེས་བསྐལ་

གྱི་རང་དབང་དེ་ཚོང་རའི་དཔལ་འབྱོར་དང་མ་རྩ་རིང་ལུགས་འབྲེལ་བར་བཤད་དོན་ནི། མི་རང་ལྡོག་གི་རང་དབང་དེ་དཔལ་འབྱོར་རང་ དབང་དང་ཐ་དད་དུ་དབྱེ་རྒྱུ་མེད་དེ། མི་རང་ལྡོག་གི་རང་དབང་གང་དག སྤྱིར་བཏང་ཆབ་སྲིད་ཀྱི་གནད་དོན་ལ་ཐུག་ཡོད་པ་བདེན་ནའང་།

དཔལ་འབྱོར་ཕྱོགས་ཀྱི་རང་དབང་དེ་ཆེ་ཕྱོགས་ནས་རང་དབང་སྤྱི་མཚན་པ་དེ་འགྲུབ་བྱེད་ཀྱི་རྒྱུ་དང་རྐྱེན་གང་རུང་ཡིན་པ་དང། དེའི་འཕྲོར་ དཔལ་འབྱོར་འདྲ་མཉམ་ཕྱོགས་ཀྱི་རང་དབང་ནི་མི་རང་ལྡོག་གི་ཆབ་སྲིད་ཀྱི་རང་དབང་གང་དེ་མངོན་དུ་བྱེད་ལ་མེད་ཐབས་མེད་པའི་རྒྱུ་ཡིན་

པར་མ་ཟད། འབྱོར་བའི་ལོངས་སྤྱོད་འཛད་མེད་དུ་བསྐྲུན་ཏེ་མི་རྣམས་བདེ་ཐབས་ལ་བཀོད་ནས་རང་དབང་གི་སྤྱི་ཚོགས་མཚན་ཉིད་པ་ཞིག་ འབྱུང་བ་ལ་ཉེར་ལེན་གྱི་རྒྱུའང་བྱེད་པའི་ཕྱིར་རོ་ཞེས་རང་དབང་རིང་ལུགས་ཀྱི་མཁས་པ་མར་ཐིན་ཧྥུ་རའེ་དི་མན(Milton Friedman, 米尔顿•弗里德曼,༡༩༡༢ནས?)སོགས་ཀྱིས་འདོད།

མདོར་བསྡུས་ན། མི་རང་ལྡོག་གི་རང་དབང་ནི་མི་དང་སྤྱི་ཚོགས་བར་

གྱི་འགལ་བ་སེལ་བྱེད་དང་། མི་རང་ཉིད་ཀྱི་འཚོ་བའི་འཇིག་རྟེན་དང་སྤྱི་ཚོགས་རྩ་ལག་གཉིས་གཞི་གཅིག་ཏུ་སྦྲེལ་བྱེད་ཀྱི་ལྕགས་ཐག་ལྟ་ བུར་གྱུར་ཡོད། འདི་ལྟ་བུའི་ལྕགས་ཐག་གི་ནུས་པ་དེ་ཐོན་སྐྱེད་དང་དབང་ཆའི་དབྱིངས་ལས་བྱུང་བར་མ་ཟད། ད་ལྟ་རྒྱུ་ནོར་དང་དབང་ཆའི་

འགྲན་རྩོད་ལས་བརྒལ་ནས་དེའི་གདོང་འཛད་སྤྱོད་ཀྱི་ཀློང་དུ་ཕྱོགས་བཞིན་པའི་སྟབས་ཀྱིས། ནུབ་གླིང་ལ་མཚོན་ན་ཤེས་བསྐལ་གྱི་མི་རང་ ལྡོག་གི་རང་དབང་གང་ཞིག འཛད་སྤྱོད་གྱི་རང་དབང་དུ་བཤད་དོ། །

ཤེས་བསྐལ་གྱི་རང་དབང་གི་དོན་ནི་ཇི་སྐད་དུ་ནུབ་ཕྱོགས་རང་དབང་རིང་ལུགས་ཀྱི་མཁས་པ་རོལ་སིས(Jogn Rawls,

罗尔斯,༡༩༢༡ནས?)། “མི་སྒེར་གྱིས་བྱ་བ་གང་ཞིག་རྩོམ་མི་རྩོམ་ལ་ཕྱིའི་དགག་བྱ་གང་ཡང་མེད་ལ། གཞན་གྱི་ཉེར་འཚེ་དང་ བར་ཆད་བཟློག་ལ་སྐྱབས་དང་སྐྱོབ་པ་ཡོད་པའི་སྐབས་དེར། ང་ཚོས་ཁོ་ཚོར་བྱ་བ་དེ་རྩོམ་མམ་མི་རྩོམ་གྱི་རང་དབང་ཡོད་པར་བཤད་

ཆོག”11གསུངས་པ་ལྟར་མི་རེ་རེར་བསམ་སྤྱོད་དང་འཚོ་གནས་གཉིས་ཆར་ནས་ཕྱིའི་གཉའ་གནོན་དང་བཙན་དབང་སོགས་བར་དུ་གཅོད་

པའི་བགེགས་གང་ཡང་མྱོང་མི་དགོས་པའི་ཐོབ་ཐང་ཡོད་པ་ལ་ཟེར། དེ་ལྟ་བུའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་ཐོབ་ཐང་དང་ཁྲིམས་ལུགས་ཀྱི་ཐོབ་

ཐང་། དཔལ་འབྱོར་གྱི་ཐོབ་ཐང་། མི་ཆོས་ཀྱི་ཐོབ་ཐང་སོགས་ཚོགས་མང་ལྷན་དུ་འདུས་ནས་གྲུབ་ལ། བསྡུས་ན་རང་དབང་ཞེས་པ་ཆབ་ སྲིད་ཀྱི་ཐོབ་ཐང་དང་དཔལ་འབྱོར་གྱི་ཐོབ་ཐང་སྟེ་རྒྱུ་དང་འབྲས་བུའི་བདག་ཉིད་དུ་གྲུབ་པའི་ཆོས་འདི་གཉིས་ཀྱིས་གྲུབ་པར་མཁས་པ་དག་

གིས་འདོད། བྱེ་བྲག་ཏུ་ཆོས་སྤྱོད་ཀྱི་རང་དབང་ལ་མཚོན་ན། “མི་གང་ཞིག་གིས་རང་དབང་གི་སྒོ་ནས་རང་ཉིད་ཇི་ལྟར་མི་ཆོས་ཀུན་སྤྱོད་ དང་མཚན་ཉིད་རིག་པ། ཆོས་ལུགས་སོགས་གང་ལ་ཇི་ལྟར་དགའ་དད་ཆེ་བ་དེ་ལྟར་དོན་དུ་གཉེར་ཆོག་པ་ལས། དད་མི་དད་དང་གང་ལ་

དད་པར་བྱ་བ་རྣམས་ཁྲིམས་ལུགས་ཀྱིས་ཐག་གཅད་མི་ཆོག་ལ། མི་གཞན་དང་གཞན་ལའང་དེ་ལ་ལག་པ་བསྲིང་མི་ཆོག་པའི་ཀུན་སྤྱོད་ ཀྱི་འགན་འཁྲི་ཡོད་པའི་སྐབས་དེར། མི་རང་ལྡོག་ལ་འདི་ལྟ་བུའི་ཆོས་སྤྱོད་རང་དབང་གི་ཐོབ་ཐང་ཡོད“12པར་བཤད་ཆོག གནས་ལུགས་

དེ་བཞིན“ང་ཚོས་ཆབ་སྲིད་རང་དབང་དང་འདྲ་མཉམ་གྱི་སྒོ་ནས་སྲིད་དོན་ལ་ཞུགས་པའི་རང་དབང་དེ་བདག་གིར་བྱ་ཕྱིར། བསམ་བློ་ལྟ་བ་ དང་དད་པའི་རང་དབང་། མི་རང་ལྡོག་དང་སྤྱི་མང་གི་རང་དབང་གང་དེ་བློས་གཏོང་མི་གཞུག་པ“13ལ་སྤྱི་མང་གི་རང་དབང་དུ་གདགས། མི་ 11.罗尔斯:《正义论》,中国社会科学1988年版,第192页。 12.罗尔斯:《正义论》,中国社会科学1988年版,第192页。 13.罗尔斯:《正义论》,中国社会科学1988年版,第191页。

སྤྱིའི་དེབ་གྲངས་ཉེར་གསུམ་པ།

8


བདེན་པའི་བློ་མིག

རང་ལྡོག་གི་རང་དབང་དང་ཐུན་མོང་གི་དམིགས་བྱ་བར་གྱི་གཙོ་ཕལ་གྱི་ཁྱད་པར་ནི། ཇི་སྐད་དུ་རིང་དབང་རིང་ལུགས་ཀྱི་མཁས་པ་རྡེ་བོར་

ཁེན(Ronald Dworkin, 德沃尔,༡༩༣༡ལ་སྐྱེས)གྱིས། ཐུན་མོང་གི་དམིགས་ཡུལ་གང་དེ་མི་རང་ལྡོག་གི་རེ་བའམ་མི་རང་ ལྡོག་ནས་བརྩམ་པར་འདོད་པའི་བྱ་བ་དེ་དགག་བྱེད་དུ་མི་འགྲོ་བའི་སྐབས་དང། ཐུན་མོང་གི་དམིགས་ཡུལ་གྱིས་མི་རང་ལྡོག་ལ་གནོད་པ་

དང་གྱོང་གུད་ཐེབས་པར་གྲོགས་ཀྱང་མི་བྱེད་པའི་སྐབས་སུ། མི་རང་ལྡོག་ལ་རང་དབང་ཡོད་གསུངས་པ་ལྟར། མི་རང་ལྡོག་གི་རང་དབང་ ནི་ཐུན་མོང་གི་དམིགས་ཡུལ་ལས་ཀྱང་གཙོ་བོ་དང་རབ་དང་མཆོག་དང་ཕུད་དུ་འཛིན།

སྲོལ་རྒྱུན་གྱི་རང་དབང་དང་མི་འདྲ་ས་ནི། ཤེས་བསྐལ་གྱི་རང་དབང་གིས་མི་རང་ལྡོག་གི་ཐོབ་ཐང་གང་དེ་ཁྲིམས་ལུགས་ཀྱིས་ཐག་

བཅད་པའི་ཐོབ་ཐང་ཙམ་དུ་མི་གོ་བར་མི་ཆོས་ཀྱིས་གནང་བའི་ཐོབ་ཐང་ལ་གོ་བས། ཐོབ་ཐང་ཀྱི་ཁྱབ་རྒྱ་ཁྲིམས་ལུགས་རིང་དུ་བརྒལ་

དགོས་པར་འདོད་དེ། རང་དབང་ནི་གོང་མའི་ཡང་གོང་མ། སྟེང་མའི་ཡང་སྟེང་མར་གྱུར་བའི“ཁྲིམས“ཡིན་པས་རང་དབང་གི་ཡན་ན་ཁྲིམས་

ཞིག་ཡོད་མི་སྲིད་པས། རང་དབང་གི་ཚད་འཛིན་བྱེད་ནི་སྤྱིར་བཏང་གི་ཁྲིམས་མ་ཡིན་པར་དེ་ལས་ཀྱང་མཐོན་པོའི་མཐོན་པོ་དང་ཆེན་པོའི་

ཆེན་པོར་གྱུར་བའི་རང་དབང་ཡིན་པར་འདོད། དེ་བཞིན་ཆབ་སྲིད་ཀྱི་ཐོབ་ཐང་ཞེས་པའང་དོན་ལ་མི་ཆོས་ཀུན་སྤྱོད་ཀྱི་ཐོབ་ཐང་ལ་གོ་དགོས་ ལ། ཐ་ན་མང་གཙོའི་རྟེན་གཞིར་གྱུར་བའི་ཁྲིམས་ལུགས་ཀྱང་ཀུན་སྤྱོད་ཀྱི་ཆོས་ཉིད་ལ་གོ དཔྱོད་ཤེས་དང་མི་ཆོས་ཀྱི་ནང་བཅུད་མེད་པའི་

ཁྲིམས་ལུགས་གང་ཞིག སྐབས་མང་པོ་དག་ལ་སྐྱེས་བུའི་རང་དབང་གི་ཐོབ་ཐང་དང་ཁེ་ཕན་དག་འཕྲོག་བྱེད་དང་གཞོམ་བྱེད་དུ་འགྱུར་ངེས་

པས། དེ་ལྟ་བུའི་ཁྲིམས་ལུགས་ལ་རྟེན་འཆའ་བའི་སྲིད་ཚོགས་གང་དེའི་སྤྱི་མང་གི་བསམ་སྤྱོད་གང་ཞིག གཞན་གྱི་བདེ་བ་ལ་མི་གནོད་ཅིང་ མི་ཆོས་ལས་ཉམས་པ་མ་ཡིན་པའི་སྐབས་སུ་ཁྲིམས་ལུགས་ཀྱི་བཅས་མཚམས་ལས་འདས་ནས་རང་ལ་དབང་ངེས་ཀྱི་ཐོབ་ཐང་དག་ལོངས་ སུ་སྤྱད་ལ་རང་ངོས་ནས་བརྩོན་དགོས་པར་འདོད།

ཤེས་བསྐལ་གྱི་རང་དབང་ལ་རྣམ་འགྱུར་གྱི་སྒོ་ནས་སོར་གནས(消极自由)དང་རྩོལ་བྱུང(积极自由)གི་རང་དབང་

གཉིས་སུ་དབྱེ་སྟེ། དང་པོ་ནི་གཞན་དང་གཞན་གྱི་ཁ་ལོ་སྣ་ལོ་མྱོང་མི་དགོས་པར་སོ་ན་གནས་པའི་རང་དབང་ལ་སྤྱོད་པར་ཟེར་ཏེ། སོར་

གནས་ཀྱི་དོན་ནི་རང་དབང་དུ་བརྩི་མི་རུང་བའི་ཆོས་དག་བཏང་བའི་ཤུལ་ན་ལུས་པའི་རང་དབང་སྟེ། ཁ་ཅིག་གིས་འདི་ལ་དགག་ཕྱོགས་ ཀྱི་རང་དབང་དུའང་གདགས། དེ་ཡང་འཇིག་རྟེན་ན་བལྟོས་བཅས་ཀྱི་རང་དབང་ལས་བལྟོས་མེད་དམ་ཚད་མེད་པའི་རང་དབང་ཞིག་གཞི་ གྲུབ་ལུགས་གཞར་ཡང་མེད་པས། རང་དབང་འདོད་པ་རྣམས་ཀྱིས་མི་ཆོས་དང་འགལ་བའམ་རྒྱུ་དང་རྐྱེན་སྣ་ཚོགས་ཀྱི་དབང་གིས་མངོན་ པར་འདུ་བྱེད་ཐབས་མེད་པའི་རང་དབང་སྐོར་ཞིག་དོར་ནས་རེ་ཞིག་ལ་རང་དབང་ལྷག་མ་དག་ལ་སྤྱད་དགོས་པའི་དོན་ནོ། ། སོར་གནས་

སམ་དགག་ཕྱོགས་ཀྱི་རང་དབང་འདི་མི་གཤིས་དང་འཚམས་པར་རང་དབང་རིང་ལུགས་དང་མི་རིགས་རིང་ལུགས་ཀྱི་མཁས་པ་སྦིར་ལིན

(Isaiah Berlin,伯林,༡༩༠༩ནས༡༩༩༧)སོགས་ཀྱིས་འདོད་དོ། ། གཉིས་པ་ནི་གཞན་གྱི་ཁ་དཀྱུ་ཞིང་གཞན་ལ་ཁ་ཡ་བྱེད་

པའི་ངོ་བོ་ཅན་ཏེ། རང་དབང་དོན་དུ་གཉེར་བར་འདོད་པའི་སྐྱེས་བུས་འཚོ་བ་ལ་སྙིང་ཁམས་ཆེན་པོ་དང་ཁུར་བརྩོན་ཆེན་པོའི་སྒོ་ནས་ཞུགས་

སྟེ་ཡུལ་གང་ཞིག་ལ་སྟོབས་ཀྱིས་ཁ་ལོ་བསྒྱུར་དགོས་པའི་ལྟ་བ་འཛིན་པ་དཔེར་ན། རུ་སོས་གཉའ་རེངས་གཤིས་གྱོང་དག་ལ་རང་དབང་ བཙན་གྱིས་སྤྲོད་དགོས་པར་བཤད་པ་ལྟ་བུའོ། ། སྦིར་ལིན་སོགས་ཀྱིས་རྩོལ་བྱུང་གི་རང་དབང་མི་འདོད་དོན་ནི། དེས་རྒྱུན་དུ“བདག་ ཉིད“སྒེར་གཅོད་ཀྱི་ལམ་དུ་བཅུག་སྟེ་ཆག་ཆེ་ཉམ་ང་བཟོ་ཉེན་ཡོད་པར་འདོད་པའི་ཕྱིར་རོ། ། འདི་པ་ཚོས“བདག“ལ་གཞན་དབང་དུ་གྱུར་

བའི་བདག་དང་དོན་དམ་གྱི་བདག་གཉིས་ཡོད་པ་ལས། གཞན་དབང་གི་བདག་དེ་ཉིད་ནམ་ཡང་འདོད་པ་དང་ཞེན་འཛིན་གྱི་དབང་དུ་ཚུད་ ཡོད་པས་རང་དབང་མ་ཡིན་ལ། དོན་དམ་གྱི་བདག་ཅེས་པ་སེམས་ཀྱི་གཉུག་གཤིས་ལ་ཟེར་ཞིང་མཐར་ཐུག་གི་རང་དབང་ནི་དེ་ལྟ་བུའི་ 9

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

བདག་དེ་མངོན་དུ་བྱས་པ་ལ་གོ དེ་མངོན་དུ་བྱེད་པར་མི་ཆོས་ཀྱི་རྣམ་གཞག་དང་བཅའ་འགྲིག་གང་རུང་བསྲུང་དགོས་པ་ལས་དེ་ལས་ འདས་ན་བདག་ཉིད་ཀྱི་རང་དབང་ཤ ོར་ངེས་པར་འདོད་ཚུལ་ཐུབ་བསྟན་དང་མཚུངས།

རྒྱུ་འབྲས་ཀྱི་སྒོ་ནས་རང་དབང་ལ་དཔལ་འབྱོར་གྱི་རང་དབང་དང་ཆབ་སྲིད་ཀྱི་རང་དབང་གཉིས་སུ་དབྱེར་ཡོད་དེ། དང་པོ་ནི་མི་རང་

ལྡོག་ལ་རང་མོས་ཀྱིས་འབྱོར་བ་བསྒྲུབ་པའི་རང་དབང་ཡོད་པར་མ་ཟད། རང་མོས་ཀྱིས་ཐོན་སྐྱེད་ཀྱི་བྱ་བ་དང་ཚོང་རའི་དཔལ་འབྱོར་དོན་དུ་ གཉེར་བའི་ཐོབ་ཐང་ཡོད་པ་ལ་ཟེར། གཉིས་པ་ནི་གོང་དུ་བཤད་པའི་སྤྱི་མཚན་དུ་གྱུར་བའི་རང་དབང་ལ་གོ དེ་ཡང་དང་པོ་རྒྱུ་དང་གཉིས་པ་ འབྲས་བུའོ། །

ལྡོག་པའི་སྒོ་ནས་རང་དབང་ལ་ཕྱིའི་རང་དབང་དང་ནང་གི་རང་དབང་གཉིས་སུ་དབྱེ་སྟེ། ཕྱིའི་རང་དབང་ནི་སྐྱེས་བུའི་ལུས་ངག་གི་

འདུ་བྱེད་དུ་གྱུར་བའི་བྱ་སྤྱོད་ལ་ཕྱིའི་བཙན་ཤུགས་ཀྱི་བར་གཅོད་དང་ཉེར་འཚེ་མེད་པའི་ཐོབ་ཐང་སྟེ་འདིར་བཤད་པའི་རང་དབང་མཐའ་དག་

གོ ། ནང་གི་རང་དབང་ནི་བསམ་བློ་ལྟ་བ་དང་བློ་དཔྱོད། དད་པ་སོགས་ཕྱིའི་བཙན་ཤུགས་ཀྱིས་གནད་དུ་མི་གཅད་པའི་ཐོབ་ཐང་ཡོད་པ་ ལ་ཟེར་ཞིང་། ནང་གི་རང་དབང་གང་ཞིག་ཕྱིའི་རང་དབང་ལ་རྟེན་ཅིང་འབྲེལ་ནས་མངོན་དུ་བྱེད་པ་ཞིག་གོ ། ཕལ་མོ་ཆེ་དག་ལ་མཚོན་

ན་ལུས་ལས་སུ་རུང་བར་བྱས་པས་སེམས་ལས་སུ་རུང་བར་འགྱུར་ཏེ། ཕྱིའི་རང་དབང་ཡོད་པས་ནང་གི་རང་དབང་རང་བཞིན་གྱིས་ཡོད་ པར་འགྱུར་བ་གཤིས་སུ་གྲུབ་ནའང། རྟོགས་པའི་གོ་འཕང་མངོན་དུ་བྱས་པའི་དམ་པ་དག་ལ་མཚོན་ན། ཐོག་མར་ནང་སེམས་ཀྱི་བདག་ ཉིད་ལས་སུ་རུང་བར་བྱས་པས་ཕྱི་ལུས་ཀྱི་སྤྱོད་ལམ་རང་བཞིན་གྱིས་ལས་སུ་རུང་བར་གྱུར་པའམ་ཤིན་སྦྱངས་ཀྱིས་བསྡུས་པའི་དངོས་པོ་ དེ་བདག་གིར་བྱེད་པས། ཇི་སྐད་རྗེ་མི་ལ་རས་པས། “སེམས་ཀྱི་རང་བཞིན་སྐྱེ་འགག་མེད་པ་འདི་ལ་གཤིན་རྗེའི་སྐྱེས་བུ་བྱེ་བ་དུང་ཕྱུར་གྱི་

དམག་གིས་མཐའ་བསྐོར་ནས་མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་ཀྱང་། བསད་ཅིང་བཅད་པ་དང་ངན་པར་བསྒྱུར་དུ་མེད་ལ། ཕྱོགས་བཅུ་དུས་

གསུམ་གྱི་སངས་རྒྱས་རྣམས་ཀྱི་འོད་ཟེར་བྱེ་བ་ཕྲག་བརྒྱ་དུ་མ་འདུས་ཤིང་ཡོན་ཏན་གྱི་མཐུ་བསྡོམས་ཀྱང་། ཁ་དོག་དང་དངོས་པོར་གྲུབ་

པའམ་། བཟང་བོར་བཅོས་སུ་མེད་དེ། གཤིས་ལ་མ་བཅོས་པ་འདི་རང་ཡིན། ད་ལྟར་གྱི་ལུས་གཟུང་འཛིན་ཞེན་པ་ལས་གྲུབ་པ། འབྱུང་ བཞི་གདོས་བཅས་ཀྱི་ཕུང་བོ་འདི་སྐྱེས་པའི་ཐ་མ་འཆི་བ་ཡིན་པས། ཁྱེད་ཅག་ལྷ་འདྲེ་ལ་དགོས་ན་བྱིན་པས་ཆོག དངོས་པོ་ཐམས་ཅད་མི་

རྟག་ཅིང་འགྱུར་བའི་ཆོས་ཅན་ལ། དུས་ད་ལྟར་རང་དབང་ཡོད་བཞིན་དུ་སྦྱིན་པ་བཏང་ན། དོན་ཆེན་པོ་ལུས་ཀྱི་སྦྱིན་པར་འགྱུར”14གསུངས་

པ་ལྟར་ཕྱི་ཡི་རང་དབང་གང་དེ་འཇིགས་རུང་གཤིན་རྗེའི་མཚོན་གྱིས་ཕྱེ་མར་བཏགས་ཀྱང་ནང་གི་རང་དབང་དེ་ཉིད་གཅོད་བྱེད་ཀྱི་རལ་གྲིས་

མི་ཆོད། བཅིང་བྱེད་ཀྱི་སྒྲོག་གིས་མི་འཆིང། འཇོམ་བྱེད་ཀྱི་མཚོན་གྱིས་མི་གཞོམ། འགུག་བྱེད་ཀྱི་ལྩགས་ཀྱུས་མི་ཁུགས། འཛིན་བྱེད་ ཀྱི་ཞགས་པས་མི་ཟིན། སྡོམ་བྱེད་ཀྱི་རྒྱ་ཡིས་མི་བསྡོམ། རྨོངས་བྱེད་ཀྱི་མདའ་ཡིས་མི་རྨོངས། རློག་བྱེད་ཀྱི་སྒྱོགས་ཀྱིས་མི་བརླག་པར་རྡོ་ རྗེའི་རང་བཞིན་དུ་བརྟན་པར་འགྱུར་བས། རང་ཉིད་རང་ལ་དབང་ཞིང་རང་མགོན་རང་གིས་བྱེད། ནམ་ཞིག་ནང་གི་རང་དབང་གང་དེ་དོན་ དམ་དུ་གྲུབ་པས་ཕྱིའི་ཆོས་སུ་གྱུར་བའི་སྐྱེས་བུའི་ཐོབ་ཐང་དག་ལ་རང་དབང་དུ་སྤྱད་པར་འགྱུར་རོ། ། འདི་ལ་དམིགས་ནས་ཐུབ་བསྟན་

པས་དོན་དམ་པའི་རང་དབང་ངམ་རང་དབང་མཚན་ཉིད་པ་དེ་སེམས་ཀྱི་ངོ་བོ་སྒྲིབ་གཉིས་ཀྱི་བག་ཆགས་དང་བཅས་པ་ལས་གྲོལ་ནས་ལུས་ སེམས་ལས་སུ་རུང་བར་བྱས་པའི15འཁོར་བའི་ཕ་རོལ་གྱི་རང་དབང་ལ་གོ་ནའང། རང་དབང་སྤྱིར་བཏང་པ་འགྲུབ་བྱེད་ཀྱི་རྒྱུ་དེ་ཤེས་བསྐལ་

གྱི་རང་དབང་ལྟར་སྲིད་ཀྱི་ཐོབ་ཐང་དང་འབྱོར་བའི་ཐོབ་ཐང་གཉིས་ལ་བཤད་ཡོད་སའང་མང་བར་མཐོང་སྟེ། སྤྱོད་འཇུག་ལས། ཐམས་ཅད་ ནམ་མཁའ་མཛོད་བཞིན་དུ། ། ལོངས་སྤྱོད་ཆད་པ་མེད་པར་ཤོག ། རྩོད་པ་མེད་ཅིང་འཚེ་མེད་པར། ། རང་དབང་དུ་ནི་སྤྱོད་པར་ཤོག ། 14. གཙང་སྨྱོན་ཧེ་རུ་ཀའི༼མི་ལ་རས་པའི་རྣམ་མགུར༽

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི༡༩༨༡ལོའི་པར་གྱི་ཤོག་ངོས༤༥༦ན་གསལ།

15.དེ་ལྟ་བུའི་ལུས་སེམས་ཤིན་སྦྱངས་ཀྱི་རང་དབང་དེ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་ནས་རིམ་གྱིས་འཐོབ་པར་བཤད། སྤྱིའི་དེབ་གྲངས་ཉེར་གསུམ་པ།

10


བདེན་པའི་བློ་མིག

ཅེས་འབྱུང་བ་ལྟ་བུའོ། །

ངོ་བོའི་སྒོ་ནས་རང་དབང་ལ་ལྟ་བའི་རང་དབང་དང་ལམ་ལུགས་ཀྱི་རང་དབང་། ཁེ་ལས་ཀྱི་རང་དབང་སོགས་སུ་དབྱེར་ཡོད་ལ།

རྣམ་གྲངས་ཀྱི་སྒོ་ནས་རྒྱུ་ནོར་གྱི་རང་དབང་དང་ཚོང་ལས་ཀྱི་རང་དབང་། སྨྲ་བརྗོད་ཀྱི་རང་དབང། ཤེས་བརྩོན་གྱི་རང་དབང། འདུས་

འཚོགས་ཀྱི་རང་དབང་། བྱེས་བྲལ་གྱི་རང་དབང། ཆོས་སྤྱོད་ཀྱི་རང་དབང་། སྲོག་འཚོ་བའི་རང་དབང་། བདེ་བ་ལ་རེག་པའི་རང་དབང་ སོགས་མཐའ་ཀླས་ཀྱང་རེ་རེ་བཞིན་ངོ་སྤྲོད་པ་སྣག་ཤོག་གྲོན་པའི་རྒྱུ་ལས་མེད་པས་གཅིག་ཤེས་ཀུན་གྲོལ་གྱི་ལམ་ནས་བཤད་ན། རང་ གཤིས་ལ་ཐར་བ་ཐོབ་པ་དང་རང་ཁ་གཞན་གྱིས་མི་བདག་པ། དཔེ་རྙིང་ལུགས་རལ་མཐའ་དག་དོར་བ། མཁས་བཙུན་བཟང་གསུམ་གྱི་

མིག་ལྟོས་ལ་སློབ་པ། མི་རིགས་མཆོག་འཛིན་གྱི་ལྟ་བ་ཆགས་པ། ཕོངས་སེལ་སྡུག་སྐྱོབ་ཀྱི་སྙིང་སྟོབས་བརྩན་པ། རང་ཁ་རང་དཀྱུ་ཡི་

སྲབ་མཐུར་འཛོམས་པ། “བཟའ་བྱེས་ཁེར་འདུག"གི་སྐལ་བ་ཡོད་པ་སོགས་ནི་རིགས་དང་ཚོགས་པ་གང་ཞིག་རང་དབང་བདེ་ཆེན་ཐར་བའི་ ལམ་དུ་ཞུགས་དང་ཞུགས་འགྱུར་གྱི་རྟགས་སུ་བཤད་དོ། །

རང་དབང་གི་སྲོག་སྙིང་གང་དེ་དོན་ལྔས་གྲུབ་པར་ཨ་ཁི་ཐོན(Dalberg Acton,达尔伯格•阿克顿,༡༨༣༤ནས༡༩༠༢)

གྱིས་གསུངས་ཏེ། དེ་ལྔ་ནི། ༡、རང་དབང་ནི་གཉོམ་ཆུང་འཁོས་ཞན་དུ་གནས་པའི་མི་གྲངས་ཉུང་པ་དག་གི་ཐོབ་ཐང་བསྲུང་བྱེད་ཡིན་པ།

༢、རང་དབང་ནི་དཔྱོད་ཤེས་ཀྱིས་དཔྱོད་ཤེས་ལ་ཁ་ལོ་བྱེད་པ་ལས་འདུན་པས་འདུན་པ་ལ་ཁ་ལོ་བསྒྱུར་བའི་ཆོས་ཅན་མ་ཡིན་པ། ༣、

རང་དབང་ནི་འགྲོ་བ་མིའི་བླ་ན་འཕགས་པའི་འཇིག་རྟེན་བྱེད་པོའམ་ལྷ་མཆོག་གི་འཕྲིན་ལས་བསྒྲུབ་པའི་ཕོ་ཉ་ཡིན་པ། ༤、རང་དབང་ནི་

དཔྱོད་ཤེས་ཀྱིས་འདུན་པའི་ཁ་ལོ་བསྒྱུར་བའི་ཆོས་ཅན་ཡིན་པ། ༥、རང་དབང་ནི་སྤྱི་མཐུན་གྱི་གནས་ལུགས་གང་དེ་དབང་ཤེ ད་ལས་རྒྱལ་

ངེས་པའི་ངོ་བོ་ཅན་དུ་རང་བཞིན་གྱིས་གྲུབ་པ་བཅས་སོ། ། གོ་ཐོབ་བྱས་ན་རང་དབང་གི་སྲོག་སྙིང་གང་དེ་རྩ་བའི་ཆོས་ལྔས་གྲུབ་སྟེ། འདྲ་ མཉམ་དང་དྲང་བདེན། དཀྱེལ་ཡངས། མང་གཙོ། འཚེ་མེད་ཞི་བ་བཅས་སོ། །

འདྲ་མཉམ་ནི། མཐོ་དམའ་དང་དབུལ་ཕྱུག བཙན་གཉོམ་ལ་བལྟོས་པ་མེད་པར་མི་ཐམས་ཅད་ཆབ་སྲིད་དང་དཔལ་འབྱོར། རིག་

གནས་སློབ་གསོ་ཕྱོགས་ནས་འདྲ་མཉམ་གྱི་གོ་འཕང་ལ་རེག་པ་དེའོ། ། ནུབ་ཕྱོགས་པ་ཚོས“རང་བྱུང་གི་ཆོས་ཉིད”དམ“སྣོད་ཀྱི་ལྷ་

མཆོག”གིས་ཉེ་རིང་མེད་པར་སྐྱེས་བུ་ཐམས་ཅད་འདྲ་མཉམ་དུ་བསྐྱེད་ནས། སྐྱེས་བུ་རེ་རེ་ལ་གཞན་གྱིས་འཕྲོག་མི་ཆོག་པའི་ཐོབ་ཐང་ཆེ་ཆུང་ མེད་པ། ཡང་ལྕི་མ་ཤོར་བ་རེ་གདོད་ནས་བསྩལ་ཡོད་པར་འདོད་ལ། དེ་ལྟ་བུའི་ཐོབ་ཐང་དེ་གྲུབ་ཚུལ་གྱི་སྒོ་ནས་མི་གཤིས་རྩིས་མཐོང་ཀྱི་ འདྲ་མཉམ་དང་འཕེལ་རྒྱས་གོ་སྐབས་ཀྱི་འདྲ་མཉམ། གཟིགས་གཟོས་བདག་རྐྱེན་གྱི་འདྲ་མཉམ་གསུམ་དུ་དབྱེ། དང་པོ་ནི་མི་དང་མིའི་ བར་ན་རང་སྟེང་གི་རྒྱུ་དག་གིས་བསྐྱེད་པའི་ཁྱད་པར་རམ་སྤྱི་ཚོགས་ཀྱིས་བསྐྱེད་པའི་ཁྱད་པར་སྣ་ཚོགས་པ་ཞིག་གཞི་གྲུབ་ནའང་། སྐྱེས་བུ་

རེ་རེ་ལ་དམིགས་ཀྱིས་བསལ་བའི་གོང་ཐང་དང་རྩིས་ཐང་ཡོད་པར་མ་ཟད། རང་ཚུགས་ཀྱི་མི་གཤིས་རེ་ཡོད་པ་ཐམས་ཅད་ལ་འདྲ་བས། དེ་ ལ་འདྲ་མཉམ་གྱི་ལྟ་ཚུལ་གཟུང་དགོས་པ་དེའོ། ། དེ་ཡང་ཁ་ཅིག་ལྟར་བླ་དཔོན་མི་དྲག་དང་འཕྲད་པའི་ཚེ་ན་ཅི་བྱེད་འདི་བྱེད་མེད་པ། མ་ བྱས་འདུག་རྒྱུ་མེད་པར་ཡར་ལ་སྡུག་སྒུར་དང་མར་ལ་མུག་སྒུར་བྱས་ཏེ་ཕྱག་རིང་གྱང་འགྱེལ་བ་ལྟར་འཚལ། ཞབས་སྤྱི་བོར་བླངས་ནས་ རེག་རེག་དང་འཇུ་འཇུ། སྐོར་སྐོར་བྱེད་ལ་བརྩོན་པ་འདི་མི་གཤིས་འདྲ་མཉམ་གྱི་ཐོབ་ཐང་དེ་ས་ལ་བསྲེས་པ་ཉིད་ལས་མ་འདས་སོ། །

གཉིས་པ་ནི་མི་རྣམས་ལ་བཙན་དང་དབང་གིས་དེད་པ་མ་ཡིན་པར་རང་དབང་རང་འཐད་ཀྱི་སྒོ་ནས་ཕན་ཚུན་ལ་བསྟུན་ཏེ་སློབ་གསོ་དང་ཐོན་ སྐྱེད། ཚོང་རའི་དཔལ་འབྱོར་གྱི་བགྱི་བ་ལ་ཉེ་བར་ཞུགས་ཏེ་བདག་ཉིད་འཕེལ་རྒྱས་དང་བདག་ཉིད་ཕུན་ཚོགས་སུ་གཏང་བའི་གོ་སྐབས་

འདྲ་མཉམ་ཡོད་པའི་དོན་ནོ། ། སྲིད་གཞུང་གི་ངོས་ནས་བཤད་ན། དེ་ལྟ་བུའི་གོ་སྐབས་དེ་སྐྱེས་ཁུངས་དང་རིགས་རྒྱུད། ཤ་མདོག དད་ 11

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

པ། འབྱུང་བ། གཤིས་ཀ་སོགས་ལ་བལྟོས་པ་མེད་པར་ཐམས་ཅད་ལ་འདྲ་མཉམ་དུ་སྤྲད་དགོས། གསུམ་པ་ནི་སྤྱི་མང་རྣམས་ལ་སྲིད་ ཚོགས་གང་ཞིག་གིས་རིས་སུ་མི་གཅོད་པར་ཐམས་ཅད་ཚད་གཅིག་ལ་བཞག་ནས་སེམས་ཁུར་དང་བརྩི་འཇོག་གི་བདག་རྐྱེན་འཐོབ་པའི་

ཐོབ་ཐང་ཡོད་པ་ལ་གོ སེམས་ཁུར་ཞེས་པ་ནི་སྲིད་གཞུང་གང་དེས། སྤྱི་མང་མཐའ་དག་སྡུག་བསྔལ་དང་བགེགས་ཚོགས་ཀྱི་འཚེ་བ་མྱོང་ མཁན་དུ་བལྟས་ནས་ཕྱོགས་རིས་མེད་པར་རྩ་བའི་ཐོབ་ཐང་འདྲ་མཉམ་ཡོང་ཐབས་ལ་བརྩོན་པའི་དོན་དང་། བརྩི་འཇོག་གི་དོན་ནི་སྤྱི་མང་ སོ་སོའི་རང་ཉིད་ཀྱི་ཐུན་མིན་དུ་གྱུར་བའི་རང་ཉིད་ཀྱི་འཚོ་བ་རོལ་སྟངས་ནས་སྐད་དང་ཡི་གེ འདུ་ཤེས་འཛིན་སྟངས་བར་གྱི་དཔེ་ལུགས་ གོམས་སྲོལ་ལ་བརྩི་འཇོག་བྱེད་པའི་དོན་ནོ། ། གཟིགས་བཟོས་བདག་རྐྱེན་གྱི་འདྲ་མཉམ་ཞེས་པ་དཔལ་འབྱོར་ལ་སྦྱར་ནའང་དེ་བཞིན་ སྲིད་གཞུང་གང་ཞིག་གིས་མི་རང་སྟེང་གི་གོང་ཐང་དང་ཐོབ་ཐང་། འཇོན་ཐང་། འཚོ་བ་བཟང་ངན། རིགས་རྒྱུད་སོགས་ཀྱི་ཁྱད་པར་ལ་མི་

བལྟ་བར་དངོས་པོའི་བདོག་པའམ་གོ་སྐབས་དག་སྤྱི་སྙོམ་དུ་སྤྲོད་པ་དེའོ། ། འདྲ་མཉམ་གྱི་ཐོབ་ཐང་བྱེ་བྲག་ཏུ་མི་རང་ལྡོག་གི་འདྲ་མཉམ་

གྱི་ཐོབ་ཐང་དང་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འདྲ་མཉམ་ཐོབ་ཐང་། མི་རིགས་འདྲ་མཉམ་གྱི་ཐོབ་ཐང་། རྒྱལ་ཁབ་འདྲ་མཉམ་གྱི་ཐོབ་ཐང་ སོགས་སུ་དབྱེ། འདྲ་མཉམ་གྱི་ཐོབ་ཐང་གིས་རྩ་བའི་རང་དབང་ལོངས་སུ་སྤྱད་ལ་ཉེར་ལེན་གྱི་རྒྱུ་ཅི་རིགས་བྱེད་ཅིང་། རྩ་བའི་རང་དབང་ བཏང་སྙོམ་ཡོང་ལ་འཇལ་བྱེད་ཀྱི་སྲང་མདའ་ཡང་བྱེད་པར་འགྱུར། འདྲ་མཉམ་གྱི་ལྟ་བ་ནི་རང་དབང་གི་སྲོག་གི་སྙིང་པོ་རེད་ལ། ཕྱིར་ལྡོག་

ནས་བཤད་ན་རང་དབང་བསྲུང་བ་ནི་དོན་ལ་འདྲ་མཉམ་བསྲུང་བ་དེའོ། ། ཆབ་སྲིད་དང་ཁྲིམས་ལུགས་གཉིས་དོན་ལ་འདྲ་མཉམ་གྱི་རང་ དབང་ཐོབ་ཐང་བསྲུང་བྱེད་ལས་འདྲ་མཉམ་གྱི་མགོ་གནོན་བྱེད་མ་ཡིན་པར་རང་དབང་རིང་ལུགས་པ་ཚོ་དང་ནུབ་ཕྱོགས་རང་དབང་རྒྱལ་ཁབ་ དག་གིས་འདོད།

དྲང་བདེན་ནི་སྤྱི་ཚོགས་འབྲེལ་ལུགས་ཀྱིས་བསྐྱེད་པའི་བཟང་པོའི་བསམ་སྤྱོད་ཅིག་སྟེ། ཇི་སྐད་དུ། དམ་པ་རྣམས་ཀྱིས་ཁས་འཆེས་

མི་བྱེད་ལ། ། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། ། རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་དུ། ། ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་ རོ། ། ཞེས་པ་ལྟར་མི་ཚོས་ངན་གཡོ་རྫུན་གསུམ་སྤངས་ནས་རང་ཉིད་ཀྱིས་ཁས་བླངས་པའི་ལམ་དེར་ཞུགས་པ་ནས་མཐར་ཐུག་གི་

དམིགས་ཡུལ་ལ་མ་སླེབས་བར་དུ་བདེན་པ་ལ་མཐའ་གཅིག་ཏུ་བརྩོན་པའི་ལུས་ངག་གི་འདུ་བྱེད་དོ། ། དེ་ཡང་ངོ་བོ་དགེ་བ་གཞན་ལ་འཚེ་ བའི་བསམ་སྤྱོད་སྤང་པ། རང་བཞིན་བདེན་པ་འཇིག་རྟེན་མི་ཆོས་དང་མི་འགལ་བར་ཚུལ་བཞིན་བྱེད་པ། ཐབས་ཞི་བ་དྲག་པོའི་རུ་མཚོན་

མི་འཕྱར་བར་གནས་ལུགས་ཀྱི་མཁར་རྫོང་དུ་རྟེན་འཆའ་བ། བྱེད་ལས་འཁྲུལ་བ་མི་མངའ་ཞིང་ཟོལ་སྦྱོར་དང་བྲལ་བས་རྣམ་པ་ཀུན་ཏུ་

ཡིད་རྟོན་རུང་བ། དམིགས་པ་བརྟན་པ་མི་འགྱུར་བའི་གོང་ཐང་དང་ཚད་མར་གྱུར་བའི་བདེན་པ(རང་དབང་དང་འདྲ་མཉམ། མི་གཤིས་

སོགས)ལ་བརྩོན་པའི་བདག་ཉིད་ཅན་ནོ། ། འཚེ་མེད་ཞི་བའི་རྒོལ་བ་ཡིན་ཀྱང་གོང་གི་དཔྱོད་ཤེས་ཀྱི་ངོ་བོར་གྱུར་བའི་རྐྱེན་འདི་དག་ མི་ཚང་བའི་སྐབས་སུ་དེ་དྲང་བདེན་ལ་བརྩོན་པའི་ལས་སྒོ་ཡིན་པའི་ངེས་པ་ཅི་ཡང་མེད། དྲང་བདེན་དོར་བའི་འདུ་བྱེད་ནི་རྣམ་པ་ཀུན་ཏུ་

གཡོ་སྒྱུ་ཟོལ་སྦྱོར་དང་ཕྲ་མེན་གྱི་རིག་པ་འཛིན་པ། རང་ལས་གཞན་པའི་ཚུལ་མི་རིགས་པ། རྫུན་གཡོ་སྒྱུ་གསུམ་གྱིས་ཁ་བསྒྱུར་བའི་ལོག་ འཚོའི་བསམ་སྤྱོད་ལས་མ་འདས་པས། ཅི་དང་ཅི་འདོད་པའི་རེ་འབྲས་དག་གནས་སྐབས་ཙམ་ལ་འཐོབ་པར་འགྱུར་ངེས་ནའང་། བདེན་

ལུང་བ་གཉིས་ཀྱི་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང་ཞེས་པ་ལྟར་མཐར་ཐུག་བདག་གཞན་གཉིས་ཀ་རྒུད་པ་དང་སྡུག་བསྔལ་བར་ འགྱུར་བའི་རྒྱུ་ལས་མ་འདས། གཞན་དུ་ན། དྲང་བདེན་མ་ཡིན་པའི་བྱ་སྤྱོད་ལ་བཟོད་པ་སྒོམ་པའམ་དེ་རྒྱུ་དང་དབང་ལ་བརྗེ་བ་ནི་སྤྱི་ཚོགས་

སམ་མི་རང་ཉིད་ལོག་ལམ་དུ་འཁྱམ་པའི་སྡིག་གྲོགས་སོ། །ཨ་རི་སི་ཏོ་ཏེལ(Aristotle,亚里斯多德,སྔོན་གྱི༣༨༤ནས་སྔོན་

གྱི༣༢༢)གྱིས་མཁར་གྱི་རྒྱལ་ཕྲན་ཁག་དྲང་བདེན་ལ་བརྟེན་ནས་འཚོ་ཞིང་། ཡ་ཡོ་མེད་པར་གཟུ་བོར་གནས་པའི་ཁྲིམས་ལུགས་ལ་བརྟེན་

ནས་འཇིག་རྟེན་གྱི་དཀར་ནག་གོ་འབྱེད་པར་བཤད་པ་ལྟར། མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་རྟག་བརྟན་དུ་གནས་ཐུབ་མིན་གྱི་རྩ་བའང་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

12


བདེན་པའི་བློ་མིག

དྲང་བདེན་ཡོད་མེད་ལ་རག་ལས། དྲང་བདེན་སྐྱོང་བའི་དམིགས་ཡུལ་ནི་གནམ་འོག་སྐྱེ་འགྲོ་ཐམས་ཅད་འདྲ་མཉམ་དུ་བལྟ་རྒྱུ་དང་ཕན་ ཚུན་ལ་ཕན་གདགས་པའི་ཆེད་དུའོ། ། དེ་ཡང་གཞན་གྱི་ཆེད་དུ་མི་རང་ཉིད་ཀྱི་རང་དབང་མི་འདོར་བ་དང་། མང་བོའི་ཁེ་ཕན་གྱི་ཆེད་དུ་

ཉུང་ངུའི་ཁེ་ཕན་བློས་གཏང་མི་གཞུག་པ་ནི་དྲང་བདེན་གྱིས་མི་རང་ལྡོག་གི་ཐོབ་ཐང་བསྲུང་ཚུལ་ལོ། ། དེའི་ཕྱིར་དྲང་བདེན་གྱིས་བརྩི་བར་

བྱ་བའི་ཆོས་དང་པོ་ནི་རང་དབང་དང་། གཉིས་པ་ནི་སྤྱི་ཚོགས་ཀྱི་བཙན་སྙོམ་དབུལ་ཕྱུག་སྙོམ་རྒྱུ་དེའོ། ། སློབ་དཔོན་ཀླུ་སྒྲུབ་ཀྱིས“དྲང་ པོའི་ཚུལ་ནི་མི་བསླུ་བ”ཞེས་གསུངས་པ་བཞིན་དྲང་བདེན་གྱི་རྩ་བ་ནི་བདེན་པ་ལ་མཐའ་གཅིག་ཏུ་བརྩོན་རྒྱུ་དེའོ། ། འུ་ཅག་མཚོན་ན་ བདེན་པ་ལ་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཡོད་པའི་ཕྱི་མ་ལ་གོ་སྟེ། སྤྱི་འཛིན་རྟོག་པའི་བློ་ངོར་བདེན་པར་གྲུབ་པའི་ཆོས་

མཐའ་དག་གོ ། དཔེར་ན་ལུས་ལ་ཚེར་མ་ཟུག་པས་མི་བཟོད་པ་དང་། མཚོན་གྱིས་བསྣུན་པས་སྲོག་དང་འབྲལ་བའི་སྡུག་བསྔལ་ཆེན་པོ་ མྱང་བར་འགྱུར་བ་ལྟ་བུ་དང་། སུ་ཞིག་གིས་ཉམ་ཐག་འགྲོ་བ་འདི་རྣམས་རྒྱུ་མེད་བཞིན་དུ་བཅིང་པ་དང་རྡེག་པ་དང་འཚོག་པ་དང་ཁྲིམས་

མུན་དུ་འཇུག་པར་བརྩམས་ནས་སྡུག་ལས་སྣ་དགུ་གཏོང་བའི་བྱ་བྱེད་མཐའ་དག་གཞི་མེད་སྒྲོ་འདོགས་མ་ཡིན་པར་འགྲོ་བ་མིའི་ཐོབ་ཐང་ ལ་གནོད་ཅིང་འཚེ་བའི་ངན་སྤྱོད་དུ་རང་བཞིན་གྱིས་གྲུབ་པ། མི་རིགས་གང་ཞིག་ལ་རང་གི་ཐུན་མིན་དུ་གྱུར་བའི་ཆབ་སྲིད་དང་དཔལ་

འབྱོར། རིག་གནས། སྐད་ཡིག་ལ་རང་དབང་དུ་སྤྱད་ནས་མི་རིགས་གཞན་དག་དང་འདྲ་མཉམ་གྱི་གོ་འཕང་ལ་རེག་པའི་ཐོབ་ཐང་ཡོད་པ། ནམ་ཞིག་ཆ་རྐྱེན་འཛོམས་པར་གྱུར་ན་རང་ཁྱིམ་རང་གིས་བདག་ཆོག་པའི་ཐོབ་ཐང་བདག་གིར་བྱེད་རུང་བར་འགྱུར་བ་རྣམས་ནི་བདེན་པའི་

མཚན་གཞིའོ། ། དྲང་བདེན་ནི་ཐུན་མོང་གི་ཁེ་ཕན་གྱི་རྟེན་གཞིར་ཨ་རི་སི་ཏོལ་གྱིས་གསུངས་པ་ལྟར། ཆོས་ཅན་རྒྱུ་རྐྱེན་རྟེན་འབྲེལ་བསླུ་ བ་མེད་པའི་དྲང་བདེན་ལ་བརྩོན་པའི་སྟོབས་ཀྱིས། གང་ཞིག་སེམས་ཅན་གྱི་བདེ་བ་ལ་གནོད་ཅིང་འཚེ་བའི་ནག་ཕྱོགས་ཀྱི་བྱ་བྱེད་ངན་པ་

རྣམས་བརླག་པར་བྱས། སྟོངས་པར་བྱས། ཞི་བར་བྱས་ནས་རང་གཞན་དོན་གཉིས་མཐར་ཕྱིན་པར་འགྱུར་བས་ན། ཇི་སྐད་དུ། བླུན་པོ་

རང་གི་རྗེས་སུ་མི་འབྲང་ཡང་། ། རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་པ། ། དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ། ། སྲོག་ལ་བབ་ཀྱང་ འབད་པས་བསྲུང་བར་ངེས། ། ཞེས་པ་ལྟར་དམ་པ་དག་གིས་གང་གི་ཆེད་དུ་སྲོག་འདོར་བ་ནི་བླ་ཡི། དྲང་བདེན་འདོར་བ་ནི་ཤིན་ཏུ་མི་

རིགས་པར་བརྩིས་ནས་དེ་ཉིད་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལས་གཅེས་པར་འཛིན་ཏེ། སོ་ཁི་ར་ཐེས(Socratrs,苏格拉底, སྔོན་གྱི༤༦༩ནས་སྔོན་གྱི༣༩༩) འཁྲུལ་བའི་བྱ་བྱེད་ལ་དབུ་སྒུར་བ་ལས། དུག་ཆུ་ཕོར་བ་གང་དེ་ཞལ་གྱིས་བཞེས་རྒྱུ་དང་དུ་བླང་བར་མ་

ཟད། དྲང་བདེན་གྱི་ལྟ་བ་བསྲུང་ཕྱིར་རྒྱལ་ཁའི་རྟིང་མ་འཁྲུལ་བ་ལ་བྱིན་ནས་གསོན་པ་ལས་ཤི་བ་བདམས་སོ། ། ཡེ་ཤུ་དང་ཁོ་ཕེར་ནི་ཁི་ སི(N•Copernicus,哥白尼,༡༤༧༣ནས་༡༥༤༣) སོགས་ཀྱང་དེ་བཞིན་ནོ། ། ཆོས་པ་རྣམས་ཀྱིས་བྱང་ཆུབ་འདོད་པས་རང་གི་ ལུས་སྲོག་ཀྱང་གཏང་བའི་མཛད་པ་ནི་དོན་ལ་འཇིག་རྟེན་ན་དཀོན་པའི་དྲང་བདེན་བསྲུང་ཚུལ་རྨད་དུ་བྱུང་བ་ཞིག་གོ ། འདིར་བཤད་པའི་

དྲང་བདེན་ལ་སྤྱི་དང་བྱེ་བྲག་གི་དབྱེ་བ་གཉིས་ཡོད་ལ། བྱེ་བྲག་གི་དྲང་བདེན་དེའང་སྤྱི་ཚོགས་བགོ་བཤའི་ཐད་ཀྱི་དྲང་བདེན་དང་སྤྱི་ཚོགས་

བཏང་སྙོམས་ཕྱོགས་ཀྱི་དྲང་བདེན་གཉིས་ཡོད། ཁྲིམས་ལུགས་དང་ལམ་ལུགས་དྲང་བདེན་མ་ཡིན་པའི་སྤྱི་ཚོགས་ཁོར་ཡུག་ནས། མི་ཚོས་ དྲང་བདེན་གྱི་བྱ་བ་རྩོམ་པ་རང་ཉིད་གཞོམ་པའི་རྒྱུ་ལྟ་བུར་སྣང་བཞིན་ནའང། དྲང་བདེན་ལ་དུངས་པའི་སྐྱེས་བུ་རྣམས་ཀྱིས་དེ་ལྟ་བུའི་ཟོག་ ཟོལ་གྱི་ཁྲིམས་ལུགས་དང་ལམ་ལུགས་དེ་ནམ་ཞིག་རང་ཤུ གས་ཀྱིས་འདོར་བར་འགྱུར་རོ། །

དཀྱེལ་ཡངས་ནི་མི་གང་དེ་ལ་རང་གི་འཐོབ་བྱར་གྱུར་བའི་དབང་ཆ་དང་ཤེ ས་བྱ་ཅི་རིགས་ཡོད་ནའང་། རང་ཉིད་མི་དགའ་བའམ་

འདོད་མི་ནུས་པའི་ཕ་རོལ་པའི་གོང་ཐང་ལྟ་ཚུལ་དང་བསམ་སྤྱོད་གང་དེ་མི་དགག བར་དུ་མི་གཅོད་པར་རང་དབང་དུ་འཇོག་པའི་དཔྱོད་ བཅས་ཀྱི་འདམ་ཀའམ། འཇིགས་པས་དེད་ནས་ཡུལ་གང་དེ་ལ་བཟོད་པ་སྒོམ་པ་མ་ཡིན་པར་དགའ་བ་དང་བརྩེ་བ། བྱམས་པ་གསུམ་གྱི་

རྩིས་དང་མ་བྲལ་པའི་སྒོ་ནས་སྒང་རིལ་མོའི་གོང་ཐང་ལྟ་ཚུལ་དང་དུ་ལེན་པའི་སྙིང་ཁམས་ཏེ་མི་སྒེར་དང་ཚོགས་པ། སྤྱི་ཚོགས་ལ་ཐུན་མོང་ 13

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

དུ་གྲུབ་རུང་གི་བཟོད་པའི་སེམས་བྱུང་དང་ཆ་འདྲ་བའི་བློ་གཤོགས་ཞིག་ཡོད་པ་དེ་ལ་ཟེར། དཀྱེལ་ཡངས་ནི་ཆོས་ལུགས་ཀྱི་བྱམས་སྙིང་རྗེ་

དང་བཟོད་སེམས་ཀྱི་ལྟ་སྤྱོད་ལས་བྱུང་ཞིང་། དེངས་རབས་རང་དབང་མང་གཙོ་ཆབ་སྲིད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་སྔ་མོ་ནས་གྲུབ་ཚར། བརྒྱ་ལོ་བཅུ་བདུན་པའི་ཡོ་རོབ་བློ་འབྱེད་འགུལ་སྤྱོད་ནས་བཟུང་། དཀྱེལ་ཡངས་ཀྱི་ལྟ་བས་མི་ཚོའི་བསམ་བློ་རང་དབང་གི་འཆིང་གྲོལ་ ལ་ནུས་པ་ཆེན་པོ་ཐོན་པར་མ་ཟད། གཞན་སེམས་བྱམས་པས་དགུག་ལ་ཕན་རླབས་ཆེན་པོ་བྱུང་བས། ལོང་བས་ཕྱག་དར་ཕུང་བོ་ལས།

། ཇི་ལྟར་རིན་ཆེན་རྙེད་པ་ལྟར། ། མི་རྣམས་དཀྱེལ་ཡངས་ཀྱི་ལྟ་སྤྱོད་ལ་དགའ་པ་ཆེན་པོ། སྤྲོ་བ་ཆེན་པོ། དད་པ་ཆེན་པོ་དུས་གཅིག་ ལ་སྐྱེས་ནས་ཁད་ཀྱིས་དེ་ཆོས་ལུགས་ལས་བརྒལ་ནས་དཔལ་འབྱོར་དང་ཆབ་སྲིད། ཀུན་སྤྱོད། ཁྲིམས་ལུགས། རིག་གནས་སོགས་ཀྱི་

ཁོངས་སུ་སྤྱོད་ཐུབ་པར་གྱུར་ལ། བརྒྱ་ལོ་ཉི་ཤུའི་གཞུག་ནས་ཆབ་སྲིད་ཀྱི་འཁྱེར་སོ་ནས་ཆོས་ལུགས་དད་མོས་དང་འདུ་ཤེས་འཛིན་སྟངས། གོང་ཐང་ལྟ་བ། རིགས་རྒྱུད་དང་མི་རིགས་བར་གྱི་སྤྱད་ཡུལ་ཐམས་ཅད་ལ་ཡོངས་སུ་སྤྱོད་ཐུབ་པར་གྱུར་བས། རིག་གནས་ཕྱོགས་ནས་

བཙན་ཤེད་དང་དྲག་ལས་ལ་བརྟེན་ནས་ས་སྒང་རིལ་མོའི་གོང་ཐང་བྲེ་སྲང་གཅིག་གིས་གཞལ་མི་རུང་བའི་ངེས་པ་རྙེད། སྲིད་ཕྱོགས་ནས་

ཀྱང་ཁོངས་ཡངས་དཀྱེལ་ཆེའི་བསམ་བློ་ནི་ཆོས་སྤྱོད་རང་དབང་དང་བསམ་བློའི་རང་དབང་། ཆབ་སྲིད་རང་དབང་། འགྲོ་བ་མིའི་ཐོབ་ཐང་ སོགས་ཀྱི་རྟེན་གཞི་ཡིན་པར་ངེས་པ་རྙེད་པས། རིམ་གྱིས་དེ་ཉིད་ཆབ་སྲིད་ཀྱི་སྤྱོད་ལམ་ལ་རང་དབང་ལས་ཀྱང་མེད་ཐབས་མེད་པའི་མཆོག་

གི་ལྟ་བར་གྱུར་ཏེ། དཀྱེལ་ཡངས་མེད་ན་ཆབ་སྲིད་རང་དབང་སོགས་ལ་རྟེན་མེད་པར་གྱུར་བར་མ་ཟད། མང་གཙོའི་ཆབ་སྲིད་ལའང་ནང་ བཅུད་མེད་པར་འདོད། དེ་ཡང་མོན་ཐེ་སི་ཁོས་རང་དབང་མང་གཙོ་རིང་ལུགས་ནི་ཁོང་ཡངས་དཀྱེལ་ཅན་གྱི་སྲིད་ལུགས་སུ་གནས་ངེས་པ་

མ་གཏོགས་གཏུམ་རྔམ་དྲག་ཤུལ་ལ་རྐང་རྟེན་འཆའ་བའི་སྒེར་གཅོད་སྲིད་ཚོགས་དག་ལ་གཏན་ནས་གནས་མི་སྲིད་པར་བཤད་དེ། ཁྲིམས་ འཆའི་དབང་ཆ་དང་ཁྲིམས་འཛིན་གྱི་དབང་ཆ། སྲིད་སྐྱོང་གི་དབང་ཆ་གསུམ་ག་ཡོངས་སུ་སྲིད་ཚོགས་གཅིག་གིས་བདག་ཏུ་གཉེར་བའམ་

མི་གཅིག་ལ་དབང་བ་སྒེར་གཅོད་སྲིད་ཚོགས་ཀྱི་ཆོས་ཉིད་དུ་གྲུབ་པའི་ཕྱིར་ན། དེ་ལྟ་བུའི་སྲིད་ཚོགས་གང་དེ་ལ་རང་དབང་གྱི་ལྟ་བ་གཞི་

འགྲུབ་མི་སྲིད་ལ། དེ་མ་གྲུབ་ན་དཀྱེལ་ཡངས་ཀྱི་ཁོག་རྒྱ་ཡོད་པར་མི་འགྱུར་བས། ཅི་དགར་རྒྱལ་ཁམས་རྡོག་པས་མནན་ཆོག་ལ། ཉེས་ ན་རང་ཉིད་ཀྱི་མོས་པ་ལྟར་སྤྱི་མང་གི་ཚེ་སྲོག་དང་རང་དབང་ཡང་བཙན་གྱིས་འཕྲོགས་ཏེ་ཐལ་བའི་རྡུལ་དུ་བརླག་ཀྱང་ཆོག་པར་བཤད་དོ།

། དེ་ཡང་ཡིན་ཏེ། བརྒྱ་ལོ་སྔོན་མ་དག་ལ་ཞེ་རྩ་ཁྲག་གིས་མྱོས་ནས་ཁ་སོ་འཁྱིག་པའི་མི་བསྲུན་སྐྱེ་བོ་དག་སྲོག་བདུད་ཐང་ལ་བབ་པ་ལྟར་ ཡོང་སྟེ་ཉེས་མེད་ཀྱི་སེམས་ཅན་རྣམས་ལ་དོན་མེད་ཀྱི་མཚོན་ཆའི་འཁོར་ལོ་བསྐོར་ནས་ཆག་གྲུམ་རྡིབ་གསུམ། ཤི་འགུམ་རྨས་གསུམ་དུས་

གཅིག་ལ་བཟོས་ཏེ་འཇིག་རྟེན་འདི་ཡོམ་ཡོམ་འཁྱོམ་འཁྱོམ་དུ་བཏང་། འཇིགས་རུང་མཚོན་གྱི་བསྐལ་བས་ལུས་ཅན་རྣམས་མི་སྐྱིད་ཕྱི་མའི་ གནས་སྐབས་སུ་བཙན་གྱིས་དེད་ནས་སྡུག་ལ་སྦྱར་བའི་འཁྲུག་ཆེན་དང་པོ་དང་གཉིས་པ་ལྟ་བུ་རྣམས། ནྰ་ཙི་དང་ཧྥ་ཤི་སི་ལྟ་བུའི་གཏུམ་ དྲག་སྒེར་གཅོད་ཀྱི་སྲིད་ཚོགས་དག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ནང་རོལ་ན་ཁོང་ཡངས་དཀྱེལ་ཅན་གྱི་བློ་གཤོགས་དེ་མེད་པས་བྱས་ ལ།

དེ་མེད་པས་མི་རིགས་ཐལ་མཐའ་རིང་ལུགས་ཀྱི་ལོག་ལམ་དུ་འཕྱན་ནས་གཞན་རིགས་ཚར་གཅོད་ཀྱི་མཚོན་རྣོན་རྣམ་ཀུན་ཐུ་

འོག་ལ་སྦས་པར་གྱུར་ཏོ། ། ཧུའུ་ཧྲིས་དཀྱེལ་ཡངས་ཀྱི་སྐད་དོདtoleranceཞེས་པ་ཐད་ཀར་བཟོད་སྒོམ་དུ་བསྒྱུར་ནས། མི་རང་ལྡོག་ དང་སྲིད་ཚོགས་གང་དེ་ལ་རང་དང་ལྡོག་པར་གྱུར་བའི་ཕ་རོལ་པོ་དེར་བཟོད་པ་སྒོམ་པའི་བློ་རྒྱ་མེད་ན། ཕ་རོལ་པོའི་ཆོས་ལུགས་དད་མོས་

ཀྱི་རང་དབང་དེ་ཁས་ལེན་པར་མི་འགྱུར་ལ། མང་པོས་ཉུང་ངུའི་བསམ་བློའི་དགའ་ཁ་དད་ཕྱོགས་ལ་བཟོད་པ་སྒོམ་པའི་ཁོག་རྒྱ་དེ་མེད་ན།

ཉུང་ངུ་དག་ལ་བསམ་བློའི་དགའ་ཁ་འཁྱེར་ཕྱོགས་ཀྱི་རང་དབང་ཡོད་པར་མི་འགྱུར་གསུངས། དཀྱེལ་ཡངས་ཀྱིས་རང་དང་མི་མཐུན་པའི་ ལྟ་བ་གང་ཞིག་ཚར་མི་གཅོད་པར་རང་དབང་དུ་བསྒྲུབ་པ་བདེན་ནའང་། ཀླུ་སྒྲུབ་ཀྱིས། བཟོད་པའི་ཆོས་ནི་ཆོས་ཉིད་ཤེས་ཞེས་གསུངས་

པ་ལྟར། དཀྱེལ་ཡངས་སྒོམ་མཁན་དང་སྒོམ་ཡུལ་གཉིས་ཀས་མི་ཆོས་ཀྱི་གནས་ལུགས་བརྩི་དགོས་པ་ལས། དགེ་སྡིག་ལེགས་ཉེས་བླང་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

14


བདེན་པའི་བློ་མིག

དོར་གྱི་རྣམ་གཞག་ལ་བལྟོས་པ་མེད་པར་རང་གཞན་གྱི་བདེ་བའམ། མི་བུའི་རང་དབང་གི་ཐོབ་ཐང་ལ་ཉེ་བར་འཚེ་བ་དང་མཐོ་འཚམས་

པའི་བསམ་སྤྱོད་པ་དག་ལའང་མཐའ་གཅིག་ཏུ་བཟོད་པ་སྒོམ་པ་དཀྱེལ་ཡངས་ཀྱི་དོན་ལས་རིང་དུ་འདས་སོ། ། དེ་ལྟ་བས་ན། རང་དབང་ དང་འགྲོགས་པའི་དཀྱེལ་ཡངས་དེ་མར་མེ་རླུང་གིས་བསྐྱོད་ཀྱང་འཛུམ་དམོལ་དམོལ། དཀྱིལ་འཁོར་མཛོ་མོས་ལྡེག་ཀྱང་འཛུམ་དམོལ་

དམོལ་བྱེད་པ་ལྟ་བུ་ཆོས་པ་ཚོས་འདོད་པའི་བཟོད་པ་དང་ཡོངས་ཁྱབ་མཉམ་མ་ཡིན་པར་ཚད་ཡོད་ཅན་ནོ། ། དེ་ཡང་ཡིན་ཏེ། བསམ་སྤྱོད་

དམ་དཔེ་ལུགས་གང་ཞིག མི་ཆོས་ཀྱི་ཕྱོགས་ནས་འདོད་མི་ནུས་པའི་སྐབས་སུ། དེ་ལ་བཟོད་པ་སྒོམ་པ་ནི་འཁྲུལ་བར་གྱུར་བའི་ཆོས་གང་ དེ་བདེན་པར་ཐག་གཅད་པའི་དོན་ལས་མ་འདས་ལ། ཐ་ན་དྲང་བདེན་ཡང་བོར་བ་ཡིན་པས་རང་དབང་གི་དགོངས་པ་དང་ཡང་རང་ཤུ གས་

ཀྱིས་ཕན་ཚུན་སྤངས་འགལ་དུ་གྱུར་འགྲོ དེ་ལྟ་བུའི་བཟོད་པ་དེ་དོན་ལ་དཀར་ནག་གི་ཁ་དོག་མེད། བདེན་རྫུན་གྱི་དབྱེ་བ་མེད་པའི་དཀྱེལ་ ཡངས་སུ་གྱུར་བ་ཡིན་པས་ཉམ་ཉེས་པ་ཁོ་ནའི་འབྱུང་གནས་སུ་གྱུར་ནས། འབྲས་བུ་ས་སྟེང་ཐམས་ཅད་ངན་གཡོ་རྫུན་གསུམ་གྱིས་ཁེངས་

ཏེ་རང་དབང་མང་གཙོའི་བདེ་བ་ལ་རེག་པའི་སྐབས་མེད་པ་དེ་བསྐྱེད་པར་བྱེད། དེའི་འཕྲོར“གཞན་ལ་དཀྱེལ་མི་ཡངས་པའི་མི་ལ་ང་ཚོས་ ཡིན་གཅིག་མིན་གཉིས་ལ་དཀྱེལ་ཡངས་སྒོམ་དགོས་པའི་ངེས་པ་མེད་ལ། དཀྱེལ་ཅན་གྱི་བློ་གཤོགས་མེད་པའི་མི་དང་ཚོགས་པ་གང་དེས་

སྔོན་ལ་ཕ་རོལ་བའི་དགའ་དད་ཞེན་འཛིན་གྱི་རང་དབང་བར་དུ་གཅོད་པའི་སྦྱོར་བ་བརྩམས་པ་ཡིན་ན། དེ་ལྟ་བུའི་མི་དང་ཚོགས་པ་དེ་ལ་ཕ་ རོལ་པས་རང་ལ་དཀྱེལ་ཡངས་མི་སྒོམ་མོ་སྙམ་ནས་མི་དགའ་བའི་རྣམ་འགྱུར་སྟོན་པའི་གནས་ལུགས་མེད་ལ། ཕ་རོལ་པོ་གང་དེ་ལ་ཕྱིར་

རྒོལ་བར་བྱེད་པའི་ཐོབ་ཐང་དེ་བས་ཀྱང་མེད།"16 དཀྱེལ་སྒོམ་པ་ཚོས་གནས་ལུགས་ཀྱི་སྒོ་ནས་རང་ཉིད་དང་རང་ཉིད་ཀྱི་རང་དབང་གང་

ཞིག དཀྱེལ་ཡངས་མེད་པའི་ཕ་རོལ་པ་གང་དེས་གཞོམ་ལ་ཉེ་བའི་སྐབས་དེར།

དེ་ཚོའི་རང་དབང་གི་མགོ་མར་གནན་ཆོག་ལ་གནན་

ཡང་དགོས་སོ། །སྐབས་ལ་ལར་གཞན་ལ་དཀྱེལ་ཡངས་མ་སྒོམ་པས་དྲང་བདེན་གྱི་རྩ་ཁྲིམས་དང་འདྲ་མཉམ་རང་དབང་གི་ཐོབ་ཐང་ཡོངས་

སུ་འཕྲོགས་པ་ཡང་མ་ཡིན་ནོ། །དཀྱེལ་ཡངས་ཉི་མ་གཞོན་ནུའི་སྣང་བ་གསལ་བའི་ཁོར་ཡུག་ནས་བརྒྱ་ལ་ཁྲིམས་ལུགས་ཀྱི་དབང་སྒྱུར་མྱོང་ བའི་དབང་དུ་གཏང་ནའང་། རང་དབང་འདྲ་མཉམ་གྱི་བགོ་སྐལ་དེ་གཞན་གྱིས་འཕྲོག་པ་མེད་ལ། ཐ་ན་བཙོན་རར་ཚུད་ཀྱང་གནས་སྐབས་ ཙམ་ལ་མ་གཏོགས་རང་ལ་འཐོབ་བྱར་གྱུར་བའི་རང་དབང་གང་ཞིག་རྩ་བ་ནས་ནུབ་པར་མི་འགྱུར་རོ། །

མང་གཙོ་ནི་མི་མང་མང་ཚོགས་ཀྱིས་དབང་བསྒྱུར་བ་དང་། སྲིད་གཞུང་གང་དེ་མི་མང་ལ་དབང་བའམ་མ་མཐའ་ཡང་སྲིད་གཞུང་གང་

དེ་མང་བསྐོས་ངོ་ཚབ་པ་ལ་དབང་བའི་དོན་སྟེ། སྲིད་ལུགས་གང་ཞིག་གི་འོག་ན། བཙོན་མ་དང་ལོ་ན་མ་སོན་པ་དག་ཕུད། མི་ཐམས་ཅད་ ལ་རང་དབང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པས། རྒྱལ་ཁབ་ཀྱི་བྱ་གཞག་གང་དག་ཐག་གཅད་པའི་དབང་ཆ་དེ་དབང་འཛིན་པ་ཁོ་ནར་མི་

དབང་པར་མང་ཚོགས་ཐུན་མོང་ལ་དབང་བར་གོ་ཞིང་། མི་རང་ལྡོག་ལ་སྦྱར་ནས་བཤད་ན་རྣམ་དག་དྲང་བདེན་དཀྱེལ་ཅན་གྱི་མིའི་འབྲེལ་ ལུགས་ཤིག་དང་འཚོ་བ་རོལ་སྟངས་ཤིག་གོ ། མང་གཙོའི་ལམ་ལུགས་ལ་རིགས་གཉིས་ཡོད་དེ། གང་ཞིག་སྲིད་གཞུང་རྩ་འཛུགས་ཀྱི་ རྣམ་པར་གནས་ཤིང་། རྣམ་པ་དེ་ལ་བརྟེན་ནས་སྲིད་ཀྱི་བྱ་བ་གང་ཞིག་ཐག་གཅོད་པའི་དབང་ཆ་དེ་ཐད་ཀར་སྤྱི་མང་ཐུན་མོང་གི་ལག་ཏུ་ཉར་

བའི་དངོས་སྐྱོང་མང་གཙོ་དང་། སྲིད་གཞུང་རྩ་འཛུགས་ཀྱི་རྣམ་པ་གང་ཞིག དེའི་ཐག་གཅོད་ཀྱི་དབང་ཆ་གང་དེ་སྤྱི་མང་གིས་ཐད་ཀར་ལག་ ཏུ་ཉར་བ་མ་ཡིན་པར་ངོ་ཚབ་བརྒྱུད་ནས་ལག་ཏུ་བསྟར་ཞིང་། ངོ་ཚབ་པས་སྤྱི་མང་ལ་འགན་ཁུར་ཞིང་སྤྱི་མང་གི་འདོད་མོས་བརྩི་བའི་ངོ་ཚབ་

མང་གཙོ་གཉིས་སོ། ། དངོས་སྐྱོང་མང་གཙོ་ནི་གདོད་མའི་རུས་རྒྱུད་ཚོ་བ་དང་གནའ་བོའི་གྲོང་ཁྱེར་རྒྱལ་ཁབ་དག་གིས་སྤྱོད་པའི་མང་གཙོ་ སྟེ། དེ་ཚོའི་ས་ཁོད་ཆུང་ཞིང་མི་གྲངས་ཉུང་བས་གཅིག་ཏུ་འཛོམ་སྟབས་བདེ་བས་ན་འབངས་མི་ཡོད་ཚད་གཅིག་ཏུ་བསྡུས་ནས་གཞུང་དོན་

ལ་གྲོས་ཁ་བསྡུར་ཏེ་མང་པོའི་ཕྱོགས་སུ་ཐག་གཅོད་ཚུལ་ལོ། ། ངོ་ཚབ་མང་གཙོ་ནི་ཇི་སྐད་དུ་དགེ་ཆོས་ཀྱིས། ཞིང་ཆེན་སོ་སོས་བདམས་ 16.罗尔斯:《正义论》,中国社会科学1988年版,第208页。

15

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

པའི་འཐུས་མི་ཡིས། ། ཡིན་མིན་བརྟག་ཏེ་ཚུལ་བཞིན་འགྲིམས་བྱས་ནས། ། གང་ཞིག་མང་པོའི་ཕྱོགས་སུ་ཐག་གཅོད་པ། ། དབྱིན་ ཇིའི་གཞུང་དང་མེ་གོའི་སྲོལ་ལུགས་ཉིད། ། གསུངས་པ་ལྟར་ཨ་རི་ལྟ་བུ་མི་གྲངས་མང་ཞིང་ས་རྒྱ་ཆེ་བ། ཁ་ཐོར་དུ་གནས་པའི་རྒྱལ་ཁབ་

དག་ལ་མི་ཐམས་ཅད་གཅིག་ཏུ་བསྡུས་ནས་གྲོས་ཁ་བསྡུར་བའི་ཐབས་མེད་པས། ས་གནས་སམ་ཚོགས་པ་སོ་སོས་རང་རང་ས་ནས་ངོ་ ཚབ་པ་བདམས་ནས་གྲོས་ཐག་གཅོད་པའི་སྲོལ་ཏེ། “དེང་རབས་མང་གཙོའི་ཆབ་སྲིད་ནི་ངོ་ཚབ་ལམ་ལུགས་ཀྱི་མང་གཙོའམ་གྲོས་ཚོགས་ ལམ་ལུགས་ཀྱི་མང་གཙོ་འདིའོ། ། དེ་རིང་གི་འཇིག་རྟེན་འདི་རུ། ཀུན་གྱིས་ཁས་ལེན་པའི་མང་གཙོའི་རྒྱལ་ཁབ་གང་དུའང་ཁྱབ་མཉམ་

དུ་ངོ་ཚབ་མང་གཙོ་ལག་ལེན་དུ་བསྟར་བཞིན་ཡོད་དེ། ཐ་ན་དངོས་སྐྱོང་མང་གཙོའི་འབྱུང་ཡུལ་དུ་གྱུར་བའི་ཀེ་རི་སེ་རུའང་སྔར་སྲོལ་གཙང་ བསྐྱུར་གྱིས་ངོ་ཚབ་མང་གཙོ་ལག་ལེན་བསྟར་གྱིན་ཡོད”17 ། དེའི་སྟབས་ཀྱིས། ལག་ལེན་གྱི་ངོས་ནས་བཤད་ན། “དཔྱོད་ཤེས་དང་ འཚམས་པའི་མང་གཙོ་ལམ་ལུགས་ནི། མི་མང་རང་ཉིད་ཀྱིས་དབང་བསྒྱུར་བ་མ་ཡིན་པར་མི་མང་སྲིད་གཞུང་བཟང་པོའི་རྒྱབ་གཟུ་རུ་ལངས་

པ་དེའོ། ། མཆོག་གི་སྲིད་གཞུང་ནི་བློ་གསལ་ཤེས་ལྡན་དག་གིས་གྲུབ་པ་ཤ་སྟག་དུ་སྣང་ཞིང། དེ་དག་ནམ་ཡང་གྲངས་ཉུང་ཡིན“18ནའང་

། བློ་གསལ་ཤེས་ལྡན་དག་གིས་གྲུབ་པའི་གྲོས་ཚོགས་ཀྱི་ཐག་གཅོད་དེ་མི་མང་རང་ཉིད་ཀྱི་ཐག་གཅོད་ལས་བཟང་བའི་ཕྱིར། དོན་དམ་

པར་མང་གཙོས་སྲིད་གཞུང་གང་དེ་མི་མང་གིས་བདམས་པའི་ངོ་ཚབ་པ་མང་ཕྱོགས་ལ་དབང་བ་དེ་ཁོ་ན་མཚོན་ནོ། ། དེ་ལྟ་ནའང་། ངོ་ཚབ་ པའི་དབང་ཆ་ནི་སྤྱི་མང་ལས་བྱུང་སྟེ། ངོ་ཚབ་པས་སྤྱི་མང་ཚོའི་རང་དབང་གིས་བསམ་འཆར་འདོན་པ་དང་རྒྱལ་ཁབ་ཀྱི་སྲིད་དབང་ལ་དོ་

བདག་བྱེད་པའི་དབང་ཆ་བརྩི་ཞིང་དང་དུ་ལེན་དགོས་པས་སོ། ། རྒྱུ་མཚན་འདིའི་དབང་གིས། མང་གཙོ་ནི་སྲིད་ལུགས་ཁོ་ན་ཙམ་མ་ཡིན་

པར་མི་མང་གི་དབང་ཆ་དང་མི་བུའི་ཐོབ་ཐང་ལ་གཞི་གཅིག་ཏུ་འབྲེལ་བའི་ཆོས་ཅན་དུའང་གྲུབ་བོ། ། དེ་ཡང་འདི་ལྟ་བུའི་མང་གཙོ་དེ་རང་ དབང་གིས་བསྐྱེད་ཅིང་རང་དབང་ལ་བརྟེན་དགོས་དོན་ནི། གཅིག་ནས་མང་གཙོའི་གྲོས་དོན་ལ་མི་མང་གི་ལྟ་བ་དང་དྲན་འཆར་སྣ་ཚོགས་ འཇིགས་མེད་བསྙེངས་བྲལ་དང་དགག་བྱ་ཅི་ཡང་མི་མྱོང་བའི་སྒོ་ནས་ལྷུག་པོར་བརྗོད་པའི་རང་དབང་གི་ཁོར་ཡུག་དེ་གལ་ཆེ་བའི་དོན་གྱིས་

དང་། གཉིས་ནས་རང་དབང་གི་རྩོད་གླེང་དང་རང་དབང་གི་འདམ་ཀ རང་དབང་གི་མཐུན་འཇུག་མེད་པའི་སྐབས་དེར། ཆབ་སྲིད་ཀྱི་ཐོབ་ ཐང་ངམ་མང་གཙོའི་ཐོབ་ཐང་དེ་ལ་འབབ་སྟེགས་མེད་པར་མིང་གི་ལྷག་མ་ཙམ་དུ་འགྱུར་ངེས་པའི་དོན་གྱིས། གསུམ་ནས་རྩ་བའི་རྩ་བར་

གྱུར་བའི་རང་དབང་གི་ཐོབ་ཐང་དེ་མངོན་དུ་བྱས་པའི་ཉེར་བསྡོགས་འོག་ནས་ད་གཟོད་འོས ་ཤོག་འཕེན་པའི་ཐོབ་ཐང་ངམ་སྲིད་འཇུག་དང་ སྲིད་དོན་བགྲོ་གླེང་ལ་ཞུགས་ཆོག་པའི་གོ་སྐབས་དེ་འཐོབ་པར་འགྱུར་བའི་དོན་གྱིས་སོ། ། གཞན་དུ་ན། རང་དབང་ལ་མ་བརྟེན་པའི་མང་ གཙོའི་རྣམ་ཤེས་གང་དེ་རང་དབང་དང་འདྲ་མཉམ། དཀྱེལ་ཡངས། དྲང་བདེན་གྱི་སྲོག་དབང་ལ་རྟེན་འཆའ་བཞིན་པའི་ངེས་པ་ཅི་ཡང་མེད་ པས། དེ་ཉིད་སྲོག་གི་དབང་བོས་མ་བཟུང་བའི་བེམ་རོ་བཞིན་སྐབས་མང་པོ་དག་ལ་ཕན་ལས་གནོད་པའི་རྒྱུ་རུ་འགྱུར་སྐབས་མང་སྟེ། བརྒྱ་

ལོ༡༩པའི་ལོ་རབས༥༠ནང་གི་ནྰ་ཕོ་ལོན་ཁྲི་རབས་གསུམ་པ“རང་མོས་རང་འཐད་ཀྱི་མང་གཙོའི”ལམ་ནས་སྲིད་ཁྲི་ལ་འཛེགས་པ་ལྟ་བུ་དང་ ། འཇར་མན་པས་བརྒྱ་ལོ༢༠པའི་ལོ་རབས༣༠ནང་འགྲོ་བའི་སྲོག་གི་གཤེད་མར་བཞེངས་པའི་ཧིར་ཐི་ལི་ཁོ་ཚོའི་སྲིད་ཁྲི་ལ་མངའ་གསོལ་

བ་ལྟ་བུ་རེད། དེའི་སྟབས་ཀྱིས། མང་གཙོ་རྣམ་དག་ཡིན་ན་རང་དབང་རྟེན་དུ་བྱས་པའི་མང་གཙོ་ཡིན་པའི་ཁྱབ་པ་ཡོད་དགོས་ཏེ། ནུབ་

གླིང་ལ་མཚོན་ན་མང་གཙོ་དང་རང་དབང་གི་མང་གཙོ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། ། དྲང་བདེན་དང་རྒྱུ་འབྲས་

བློ་མིག འདྲ་མཉམ། དཀྱེལ་ཡངས་རྣམས་རང་དབང་གི་བརྗོད་སྙིང་དུ་གྲུབ་པ་དེ་བཞིན་རང་དབང་མང་གཙོའི་ཁྱད་ཆོས་སུའང་རང་བཞིན་ 17.བདུད་ལྷ་རྒྱལ་དང་མེ་ལྕེས་རྩོམ་སྒྲིག་བྱས་པའི༼བློ་འབྱེད་ཀློག་དེབ་དཔེ་ཚོགས—ན་གཞོན་རབ་བྱེད༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི༢༠༡༠ལོའི་པར་གྱི་ཤོག་ངོས༢༥པ་ལས་ དྲངས། 18.安东尼•阿伯拉斯特:《民主》,吉林人民出版社2005年版,第70页。 19.བདུད་ལྷ་རྒྱལ་དང་མེ་ལྕེས་རྩོམ་སྒྲིག་བྱས་པའི༼བློ་འབྱེ་ཀློག་དེབ་དཔེ་ཚོགས—ན་གཞོན་རབ་བྱེད༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི༢༠༡༠ལོའི་པར་གྱི་ཤོག་ངོས༣༠པ་ལས་

དྲངས།

སྤྱིའི་དེབ་གྲངས་ཉེར་གསུམ་པ།

16


བདེན་པའི་བློ་མིག

གྱིས་གྲུབ་ལ། “ཁྲིམས་སྐྱོང་དང་སྤྱི་མཐུན། ཁྲིམས་འཛིན་རང་བཙན། དབང་ཆ་སྤྱི་སྙོམས། སྲིད་དབང་མཐའ་ཅན། ས་གནས་རང་སྐྱོང”19

སོགས་ཀྱི་དགོངས་པ་བཤད་ཡམས་ཙམ་དུ་མ་ལུས་པར་དོན་ཐོག་ཏུ་འཁྱོལ་རྒྱུ་རང་དབང་གི་མང་གཙོ་གང་དེ་དོན་ལྡན་དུ་འགྲོ་བའི་ཉེ་རྒྱུར་

གྲུབ། དེ་ཡང་རིག་གནས་ལྟ་བ་མི་འདྲ་བ་དང་དཔལ་འབྱོར་སྒྲིག་གཞི་མི་འདྲ་བ། ཆབ་སྲིད་ལམ་ལུགས་མི་འདྲ་བ། ཆབ་སྲིད་ཚོགས་པ་ མི་འདྲ་བ། སྤྱི་ཚོགས་ལས་སྒོ་མི་འདྲ་བ་རྣམས་ཁྱད་དུ་མི་གསོད་པར་རང་དབང་དང་འདྲ་མཉམ་གྱི་སྒོ་ནས་གཞིས་ཁྱིམ་གཅིག་ལ་གནས་

གཞུག་པ་ནི་རང་དབང་མང་གཙོའི་ཁོང་ཡངས་དཀྱེལ་ཆེའི་རང་བཞིན་ནོ། ། མི་བུ་རང་ལྡོག་གི་སྨྲ་བརྗོད་རང་དབང་དང་ཤེ ས་བརྩོན་གྱི་

རང་དབང། འདུས་འཚོགས་ཀྱི་རང་དབང་། བྱེས་བྲལ་གྱི་རང་དབང། ཆོས་སྤྱོད་ཀྱི་རང་དབང་སོགས་ལ་སྲི་ཞུ་བསྒྲུབ་རྒྱུ་ནི་རང་དབང་ མང་གཙོའི་བཤོལ་མེད་འགན་འཁྲིའོ། ། གང་ཞིག་སྲིད་ཚོགས་རང་གི་གྲུབ་མཐའ་དང་ལྡོག་པར་གྱུར་བའི་ཆབ་སྲིད་ཀྱི་ལྟ་བ་བརྗོད་པའམ།

རྩོམ་ཡིག་འབྲི་བ། བརྡ་འཕྲིན་སྤེལ་བའི་འདུ་བྱེད་ལ་ཁྲོ་བར་མི་བྱ། འཚེ་བར་མི་བྱ། མཐོ་འཚམ་པར་མི་བྱ་བ་ནི་རང་དབང་མང་གཙོས་

དབང་ཆ་སྤྱི་སྙོམས་གསོང་པོར་སྤྱོད་ཚུལ་ལོ། ། ཆབ་སྲིད་ཀྱི་ལྟ་གྲུབ་མི་གཅིག་པའམ་དགའ་མོས་དད་ཕྱོགས་མི་འདྲ་ནའང་སྤྱི་མང་ལ་རང་ མོས་ལྟར་སྲིད་སྐྱོང་པ་འདེམ་རུང་གི་ཐོབ་ཐང་ཡོངས་སུ་སྤྲོད་པ་ནི་རང་དབང་མང་གཙོའི་ཆབ་སྲིད་ཀྱི་ལྟ་སྙིང་ངོ་། ། ལག་ལེན་གྱི་ངོས་ནས་

གཞན་གནོད་ཉེར་འཚེའི་འདུ་བྱེད་རིང་དུ་སྤངས། རང་དབང་དང་དྲང་བདེན། འདྲ་མཉམ་གྱི་ལྟ་བའི་གནད་མི་བཅད་པའི་ཉེར་བསྡོགས་ལ་ བརྟེན་ནས་མི་མང་གི་བསམ་འཆར་གཞིར་བཟུང་སྟེ་བྱ་གཞག་གང་ཞིག་ཐག་གཅོད་པ་ནི་རང་དབང་མང་གཙོའི་རྩ་དོན་ནོ། ། ཇི་སྐད་དུ་

ས་པཎ་གྱིས། ཀུན་མོང་པ་ནི་རྩོད་གཞི་སྟེ། ། དམ་བཅས་པ་ནི་འཆིང་བའི་རྒྱུ། ། གསུངས་པ་ལྟར་ཐུན་མོང་རིང་ལུགས་ནི་ཧིར་ཐི་ལི་ལྟ་ བུའི་བཙན་དྲག་སྒེར་གཅོད་ལ་དབང་སྟོབས་རྒྱས་པའི་རྒྱུ་རྐྱེན་གཙོ་བོར་འགྱུར་སྐབས་མང་པས། མང་གཙོ་གང་ཞིག་ཐུན་མོང་རིང་ལུགས་ དང་ལོགས་སུ་གྱེས་དགོས་པར་འདོད་པ་ནི་རང་དབང་མང་གཙོའི་ཆབ་སྲིད་ཀྱི་ཕྱག་ལེན་ནོ། ། འདི་ལྟར་རང་དབང་མང་གཙོ་རིང་ལུགས་ནི་ ཆབ་སྲིད་དབང་མཐའ་རིང་ལུགས་འཇིག་རྟེན་ཕ་རོལ་དུ་བསྐྲད་ནས་སྤྱི་མང་རང་ལྡོག་གི་རྩ་བའི་ཐོབ་ཐང་དང་རང་དབང་། རྩིས་ཐང་རྣམས་

བསྲུང་བའི་ལ་ཐོད་དང་། དབུལ་ཕྱུག་བཙན་གཉོམ་ལ་བལྟོས་པ་མེད་པར་སྤྱི་མང་རྣམས་འདྲ་མཉམ་རང་དབང་གིས་སྲིད་དོན་ལ་ཞུགས་ པའི་སྡོངས་གྲོགས། གཏུམ་རྔམ་དྲག་ཤུལ་གྱི་སྦྱོར་བའི་གོང་མནན་ཏེ་སྤྱི་ཚོགས་ཞི་བའི་ལམ་ནས་འཕེལ་རྒྱས་སུ་འགྲོ་བའི་སྣེ་ཤན། མི་

རྣམས་དྲང་པོ་དཔྱོད་ཤེས་ཀྱི་ལམ་ནས་སྤྱི་པའི་ལས་སྒོ་དང་ཆབ་སྲིད་ཀྱི་འགྲན་རྩོད་ལ་ཞུགས་པའི་སྤྱི་སྟེགས། སྲིད་ཀྱི་དབང་ཆ་ཡ་ཡོ་མེད་

པར་སྤྱི་མང་ལ་བཏང་སྙོམས་སུ་བགོ་བའི་སྲང་མདའ། ཚོགས་པའམ་མི་རིགས་གང་ཞིག་གིས་འགྲན་རྩོད་ཀྱི་ལམ་ནས་བདག་སྐྱོང་གི་དབང་ ཆ་མངོན་དུ་བྱེད་པའི་བདག་རྐྱེན་འབའ་ཞིག་གོ ། ཁ་ཅིག་གིས་འབྱུང་བཞིའི་ཁོར་ཡུག་དོག་པོ་གང་འདི་རང་དབང་གི་མང་གཙོ་རིང་ལུགས་

ལ་མི་འཕྲོད་པར་བསྙད་ནའང་། མང་གཙོའི་ལམ་ལུགས་འདི་ཉིད་འཛམ་གླིང་སྲིད་ལུགས་ཀྱི་སྤྱི་སྲོལ་དང་ཡོངས་ཁྱབ་གོང་ཐང་གི་སྲོག་སྙིང་ དུ་གྲུབ་ཟིན་པས་ཉི་མ་བརྒྱ་ཤར་ལག་པས་ཁེབས་པར་འགྱུར་བའི་དུས་ཤིག་འབྱུང་མི་སྲིད་དེ། འཇིག་རྟེན་ཁ་དཔེར། ནམ་མཁའི་སྐྱ་རེངས་

མི་ཤར་རྒྱུ། ཁྲི་གདུགས་འོད་ཀྱིས་རྒྱབ་ནས་དེད། དོག་མོ་ས་ཆུ་མི་དྲོས་རྒྱུ། འབྱུང་བའི་ཤུགས་ཀྱིས་རྒྱབ་ནས་དེད་ཅེས་པའི་གནས་ལུགས་ ལས་མ་འདས་སོ། །

མདོར་དྲིལ་ན། རང་དབང་ནི་གོང་དུ་སོང་བའི་དངོས་པོ་ལྔའི(དེ་དག་ལས་འཚེ་མེད་ཞི་བ་གཞན་དུ་འཆད་པར་འགྱུར)བརྗོད་

བྱ་སྲོག་ཏུ་བྱས་པའི་བདག་ཉིད་ཅན་དུ་གྲུབ་ལ། དེའི་སྙིང་བོའི་སྙིང་བོ་དང་མཐར་ཐུག་གི་དམིགས་རྩེ་ནི་རྒྱུ་འབྲས་བློ་མིག་གི་འཁོར་ལོས་

བསྒྱུར་རྒྱལ་གྱི་རྫོགས་བསྐལ་དེ་མངོན་དུ་བྱས་ཏེ། སྒེར་གཞུང་གང་རུང་གི་འཚོ་བའི་དམིགས་རྩེ་མཐའ་དག་མངོན་དུ་བྱེད་པ་དེ་ཡིན་སྟབས། རང་དབང་ནི་གདོད་ནས་འཇིག་རྟེན་འཕྲིན་ལས་ཁུར་དུ་འཁྱེར་བའི་ཕོ་ཉ་དང་ཞི་བདེའི་སོ་ཁ་བསྲུང་བའི་དེད་དཔོན། སྐྱེ་བོའི་རྒྱུ་འབྲས་བློ་ 17

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

མིག་བསྲུང་བའི་བྱ་ར། ནག་ཕྱོགས་ཀྱི་གཉའ་བ་གནོན་མཁན། དཀར་ཕྱོགས་ཀྱི་ངོ་སོ་བསྟོད་མཁན། སྒེར་གཅོད་ཀྱི་གཉའ་ཤིང་གཅོག་

མཁན། མང་གཙོ་ཡི་བསྟན་པ་སྤེལ་མཁན། གསོད་གཅོད་ཀྱི་བཤས་ར་བཤིག་མཁན། ཐོབ་ཐང་གི་རྒྱལ་མཚན་སྒྲེང་མཁན། བཙན་

གཉན་གྱི་འདུ་ར་བཤིག་མཁན། འདྲ་མཉམ་གྱི་གསེར་འཕྲུ་སྐོན་མཁན། དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་མཁན། རྒྱུ་འབྱོར་གྱི་བདེ་ སྐྱིད་སྤེལ་མཁན་དུ་གྱུར་ཡོད་པ་རྟོགས་པས་བཏགས་པ་ཙམ་མ་ཡིན་པར་ལོ་རྒྱུས་ཀྱི་མྱོང་པར་གྲུབ་སྟེ། ནུབ་ཕྱོགས་པས་མི་ལོ་བརྒྱ་ཕྲག་

དུ་མའི་སྔ་རོལ་ནས་རང་དབང་གི་ལྟ་སྤྱོད་ཉམས་སུ་བླང་ལ་བརྩོན་པ་བརྒྱ་ཕྲག་ཏུ་བསྐྱེད་ཅིང་། གང་དེ་མི་རང་ལྡོག་དང་སྤྱི་ཚོགས། སྲིད་ གཞུང་བར་གྱི་འབྲེལ་བའི་གནད་དོན་ལ་དཔྱད་པའི་ཉེར་སྤྱད་འབའ་ཞིག་ཏུ་འཁྱེར་བ་ནས་བཟུང། གང་དེའི་བག་ཆགས་ཟབ་མོས་ཁོ་ཚོའི་

བསྐལ་ངན་གྱི་ཆབ་སྲིད་ལ་རེ་བའི་མེ་དཔུང་སྦར་ཞིང་བསྐལ་བཟང་གི་ཆབ་སྲིད་ལ་མུ་མཐུད་ནས་བཟང་བོའི་སྐུལ་མ་བཏབ། ཆབ་སྲིད་རང་

དབང་གི་ཉེར་ལེན་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་རིག་གནས་ལྟ་བའི་ཕྱོགས་ཀྱི་རང་དབང་དེ་ཉེ་བར་བསྐྱེད་པ་ན། ཆོས་ལུགས་དང་ མི་ཆོས་ཕྱོགས་ཀྱི་མདུད་རྒྱ་མཐའ་དག་ཡོངས་སུ་གྲོལ་བས་མི་གཤིས་རང་དབང་གི་སྲོག་ཟུངས་སླར་སོས་པར་གྱུར། རྩ་ལག་ཏུ་གྲུབ་པའི་

མང་གཙོའི་ཆབ་སྲིད་ཀྱི་ཟླ་གཞོན་གསར་པ་གང་དེ་རང་དབང་གི་ཤར་རི་ལྷུན་པོའི་ཕྲག་གོང་ནས་འགྲོ་བའི་དཔལ་དུ་ཉེ་བར་ཤར་བས། ཡུལ་

དེ་དང་དེ་ལ་གནས་པའི་སྐྱེ་བོ་རྣམས་འདྲ་མཉམ་དྲང་བདེན་སོགས་འགྲོ་བ་མིའི་ཐོབ་ཐང་གི་སྣང་བ་ལ་རོལ་ཐུབ་པར་གྱུར། འཚེ་མེད་ཞི་བའི་ འཕེལ་རྒྱས་ཆེན་མོའི་ལམ་ཆེན་དུ་ཞུགས་ཐུབ་པར་གྱུར། རྩོད་བྲལ་བདེ་འབྱོར་ཡ་རབས་གཙང་མའི་རྣམ་ཐར་ལ་ཀུན་ནས་མོས་པར་གྱུར།

བསྐལ་པ་སྟོང་ཕྲག་གི་སྔོན་ལ་བྱུང་བའི་རྫོགས་ལྡན་གསར་བའི་རང་དབང་གི་ས་པར་ཕྱིར་ལྡོག་རེ་ཡོད་པར་གྱུར། ས་སྒང་རིལ་མོའི་མི་འཇིག་

གཡང་དྲུང་གི་ཞི་གནས་ལ་བློ་ཡི་འཇུག་པ་ཡངས་པར་གྱུར། དད་པའི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་། འཇིགས་སྐྲག་མི་མྱང་བའི་ རང་དབང་། འབྱོར་བ་བསྒྲུབ་པའི་རང་དབང་སྟེ་རང་དབང་ཆེན་པོ་བཞིའི་འབབ་སྟེགས་ཀྱི་སྟེང་དུ་ས་སྒང་རིལ་མོའི་རྒྱུན་ལུགས་ཚུགས་ཐུབ་ པར་གྱུར། རང་དབང་གི་རྒྱལ་ཁབ20ཞེས་པ་མིང་ཙམ་མ་ཡིན་པར་འགྲོ་བའི་མིག་གི་དགའ་སྟོན་ལ་གཟུགས་ཅན་དུ་ཤར་བར་གྱུར། མི་ཕན་

ཚུན་བར་དང་རྒྱལ་ཁབ་ཕན་ཚུན་བར་གྱི་རྩོད་གཞི་མཐའ་དག་གཏུམ་རྔམ་དྲག་ཤུལ་ལ་མི་བརྟེན་པར་མནའ་གན་གྲོས་མོལ་གྱི་ལམ་ནས་

ཐག་གཅོད་པའི་སྲོལ་ཕྱེས་པར་གྱུར། འཛམ་གླིང་ཆབ་སྲིད་འཁྲུག་རྩོད་ཀྱི་འདུ་འགོད་ཡོ་ལང་རྣམས་ཡུན་དང་ཁད་ཀྱིས་ཞི་ཞིང་འཇགས་པར་

གྱུར། སྐྱེས་བུ་རེ་རེས་ལོ་རྒྱུས་ཀྱིས་བསྩལ་བའི་ལུགས་མཐུན་གྱི་ཐོབ་ཐང་ཐམས་ཅད་བདག་གིར་བྱེད་ཐུབ་པར་གྱུར། སྐྱེས་བུའི་རང་དབང་ གི་ལོངས་སྤྱོད་བསྲུང་བའི་མགོན་དུ་བཙུགས་པའི་རྒྱལ་ཁབ་གང་དེས་རང་གི་བཅས་མཚམས་ལས་མི་འདའ་ཞིང་མངོན་ལྐོག་བྲལ་བའི་སྒོ་

ནས་མི་རང་ལྡོག་གི་གཞལ་མེད་གཡོ་སྒུལ་མི་རུང་བའི་ཐོབ་ཐང་བསྲུང་ལ་མཚན་གྱི་མེལ་ཚེ་བྱེད་ཐུབ་པར་གྱུར། དེ་ལ་བརྟེན་ནས་སྤྱི་མང་གི་ སེམས་ཁམས་འཇིགས་པ་མེད་པའི་ཆབ་སྲིད་རང་དབང་གི་སྤྱི་སྟེགས་ལ་འབབ་ཐུབ་པར་གྱུར་ཏོ། །

རང་དབང་གི་ལྟ་གྲུབ་ཇི་ལྟར་ནམ་མཁའ་བཞིན་དུ་འབྱམས་ཀླས་ཤིང་རྒྱ་མཚོ་བཞིན་དུ་གཏིང་ཟབ་པས། དེ་དག་རེ་རེ་ཇི་བཞིན་བརྗོད་

པར་འདིའི་ཕྱོགས་ལ་གོམས་བློ་སྔོན་དུ་མ་སོང་བ་བདག་ལྟ་བུས་རྔོ་ཅི་ཡང་མི་ཐོགས་ནའང་། འུ་ཅག་ལ་མཚོན་ན་རང་དབང་གི་བསྟན་པ་

འདི་ཉིད་ཆབ་སྲིད་མཚན་ཉིད་རིག་པ་དང་མི་ཆོས་མཚན་ཉིད་རིག་པའི་བསླབ་པ་ཀུན་གྱི་གཞི་འཛིན་དུ་མཐོང་བས། འདིའི་ཕྱོགས་ཀྱི་གོ་ བསྐྱེད་མཚམས་སྦྱོར་ཚིག་གི་ཕྲེང་རྡོག་འགའ་འདི་ནས་ཀུན་ཀྱི་སྙན་ལམ་ལ་དཔྱད་འཇོག་སོར་རྟུལ་ལས་སུ་མི་རུང་བ་འདིས་མི་སྤེལ་བའི་ ཐབས་མེད་པར་གྱུར་བས། དཀའ་བ་ཐོད་ལ་བླངས་ནས་གཞུང་དེའི་རབ་འབྱམས་སྤང་གི་རྩི་བཅུད་སྙིང་པོ་ལས་ལྟ་གནད་མར་གྱི་རིལ་བུ་རོ་ བརྒྱ་དབྱུང་ལ་འབད་དེ་བློ་ལྡན་དགྱེས་པའི་དཀར་རྒྱན་གྱི་བྱེ་བྲག་ཏུ་ཕུལ་བ་ཡིན་ནོ། །

20.ཁྲིམས་འཛིན་འདྲ་མཉམ་དང་རྒྱལ་སྤྱིའི་མཉམ་འབྲེལ་སོགས་འགྲོ་བ་མིའི་རང་དབང་ཡོངས་ཁྱབ་མཉམ་དུ་སྤེལ་བའི་ཐབས་འབའ་ཞིག་ཏུ་བལྟ་ཞིང་། འཛམ་གླིང་ཆབ་སྲིད་ཀྱིས་ཕན་ ཚུན་ལ་བསྟུན་རྒྱུ་དེ་རང་དབང་དང་འཕེལ་རྒྱས་མི་འབོར་བའི་ཉེར་བསྡོགས་སུ་འཁྱེར་བའི་རྒྱལ་ཁབ་དག་གོ །

སྤྱིའི་དེབ་གྲངས་ཉེར་གསུམ་པ།

18


བདེན་པའི་བློ་མིག

བློ་འབྱེད་གླེང་བ།

རྩོམ་པ་པོ/ཟུར་གསུམ་མ།

གཅིག

བློ་འབྱེད་གླེང་དུས། སྤྱིར་བཏང་དེ་ལ་བློ་འབྱེད་མཁན་དང་བློ་འབྱེད་ཡུལ་གཉིས་ཡོད། འདི་གཉིས་པོའང་ཕན་ཚུན་འགྱུར་བཅས་སུ་

གནས་པ་ཡིན་གྱི། འགྱུར་མེད་ཅིག་ཡིན་མི་སྲིད་སྙམ། ད་དུང་གལ་ཆེ་བ་ནི། རང་བློ་རང་འབྱེད་ཀྱང་ཡོད།

བློ་འབྱེད་ཀྱི་དམིགས་ཡུལ་ནི། བློ་འབྱེད་ཡུལ་གང་དེ་ལ། གནས་ལུགས་ཤིག་དང་ཤེ ས་བྱ་ཞིག་བུམ་པ་གང་བྱོའི་ཚུལ་གྱིས་ལྡུག་པ་

ཁོ་ན་མ་ཡིན་པར། གནས་ལུགས་ཀྱི་བྲན་དུ་བསྒྱུར་པ་མ་ཡིན་པར། གཞུང་བརྒྱའི་སྒྲོམ་དུ་འཇུག་པ་མ་ཡིན་པར། རང་ངོས་ཟིན་དུ་འཇུག་ པའོ།། ཤེས་རབ་འཕེལ་དུ་འཇུག་པའོ།། དཔྱོད་པའི་བློ་མིག་རྒྱས་སུ་འཇུག་པའོ།། འདི་ནི་མི་བུ་བྱེ་བྲག་པར་བཤད་པ་ཡིན། མི་རིགས་

ཤིག་ལ་མཚོན་ནའང་། གནས་ལུགས་ནི་དེ་བཞིན་ཉིད་དེ། ད་ཡོད་ཀྱི་གནས་སྟངས་འདི་འགྲིག་གི་མེད་པ་ལ་ངེས་ཤེས་གཏིང་ནས་རྙེད་པ་ དང་། ངེས་ཤེས་རྙེད་ནས་རང་སོ་སོའི་རྣམ་དཔྱོད་དགོལ་འདོད་ཀྱི་བློ་དང་སྤོབས་པ་རྒྱས་པ་དང་རྒྱས་ནས་ཀྱང་ཁ་རོག་གེར་མི་འདུག་པའོ།།

བོད་ནང་ལ་མཚོན་ན། རིག་གནས་བློ་འབྱེད་ཀྱི་མགོ་བཟུང་ཟིན་ནའང་། ཆབ་སྲིད་བློ་འབྱེད་ཀྱི་ལས་ནི། ད་ལྟ་ད་དུང་ཤི ན་ཏུ་ཞན་

པར་སྣང་ལ། ཕལ་ཆེར་མི་འདུག་པའི་ཚོད་རེད། མ་མཐའ་ཡང་བོད་ཡིག་འབྲི་བའི་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་དེ་འདྲ་ཞིག་རེད་སྙམ། གང་ ལྟར་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ནི་སྔ་ཤོས ་ཤིག་ཏུ་བགྲངས་ཆོག་པར་སེམས། གསལ་བཤད་བྱེད་རྒྱུ་ཞིག་ལ། ངས་འདིར་

རིག་གནས་བློ་འབྱེད་དང་ཆབ་སྲིད་བློ་འབྱེད་ཅེས་བློ་འབྱེད་རིགས་གཉིས་སུ་དབྱེ་ཡོད་མོད། ཀུན་སློང་ནི། བློ་འབྱེད་འདི་གཉིས་པོ་ལས་ཀ་ མི་འདྲ་བ་གཉིས་ཡིན་ཚུལ་བསྟན་པ་ཁོ་ན་ཙམ་དང་། ཆབ་སྲིད་བློ་འབྱེད་གལ་ཆེ་བ་དམིགས་ཀྱིས་བསྟན་པ་ཁོ་ན་ཡིན།

ཕྱི་རྒྱལ་གྱི་ལོ་རྒྱུས་ལ་བལྟས་ན།(གཙོ་བོ་འགྲེལ་དག་ལ་བལྟས་པ་ཡིན་གྱི། འགྱུར་མའི་བརྩམས་ཆོས་ངོ་མ་བཀླགས་པའང་ཉུང་

ཉུང་ཡིན།)བློ་འབྱེད་དུས་རབས་སྐབས་སུ་གྲགས་པའི་བློ་འབྱེད་མཁན་པོ་རྣམ་པའང་། རིག་རྩལ་བསྐྱར་དར་སྐབས་ཀྱི་མཁས་པ་རྣམས་

དང་བསྡུར་ན། སྤྱིའི་ཆ་ནས་ཁྱད་ཆོས་ཤིག་མངོན་པ་ནི། ཆབ་སྲིད་བློ་འབྱེད་རེད། འདི་ཁྱད་ཆོས་གཙོ་བོ་ཞིག་རེད་ཅེས་ཁ་ཚོན་གཅོད་པའི་

གདེངས་མེད་ཀྱང་། ཁྱད་ཆོས་ཤིག་རེད་ཅེས་པ་ཙམ་བཤད་སྤོབས། ཆབ་སྲིད་བློ་འབྱེད་དེ་དཔེར་ན་སྲིད་གཞུང་ཅི་ལྟར་བྱུང་བ་དང་། ཆབ་

སྲིད་ལམ་ལུགས་གང་འདྲ་ཞིག་ནི་ལག་ལེན་བྱེད་འོས་པ་སོགས་ལྟ་བུ། ཁོང་རྣམ་པས། ཆབ་སྲིད་བློ་འབྱེད་དེའང་། མིའི་རང་བཞིན་གྱི་སྟེང་ ནས་གླེང་འདུག་ཚོད་རེད། དེ་བས། ང་ལ་ལྟ་ཚུལ་ཞིག་བྱུང་བ་ནི། མིའི་རང་བཞིན་གྱི་སྟེང་ནས་ཆབ་སྲིད་བློ་འབྱེད་བྱེད་པ་འདི་ལ། དང་ མའི་རིག་རྩལ་བསྐྱར་དར་སྐབས་ཀྱི་བསམ་བློའི་ཤུགས་རྐྱེན་ཞིག་ཡོད་དམ་སྙམ། འདི་ནི་འཕྲོས་དོན་ཕྲན་བུ་ཞིག་ཡིན། གལ་ཏེ་ཡོད་ན། ཧ་ཅང་གསལ་ཏེ། བློ་འབྱེད་རིགས་གཉིས་པོ་འབྲེལ་བ་ཡོད་པ་ཞིག་ཡིན་ཚུལ་བསྟན་པ་མ་ཟད། དེ་གཉིས་ཀྱི་ལས་ཀ་མི་འདྲ་བའང་བསྙོན་

མེད་དུ་མཐོང་ཐུབ། འོན་ཀྱང་། འདི་ནི་ངའི་རིག་འདེད་ཁོ་ན་ཡིན་གྱི། ཚུགས་ཐུབ་ཀྱི་ཁུངས་ནི་མེད་པས། མོས་པ་ཅན་གྱིས་དཔྱད་བྱའི་ གནས་སོ།།

ངེས་འོས་རྒྱུ་ཞིག་ཏུ་འདོད་པ་ནི། རིག་གནས་བློ་འབྱེད་དང་ཆབ་སྲིད་བློ་འབྱེད་གང་ཡིན་རུང་། སོ་སོ་ལ་སོ་སོའི་རིན་ཐང་དང་ཡོན་

ཏན་ཡོད་པར་ངེས། དེ་བས། རིག་གནས་བློ་འབྱེད་ཀྱི་རིན་ཐང་དམིགས་ཀྱིས་བཟུང་ནས། ཆབ་སྲིད་བློ་འབྱེད་ཀྱི་རིན་ཐང་དགག་དགོས་ དོན་མེད་ལ། ལྡོག་ནའང་དེ་བཞིན་ནོ།། འོན་ཀྱང་ངའི་འདོད་ཚུལ་ནི། ད་ལྟའི་སྐབས་འདིར། ཆབ་སྲིད་བློ་འབྱེད་ཀྱི་ལས་འདི་གཙོ་བོར་

འཛིན་འོས་སྙམ་ལ། མ་མཐའ་ཡང་གཙོ་བོ་ཞིག་ཏུ་འཛིན་འོས། ཕྱིས་སུ་བོད་ཀྱི་ཡོན་ཏན་པའི་སྡེ་ཡི་གཙོ་རྒྱུགས་སུ་གྱུར་པའི་བསམ་བློའམ་ བློ་འབྱེད་ཅིག་ཀྱང་ཡིན་པའི་གདེངས་ཚོད་ཡོད།

19

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

ཡང་བློ་འབྱེད་ཅིག་གླེང་སྟེ། མཚན་ཉིད་རིག་པ་མཁན་དུ་གྲགས་པའི་ཁན་ཐིའི་བློ་འབྱེད་ཀྱི་དགོངས་པ་ལ་བལྟས་ན། བློ་འབྱེད་ཅིག་

ཡོང་ཐུབ་སྙམ་པ་བྱུང་སྟེ། ཁན་ཐིས་འདི་འདྲ་ཞིག་གསུངས་འདུག བློ་འབྱེད་ལས་འགུལ་ནི། མིའི་རིགས་མ་སྨིན་པའི་གནས་སྟངས་ལས་ ཐར་བ་དེའོ།། འདི་བཀྲལ་ན། མ་སྨིན་པའི་གནས་སྟངས་དེ་ཅི་ཞིག་ཡིན་ནམ་བྱས་ན། ཡང་ཁན་ཐིས། མ་སྨིན་པའི་གནས་སྟངས་ནི།

གཞན་གྱིས་མ་བསྟན་ན། རང་གི་དཔྱོད་ཤེས་བཀོལ་བ་ལ་ནུས་པ་མེད་པའོ།། ཡང་ཁན་ཐིས། ངེས་པར་དུ་དཔྱོད་ཤེས་མངོན་ལ་བཀོལ་

བའི་རང་དབང་ཡོད་དགོས་ཤིང་། དེར་མ་ཟད། རང་དབང་འདི་ཡོད་ན་ད་གཟོད་མིའི་རིགས་ཀྱི་བློ་འབྱེད་ཡོང་ཐུབ་ཅེས་སོ།། གོང་དག་

མདོར་བསྡུས་ན། མི་རྣམས་ཀྱིས་དཔྱོད་ཤེས་རང་དབང་ངང་མངོན་ལ་བཀོལ་ན། ད་གཟོད་མ་སྨིན་པའི་གནས་སྟངས་ལས་ཐར་ཐུབ། མ་ སྨིན་པའི་གནས་སྟངས་ནི། མི་རྣམས་ཀྱི་སོ་སོའི་དཔྱོད་ཤེས་རང་དབང་ངང་མངོན་ལ་བཀོལ་བའི་ནུས་པ་བག་ལ་ཞ་བའི་གནས་སྟངས་ཤིག་ ཏུ་སྣང་།

ཁན་ཐིའི་གསུངས་སུ། གལ་ཆེ་བའི་ཐ་སྙད་འགའ་འདུག་པ་ནི། དཔྱོད་ཤེས་དང་རང་དབང་དང་མངོན་ལ་བཅས་སོ།། དཔྱོད་ཤེས་

ནི་སླ་སྟེ། དཔྱོད་པའི་ཤེས་རབ་བམ་དཔྱོད་པའི་བློ་མིག རང་དབང་ཡང་མི་ཉོག་སྟེ། སླ་བར་བྱས་ན་གཞན་དབང་མ་ཡིན་པའམ་གཞན་གྱི་

ཚོད་འཛིན་ནམ་བཀག་འགོག་མེད་པ་ཞིག གཞན་ལ་ལྟོས་མི་དགོས་པའི་གནས་སྟངས་ཤིག དེས་ན། མངོན་ལ་ཡིས་ཅི་ཞིག་སྟོན་གྱི་

ཡོད་དམ་བྱས་ན། འདི་ནི་ཆོས་ལུགས་སྒེར་གཅོད་ལ་ཁ་གཏད་ཆོག་པ་ཞིག་རེད་ལ་ཆབ་སྲིད་སྒེར་གཅོད་ལའང་ཁ་གཏད་ཆོག་པ་ཞིག་ཏུའང་ སྣང་སྟེ། ཆོས་ལུགས་སྲིད་ལ་འདྲེས་ཤིང་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱས་ནས། ཆོས་ལུགས་ཀྱི་བདེན་པ་དང་དར་བ་དང་གནས་

པ་ལ་ཆབ་སྲིད་ཀྱིས་དཔུང་བྱེད་ཅིང་། ཆབ་སྲིད་ཀྱི་བརྟན་པ་དང་གནས་པ་དང་ཡང་དག་པ་ལ་ཆོས་ལུགས་ཀྱིས་ཁུངས་བསྒྲིགས་པའི་སྐབས་

སུ། ཆོས་ལུགས་དད་པ་དང་ཆབ་སྲིད་སྒེར་གཅོད་ཀྱི་སྟོབས་ཀྱིས།མི་རྣམས་ཀྱི་ལེགས་པ་དང་ཉེས་པ་དང་ཡག་པ་དང་བཙོག་པ་དང་བདེན་ པ་དང་འཁྲུལ་བ་སོགས་ལ་སྒེར་གཅོད་བྱས་པས། མི་རྣམས་ལ་སོ་སོའི་དཔྱོད་ཤེས་བཀོལ་བའི་རང་དབང་མེད་ཅིང་བློ་སྤོབས་བག་ལ་ཞ།

མི་རྣམས་ཆོས་ལུགས་ལྟ་གྲུབ་ཀྱི་སྒེར་གཅོད་ལས་ཐར་དགོས་ན། དཔྱོད་ཤེས་བཀོལ་བའི་རང་དབང་དགོས་ཁར། ངེས་པར་དུ་ལྐོག་

ཏུ་མ་ཡིན་པར་མངོན་ལ་དགོལ་དགོས་པ་རེད། དཔེ་དེ་བཞིན། ཆབ་སྲིད་སྒེར་གཅོད་ལ་རྒོལ་བར། དཔྱོད་ཤེས་མངོན་ལ་དགོལ་དགོས། དེ་བས། མི་རྣམས་ཀྱིས་རང་རང་གི་དཔྱོད་ཤེས་མངོན་ལ་བཀོལ་བ་ཡིན་ན། མིའི་རིགས་མ་སྨིན་པའི་གནས་སྟངས་ལས་ཐར་ཐུབ་པའོ།།

ཁན་ཐིའི་བློ་འབྱེད་ཀྱི་དགོངས་པའི་ནང་དུ། ད་དུང་གླེང་བར་སྤྲོ་བ་ཞིག་འདུག་པ་ནི། ཁན་ཐིའི་བློ་འབྱེད་དེ། བྱེ་བྲག་གི་ཤེས་བྱ་ཞིག་

བུམ་པ་གང་བྱོའི་ཚུལ་གྱིས་ལྡུག་པ་ལ་གཟུར་འདུག་པ་དེ་རེད་སྙམ། སྤྱིར་བཏང་། བྱེ་བྲག་གི་ཤེས་བྱ་ངོ་སྤྲོད་པའང་བློ་འབྱེད་ཅིག་ཡིན་པ་ མ་ཟད། བློ་འབྱེད་གལ་ཆེན་ཞིག་ཡིན་ནའང་། ཤེས་བྱ་ངོ་སྤྲོད་པའི་བློ་འབྱེད་ལས་བསམ་བློའི་སྒེར་གཅོད་འབྱུང་ཉེན་ཆེ། རྨོངས་པའམ་མ་

རིག་པ་སེལ་བའི་ཕྱིར་དུ་ཤེས་བྱ་ངོ་སྤྲོད་པའི་ལས་ལས། མ་བསམ་ས་ནས་སླར་ཡང་རྨོངས་པའམ་མ་རིག་པ་གཞན་ཞིག་ཏུ་འཚུད་ཉེན་ཆེ། བློ་འབྱེད་ནི་ང་རང་ཚོའི་གཡོལ་མེད་བགྱི་བ་ཞིག་ཡིན་པ་བསྙོན་དུ་མེད་ཀྱང་། ཤེས་ཡོན་པའི་མིང་ཞིག་ཐོགས་ནས་ཡོད་པའི་ང་རང་ཚོའི་རིན་

ཐང་ཡང་ཡིན་མོད། ང་རང་ཚོས་བློ་འབྱེད་ནི་རང་གི་འགན་འཁུར་ཞིག་ཏུ་བཟུང་ཉིན། རང་ཉིད་ནི་བློ་འབྱེད་མཁན་ཞིག་ཏུ་བཟུང་ཡོད་དམ་

སྙམ། དེ་དུས། བློ་འབྱེད་ཡུལ་ནི་ཀློག་པ་པོ་སོགས་ཡིན་རྒྱུ་རེད། རང་ཉིད་བློ་འབྱེད་པ་པོ་ཞིག་ཏུ་བལྟས་ན། རང་གི་ལྟ་ཚུལ་ནི་ཡང་དག་ པ་ཞིག་ཏུ་ཡིན་སྙམ་རྒྱུ་རེད། འདི་ནས་སྒེར་གཅོད་འབྱུང་ཤ ས་ཆེ་སྙམ། བདེན་པའི་སྒེར་གཅོད་འབྱུང་ཤ ས་ཆེ།

མདོར་ན། ངས་རང་གི་དཔྱོད་ཤེས་མངོན་ལ་བཀོལ།ཁྱོད་ཀྱིས་ཀྱང་ཁོས་ཀྱང་མངོན་ལ་བཀོལ་ནས་ཡོང་ན། དེ་ནི་བློ་འབྱེད་དོ།། དེ་

ནས་དཔྱོད་ཤེས་མངོན་ལ་བཀོལ་བའི་ཁོར་ཡུག་ཀྱང་ཡངས་སུ་འགྲོའོ།། དཔྱོད་ཤེས་མངོན་ལ་བཀོལ་བ་ནི། བདེན་པའི་ཨུ་ཚུགས་སྐྱོང་ སྟངས་ཡིད་དུ་འོང་བ་ཞིག་དང་། རང་དབང་བརྩོན་པས་ལེན་པའི་བགྱི་བ་མེད་ཐབས་མེད་པ་ཞིག་ཀྱང་རེད་འདོད། སྤྱིའི་དེབ་གྲངས་ཉེར་གསུམ་པ།

20


བདེན་པའི་བློ་མིག

མཇུག་ཏུ། སྐྱེས་ཆེན་ཁན་ཐིས་གདམས་པ། རང་གི་དཔྱོད་ཤེས་བཀོལ་བའི་བློ་སྤོབས་ཡོད་དགོས།

གྱི་ཁ་འབོད་ཡིན་ནོ།།

འདི་ནི་བློ་འབྱེད་ལས་འགུལ་

གཉིས།

སྲིད་གཞུང་ལ་ཁ་དྲོ་ཟེར་དགོས་ནི་མ་རེད་།

ད་ལྟ་མི་ཚང་མ་ལ་འདི་འདྲའི་ལྟ་ཚུལ་ཞིག་ཡོད་པ་སྟེ། སྲིད་གཞུང་ནི་དྲིན་ཆེན་ཡིན་སྙམ་གྱི་ཡོད་པ་དེ་རེད། དེའི་རྒྱུ་མཚན་ནི། སྲིད་

གཞུང་གིས་མི་སེར་ལ་ལམ་ལས་པ་དང་གློག་འཐེན་པ་དང་ཆུ་འདྲེན་པ་སོགས་ཕན་པའི་བྱ་བ་མང་པོ་བསྒྲུབས་པས་སོ།། བདེན་བདེན་འདྲ་

ཡང་དོན་དངོས་སུ་དེ་འདྲ་ཞིག་ཡིན་ནམ། དེ་ལ་ཐོག་མར་སྲིད་གཞུང་ནི་ཅི་ཞིག་ཡིན་པ་ནས་གླེང་དགོས་འདུག ལམ་ལུགས་མི་འདྲ་བའི་ རྒྱལ་ཁབ་གང་ཡིན་རུང་། རྒྱལ་ཁབ་ཀྱི་དབང་ཤེ ད་ཐམས་ཅད་མི་དམངས་ལ་དབང་བ་དང་། མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་

དགོས་པའི་ཆ་ནས་གཅིག་མཚུངས་ཡིན་ངེས། དེ་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་མི་དམངས་འཐུས་མིའི་ཚོགས་ཆེན་ཡིན་ནའང་ཆོག་ ལ། མ་རྩ་རིང་ལུགས་ཀྱི་ཨ་རིའི་ངོ་ཚབ་ལམ་ལུགས་ཡིན་ནའང་ཆོག

རྒྱལ་ཁབ་ནི་མི་དམངས་ལ་དབང་བར་བྱེད་པ་སྟེ་མི་དམངས་རྒྱལ་

ཁབ་སྐྱོང་བའི་བྱ་བ་ལ་ཞུགས་པའི་ཆེད་དུ་རེད། མི་དམངས་རྒྱལ་ཁབ་སྐྱོང་བའི་བྱ་བ་ལ་ཞུགས་སུ་འཇུག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། རྒྱུ་མཚན་ནི་གཅིག་སྟེ། མཐར་གཏུགས་ན་རྒྱལ་ཁབ་ནི་མི་དམངས་མང་ཚོགས་ཀྱི་རྒྱལ་ཁབ་ཡིན་པ་ལས་མི་ཁ་ཤས་སམ་ཚོགས་པ་ཞིག་

གམ་ཏང་ཁག་གཅིག་གི་མིན་པས་སོ།། མཐོ་ས་ནས་རྒྱལ་ཁབ་ཀྱི་དབང་ཤེ ད་ཡོད་དོ་ཅོག་མི་དམངས་མང་ཚོགས་ལ་དབང་ཟེར་བའི་གནས་

ལུགས་དེ་སྲིད་གཞུང་ལ་སྦྱར་ན། སྲིད་གཞུང་གི་དབང་ཤེ ད་ཡོད་དོ་ཅོག་མི་དམངས་མང་ཚོགས་ལ་དབང་ཟེར་བ་དང་གཅིག་རེད། སྲིད་ གཞུང་ནི་མི་དམངས་ཀྱི་སྲིད་གཞུང་ཡིན་པ་ལས་མི་ཆེན་དཔོན་ཆེན་ནམ་ཏང་ཁག་གཅིག་གི་མིན་པས། མི་དམངས་སྲིད་གཞུང་གི་བྱ་བའི་ ནང་དུ་ཞུགས་སུ་འཇུག་དགོས་པ་རེད།

འདི་ལྟར་བཤད་ན་ནི་དཀའ་རྙོག་མེད་མོད། ལ་ལས་འདི་ལྟར་སྙམ་ཞིང་གླེང་ཡང་གླེང་གིན་འདུག་པ་ནི། ད་ལྟ་སྲིད་གཞུང་གིས་ང་

ཚོར་གློག་མེད་པ་ལ་གློག་ནི་འཐེན། ཆུ་མེད་པ་ལ་ཆུ་ནི་དྲངས། ལམ་མེད་པ་ལ་ལམ་ནི་ལས་པས་སྲིད་གཞུང་དྲིན་མི་ཆེ་ན་སུ་ཞིག་ཆེ་ཞེས་ སོ།། འདི་ནི་བདེན་པ་འདྲ་བ་ཞིག་ཡིན་ནའང་རྩ་བར་དེད་ན་ནོར་འཁྲུལ་ཞིག་ཡིན་པ་རེད། ནོར་འཁྲུལ་ཡིན་དོན་གང་ཞེ་ན། དྲི་བ་ཞིག་ནི། སྲིད་གཞུང་གིས་ང་ཚོ་ལ་ལམ་ལས་གློག་འཐེན་ཆུ་དྲངས་པའི་སྒོར་མོ་དེ་གང་ནས་ཡོང་ངམ། སྲིད་གཞུང་གིས་ས་ཆ་འདི་ལ་ལམ་ཞིག་ལས་

དགོས་ཞེས་ཆེད་དུ་སྒོར་མོ་དཔར་བ་ཡིན་ནམ། མ་ཡིན་ནོ།། སྲིད་གཞུང་གི་སྒོར་མོ་ཟེར་བ་དེའང་མཐར་གཏུགས་ན་ང་ཚོའི་ཡིན་པ་རེད།

དེ་རྒྱུ་མཚན་ཅི་ཡིན་ཞེས་ན། ང་ཚོས་སྲིད་གཞུང་ལ་ཁྲལ་འཇལ་གྱི་ཡོད་པ་རེད། ང་ཚོས་སྲིད་གཞུང་ལ་ཁྲལ་མ་འཇལ་ཚེ་སྲིད་གཞུང་ལ་ནི་ སྒོར་མོ་ཞིག་གང་ནའང་མེད། རྒྱལ་ཁབ་ཟེར་ནའང་ཆོག་ལ་སྲིད་གཞུང་ཟེར་ནའང་ཆོག

ང་ཚོའི་ལག་ནས་ཁྲལ་ངེས་ཅན་ཞིག་བསྡུས་པ་དེ་

སླར་ཡང་ང་ཚོའི་དོན་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་དུ་གོམས་ལོབས་ལྟར། རྒྱལ་ཁབ་ཀྱི་སྒོར་མོ་སྲིད་གཞུང་གི་སྒོར་མོ་སོགས་ ཟེར་ནའང་། དོན་དངོས་སུ་དེ་ནི་མི་སེར་གྱི་སྒོར་མོ་རང་རེད། ད་ལྟ་ཁྱོད་ཀྱིས་སྲང་ལམ་ནས་སྒོར་ཟུར་ལྔ་ཡིས་འབར་ཞུན་ཞིག་ལས་མ་ཉོས་

ནའང་དེའི་ནང་ནས་བརྒྱ་ཆ་ངེས་ཅན་ཞིག་ནི་ཁྲལ་དུ་བརྩིས་ནས་སྲིད་གཞུང་གིས་ལེན་གྱི་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་སྲིད་གཞུང་གིས་ སྒོར་མོ་མང་པོ་བཏང་ནས་ང་ཚོར་ལམ་ལས་པ་དང་གློག་འཐེན་པ་དང་ཆུ་འདྲེན་པ་སོགས་བྱས་པ་ཐམས་ཅད་ནི་ང་རང་ཚོའི་སྒོར་མོ་དེ་ང་ཚོའི་ ཐོག་ལ་ཚུར་བཏང་བ་རེད། གཏོང་ཡང་འོས་པ་རེད། ང་ཚོས་སྲིད་གཞུང་ལ་ཁྲལ་འཇལ་དགོས་དོན་ཡང་སྲིད་གཞུང་གིས་ང་ཚོ་མི་སེར་ལ་

ཞབས་འདེགས་ལེགས་པོ་ཞུ་འོས་པ་དང་དགོས་པ་དང་ཐུབ་པའི་ཆེད་དུ་རེད། ཕྱོགས་གཅིག་ནས་བཤད་ན། སྲིད་གཞུང་གི་འོས་འགན་ནི་ མི་སེར་གྱི་ཆེད་དུ་མི་སེར་གྱི་ལག་ནས་ཁྲལ་ངེས་ཅན་ཞིག་བསྡུས་ནས་མི་སེར་ལ་ཕན་པ་བསྐྲུན་རྒྱུ་དེ་རེད། དེ་ནི་སྲིད་གཞུང་གིས་ངེས་པར་ 21

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

དུ་བསྒྲུབ་འོས་པ་དང་འགྲུབ་དགོས་པའི་བྱ་བ་ཞིག་རེད། མ་གཞི་སྲིད་གཞུང་ནི་བྱ་བ་དེ་རིགས་སྒྲུབ་མཁན་ཡིན་པས་ཁོས་བསྒྲུབ་འོས་པའི་ བྱ་བ་བསྒྲུབས་པ་ལ་ང་ཚོས་ཁ་དྲོ་སྙམ་དགོས་དོན་མེད་པ་ཞིག་རེད།

ངས་རྩོམ་ཡིག་གཞན་དུ་བཤད་ཟིན་པ་ལྟར། སྲིད་གཞུང་གི་ངོ་བོ་ནི་གླ་བའི་ལས་ཁུངས་ཤིག་རེད། སྲིད་གཞུང་ནང་གི་དཔོན་པོ་དག་

ནི་མི་སེར་གྱིས་གླ་སྤྲད་དེ་གླས་པའི་གླ་བ་ཞིག་རེད། ང་ཚོས་དཔོན་པོ་འདེམས་པ་ནི་གླ་བ་བཟང་བོ་ཞིག་འདེམས་ཨེ་ཐུབ་བལྟ་བ་དང་འདྲ། དཔོན་པོ་དེ་ངོ་བོའི་ཐོག་ནས་གླ་བ་ཡིན་ཡང་སྤྱིར་བཏང་གི་གླ་བ་དང་མི་འདྲ་ས་ནི་དཔོན་པོ་ཚོ་ལ་དབང་ཤེ ད་ངེས་ཅན་ཞིག་དགོས་པ་སྟེ། སྤྱི་

ཚོགས་ཐོག་ཏུ་མི་ལ་གནོད་པ་བྱེད་མཁན་ལ་ཆད་པ་གཅོད་པའི་དབང་ཤེ ད་སོགས་དགོས་པ་རེད། དེ་ལ་སོགས་པའི་འོས་འཚམ་གྱི་དབང་ ཤེད་ཅིག་མེད་ཚེ་སྲིད་གཞུང་གིས་སྤྱི་ཚོགས་ལ་ཞབས་འདེགས་ལེགས་པོ་ཞིག་ཞུ་ཐབས་མེད།

གང་ལྟར། གོང་དུ་སོང་ཟིན་པ་ལྟར། གཅིག་ནས། སྲིད་གཞུང་གི་ལས་ཀ་ནི་མི་སེར་ལ་ཞབས་ཞུ་ལེགས་པོ་ཞུ་རྒྱུ་དེ་རེད། དེ་

བས་ལམ་ལས་པ་དང་གློག་འཐེན་པ་སོགས་ནི་སྲིད་གཞུང་གིས་མ་བསྒྲུབས་ན་མི་ཆོག་པའི་བྱ་བ་ཞིག་རེད། སྲིད་གཞུང་ནི་མི་སེར་གྱི་ཆེད་ དུ་གནས་དགོས་པ་ཞིག་རེད། གཉིས་ནས། སྲིད་གཞུང་གིས་ང་ཚོའི་ཆེད་དུ་འགྲོ་སོང་བཏང་བའི་སྒོར་མོ་ནི་ང་ཚོའི་རེད། སྲིད་གཞུང་གིས་ ང་རང་ཚོའི་སྒོར་མོ་སྤྱད་ནས་ང་ཚོ་ལ་ཞབས་འདེགས་ཞུ་གི་ཡོད་པ་རེད། དེ་གཉིས་ཀྱི་དབང་གིས། སྲིད་གཞུང་ལ་ཁ་དྲོ་སྙམ་དགོས་དོན་

མེད་པ་ཞིག་རེད། སྲིད་གཞུང་དྲིན་ཆེ་བཞིན་དུ་དྲིན་ཆེན་ཡིན་མ་སྙམ་པ་ནི་ལས་རྒྱུ་འབྲས་དང་འགལ་སོང་བ་ལྟ་བུ་ཞིག་ཡིན་རུང་དེ་ལ་སྐྱོན་ ཅི་ཡང་མེད་པ་རེད། སྐྱོན་མེད་པ་མ་ཟད་གལ་ཏེ་དྲིན་ཆེན་ཡིན་སྙམ་ན་སྡུག་གྱོང་ནི་རང་གི་མགོ་ལ་ཡོང་ཤ ས་ཆེ། སྒེར་གཅོད་པས་ནི་ནམ་

ཡང་མི་སེར་ལ་སྙིང་ཉེ་ཉེ་བྱེད་པ་མ་ཡིན་ནམ། ནམ་ཡང་མི་སེར་མི་སེར་ཟེར་བ་མ་ཡིན་ནམ། སྲིད་གཞུང་དྲིན་ཆེན་ཡིན་སྙམ་པ་དེ། མཐར་

གཏུགས་ན་དབང་འཛིན་པ་དྲིན་ཆེན་ཡིན་སྙམ་པ་རང་རེད། དབང་འཛིན་པ་དྲིན་ཆེན་ཡིན་སྙམ་དུས། གཅིག་ནས། དབང་འཛིན་པས་

ནོར་འཁྲུལ་ཁུར་ཡང་བཏང་སྙོམས་སུ་འཇོག་ཤས་ཆེ་བ་དང་། གཉིས་ནས། དབང་འཛིན་པའི་ཀུན་སྤྱོད་ལ་ཡིད་ཆེས་བྱས་ནས། མི་འདི་ཡ་ རབས་བཟང་བོ་ཞིག་ཡིན་སྙམ་པ་རེད། དེ་གཉིས་གང་ཡིན་རུང་།མི་སེར་རང་གི་མགོར་སྡུག་གྱོང་ཡོང་བའི་གཡབ་མོའོ།།

སྤྱིར་བཏང་དུ། མི་དང་མིའི་བར་ལ་མཚོན་ན། དྲིན་ཆེན་དེ་དྲིན་ཆེན་དུ་ཤེས་པ་དང་ཤེ ས་ནས་ཀྱང་དྲིན་ལན་འཇལ་འོས་པ་ནི་ཀུན་

སྤྱོད་ཀྱི་བླངས་བྱ་ཞིག་རེད། འོན་ཀྱང་། གནད་དོན་ནི། གལ་ཏེ་ངས་བྱེད་སྟངས་ག་གེ་མོ་ཞིག་གིས་ཁྱོད་ལ་གནོད་པ་བྱས་ནའང་ཁྱོད་ཀྱིས་ བཟོད་པ་བསྒམས་ནས་བཏང་སྙོམས་སུ་འཇོག་པར་གདོན་མི་ཟ་སྟེ་ང་ནི་ཁྱོད་ཀྱི་དྲིན་ཆེན་ཡིན་པས་སོ།། མིའི་བར་ལ་མཚོན་ན་འདི་འདྲ་ ནི་འབྱུང་སྲིད་པ་དང་གནད་དོན་ཡང་ཆེར་མེད་པ་ཞིག་ཀྱང་ཡིན་སྲིད། འོན་ཀྱང་། སྲིད་གཞུང་དང་མི་སེར་བར་ལ་མཚོན་ན་ནི་གནད་དོན་

ཚབས་ཆེ་བ་སྟེ། སྲིད་གཞུང་དྲིན་ཆེན་ཡིན་སྙམ་པ་ན། སྲིད་གཞུང་གི་བྱེད་སྟངས་ག་གེ་མོའམ་སྲིད་ཇུས་ཤིག་གིས་མི་སེར་གྱི་ཁེ་ཕན་ལ་

གནོད་པ་བྱས་ནའང་སྤྱིར་བཏང་དུ་ཁ་རོག་གེར་འདུག་རྒྱུ་ལས་འོས་མེད་དེ། སྲིད་གཞུང་དྲིན་ཆེན་ཡིན་ན་དེ་ཙམ་ལ་ནི་བཟོད་པ་སྒོམ་སྲིད་པ་ ཞིག་རེད། ཡིན་ནའང་། སྲིད་གཞུང་ནི་དབང་ཤེ ད་ཅན་དང་མྱི་འཛོམས་རྒྱུ་འཛོམས་ཚང་ཡིན་སྟབས་སྲིད་གཞུང་གིས་གནོད་པ་བྱས་ན་ནི་

ཚབས་ཆེ་ངེས་ཤིང་། མི་སེར་གྱིས་སྲིད་གཞུང་དྲིན་ཆེན་ཡིན་སྙམ་ནས་ཅི་ཙམ་བཟོད་པ་བསྒམས་ནས་ཁ་རོག་གེར་བསྡད་ན་སྲིད་གཞུང་ནི་

དེ་ཙམ་གྱིས་ངན་པ་ལངས་ཤོར་ལ་འཆོར་ཉེན་ཆེ། སྲིད་གཞུང་ལངས་ཤོར་དུ་ཤོར་ན་ནི་གནོད་པ་ཤིན་ཏུ་ཆེ་སྟེ། དེས་དེ་ཙམ་གྱིས་ལག་གི་ དབང་ཤེད་ལོག་སྤྱོད་ཚོད་མེད་བྱེད་ཉེན་ཆེ་བའོ།།

དེ་བས། སྲིད་གཞུང་གིས་མི་ཤུགས་རྒྱུ་ཤུགས་འབོར་ཆེན་བཏང་ནས་ང་ཚོ་ལ་ལམ་ནི་ལས་གློག་ནི་འཐེན་ཆུ་ནི་དྲངས་ནའང་དེ་ནི་ཁོ་

རང་ཚོས་བསྒྲུབ་འོས་པ་ཞིག་ཡིན་སྙམ་ནས་སྡོད་དང་དགེའོ།།

སྤྱིར་བཏང་དུ་རྒྱལ་ཁབ་དང་སྲིད་གཞུང་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་སྤྱོད་ཀྱིན་པའང་འདུག་མོད། དེ་གཉིས་ནི་སོ་སོ་རེད།

སྤྱིའི་དེབ་གྲངས་ཉེར་གསུམ་པ།

22


བདེན་པའི་བློ་མིག

མི་སོ་སོ་ལ་ཚད་དང་རན་པའི་རྒྱལ་གཅེས་ཀྱི་བསམ་པ་ནི་ཡོད་འོས་པ་ཞིག་ཡིན་ཡང་སྲིད་མོད། རྒྱལ་ཁབ་ཟེར་བ་ནི་ལས་ཁུངས་ཤིག་མ་

རེད་ལ་རྩ་འཛུགས་ཤིག་ཀྱང་མིན་པས། དོན་ངོ་མའི་ཆ་ནས་བཤད་ན། རྒྱལ་ཁབ་ཀྱིས་གནོད་བསྐྱལ་ཟེར་བ་དེ། མཐར་གཏུགས་ན་སྲིད་ གཞུང་རེད། སྲིད་གཞུང་ལ་ནི་དུས་དང་རྣམ་པ་ཀུན་དུ་དོགས་ཟོན་དགོས་པ་རེད། ལྷག་ཏུ་བཤད་འོས་པ་ཞིག་ནི། སྲིད་གཞུང་ཚང་མ་རྒྱལ་

ཁབ་ཀྱི་མིང་ཐོག་ནས་སྐད་ཆ་བཤད་པར་དགའ་ཞིང་གོམས་ནས་འདུག ཚང་མ་རྒྱལ་ཁབ་ཀྱི་ངོས་ལ་སྦྱར་ནས་རྒྱལ་ཁབ་ཀྱི་ཅིག་ཅིག་རྒྱལ་ ཁབ་ཀྱི་ཉིག་ཉིག་ཟེར་བ་རེད། དེའི་རྒྱུ་མཚན་གྱིས། མི་སེར་གྱིས་སྲིད་གཞུང་གི་ནོར་འཁྲུལ་གྱི་བྱེད་སྟངས་ལ་དགག་པ་བརྒྱབ་ན་རྒྱལ་ཁབ་

ལ་དགག་པ་བརྒྱབ་པ་འདྲ་ཞིག་ཏུ་གྱུར་ཡོད་པ་རེད། ཡིན་ནའང་། སྲིད་གཞུང་ལ་དགག་པ་བརྒྱབ་པ་དང་རྒྱལ་ཁབ་ལ་དགག་པ་བརྒྱབ་པ་ ནི་ངོ་བོ་མི་འདྲ་བའི་གནད་དོན་གཉིས་ཡིན་ཕྱིན། དེ་གཉིས་ཉོག་པར་བསྲེ་བ་འདི་རྒྱུ་མཚན་མེད་པ་ཞིག་རེད། ཞེས་སོ།།

ཡང་དེ་རིང་ཁ་སང་ཞིག་ལ། ང་ཚོའི་རྫོང་མཁར་ནས་འདི་འདྲ་ཞིག་མཐོང་ཞིང་ཐོས་ཀྱི་འདུག་སྟེ། རྒྱལ་ཁབ་ཀྱི་དྲིན་ཤེས་གཟོ་བ་

ཞེས་སོ།།

གལ་ཏེ་གོང་བཀོད་འདི། དམངས་གཙོ་སྨིན་ནས་ཡོད་པའི་ས་ཆའི་མི་ཞིག་གིས་མཐོང་ན། སེམས་ལ་ཅི་ཞིག་འཆར་རམ། ངས་གོང་

དུ་བསྟན་ཟིན་པ་ལྟར། རྒྱལ་ཁབ་ཟེར་བའི་རྡོག་རྡོག་ཅིག་མེད། རྒྱལ་ཁབ་ཀྱི་སྲིད་ཇུས་ཟེར་བ་དེ་ཡང་། དབུས་གཞུང་གིས་གཏན་ལ་ཕབ་ པའི་སྲིད་ཇུས་རེད། རྒྱལ་ཁབ་ཀྱི་ཁེ་ཕན་ཟེར་བའང་མཐར་གཏུགས་ན་མི་དམངས་ཀྱི་ཁེ་ཕན་རེད། དེ་བས། གོང་བཀོད་ནི། དོན་དངོས་ སུ་སྲིད་གཞུང་གི་དྲིན་ཤེས་ཤིང་དྲིན་གཟོ་བ་ཡི་ནང་དོན་ཞིག་ལས་མ་འདས།

སྲིད་གཞུང་དྲིན་ཆེན་ཡིན་ནམ། སྲིད་གཞུང་དྲིན་ཆེན་ཡིན་སྙམ་པ་ལ་གནས་ལུགས་ཀྱི་ཁུངས་དང་བྲལ་བའི་ཚུལ་གོང་དུ་སོང་ཟིན།

གླེང་རིན་ཡོད་པ་ཞིག་ནི། སྲིད་གཞུང་གི་དྲིན་དེ་ཅི་ལྟར་གཟོ་དགོས་པ་ཡིན་ནམ། དབང་འཛིན་པའི་གཞུང་ལས་ཁང་ལ་གཙང་སྦྲ་བྱེད་དགོས་

པ་ཡིན་ནམ། སྲིད་གཞུང་གི་ར་སྐོར་ནང་ཕྱགས་དགོས་པ་ཡིན་ནམ། འདང་ཞིག་བརྒྱབས་ན། གོང་བཀོད་ནི་ཉིས་སྟོང་བརྒྱད་ལོ་ནས་བྱུང་ བ་རེད། དེས་ན། མི་སེར་ལ་ཁ་རོག་གེར་སྡོད་ཟེར་བ་ཡིན་ནམ། ངས་ཁྱོད་ལ་ལམ་ལས་ཡོད། ཆུ་དྲངས་ཡོད། གློག་འཐེན་ཡོད། ཕྱེ་ འབྲས་ཀྱང་སྦྱིན་ཡོད། ད་ནི་ཁྱོད་ཁ་རོག་གེར་བསྡད་ན་ལེགས་སོ་ཟེར་བ་ཡིན་ནམ། ཁྱོད་ཁ་རོག་གེར་མ་བསྡད་ན་རྒྱུ་འབྲས་མི་འདུག་ཟེར་

བ་ཡིན་ནམ། དྲིན་ཆེན་ལ་དྲིན་ལོག་རེད་ཟེར་བ་ཡིན་ནམ། རང་དབང་དང་དབང་ཆ་སོགས་བཤད་ནས་འུར་རྒྱག་གི་མ་འདུག་ཟེར་བ་ཡིན་ ནམ། ཀླད་པ་དཀྲུག་དཀྲུག་བྱེད་རྒྱུ་མཚམས་ཞོག་ཟེར་བ་ཡིན་ནམ།

རྩ་ཁྲིམས་ཀྱིས་ནི་མི་སེར་རྣམས་ཁ་རོག་གེར་འདུག་དགོས་མི་ཟེར། རྩ་ཁྲིམས་ཀྱིས་ནི་མི་སེར་ལ་སྲིད་གཞུང་དྲིན་ཆེན་ཡིན་བསམ་

དགོས་མི་ཟེར། ཆབ་སྲིད་ཁྲིམས་ཀྱིས་མ་ཐུལ་དུས། ཆབ་སྲིད་ཀྱི་ངན་དགུའང་ལྷང་ལ་བུད་ཡོང་།

དབང་འཛིན་པ་ནི་དྲན་འཕྲུལ་རྒོད་པོ་རང་རེད་དེ། མི་སེར་གྱིས་སྨྲ་ལྕེ་འགུལ་ཙམ་བྱས་པའང་། སྤྱི་ཚོགས་འཆམ་མཐུན་གྱིས་གནོན།

བརྟན་བརླིང་གིས་གནོན། མི་རིགས་མཐུན་སྒྲིལ་གྱིས་གནོན། ཐ་ན་རྒྱལ་ཁབ་བདེ་འཇགས་ཀྱིས་ཀྱང་འཇིགས་སྐུལ་ཏོ།། གླ་བ་ཁོ་ནི་ངོ་མ་ སྐྱིད་པོ་རང་རེད་དེ། བདག་པོའི་མགོ་ཐོག་ལ་རྐང་པས་བརྫིས་ནས། ད་དུང་བདག་པོ་ལ་ཁ་རོག་གེར་སྡོད་ཅེས་རྫིག་རྫིག་བྱེད་དོ།།

སྲིད་གཞུང་གི་སྒོར་མོའི་ནང་ན་ངའི་སྒོར་མོའང་ཡོད་སྙམ་ནས་སྡོད་དང་བདེའོ།། དབང་འཛིན་པས་ང་ཚོའི་དོན་དུ་བྱ་བ་ཆེ་ཆུང་ཅི་ཞིག་

བསྒྲུབས་ནའང་བབས་ནི་ཞིག་ཡིན་སྙམ་ན་དགེའོ།། སྲིད་གཞུང་ལ་ཁ་དྲོ་ཟེར་དགོས་དོན་ཞིག་ཡེ་ནས་མེད། སྲིད་གཞུང་དྲིན་ཆེན་ཡིན་ བསམ་དགོས་དོན་ཅི་ཡང་མེད། དབང་འཛིན་པ་ནི་གླ་བ་ཞིག་ཡིན་སོམས། སྲིད་གཞུང་ནི་གླ་བའི་ལས་ཁུངས་ཤིག་ཡིན་སོམས།

23

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

2010ལོའི་བོད་ཀྱི་རྩོམ་རིག

རྩོམ་པ་པོ/བདུད་ལྷ་རྒྱལ།

བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་འཕོ་འགྱུར་གྱི་ཆ་ནས2010ལོའི་རྩོམ་རིག་ལ་ཐུན་མིན་གྱི་གྲུབ་འབྲས་དམིགས་བསལ་བ་ཞིག་བཤད་

དཀའ། དེར་མ་ཟད། རྩོམ་ལུས་བཞི་བོའི་བསམ་བློའི་ནང་དོན་ལ་ཐུན་མོང་གི་ཆ་ཡོད་པ་མཐོང་དཀའ་བས། 2010ལོའི་རྩོམ་རིག་བཤད་ པར་རྩོམ་ལུས་སོ་སོ་ནས་བཤད་དགོས་པར་འདུག འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་ཆ་ནས་བཤད་ན། 2010ལོའི་རྩོམ་རིག་ཏུ་མ་ཟད། དུས་རབས21པའི་བོད་ཀྱི་རྩོམ་རིག་ལས་བརྩམས་སྒྲུང་གི་འཕེལ་ཁ་ཅུང་མགྱོགས་ལ། སྙན་ངག་གི་འཕེལ་ཁ་ཅུང་ཟད་བུལ། ལྷུག་རྩོམ་

ནི་སྒྱུ་རྩལ་རྩོམ་རིག་གི་མཛེས་པར་དང་དོད་ཆེན་པོ་མི་བྱེད་པའི་གནས་སྐོར་རྩོམ་ཡིག་གི་ཚད་ན་ལུས། བོད་ཀྱི་ཟློས་གར་མཐོང་དུ་ཡོད་ཀྱང་ ཟློས་གར་འཁྲབ་གཞུང་ང་ཚོའི་མིག་གི་མཐོང་ཡུལ་དུ་འགྱུར་བ་དཀོན། གནས་སྟངས་ཀྱི་བཤད་པ་འདི་ནི་ཅུང་ཟད་རྩོམ་རིག་གཙང་རྐྱང་བའི་ ངོས་ནས་བལྟས་པ་ཡིན། ཁྱབ་ཆེ་བའི་རྩོམ་རིག་གི་ཆ་ནས་བཤད་ན་འདི་ལྟར་ཡིན་པའི་ངེས་པ་མེད།

བརྩམས་སྒྲུང༌།

2010ལོའི་བརྩམས་སྒྲུང་གི་འཕེལ་རྒྱས་དེ་རྩོམ་རིག་གི་ཕྱི་ངོས་ནས་བཤད་ན་གསར་བྱུང་རྩོམ་པ་པོ་མང་བོ་ཞིག་བྱུང་བ་དང༌། དེར་

མ་ཟད། ལ་ལའི་རྩོམ་གྱི་ཆུ་ཚད་དངོས་སུ་ནས་མཐོ་ས་རུ་སོན་འདུག་པ་ཞིག་རེད། མོག་ཆུང་ཕུར་ཁོ་ནི་སྔོན་ཡང་རྩོམ་རེ་གཉིས་འབྲི་མཁན་ ཞིག་ཡིན་པས་རྩོམ་པ་པོ་གསར་བ་མིན་ཡང༌། ད་ཆ་ཁོའི་གསར་རྩོམ་ལ་མཐོ་རླབས་འཕྱུར་རྒྱུའི་སྔ་བལྟས་འདུག ཁོའི་བརྩམས་སྒྲུང་གསར་

རྩོམ་གྱིས་བོད་ཀྱི་བརྩམས་སྒྲུང་ལ་སྔར་མེད་པའི་མཛེས་པ་ཞིག་བསྣན་ཡོད་དེ། ཁོའི་བརྩམས་སྒྲུང་ལ་འཆམ་མཐུན་དང་ཞི་དུལ་གྱི་མཛེས་

པ་ཉམས་དགའ་བ་ཞིག་འདུག བོད་ཀྱི་བརྩམས་སྒྲུང་གསར་བའི་དབུ་ཚུགས་ནས་ད་བར་དུ་ལོ་ངོ་སུམ་ཅུ་ལྷག་གི་ལོ་རྒྱུས་ཡོད་པས་བོད་

རྩོམ་དེ་ཡང་ད་ལྟ་སྣ་མང་ཕུན་ཚོགས་ཤིག་ཡིན་ན་འགྲིག ནམ་ཡང་སུན་འབྱིན་དང་ཐེར་འདོན་དགག་རྒྱག་ཡིན་ན་དངོས་གནས་སུན་སྣང་ སྟེར་བ་ཞིག་རེད། མོག་ཆུང་ཕུར་ཁོའི《ལམ་གྲོགས》དང《འབྲོག་ཕྲུག་དང་ལུ་གུའི་གཏམ་རྒྱུད》གཉིས་ཀྱིས་སུན་འབྱིན་བྱེད་པ་བསྐྱུར་

ཞིང༌། སྤྱི་ཚོགས་ཀྱི་གནད་དོན་ཚུར་སྣང་བྱ་བ་ཡང་བསྐྱུར་ཏེ། རྩོམ་གཉིས་ཀྱིས་མི་དང་མིའི་བར་གྱི་འཆམ་མཐུན་གྱི་འབྲེལ་བ་དང༌། མི་

སེམས་ཀྱི་དགེ་བ་མཚོན་པར་བྱས་འདུག དེ་ལས་ཀྱང་གལ་ཆེ་བ་ནི་རྩོམ་གཉིས་ཀྱི་མཚོན་སྟངས་ལ་བསམ་བློ་དམིགས་སུ་བཟུང་ནས་དེ་ཉིད་

འབུར་ཐོན་གྱིས་མཚོན་པ་ལྷུར་བླངས་པ་མེད་པར། རྩོམ་གྱི་བསམ་བློ་འཚོ་བའི་ཁྲོད་དུ་བཀྲམ་ནས་ཡོད་ཅིང༌། རྩོམ་གྱི་བསྟན་དོན་རྩོམ་ནང་ མངོན་ཆུང་གི་ཚུལ་གྱིས་གནས་པ་དེ་རེད། འདི་ནི་བོད་ཀྱི་བརྩམས་སྒྲུང་གསར་རྩོམ་དེ་ལྟ་འགྲེལ་ཞིག་ལས་ཐར་མི་ཐུབ་པའི་ཆ་ནས་བཤད་ ན་ཐོད་བརྒལ་ཞིག་རེད། རྩོམ་གྱི་མཛེས་རྟོག་གི་ཆ་ནས་བཤད་ན་མོག་ཆུང་ཕུར་ཁོའི་རྩོམ་འདི་གཉིས་བོད་ཀྱི་བརྩམས་སྒྲུང་གིས་གནད་དོན་ སུན་འབྱིན་གཙོར་བྱས་པའི་དགག་པའི་མཛེས་པ་ལྷུར་ལེན་པའི་མཛེས་རྟོག་གི་ལྟ་བ་དང་མི་མཚུངས་པར། འདིས་ཞི་བ་དང་འཆམ་མཐུན་ གྱི་མཛེས་པ་ལྷུར་ལེན་པ་ནི་མཛེས་རྟོག་གི་ཐོད་བརྒལ་ཞིག་རེད། རྩོམ་རིག་གི་སྤྱི་ཚོགས་རིག་པའི་རིན་ཐང་གི་ཆ་ནས་འདི་འདྲའི་རྩོམ་གྱི་ བསམ་བློའི་རང་བཞིན་ལ་དོན་སྙིང་ཆེན་པོ་ཡོད་པ་མི་མཐོང་ཡང༌། རྩོམ་རིག་གི་སྒྱུ་རྩལ་མཛེས་རྟོག་གི་རིན་ཐང་གི་ཆ་ནས་མོག་ཆུང་ཕུར་ ཁོའི་རྩོམ་གྱིས་བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་ལ་སྔར་མེད་ཀྱི་བཀྲག་མདངས་ཤིག་བསྣན་ཡོད་པ་སུས་ཀྱང་བསྙོན་དུ་མེད།

རྩོམ་གྱི་བསམ་བློའི་ནང་དོན་དང་བསམ་བློའི་མཛེས་པའི་ཆ་ནས་པདྨ་ཚེ་བརྟན་གྱི《རྩྭ་ཐང》ཡང་ཕལ་ཆེར་གོང་དང་མཚུངས་པར།

རྩོམ་གྱིས་མི་སེམས་ཀྱི་མཛེས་སྡུག་དང་མི་སེམས་ཀྱི་དགེ་བ་ཞིག་མངོན་པར་མཚོན་འདུག འདི་ནི་རྩོམ་པ་པོ་ཁོ་རང་གི་གསར་རྩོམ་ལོ་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

24


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

རྒྱུས་ཀྱི་ཆ་ནས་ཐོད་བརྒལ་ཞིག་རེད། ཁོའི་རྩོམ་གཤིས་དེ་སྤྱིར་ན་སྐྱ་བོ་སྐྱོ་སྣང་བློ་ཕམ་ཞིག་ཡིན་པ་ལ།《རྩྭ་ཐང》གི་སྤྱིའི་བསམ་བློའི་ཆ་

ན་འོད་སྣང་དང་ཚོན་མདངས་ལྡན། ཡིན་ན་ཡང༌། ལྷུག་བརྗོད་བྱེད་སྟངས་ཀྱི་ཐད་ན་འགལ་བ(བརྗོད་བྱ)་ཞིག་དང༌། གྲིམ་ཤ་ཞིག འཐེན་

འཁྱེར་ཞིག་ཡོད་པ་འདི་རྩོམ་གྱི་བསམ་བློའི་བསྟན་དོན་གྱི་དགེ་སེམས་དང་ཁ་འཕྲོད་པ་ཞིག་ཏུ་མི་འདུག་སྙམ། འདི་མོག་ཆུང་ཕུར་ཁོའི་ རྩོམ་གྱིས་དགེ་སེམས་མཚོན་པ་དང་རྩོམ་རང་ཞི་བ་ལྷོད་འཇགས་ཀྱིས་གྲུབ་པའི་ཕྱི་ནང་དོ་མཉམ་གྱི་ངང་ཚུལ་དང་ཅུང་ཟད་མི་འདྲ། མདོར་

ན་རྩོམ་ཉམས་དང་རྩོམ་གྱི་བསམ་བློའི་བསྟན་དོན་ཆུ་ལ་ཆུ་བཞག་ལྟ་བུའི་ནང་དོན་དང་རྣམ་པ་གཉིས་གཉིས་མེད་ཟུང་འཇུག་ཏུ་འོང་ཐུབ་ མེད་སྙམ། འདི་ནི་བརྩམས་ཆོས་རང་ཉིད་མ་གཞི་རྩོམ་རིག་འཁྲབ་གཞུང་ཞིག་ཡིན་པས་སྟབས་ཀྱིས་ཡིན་རྒྱུ་རེད་སྙམ། འཁྲབ་གཞུང་ལ་ འགལ་བ་ངེས་པར་དུ་མཁོ།

《ལོ་དེའི་དགུན་ཁ》ཡི་རྩོམ་པ་པོ་འབྲོང་ཕྲུག་ལྷ་ཆེན་རྒྱལ་ཡང་རྩོམ་པ་པོ་གསར་བའི་གྲས་སྟེ།

སྙན་ངག་པ་སྔོན་ནས་ཡིན་ཡང༌།

བརྩམས་སྒྲུང་གསར་རྩོམ་ལ་འཇུག་པ་ཐོག་མ་ཡིན་ངེས།(2005ལོར་སྒྲུང་ཐུང་ཞིག་བྲིས་ཡོད་ཀྱང་) རྩོམ་དེའི་ཆེས་མཛེས་པ་བརྩམས་སྒྲུང་ གི་སྐད་ཆ་རེད། ད་སྔ་ཡན་ཆད་དུ་ང་ཚོས་རྩོམ་རིག་གི་སྐད་ཆ་ཞེས་མང་དུ་ལབ་ལ། བརྩམས་ཆོས་མང་བོ་ཞིག་གི་སྐད་ཆ་ལ་ཁྱད་ཆོས་ཡོད་ ཅེས་མང་དུ་བཤད་མྱོང་ཡང༌། སྐད་ཆའི་ཁྱད་ཆོས་དེ་དག་ལས་མང་བོ་ཞིག་དོན་གྱིས་རྩོམ་རིག་གི་སྐད་ཆ་སྤྱིའི་ཁྱད་ཆོས་རེད། དཔེར་ན། ཡང་དག་གནད་སྨིན་མིང་གསར་ཐོན་པ་སོགས་ཀྱི་ཁྱད་ཆོས་ལྟ་བུ། དེ་བས་བོད་ཀྱི་བརྩམས་སྒྲུང་གི་སྐད་ཆ་ལ་ཐུན་མིན་རང་གཤིས་ཡོད་པ་

དང༌། སྐད་ཆའི་ཆ་ནས་རྩོམ་གཞན་དང་མི་འདྲ་བ་ཉུང་ཉུང་རེད། ངས་བསམ་ན་ང་ཚོས་དུས་རྒྱུན་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ལོ་ཞེས་སྨྲ་ བཞིན་ཡོད་ཀྱང༌། ང་ཚོའི་སེམས་ཀྱི་གཏིང་རིམ་ན་རྩོམ་རིག་གི་སྐད་ཆ་ལ་གོ་ས་ཆེན་པོ་བཞག་མེད་པར། གོ་ས་ཆེན་པོ་དེ་རྩོམ་གྱི་བསམ་

བློའི་ནང་དོན་གཅིག་པོའི་སྟེང་བཞག་ནས་འདུག་སྙམ། དེ་བས་ན་ད་ལྟའི་བར་དུ་བརྩམས་སྒྲུང་གི་སྐད་ཆ་ལ་མཛེས་པ་ཆེས་ཆེར་མངའ་བ་

འམ། ཡང་ན་ཐུན་མིན་རང་གཤིས་ཡོད་པའི་བརྩམས་ཆོས་ཉུང་ཚོད་དུ་འདུག དེའི་སྒོ་ནས་བཤད་ན《ལོ་དེའི་དགུན་ཁ》ཡིས་བརྩམས་ སྒྲུང་གི་སྐད་ཆའི་ཐད་ནས་བོད་རྩོམ་ལ་ཐོད་བརྒལ་ཐོག་མ་བཟོས་སོང༌།

སྙན་ངག་པ་བརྩམས་སྒྲུང་པ་རུ་གྱུར་བའི་ཆ་ནས། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་ཉེ་བའི་ལོ་འགའི་རིང(2008ལོ་ནས་བཟུང)བརྩམས་

སྒྲུང་དུ་མ་སྤེལ་ཡོད་ཀྱང༌། ཁོ་ནི་གསར་བྱུང་རྩོམ་པ་པོའི་གྲས་སུ་བགྲང་ཆོག དེར་མ་ཟད། ཁོའི་བརྩམས་སྒྲུང་སོ་སོ་ཡོངས་ཁྱབ་པའི་སྒྲིག་ གཞིའི་ཆ་ནས་དོ་མཉམ་པ་ཞིག་དང༌། ངོས་གཙང་བ་ལྷག་མ་མེད་པ། བྱན་མོ་ཞིག་ཏུ་འདུག 2010ལོའི《རྡུལ་འཚུབ་ཁྲོད་ཀྱི་འབོད་པ》

ཡང་དེ་ལྟ་བུ་ཞིག་རེད། རྩོམ་ལ་སྤྱིར་དུས་རབས་གསར་བའི་ནང་གི་གཞོན་ནུ་འདུན་མ་ཅན་གྱི་ལང་ཚོའི་ཟིལ་ཤུགས་དང༌། དུས་རབས་

ཀྱི་དགོངས་པ(时代精神)མཚོན་པའི་བློས་བསླངས་ཡོད། གཞོན་ནུ་ཞིག་འདུན་མས་བསླངས་ནས་གྲོང་ཁྱེར་དུ་ཐོན་པ་དང། འབད་

འབུངས་བརྒྱུད་ནས་གྲུབ་འབྲས་ཐོབ་པ་དང༌། མཐར་ཉམས་དམས་སུ་གྱུར་བའི་བརྒྱུད་རིམ་གྱིས་དངོས་སུ་ནས་དུས་རབས་གསར་བའི་ནང་ གི་གཞོན་ནུའི་གཤིས་ཀ་མཚོན་ཐུབ་པ་མ་ཟད། དེ་བརྒྱུད་ནས་དུས་རབས་ཤིག་ཀྱང་མཚོན་ཐུབ་པ་གདོན་མི་ཟ། འདི་ནི་ནང་དོན་རྒྱ་ཆེན་པོ་ ཞིག་རེད། ནང་དོན་རྒྱ་ཆེན་པོ་འདི་འདྲ་སྤྱིར་སྒྲུང་ཐུང་ཞིག་གིས་མཚོན་དཀའ། མཚོན་པར་འབད་པའི་དབང་དུ་བཏང་ཡང་རྩོམ་དེ་མཐར་

རགས་པ་སྤྱི་ཞིག་ལས་འདའ་དཀའ། ཏག་ཏག་རྩོམ་འདི་བརྒྱུད་རིམ་གསལ་ལ་བློ་འགུག་པ་ཞིག་ཏུ་སྣང་ཡང༌། མཐར་དོན་རགས་པ་ཞིག་ བསྟན་པ་ཉིད་ལས་མི་སྣའི་སེམས་ཁམས་སུ་འཇུག་ཐུབ་མེད་ལ། མི་སྣའི་གཤིས་ཀ་ཡང་གསོན་ཉམས་ལྡན་པ་སྙིང་སྟོབས་ཀྱིས་བརྒྱངས་པ་ ཞིག་ཏུ་འོང་མི་འདུག་སྙམ།

སྙན་ངག་པ་ཡང་ཡིན་ལ་བརྩམས་སྒྲུང་པ་ཡང་ཡིན་པ་སྐྱབས་ཆེན་བདེ་གྲོལ་རེད། ཁོ་ནི་བོད་ཀྱི་སྙན་ངག་དང་བརྩམས་སྒྲུང་གཉིས་

ཆར་ནས་ལས་རྗེས་ཡོད་པའི་རྩོམ་པ་པོ་རེད། དེ་བཞིན་གཉིས་ཆར་ནས་ཀློག་བདེ་བོ་མིན་པའི་རྩོམ་པ་པོ་རིགས་གཞན་པ་ཞིག་རེད། ང་ 25

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

རང་ལ་མཚོན་ན་སྐྱབས་ཆེན་བདེ་གྲོལ་གྱི་བརྩམས་སྒྲུང་ཁོའི་སྙན་ངག་ལས་ཅུང་ཀློག་བདེ་བོ་ཞིག་དང༌། ཁོའི་ཚིགས་བཅད་སྙན་ངག་རང་ མོས་སྙན་ངག་ལས་ཀློག་སྤྲོ་བོ་ཞིག་རེད། ཁོའི་བརྩམས་སྒྲུང《དུས་ཆད》ནི་རྩོམ་ཆེས་ལེགས་པོ་ཞིག་ཏུ་མཐོང༌། ཁོའི་བརྩམས་སྒྲུང་ལ་ སྤྱིར་དེང་དུས་ཀྱི་འགྱུར་བའམ་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐྱོ་གདུང་གི་བསམ་པ་འཆང་བ་དང༌། དེང་གི་མི་ཡུལ་གྱི་འཚོ་སྟངས་ལ་

བློ་ཕམ་པའི་སྐྱོ་ངལ་གྱིས་ཁྱབ་འདུག ཕྱི་གླིང་རྩོམ་རིག་དང་སྦྱར་ཏེ་བཤད་ན་ཁོའི་རྩོམ་ལ་དེང་རབས་རིང་ལུགས་པའི་བསམ་བློའི་ཁྱད་ཆོས་

འདུག་སྙམ། ཁོའི《མེ་འཁྱག་པ》ཀློག་བདེ་མོ་ཞིག་མིན་ཡང༌། རྩོམ་ནང་གི་མི་སྣ་གཙོ་བོ་སྐྱོ་སྐྱོ་ཡི་རང་སྟེང་གི་དོན་དག་ལ་ཡིད་ཚིམ་པོ་

དགའ་འོས་པ་ཞིག་མེད་ལ། ཕྱི་རོལ་ཡུལ་ལམ་ཁོར་ཡུག་གིས་ཀྱང་སྐྱོ་སྐྱོ་ལ་བློ་ཕམ་གྱི་དོན་བྱ་བློ་ཡུལ་ལས་འདས་པ་དག་དག་ལས་ཡིད་ སྤྲོ་བའི་ལས་ཞིག་སྦྱིན་མེད། འདི་ལྟའི་འཚོ་གནས་ཀྱི་ཉམས་དམས་ནི་ཁོའི་བརྩམས་སྒྲུང་གི་རྒྱུན་གྱི་བསམ་བློའི་དབྱངས་རྟ་གཙོ་བོ་ཞིག་ རེད་སྙམ།

དེང་རབས་རིང་ལུགས་ཀྱི་བསམ་བློའི་ཁྱད་ཆོས་དང་ལྡན་པའི་རྩོམ་ལ2010ལོར་ད་དུང་ཀླུ་འབུམ་ཚེ་རིང་གི《ལག་འཁྱེར་ཁ་པར》

ཡོད། རྩོམ་འདིའི་མཚོན་ཐབས་སྟབས་བདེ་མོ་ཞིག་དང༌། ལྷུག་བརྗོད་ཀྱང་དྭངས་གསལ་ཞིག་ཡིན་པས།རྩོམ་འདིའི་བརྗོད་སྙིང་ངོས་འཛིན་ སླ། ཆེ་ས་ནས་བཤད་ན་འདིས་ཀྱང་དེང་གི་འཚོ་གནས་ཀྱི་གནད་དོན་ཞིག་སྟེ། བློ་བདེ་བག་ཕེབས་ཀྱི་འཚོ་སྟངས་བོར་བའི་ཚུལ་དེ་བསྟན་

ཡོད། ཡིན་ཡང་རྩོམ་ཧྲིལ་བོའི་ཉམས་ཀྱི་ཆ་ནས་དང་འབྲི་ཐབས་ཀྱི་ཆ་ནས་རྩོམ་གྱི་བསམ་བློ་དང་ཁ་འཕྲོད་ཅིང་རྗེས་མཐུན་པ་ཞིག་ཏུ་ད་དུང་ འོང་མེད་སྙམ། འདིའི་ཐད་ནས་སྐྱབས་ཆེན་བདེ་གྲོལ་ལ་དགེ་མཚན་ཡོད་པ་འདྲ།

བསམ་བློའི་ནང་དོན་གྱི་ངོ་བོའི་ཆ་ནས་བཤད་ན། གོང་གི་བརྩམས་སྒྲུང་དེ་དག་ལས་ཕལ་ཆེར་བས་སྤྱི་ཚོགས་ལ་གདོང་ཐད་ཀར་དུ་

གཏོད་པ་ལས་ཅུང་བཀྱེད་དེ། འཚོ་གནས་ཀྱི་གནད་དོན་ཞིག་ལ་གདོང་གཏད་ནས་ཡོད། དེ་བས་དེ་དག་གི་རྩོམ་རིག་གི་རིན་ཐང་ཀྱང་སྤྱི་

ཚོགས་རིག་པའི་སྟེང་ན་མེད་པར། རིག་གནས་རིག་པའམ་ཡང་ན་གཟུགས་འདས་རིག་པའི་སྟེང་ན་ཡོད། རིན་ཐང་འདི་བོད་ཀྱི་ཀློག་པ་ པོ་བྱིངས་ལ་མཚོན་ན་ཅུང་ཟད་གོམས་ལོབས་སུ་མ་གྱུར་བ་ཞིག་ཡིན་ངེས། རྒྱུ་མཚན་ནི་ང་ཚོ་སྤྱི་ཚོགས་དང་ཐད་ཀར་འབྲེལ་བའི་བརྗོད་བྱ་ དང༌། རྩོམ་རིག་གི་སུན་འབྱིན་དང་དགག་རྒྱག་གི་བྱེད་ནུས་ལ་གོམས་ལོབས་སུ་སོང་ནས་ཡོད། གཤམ་གྱི་རྩོམ་འདི་དག་ནི་ང་ཚོ་ལ་མཛའ་ ཉེ་འབྱུང་བའི་རྩོམ་དག་ཡིན་པར་གདོན་མི་ཟ།

ཐོག་མར་ལྷ་བྱམས་རྒྱལ་གྱི《ལམ་གྱི་ཉི་འོད》ཀྱིས་ང་ཚོའི་མིག་སྔར་དངོས་ཡོད་སྤྱི་ཚོགས་ཀྱི་གནད་དོན་རྣོ་ངར་ཅན་ཞིག་བསྟར་

ཡོད་དེ། ལྷ་མཛེས་དང་ཕུན་རྣམ་གྱི་བརྩེ་དུང་གི་གེགས་དེ་བསམ་བློ་རྙིང་བ་དང་གོམས་གཤིས་ངན་པ་ལས་བྱུང་བ་ཞིག་མིན་ལ། ཁོ་གཉིས་ ཀའི་གཤིས་ཀ་དང་ལས་དབང་ལས་བྱུང་བ་ཞིག་ཀྱང་མིན་པར། དེ་ནི་འཚོ་སྡོད་ཀྱི་གནད་དོན་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གིས་བསྐྱེད་པའི་ གཏོལ་མེད་ཀྱི་སྐྱོ་གར་ཞིག་ཡིན་པར་བསྟན་འདུག བརྩམས་སྒྲུང་འདིས་བོད་ཀྱི་བརྩེ་དུང་བརྩམས་སྒྲུང་ལ་ཐོད་བརྒལ་ཆེན་པོ་བྱས་འདུག

རྩོམ་འདིས་བརྩེ་དུང་བརྗོད་ཡོད་པ་མ་ཟད། བརྩེ་དུང་གི་གཏམ་རྒྱུད་བརྒྱུད་ནས་བོད་ཀྱི་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དོན་གནད་

གསར་བ་ཞིག་སྟེ། འཚོ་སྡོད་ཀྱི་གནད་དོན་ཉིད་འབུར་ཐོན་དུ་མཚོན་པར་བྱས་ཡོད། བསྟན་དོན་འདི་ཁོའི་བརྩམས་སྒྲུང་ཕལ་ཆེར་བའི་རྩ་

བའི་བསམ་བློ་ཞིག་རེད། ཁོའི《དབྱར་རྩྭ་དགུན་འབུ》ལ་འདི་ལྟའི་བསམ་བློའི་ཆ་ཡོད་ལ། ཁོའི《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》ལའང་

འདི་འདྲའི་བསམ་བློའི་ཆ་མཆིས། ཁོ་ནམ་ཡང་ཕུགས་བསམ་དང་འཆར་ཡན་གྱི་དབང་དུ་མི་འགྲོ་བར། སྤྱི་ཚོགས་ཁྲོད་ཀྱི་དངོས་ཡོད་ལ་མི་ གཡོལ་བར་འཚོ་སྡོད་ཀྱི་གཏོལ་མེད་ཀྱི་གནས་སྟངས་ཐད་ལ་ཁོའི་སྨྱུག་ཁ་བབས་ཏེ་དེ་ཉིད་མཚོན་པར་བྱེད་པ་ཞིག་རེད། དེ་བས་ཁོའི་རྩོམ་ མང་པོ་ཞིག་ལ་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་སྟུག་པོར་ལྡན།

དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་ཞེས་པ་དེ་དངོས་ཡོད་ཀྱི་གནད་དོན་རྣོ་ངར་ཅན་བརྗོད་པ་ཙམ་གྱིས་མི་ཆོག་པར། གནད་དོན་

སྤྱིའི་དེབ་གྲངས་ཉེར་གསུམ་པ།

26


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

ལ་རྙོག་འཛིང་གི་ངོས་ནས་ལྟ་ཐུབ་པའམ་རྙོག་འཛིང་དུ་ལྟ་ཐུབ་པ་ཞིག་དགོས་པ་ཡིན། བོད་རྩོམ་མང་བོ་ཞིག་གིས་སྤྱི་ཚོགས་གནད་དོན་ བྲིས་ཡོད་ཀྱང༌། གནད་དོན་དེ་ཉིད་མི་རེ་འགའ་ཞིག་གི་བློས་བཟོས་པའམ་རྐྱེན་བྱེ་བྲག་པ་ཞིག་གིས་བཟོས་པའི་ཚུལ་དུ་བྲིས་པ་དེ་དག་ལ་ ངས་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་ཡོད་པར་མི་འདོད། དངོས་ཡོད་ཀྱི་གནད་དོན་དེ་ཉིད་འགལ་བ་རྙོག་འཛིང་ཅན་ཞིག་གི་ངོར་ གནས་པ་དང༌། དེ་ཉིད་གཏོལ་མེད་ཅིག་ཏུ་འབྲི་ཐུབ་ན་གཟོད་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་ཡོད་ཅེས་བཤད་ཆོག་སྙམ།

འགར་རྩེ་འཇིགས་མེད་ཀྱི《ང་ཡི་སང་ཉིན 》ཀྱང་ཕལ་ཆེར་དེ་འདྲ་རེད། རྩོམ་གྱི་མཇུག་ན་སེམས་འཕྲལ་ཆེན་པོས་ཀུན་ནས་

བསླངས་ཏེ་བསྟན་པ་རྣམ་དག་ཅིག་དར་བར་གདུང་འབོད་བྱས་པ་དེས་རང་ཉིད་ཀྱི་ལངས་ཕྱོགས་གསལ་བར་བསྟན་དེ། རྩོམ་གྱི་གཟུར་བོའི་ རང་བཞིན(客观性)ལ་དམའ་ཅུང་ཕབ་འདུག་ཀྱང༌། རྩོམ་དངོས་གཞིའི་འགལ་བའི་འཕེལ་རིམ་དེ་སྤྱིར་ན་དངོས་ཡོད་འཚོ་བའི་གཏན་ ཚིགས་ཀྱི་དབང་དུ་བྱས་ནས་ཡོད་ལ། དེའི་ཁྲོད་ཀྱི་ཆོས་འཇིག་རྟེན་གཉིས་ཀྱི་འགལ་བ་ལ་དཔེ་མཚོན་རང་བཞིན་ཡོད། འགལ་བ་གང་ཡིན་

བློས་བཟོས་པའི་འགལ་བ་ལྟར་སྣང་བ་ཞིག་མིན་ལ། འགལ་བའི་ཐག་གཅོད་ལ་སླ་ཆོས་སུ་བྱས་པའང་མེད་པས། རྩོམ་འདི་མཐོང་དཀོན་

པའི་དངོས་ཡོད་རིང་ལུགས་ཀྱི་རྩོམ་ལེགས་པོ་ཞིག་རེད་སྙམ། ལྷ་བྱམས་རྒྱལ་གྱི《ལམ་གྱི་ཉི་འོད》ཀྱིས་བོད་ཀྱི་བརྩེ་དུང་བརྩམས་སྒྲུང་ལ་ ཐོད་བརྒལ་བྱས་ཡོད་པ་ཡིན་ན། འགར་རྩེ་འཇིགས་མེད་ཀྱི《ང་ཡི་སང་ཉིན》ཀྱིས་བོད་ཀྱི་ཆོས་ལུགས་བརྩམས་སྒྲུང་ལ་ཐོད་བརྒལ་བྱས་

འདུག

གཡང་མཚོ་སྐྱིད་ནི་ང་ཚོས་ཡུན་རིང་རེ་སྒུག་བྱས་པའི་རྩོམ་པ་པོ་ཞིག་ཡིན་པ་ལ། 2010ལོའི་མོའི《རྩྭ་ཐང་གི་ཉིན་ཐོ》ཡིས་ང་ཚོའི་

རེ་བ་རེ་ཞིག་བསྐངས། སྔར་བཞིན་ཁྱད་མཚར་ཅན་གྱི་བརྩམས་སྒྲུང་གི་སྐད་ཆ་སྟེ་གཏམ་དཔེ་ཡག་པོ་དག་གིས་བརྩམས་སྒྲུང་ལ་མཛེས་པ་

མི་དམན་པ་བཞག་ཡོད། རྩོམ་ལས་བསྟན་པའི་བུད་མེད་ཀྱི་གནད་དོན་ནི་སྔོན་གྱི་གནད་དོན་དང་མི་འདྲ་བའི་ཉེན་ཁ་གསར་བ་ཞིག་ཡིན་ པས། རྩོམ་གྱི་བསམ་བློ་ལ་སྔོན་མའི《རྩྭ་ཐང་གི་ཉིན་ཐོ》དང་མི་འདྲ་བའི་ཁྱད་ཅུང་ཟད་ཡོད་ཀྱང༌། དེ་ཉིད་མཚོན་ཐབས་ལ་རྩོམ་སྔུན་མ་ དང་མཚུངས་པའི་མི་སྣའི་ཁ་བརྡ་བརྒྱུད་ནས་འབྲི་བ་ཤས་ཆེ་བས་སྤྱི་ཁྱབ་ནས་བཤད་ན་ཐོད་བརྒལ་གྱི་ཆ་ཆེན་པོ་ཡོད་པ་མཐོང་མི་ཐུབ་སྙམ། 《རྩྭ་ཐང་གི་ཉིན་ཐོ》སྔ་ཕྱི་གཉིས་ལ་མཚོན་ན་བོད་ཀྱི་གཏམ་དཔེ་ནི་བརྩམས་ཆོས་ཀྱི་ཐུན་མིན་དགེ་མཚན་ཡིན་ལ།

དེ་བཞིན་བརྩམས་

སྒྲུང་ལ་ཐོད་བརྒལ་བཟོ་བའི་གེགས་སུའང་གཏམ་དཔེ་རང་གྱུར་འདུག་སྟེ། དེ་ཉིད་ཀྱིས་རྩོམ་པ་པོའི་བསམ་བློ་དང་ཀུན་རྟོག་ལ་འཆིང་རྒྱ་ བཟོས་སོང་སྙམ། རང་གི་གཅེས་ནོར་འདོར་བ་སུ་ལ་མཚོན་ནའང་དཀའ་མོ་ཞིག་ཡིན་སྲིད་ཀྱང༌། རྩོམ་རིག་གསར་རྩོམ་ལ་ཐོད་བརྒལ་ནི་ ངེས་པར་དུ་མཁོ།

ཧུ་ར་འཇའ་པེ་ནི་ང་རང་དགའ་སའི་གསར་སྐྱེས་རྩོམ་པ་པོ་ཞིག་ཡིན་ཏེ། ཁོའི《ལོ་མའི་ཟིན་ཐོ》དང《ད་སད་ན་ད་ལོངས》ཀྱི་མི་

ཇུས་ཀྱི་བསམ་བློ་དང༌། སྒྱུ་རྩལ་གྱི་མཚོན་ཐབས་ཀྱིས་བདག་ཡིད་དྲངས་པར་གྱུར་ཀྱང༌། ད་ཐེངས་ཀྱི《ཕ་ཡུལ།ཕ་ཡུལ》གྱིས་བདག་

ཡིད་འགུག་མ་ཐུབ། རྩོམ་ཁྲོད་ཀྱི་རྩོམ་པ་པོའི་སེམས་འཕྲལ་དང་སེམས་གདུང་ང་ཚོས་ཚོར་ཐུབ་ཀྱང༌། བརྩམས་སྒྲུང་རང་ཉིད་ཅུང་ཟད་དོག་ པོ་ཞིག་དང༌། རྩིང་རགས་ཤིག་ཏུ་འདུག་སྙམ།

སྤྱིར་ན2010ལོའི་བརྩམས་སྒྲུང་འཕེལ་རྒྱས་ཀྱི་ངོར་ཡོད་པ་དང༌། དེས་སྔོན་མའི་བརྩམས་སྒྲུང་གི་ཕྱོགས་ངོས་མང་པོར་ཐོད་བརྒལ་

བྱས་ནས་ཡོད་པ་ང་ཚོས་མངོན་གསལ་དུ་མཐོང་ཐུབ། 2010ལོའི་བརྩམས་སྒྲུང་དང་སྒོས་སུ་ཐོད་བརྒལ་གྱི་ཆ་ནས་ངེས་པར་གླེང་དགོས་པ་ ཞིག་ཡོད་པ་སྒྲུང་རིང《མི་རབས་ཤིག་གི་ཉིན་འགའ》རེད།

གུར་མགོན་ཚེ་རིང་གི་ 《མི་རབས་ཤིག་གི་ཉིན་འགའ 》ནི་ང་ཚོ ར་གོམས་ལོ བ ས་སུ་སོ ང་བའི་གཏམ་རྒྱུད་ཀྱི་བྱུང་རིམ་ཅན་གྱི་

བརྩམས་སྒྲུང་དང་མི་མཐུན་ལ། སྤྱི་ཚོགས་འཚོ་བའི་སྣང་ཚུལ་ལམ་གནད་དོན་རྣོ་ངར་ཅན་བསྐྱར་མཚོན་བྱེད་པའི་བརྩམས་སྒྲུང་དང་ཡང་ 27

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

མི་མཚུངས་པར། རྩོམ་གྱིས་མི་སྣ་གཅིག་གི་སེམས་ཀྱི་ཚོར་བ་ལ་དམིགས་ནས་ཚོར་སྣང་དེ་ཉིད་གཙོ་བོ་ལུས(本体)ཀྱི་ཚུལ་གྱིས་

མཚོན་འདུག སྔོན་མའི་བརྩམས་སྒྲུང་དག་དང་བསྡུར་ཏེ་བཤད་ན་རྩོམ་འདི་ཁ་ནང་བལྟས་ཀྱི་རྩོམ་ཞིག་ཡིན་པས། ལྟད་མོའི་ཡུལ་ཡང་ རྩོམ་འདིའི་ཕྱི་རོལ་གྱི་ཕྱི་དོན་མ་ཡིན་པར་ནང་གི་ཡུལ་ཅན་གྱི་ཚོར་སྣང་རེད། ཚོར་སྣང་དེ་ཚིག་གཅིག་ཏུ་བསྡུས་ནས་བཤད་དགོས་ན་ དེ་ནི“ཉོབ”བམ“ཁེར་ཧྲེང”ཞེས་པའི་ཚིག་གིས་བསྟན་ཆོག་སྙམ། སློབ་གྲྭའི་ཕྱི་ནང་གང་གི་ཁོར་ཡུག་ལ་ཁ་གཏད་ཀྱང་མི་སྣ་གཙོ་བོར་ སེམས་ཤུགས་དང་སྤྲོ་སེམས་བསྐྱེད་ཐུབ་པ་གང་ཡང་མེད། “སྣང་ཡུལ་གང་ལ་བལྟས་ཀྱང་སྐྱོ་ཉམས་ཤིག་འདུག་པ”ཞེས་པ་དངོས་རེད། “ཉོབ”བམ“ཁེར་ཧྲེང”གི་སྐྱོ་སྣང་གི་རྒྱུ་ལ་འོག་རིམ་ནས་བཤད་ན་སློབ་གྲྭའི་སློབ་གསོས་མོས་བློ་བསྐྱེད་མི་ཐུབ་པས་རེད་ཅེས་བཤད་ཆོག་

ཀྱང༌། དོན་གྱིས་དེ་ཙམ་གྱི་འོག་རིམ་གྱི་རྐྱེན་ཁོ་ན་ཞིག་མ་རེད།རིན་ཐང་ལྟ་ཚུལ་གྱི་འགལ་འཐབ་ཀྱིས་བསྐྱེད་པའི་སྟོང་སྣང་ལྟ་བུའི་གོང་རིམ་ གྱི་རྐྱེན་གྱིས“ཉོབ”ཀྱི་རྐྱེན་ཆེན་པོ་བྱས་ནས་འདུག དེ་བས་རྩོམ་གྱི་མི་སྣ་ནི་རིན་ཐང་ལྟ་ཚུལ་གྱི་འགལ་འཐབ་ལས་བྱུང་བའི་སྐྱོ་དུབ་ཅན་

ཞིག་དང༌། འདིས་སྐྱོ་དུབ་ཅན་གྱི་མི་རབས(苦闷的一代)ཤིག་མཚོན་འདུག་སྙམ། མི་རབས་འདིའི་ད་ལྟ་བ་ལ་གཞན་གྱིས་ཁས་

ལེན་མི་ཐོབ་ཅིང་རང་ལ་བརྩོན་ལེན་གྱི་ཤུགས་མེད་ལ། མ་འོངས་པ་ནི་དེ་བས་ཀྱང་རབ་རིབ་གར་འགྲོ་གཏོལ་མེད་ཅིག་རེད། འདི་ལ་དེང་ གི་བོད་སྤྱི་ཚོགས་ཁྲོད་དེ་འདྲའི་འཐུས་ཚབ་ཀྱི་དོན་སྙིང་ཡོད་པར་བཤད་དཀའ་ཡང༌། འདི་ལྟའི་གནས་ཚུལ་དང་སྣང་ཚུལ་ཡོད་པ་མ་རེད་

ཅེས་བཤད་དཀའ་ལ། སྤྱི་ཚོགས་ཀྱི་ནང་གསེང་ན་འདི་ལྟའི་རྣམ་པ་ཞིག་མངོན་ཆུང་ཤུ གས་དྲག་གི་ཚུལ་གྱིས་འོངས་བཞིན་པ་དང་འོངས་ འགྱུར་ལ་སུས་བསྙོན་འདིང་ཐུབ།

《མི་རབས་ཤིག་གི་ཉིན་འགའ》ཡི་རྩོམ་གྱིས་བསྟན་པའི་བསམ་བློའི་ངོ་བོའམ་རང་བཞིན་གྱི་ཆ་ལ་ཀུན་གྱིས་འགབ་མིན་གྱི་རྩོད་

གླེང་བྱེད་ཆོག ང་ཚོའི་ལྟ་ཀློག་གི་སྲོལ་རྒྱུན་དུ་གྱུར་པའི་གོ་བསྐོན་སློབ་གསོའི་ངོས་ནས་ལྷག་པར་དུ་མཐའ་དཔྱོད་བྱས་ཆོག རྩོམ་གྱི་བསམ་ བློ་དེ་ཉིད་ཐུན་མིན་གསར་བ་ཞིག་ཡིན་པའི་ཆ་ལ་བསྙོན་དུ་མེད་ལ། བརྩམས་ཆོས་འདིས་བོད་ཀྱི་རྩོམ་རིག་གི་ལྟ་བ་དང༌། བོད་ཀྱི་རྩོམ་རིག་ གི་གནས་སྟངས་དང༌། བོད་ཀྱི་རྩོམ་རིག་གི་མཛེས་པ་འདོན་ལུགས་ཐད་ནས་ཐོད་བརྒལ་ཆེན་པོ་བཟོས་ཏེ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་

ལེའུ་གསར་བ་ཞིག་གི་དབུ་བརྩམས་པར་བསྙོན་དུ་མེད། བརྩམས་སྒྲུང་གི་གསར་རྩོམ་གྱི་ཕྱོགས་ན་ད་དུང་བློ་ལ་མི་བདེ་བ་རེ་འགའ་ཡོད་དེ། དཔེར་ན་རྩོམ་རིག་གི་སྐད་ཆ་ལ་ལ་གནད་དུ་སྨིན་པ་ཞིག་ཏུ་མ་བྱུང་བར་རྩིང་རགས་སུ་ཡོད་པས་ད་དུང་ཞུན་བརྡར་དང་བཙོ་སྦྱང་བྱ་རིགས་ པའི་ཆ་ཡོད་པ་ལྟ་བུ་དང༌། ཆིག་ལབ་ལ་ལ་ཞིག་གིས་སྐབས་དེའི་བསམ་དོན་རྫོགས་པར་བྱས་མེད་པ་རྟབ་རྟབ་པོའི་ངང་ཚུལ་ཡོད་པ་ལྟ་བུ།

ཡིན་ཡང་བོད་ཀྱི་བརྩམས་སྒྲུང་གི་ཐོད་བརྒལ་ཆེན་པོ་དེ་འདི་ལྟའི་སྒྲུང་རིང་ཞིག་གི་སྟེང་ནས་མངོན་བྱུང་བ་འདི་ང་ཚོ་ཆེས་དགའ་འོས་པ་ཞིག་ རེད།

བོད་ཀྱི་བརྩམས་སྒྲུང་སྣ་མང་ཅན་དུ་འགྲོ་བ་འདི་རྩོམ་རིག་གི་འཕེལ་རྒྱས་ཤིག་ཡིན་ལ། འདིས་བོད་ཀྱི་ཀློག་པ་པོའི་མྱོང་རོལ་དང་

ཀློག་འདོན་གྱི་གོམས་གཤིས་ལ་དོ་བཟློ་བཞིན་ཡོད། ཀློག་པ་པོ་དག་གིས་སྔར་བཞིན་བརྗོད་སྙིང་འབུར་དུ་ཐོན་པ་དང། དངོས་ཡོད་སྤྱི་ ཚོགས་འཚོ་བའི་གནད་དོན་རྣོ་ངར་ཅན་མཚོན་པ་དང། ཟློས་གར་རང་བཞིན་ཅན་གྱི་བྱུང་རིམ་དྲག་པོ་ཡོད་པ་དང༌། གོ་བསྐོན་སློབ་གསོ་

ཅན་གྱི་རྩོམ་རིག་གི་སྤྱི་ཚོགས་ཕན་ནུས་དོན་དུ་གཉེར་བ་དག་ལ་མྱོང་རོལ་བྱ་བ་ལས། དེ་ལས་འདས་པའི་བསམ་བློའི་རྒྱ་ཡངས་པ་དང༌། མངོན་ཆུང་གིས་མཚོན་པ་དང༌། གོ་བསྐོན་སློབ་གསོ་ལྷུར་མ་བླངས་པ་དག་ལ་མྱོང་རོལ་བྱེད་མི་ཤེས་ཚེ། ཕྱི་ནང་གི་བརྩམས་སྒྲུང་བརྩམས་ ཆོས་མང་པོ་ཞིག་ལ་མྱོང་རོལ་དོན་ལ་གནས་པ་བྱེད་དཀའ། དེར་མ་ཟད། ཀློག་པ་པོའི་མྱོང་རོལ་གྱི་ཆུ་ཚད་ལ་མཐོར་འདེགས་མ་བྱུང་ན། བོད་རྩོམ་གྱི་འཕེལ་རྒྱས་སུ་འགྲོ་བ་ལའང་བར་ཆད་བྱེད་ངེས་ཡིན། རྩོམ་པ་པོ་སུ་ཡིན་ཡང་སེམས་ཀྱི་གཏིང་རུམ་ན་བག་ཉལ་གྱི་ཀློག་པ་པོ་

ཡོད་སྲིད། གསར་རྩོམ་གྱི་གོ་རིམ་ཁྲོད་ཀློག་པ་པོའི་ཆུ་ཚད་ལ་བསྟུན་པའི་སྒོ་ནས་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་ཐོན་ཐུབ་པ་ཅིག་ལས་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

28


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

མར་རིམ་པ་གཅིག་ཆག་པར་འགྱུར་བ་ཡིན་ཏེ། དེའི་སྟབས་ཀྱིས་སྒྱུ་རྩལ་གྱི་མངོན་ཆུང་རང་བཞིན་ནམ་ཡིན་ཡང་ཐོན་དཀའ་བར་གྱུར་བ་ རེད། དེ་བས་བོད་ཀྱི་ཀློག་པ་པོ་དག་གི་མྱོང་རོལ་གྱི་ཆུ་ཚད་ལ་མཐོར་འདེགས་ཡོང་པའི་ཐད་ལ་དོ་གལ་བྱ་རིགས།

སྙན་ངག

2010ལོའི་སྙན་ངག་ལ་2010ལོའི་བརྩམས་སྒྲུང་ལྟར་དུ་སོ་སོ་ནང་ཕན་ཚུན་ལ་མི་འདྲ་བའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད་པ་ཉུང་

ལ། དུས་རབས་ཉེར་གཅིག་པའི་སྙན་ངག་ཧྲིལ་གྱིས་བ་ལ་ཕུན་ཚོགས་སྣ་མང་གི་ཁྱད་ཆོས་མེད་པར། ཚང་མ་བལྟས་འཇོག་གིས་གཅིག་ གྱུར་གྱི་ཚུལ་དུ་མཆིས། བསམ་བློའི་ནང་དོན་གྱི་ཐད་ནས་ཉེ་བའི་ལོ་འགའི་རིང་གི་སྙན་ངག་ཕལ་ཆེར་གྱི་ནང་དོན་ལ་སྐྱོ་ངལ(感伤)གྱིས་

ཁྱབ་འདུག ད་ལྟ་བ་ལ་ཡིད་མུག་ཅིང་མ་འོངས་འབྱུང་འགྱུར་ལ་རེ་ཐག་ཆད་པའི་སྒོ་ནས་འདས་དུས་ཀྱི“མཚར་སྡུག་འོད་སྟོང”ལ་འཁྲེང་ སེམས་འཆང་ནས་སྐྱོ་གླུ་རབ་དང་རིམ་པ་ཞིག་བླངས་ཡོད། ལྷ་ས་དང༌། པོ་ཏ་ལ་དང༌། གཙུག་ལག་ཁང་དང༌། ཡུམ་བུ་བླ་སྒང་སོགས་ བརྗོད་བྱར་བྱས་པའི་སྙན་ངག་ལ་མཚམས་ཆད་པ་མེད་ལ། ཡིད་གཟུགས་དེ་དག་ཀུན་གྱིས་འདས་པ་དང་ད་ལྟའི་བར་གྱི་ཧེ་བག་ཆེན་པོ་

ཞིག་མཚོན་པའི་སྒོ་ནས་ད་ལྟའི་བྱ་ཆེན་འཕུར་ཤུལ་གྱི་བྲག་ཐེམ་དང༌། ཙན་དན་འགྱེལ་ཤུལ་གྱི་ཁྱི་ལྡུག1ལ་ཡིད་མུག་གི་སྨྲེང་གླུ་བླངས་ནས་

ཡོད།

འདི་ནི་དུས་སྐབས་འདིའི་མི་སེམས་ཀྱི་ཡོངས་ཁྱབ་ཚུར་སྣང་ཞིག་མིན་པའི་ངེས་པ་མེད། དུས་ཀྱི་བགྲོད་པ་དང་བསྟུན་ནས་བོད་ཀྱི་

དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སོ་སོར་འགྱུར་བ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། འགྱུར་བ་འདིར་འཕེལ་རྒྱས་ཀྱི་ཆ་ཡོད་ལ། འགྲིབ་རྒུད་ཀྱི་ཆ་ཡང་ཡོད། མི་རིགས་རིག་གནས་ཀྱི་ཆ་ནས་བལྟས་ན་འགྱུར་བ་འདིའི་ཁྲོད་ཀྱི་འགྲིབ་རྒུད་ནི་མང་བོ་རེད། སྐད་དང་ཡི་གེ་

དང༌། ལུགས་དང་གོམས་གཤིས། ལྷག་པར་དུ་མི་སེམས་དང་མི་གཤིས་ཀྱི་གཏིང་ན་སྔར་དང་མི་མཚུངས་པའི་འགྱུར་བག་རྒོད་པོ་ཞིག་

བྱུང་ནས། དེ་ཉིད་མི་རིགས་འདིའི་མ་གཞིའི་སེམས་ཀྱི་རིག་གནས་ཀྱི་གྲུབ་ཆ་རུ་གྱུར་བའི་བློ་བདེ་བག་ཕེབས་དང་འགལ་ཟླར་གྱུར་བ་འདིས་ ཀུན་ལ་སེམས་འཕྲལ་དང་བག་མི་སྤྲོ་བ་བཟོ་བཞིན་འདུག

བག་མི་སྤྲོ་བའི་འགྱུར་བ་འདི་རིམ་པ་གསུམ་གྱི་ངོར་གནས་ཡོད་དེ། གཅིག་ནི་བོད་མི་རིགས་འདི་ཆེན་པོ་དང་སྟོབས་ཅན་དུ་འགྱུར་

བའི་འདུན་པས་ཀུན་ནས་བསླངས་པའི་ད་ལྟའི་དུས་ཀྱི་མི་ཆེན་མེད་པ་མ་ཟད། བོད་མི་བྱིངས་ཉོབ་ཅིང་རང་དོན་ཉི་ཚེ་བ་ཞིག་ལ་འདུར་བའི་ རྣམ་པ་ལས་བྱུང་བ་དང༌། གཉིས་པ་ནི་མི་རིགས་རང་གི་གོམས་གཤིས་དང་ཁྱད་ཆོས་དུས་ཀྱི་འགྱུར་བས་ཁྱུར་མིད་དུ་གཏོང་བཞིན་པ་འདི་

མི་རིགས་ཀྱི་ཁྱད་གཤིས་འཛིན་འདོད་ཀྱི་འདུན་པ་དང་ལྡོག་ཏེ་ཡོད་པ་ལས་བྱུང་བ་དང༌།གསུམ་པ་ནི་དངུལ་སྒོར་གྱིས་མཚོན་པའི་དངོས་པའི་ འཚོ་བའི་འཚོལ་སྙེགས་ཀྱི་འདུར་རྒྱུགས་ཀྱིས་བོད་རང་ས་རང་ཡུལ་གྱི་བག་ཕེབས་བློ་བདེ་ཡི་ལྷིང་འཇགས་དཀྲོགས་པ་འདི་བོད་ཀྱི་རིག་

གནས་ཀྱི་རྩ་བའི་ངོ་བོར་དོ་ཆེན་པོ་བཟློ་བ་ཞིག་ཡིན་པ་འདི་འདྲའི་རིམ་པ་གསུམ་གྱི་ངོར་གནས་ཡོད། གང་ལྟར་དུས་རབས་ཉི་ཤུ་བའི་ལོ་

རབས་བརྒྱད་བཅུ་བའི་བོད་ཀྱི་སྙན་ངག་གསར་བས་གསར་བྱུང་གི་བྱ་དངོས་ལ་འབོད་པ་བཏང་བ་ཡིན་ན། དུས་རབས་ཉེར་གཅིག་པའི་ནང་ བོད་ཀྱི་སྙན་ངག་གསར་བས་རྙིང་བ་ཉམས་པ་ལ་གདུང་འབོད་བྱ་བཞིན་ཡོད།

འཕེལ་འགྲིབ་འདི་སྤྱིར་ན་ལྡོག་དཀའ་བའི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་ཡིན་ཏེ། ནུབ་གླིང་ཉེ་རབས་སྤྱི་ཚོགས་སུ་འབྱོར་ལྡན་

གྲལ་རིམ་གྱི་གཉོམ་ལག་རྒྱས་པ་དང༌། དེའི་རིག་གནས་དར་བ་དང་བསྟུན་ནས་རླབས་ཆེན་གྱི་བསམ་བློ་བ་མང་བོས་ཀྱང་མི་སེམས་དང་མི་

གཤིས་དང༌། སྤྱི་ཚོགས་ཀྱི་རླུང་དབུགས(风气)ཀྱི་འགྱུར་བའི་ཆ་ལ་སེམས་ཁུར་གྱིས་གདུང་འབོད་བྱས་མྱོང༌། དཔེར་ན་ཧྥ་རན་སིའི་

1.ཁ་རྩྭ་ཞིག་སྟེ། ཟོག་གིས་ཀྱང་མི་ཟ། དགུན་ཁ་སྐམ་པོའི་དུས་སུ་ལྷམ་ནང་དུ་བཞག་ནས་ལྷམ་རྩྭ་བྱེད།

29

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

ལུའུ་སོ(卢梭1712-1778)ལྟ་བུ་དང༌། ཡང་ན་དུས་རབས19བའི་སྟོད་ཀྱི་ནུབ་གླིང་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་དང༌། ནུབ་

གླིང་དེང་རབས་རིང་ལུགས་པའི་རྩོམ་རིག་གི་སྙིང་སྟོབས་ཡོངས་རྫོགས་ལྟ་བུ། ད་ལྟ་བཤད་བཞིན་པའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་སམ་ཡང་ ན་དུས་ཀྱི་བགྲོད་པ་འདི་མ་གཞི་ནས་རལ་གྲི་དངོ་གཉིས་མ་ཞིག་ཡིན་ཏེ། དངོས་པོའི་འཚོ་བ་དང་སེམས་པའི་འཚོ་བ་གཉིས་སྲང་མདའ2

བཞིན་དུ་གཅིག་མཐོ་གཅིག་ལྟུང་གི་ཚུལ་དུ་ཡོད།

བོད་ཀྱི་སྙན་ངག་གསར་བའི་རྩོམ་པ་པོས་དུས་ཀྱི་འགྱུར་བ་ལ་འདི་ལྟའི་སྐྱོ་ངལ་གྱི་སྒོ་ནས་ཕྱིར་རྒོལ་གྱི་ཚུལ་འཛིན་པ་འདི་སྙན་ངག་

གིས་ད་དུང་མི་སེམས་ཀྱི་འཚོ་སྐྱོང་གི་འགན་མ་བོར་བའི་རྟགས་མཚན་དགའ་འོས་པ་ཞིག་རེད། འདི་ལ་བསྙོན་དུ་མེད །འོན་ཀྱང་རྣམ་པ་ འདི་ལ་ང་ཚོས་ཟུར་གཞན་ནས་བལྟས་ན་ཆོག་གམ་མི་ཆོག མི་རིགས་ཀྱི་རིག་གནས་ལས་ལོག་པའི་མི་རིགས་འཕེལ་རྒྱས་ཀྱི་ངོས་ནས་

བལྟས་ན་ཆོག་གམ་མི་ཆོག སྙན་ངག་པའི་འདོད་པའི་མི་རིགས་རིག་གནས་ཀྱི་སྲུང་སྐྱོང་ངམ་ཡང་ན་དེང་གི་དངོས་པོའི་འཚོ་བའི་འཚོལ་ སྙེགས་ལ་སྐྱོན་དུ་ལྟ་བའི་སྐྱིན་ཚབ(代价)ཏུ་སྤྱི་ཚོགས་དང་ལོ་རྒྱུས་སོ་ན་གནས་པ་ཤོར་དགོས་པ་ལ་ང་ཚོའི་སྙན་ངག་པར་ངོས་འཛིན་

ཡོད་ན་ཅིའི་ཕྱིར་མི་ཆོག སོ་ན་གནས་པས་འཕེལ་རྒྱས་མེད་ལ། འཕེལ་རྒྱས་མེད་ན་རྡུང་རྡེག་གཟེད་དགོས། འདི་སེམས་འཕྲལ་དང་ སེམས་གདུང་གཞན་ཞིག་མ་ཡིན་ནམ། འདི་ལྟར་ལྟ་མི་ཐུབ་པ་དང་འདི་ལྟའི་ངོས་འཛིན་བྱེད་མི་ཐུབ་པའི་ཆ་ནས་སྙན་ངག་གསར་བས་མི་ སེམས་ཀྱི་ཡོངས་ཁྱབ་གནས་ཚུལ་ཞིག་མཚོན་ཡོད་པ་བདེན་དུ་ཆུགས་ཀྱང་ད་དུང་ཡོངས་རྫོགས་མ་རེད། ལྷག་པར་དུ་ལོ་རྒྱུས་ཀྱི་མཐོ་སར་

འགྲེང་ནས་ལོ་རྒྱུས་དང་འབྱུང་འགྱུར་ལ་བལྟས་པ་ཞིག་མ་རེད་སྙམ། རྩ་བའི་གནད་འགག་སྙན་ངག་པའི་ལོ་རྒྱུས་ཀྱི་ལྟ་བ་ལ་རག་ལས།

སྙན་ངག་གི་བསམ་བློའི་ནང་དོན་ཐད་ནས་ངས་བཤད་འདོད་པ་ཉག་གཅིག་ནི། སྙན་ངག་གི་བསམ་བློའི་ནང་དོན་ཕུན་ཚོགས་སྣ་མང་ཅན་ ཞིག་ཏུ་འོངས་ན། མང་བོས་ངུ་ཤུ བས་འདོན་པའི་ཁྲོད་ནས་གཅིག་དང་གཉིས་ཀྱིས་ཤུགས་ཀྱིས་བརྟས་ལ་རེ་བའི་བཀྲག་མདངས་འཚེར་

བའི་སྙན་ངག་རེ་གཉིས་བྲི་ན་སྙམ་པ་དེ་ཡིན། དེ་བས་གཉན་གྱི་སྙན་ངག《བདག་གི་རྟ་ཁྱུ》3ཡིས་ང་རང་ཤུ གས་ཀྱིས་མཛེས་པའི་འཇིག་ རྟེན་གསར་བ་ཞིག་ཏུ་འཁྲིད་པར་བྱས་སོང༌།(“སུ་དང་གང་གིས་མ་བྲེག་པའི་ཁ་རྔོག་རླུང་གིས་སྐྱོད་ཀྱིན་སྐྱོད་ཀྱིན་ཞོགས་འོང”སྙན་རྩོམ་

དེའི་ཚིག་ཅིག)

སྙན་ངག་རྩོམ་ཐབས་ཀྱི་ཆ་ནས《གངས་རྒྱན་མེ་ཏོག》གི“དུང་གི་རང་སྒྲ”ལེ་ཚན་དེ་ང་ཚོས་གཉོར་སྐྱོང་བྱ་དགོས་པའི་ལེ་ཚན་ཞིག་

རེད་སྙམ། བོད་ཀྱི་སྲོལ་རྒྱུན་ཚིགས་བཅད་སྙན་ངག་ལ་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ཀྱི་ཡུན་ཡོད། ཚིགས་བཅད་དེ་འབོལ་རྩོམ་དང་ཚིག་

རྒྱན་གྱི་རྣམ་པ་གང་ཡིན་ཡང་རང་ལ་རང་གི་མཛེས་པ་ཐུན་མོང་མ་ཡིན་པ་ཡོད་པ་ལ་བསྙོན་འདིང་མི་ནུས། བསམ་བློའི་ནང་དོན་གྱི་ཆ་ནས་

བསྟན་དོན་གུ་དོག་པོ་ཞིག་ནས་འདུ་བྱེད་པ་རེད་མ་གཏོགས། སྒྱུ་རྩལ་གྱི་རྣམ་པའི་ཆ་ནས་རང་ལ་རང་གི་མཛེས་པ་ནི་ཡོད། དེ་ཡང་དེ་ཉིད་ རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པ་ཞིག་རེད། དེང་གི་དུས་འདིར་ལོ་གཞོན་དང་སྒོས་སུ་སློབ་གྲྭ་ཆེན་མོའི་ནང་ན་ཚིགས་བཅད་འབྲི་བ་ཉུང་བ་

འདིས་ལེ་ཚན་འདིར་གཙིགས་ཆེན་ལྷག་པར་བྱེད་དགོས་པའི་གལ་ཆེན་རང་བཞིན་ཤར་འདུག “དུང་གི་རང་སྒྲ”ཡིས་མཚོན་པའི་དེང་གི་

ཚིགས་བཅད་སྙན་ངག་ལ་སྤྱིར་འཕེལ་རྒྱས་ཀྱི་ས་ཁོད་ཡངས་པོ་ཞིག་ཡོད་ལ། ལ་ལའི་འཚོལ་དཔྱོད་ལ་འབྲས་བུ་ཡང་ཐོབ་ཡོད། འོན་ཀྱང་ སྤྱིའི་ཆ་ནས་ད་དུང་ཚིགས་བཅད་གསར་བའི་དགེ་འདོན་ལུགས་ལ་རང་རྟོགས་ཅན་གྱི་ངེས་ཤེས་གསལ་བོ་རྙེད་མི་འདུག་སྙམ། སྙན་ངག་

གི་སྐད་ཆའི་ཆ་ནས་བཤད་ན་ཕལ་སྐད་དང་ཚིག་རྒྱན་མཉམ་བསྲེས་བྱས་པ་ཡོད་དེ། དཔེར་ན།“སྟག་ཤར་གཞོན་ནུའི་མིག་གི་དཔལ་ན་ཁྱོད་ ཀྱིས་འཕྱོར་སྒེག་ཅིག་ཅར་ངོམ”ལྟ་བུ་སྤྱིར་སྙན་རྩོམ་ཕལ་སྐད་ཤེད་ཆེ་བའི་གསར་བའི་ལུགས་སུ་བརྩམས་ཡོད་པ་ལ། “དཔལ”དང“ཅིག་ 2.གནའ་བོའི་བོད་ཀྱི་རྒྱ་མ།

3.《གངས་རྒྱན་མེ་ཏོག》2010ལོའི་དེབ3པ།

སྤྱིའི་དེབ་གྲངས་ཉེར་གསུམ་པ།

30


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

ཅར་ངོམ”4ལྟ་བུའི་ཚིག་རྒྱན་སྙན་ངག་གིས་རྒྱུན་དུ་སྤྱོད་པའི་མིང་ཐོན་ཚེ་སྙན་ངག་གི་གཅིག་གྱུར་གྱི་མཛེས་པའི་ཆ་ལ་གཏོར་བརླག་བཟོས་

འགྲོ སྐད་ཆའི་ཆ་ནས་བདག་གིས་ཚིག་རྒྱན་སྙན་ངག་ཡིན་ན་ཡིན་ཤ་སྟག་སྲོལ་རྒྱུན་གྱི་ཚིག་རྒྱན་སྙན་ངག་ལྟ་བུ་དང༌། འབོལ་རྩོམ་སྙན་ ངག་ཡིན་ན་ཡིན་ཤ་སྟག་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་ལྟ་བུ་ཞིག་ཡིན་ན་འགྲིག་སྙམ། འདིའི་ཆ་ནས་སྙན་ངག་པ་སེང་རྡོར་ལ་དགེ་ མཚན་ཅུང་ཟད་འདུག་སྙམ།

རང་མོས་སྙན་ངག་གི་གསར་རྩོམ་གྱི་སྟེང་ན་སྔར་བཞིན་རྩོམ་པ་པོས་སྙན་ངག་གི་གསེར་ལྟ་བུའི་སྲོག་གི་ཆ་ལ་བོགས་འདོན་དང་བཙོ་

སྦྱངས་བྱས་པ་མི་འདང་བས། བརྩམས་ཆོས་ཀྱི་སྲོག་རྩོམ་ནང་བཏོན་པ་མ་གཏོགས་དེ་ཉིད་མཐར་ཆགས་སུ་བཀྲམ་ཐུབ་མེད་པ་དང༌།དེང་གི་

རང་མོས་སྙན་ངག་གིས་སྤྱིར་ན་ཡིད་གཟུགས(བརྙན)རིང་ལུགས་ཀྱི་འབྲི་སྟངས་སྤྱད་དེ་གསར་རྩོམ་བྱེད་བཞིན་ཡོད་ཀྱང༌།ཡིད་གཟུགས་ཀྱི་ གདམས་གསེས་དང་བེད་སྤྱོད་ལ་ད་དུང་བློ་ཞིབ་མོ་སྔོན་དུ་སོང་བ་མེད་པའམ་ཡང་ན་རང་གི་ཚོར་ཤེས་དང་རྗེས་སུ་མཐུན་པའི་ཡིད་གཟུགས་

སྦྱོར་བ་ཉུང་བའི་གནད་དོན་གནས་སྙམ། ད་དུང་སྙན་ངག་གི་སྐད་ཆའི་སྦྱོར་བའི་ཐད་ནའང་དེ་ལྟའི་ཚིག་གནད་དུ་སྨིན་པ་མི་སྦྱོར་བའི་སྣང་ ཚུལ་རྣམ་ཀུན་མཐོང་ཐུབ། དཔེར་ན།“ངལ་རྩོལ་གྱི་དཀའ་སྡུག་གིས་བཀྲུས་པའི་རྒས་གཉེར་གྱི་གཤོང་ཀ”ཟེར་བ་ལྟ་བུ་དང༌།“ཚུལ་འཆོས་ དང་གཡོ་སྒྱུས་བསླེས་པའི་ནམ་མཁའ”ཟེར་བ་ལྟ་བུའི་བྱ་ཚིག་དེ་དག་དེ་འདྲའི་གནད་དུ་སྨིན་ལ་མཛེས་པ་འབྱིན་པའི་ཚིག་མ་རེད་སྙམ།

སྙན་ངག་གསར་བའི་ཁྲོད་ན་ད་དུང་སྐད་ཆ་བཀོལ་ནས་རྙིངས་པའི་མིང་འགའ་ད་དུང་ཡང་དང་བསྐྱར་བཞིན་པ་མང༌། དཔེར་ན། ཐུ་འོག་

ནས་ལྟ་བུ། མོད་ལྟ་བུ། རྨས་མ་ལྟ་བུ་སོགས། སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཆེན་པོ་ཞིག་ཡིན་པས། སྐད་ཆའི་བེད་སྤྱོད་ལ་ཤིན་ཏུ་གཟབ་ འོས། མིང་ཚིག་གང་ཡིན་ཡང་རང་གི་སེམས་ཁོང་ནས་བྱུང་བ་ཞིག་དང༌། རང་ཉིད་མིང་ཚིག་གང་དེ་ལ་ཚོར་བ་རྣལ་མ་ཞིག་ཡོད་དགོས་པ་ ཡིན།

2010ལོའི་ཡུལ་ཤུལ་ས་ཡོམ་ལ་མྱ་ངན་ཞུ་བའི་ཆེད་སྒྲིག་གི་དེབ་དང་ལེ་ཚན་དེ་དག་བོད་ཀྱི་སྙན་ངག་གི་འདུ་འཛོམས་ཆེན་པོ་ཞིག་

རེད། བོད་ཀྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱིས་རང་གི་གདུང་བ་ཡི་གེའི་ལམ་ནས་མངོན་པར་བྱས་འདུག སྙན་རྩོམ་ལས་ང་ཚོས་

རིགས་ཀྱི་ཞེན་པ་དང་རུས་ཀྱི་བརྩེ་བ་ཉམས་སུ་མྱོང་ཐུབ་ལ། དམར་ལ་ནག་པའི་ངོ་གདོང་རེ་རེའི་ཕག་ན་གཟུགས་མེད་ཀྱི་སྦྲེལ་ཐག་སྦོམ་པོ་ ཞིག་ཡོད་པ་ཚོར་ཐུབ། ཡིན་ན་ཡང་སྒྱུ་རྩལ་གྱི་མཛེས་པའི་ཆ་ནས་བཤད་ན། ཡིད་ཚིམ་དཀའ། ང་ཚོ་སོ་སོའི་སེམས་ཀྱི་གདུང་བའམ་ཚོར་ བ་སྨྲ་བརྗོད་ལས་འདས་པ་དེ་དག་མཐར་ཆགས་སུ་སྟོན་ཐུབ་པའམ་མཚོན་ཐུབ་པ། སྙན་ངག་གང་དེའི་ངའི་སེམས་ཀྱི་སྐད་ཆ་རྫོགས་པར་ བཤད་ཚར་འདུག་སྙམ་ཆོག་པའི་སྙན་རྩོམ་རྙེད་དཀའ་ཚོད་རེད།

སྤྱིར་ན་ས་ཡོམ་གྱི་སྙན་ངག་ལ་འདྲ་མཚུངས་ཀྱི་ཤེད་ཆེ། སྙན་ངག་ཕལ་ཆེར་གྱི་འབྲི་ཚུལ་དང་བསྟན་དོན་གཅིག་ཏུ་བབས་འདུག

འདི་ལ་ཕྱོགས་གཅིག་ནས་ང་ཚོས་བསམ་ཤེས་བྱས་ཆོག་སྟེ། སྐབས་དེའི་ང་ཚོའི་སེམས་ཚོར་དངོས་སུ་ནས་དེ་ལྟའི་འཇིགས་རུང་དང་མྱ་ངན་ གྱི་ངོར་གནས་ཤིང༌། དེའི་སྟེང་ཤུ ལ་གྱི་མི་ལ་སེམས་གསོ་རེ་བྱ་རྒྱུ་གཙོ་བོ་ཡིན་སྲིད། ཕྱོགས་གཞན་ཞིག་ནས་སྙན་ངག་པ་ནི་མ་གཞི་ནས་

བསམ་ཡན་རྒོད་ཅིང་རང་གཤིས་ཡོད་པ་ཞིག་ཡིན་པ་ལ་ཀུན་གྱིས་དེ་འདྲའི་རིགས་འདྲའི་སྙན་ངག་སྤེལ་པ་ལ་ཡ་མི་མཚན་པ་ཅི་ལ་མེད། ཡོད་ངེས། ས་ཡོམ་གྱི་དམིགས་བསལ་སྙན་ངག་གྱི་བྱ་འགུལ་འདི་བོད་ཀྱི་སྙན་ངག་ལ་མཚོན་ན་ཚོད་བགམ་ཞིག་ཡིན་ཀྱང༌། ཚོད་བགམ་གྱི་ ཁྲོད་ནས་ང་ཚོའི་སྙན་ངག་གིས་འཁོས་ཞན་སའི་ཆ་ལྷང་ལ་བུད་འདུག་སྙམ།

འདི་ལྟ་བུ་རྒྱུ་མཚན་དུ་བྱས་ནས་བོད་ཀྱི་སྙན་ངག་གསར་བ་དེ་བརྩམས་སྒྲུང་དང་བསྡུར་ན་འགག་འཕྲེང་ཞིག་ལ་ཚུད་དེ་སོ་ན་གནས་

འདུག་ཅེས་བཤད་པ་ཡིན།

4.《ཁྱོད་ལ་དུངས་པའི་བདག་གི་སེམས་འདུན》《གངས་རྒྱན་མེ་ཏོག》2010ལོའི་དེབ3པ།

31

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

ས་ཆེན་སྲིད་ཆེན་ཁྲོད་ཀྱི་བོད་ཆེན་གྱོལ་མ་ལྡིང་།

—2010ལོའི་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་ཐོ་རུ་འགོད་སྟངས་ཤིག རྩོམ་པ་པོ/ༀ་འབར།

ང་ཚོས་ལོ་རྒྱུས་ཀྱི་ཁྲོད་དུ་སྦྱངས་ཐུབ་པ་རྣམས་ཏག་ཏག་ལོ་རྒྱུས་ཀྱི་གསེང་ནས་མི་སློབ་པ་རེད་ལ། ང་ཚོས་ལོ་རྒྱུས་ཁྲོད་དུ་གཟབ་

འོས་པ་ཀུན་ཏག་ཏག་ལོ་རྒྱུས་ཀྱི་བར་ནས་ལུས་འགྲོ་བ་རེད། ང་ཚོས་ལོ་རྒྱུས་ཀྱི་ཁྲོད་དུ་བྲི་དགོས་པ་རྣམས་ཏག་ཏག་ལོ་རྒྱུས་ཀྱི་གླགས་

ནས་ཡལ་འགྲོ་བ་རེད་ལ། ང་ཚོས་ལོ་རྒྱུས་ཀྱི་ཁྲོད་ནས་རྙེད་སྲིད་པ་ཀུན་ཏག་ཏག་ལོ་རྒྱུས་ཀྱི་ཀློང་ནས་མི་འཚོལ་བ་རེད། དེ་བས། ལོ་རྒྱུས་ ཞེས་པ་ནི་ལོ་ཡི་ཕྲེང་བ་ལ་བྱུང་ཟིན་གྱི་ཕྲེང་རྡོག་བརྒྱུས་མི་བརྒྱུས་ཙམ་ཅི་ལ་མིན་ཨང་།

ང་ཚོ་ལ་རང་བཙན་རང་བདག་གི་བཙན་པོའི་དཔུང་སྟོབས་ཤིག་གཟི་འོད་འཚེར་འཚེར་དང་བཀྲག་མདངས་ཤིག་ཤིག་གིས་རྒྱས་

མྱོང་སྲིད་ལ། ང་ཚོ་ལ་རང་སྐྱོང་རང་མགོན་གྱི་ཕྲུ་མའི་དཔུང་སྒར་ཞིག་རི་བོ་བརྩིགས་བརྩིགས་དང་རྒྱ་མཚོ་འཕྱུར་འཕྱུར་གྱིས་རྒོད་ཀྱང་མྱོང་ ། ང་ཚོ་ལ་ཆོས་དར་ཆོས་སྤེལ་གྱི་རིག་གནས་སྤམ་མཐོ་ཞིག་སྡོང་རྩ་རྒྱས་རྒྱས་དང་ཡལ་ག་འཛེང་འཛེང་གིས་དར་མྱོང་སྲིད་ལ། ང་ཚོ་ལ་མྱི་

དགག་མྱི་བཅོམ་གྱི་རིག་གནས་འཆར་ཡན་ཞིག་སྤྲིན་པ་འཐིབ་འཐིབ་དང་ཆར་བ་འབབ་འབབ་ཀྱིས་བྱོ་ཡང་མྱོང་། གང་ལྟར་ཀྱང་འདི་དག་

ཐམས་ཅད་ང་ཚོའི་མིག་ལམ་དུ་དགྲམ་དུ་ཡོད་ཅིང་རྣ་ལམ་དུ་གྲགས་པར་ཡོད་པ་ནི་སྨྱུག་ཐོགས་པའི་ཐོ་འགོད་ཀྱི་བྱས་འབྲས་ཅི་ལ་མིན་ཨང་ །

གལ་ཏེ་སྨྱུག་ཐོགས་པ་འདི་དག་མེད་པར་གྱིས་ཤིང་། གཞོམ་པར་བཏང་ཞིང་། རྩ་རྫོགས་བྱས་ཚེ། ང་ཚོས་ཇི་ལྟར་ང་ཚོའི་ཡབ་མེས་

ཀྱི་ངོ་གདོང་ལ་ལྟ་ཐུབ་བམ། ཡང་ན་ཟིན་བྲིས་དང། བྲིས་དེབ།ཐོ་འགོད།རེག་ཟིག་ཐན་ཐུན་འདི་ཙམ་ཡང་ཆུ་ལ་བསྐྱུར་ཞིང་མེ་ལ་སྦར་ནས་ ཤུལ་མེད་རོ་མེད་དུ་བཏང་ན། ང་ཚོས་ཅི་ཞིག་གང་ཞིག་སུ་ཞིག་ལ་དཔེ་ལྟ་བྱེད་ཨང་།

དེ་ལྟ་བས་ན། ལོ་ཡི་འཁོར་མོའི་ཁྲོད་ཀྱི་བྱུང་ཟིན་དག་ཐོ་རུ་འགོད་པ་དང་ངག་ནས་སྤེལ་བ་ནི་ལོ་རྒྱུས་ལ་བདེན་པ་འཁུར་བ་དང་ལོ་

རྒྱུས་ལ་རྒྱུས་ལོན་བྱེད་པ། ལོ་རྒྱུས་ལ་འཁུར་ཐང་བླངས་པའི་ལག་རྗེས་ཅི་ལ་མིན་ཨང་།

འདི་ལྟར་བགྱི་བ་ཞིག་གི་དང་བླངས་ལ་བརྩོན་ཚེ།སྲིད་འབྲེལ་ལོ་རྒྱུས་འབྲི་མཁན་ལྟར་དུ་མཁས་ཆེན་དབང་ཆེན་གྱི་གདན་ཐོབ་ཡོད་

མི་སྲིད་ལ། ཆོས་འབྲེལ་གདན་རབས་འབྲི་མཁན་ལྟར་དུ་ལྷ་ཆེན་བླ་ཆེན་དུ་བཀུར་བའི་ངོས་འཛིན་ཡང་བྱ་མི་སྲིད། ཡིན་ཡང་། ང་ཚོས་མི་ བུ་བྱེ་བྲག་པ་དང་སྒེར་མི་སོ་སོ་བའི་རིག་པ་ཡན་གར་བ་ཞིག་དང་སེམས་དྲན་ཐན་ཐུན་ཞིག་ལྟ་ཞོར་དང་བསམ་ཞོར་དང་འབྲི་ཞོར་དུ་འགྲོ་

ངེས་ཙམ་ཡིན། དེ་ལྟ་བས་ན། ང་ཚོས་རང་གི་མིག་དང་། རང་གི་སེམས། རང་གི་ཀླད་པས་རང་འབྲེལ་རང་མཐོང་རང་ཤ ར་རང་རྟོག་རང་ འཁྱོངས་རང་འགྲུབ་ཀྱི་དོན་དག་ཙག་ཙིག་ཐོ་རུ་འགོད་པར་བྱ།

དང་པོ། འབྱུང་འཇིག་དང་བོད་ཡུལ།

འགྲོ་བ་མིའི་རིགས་ཇི་སྲིད་འཚོ་བ་དེ་སྲིད་དུ་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ལ་ཚར་རྒྱུ་མེད་ལ།འགྲོ་བ་མིའི་རིགས་ཀྱི་ཤེས་

རབ་ལས་འཁྲུངས་བའི་རིག་གནས་ཀྱི་དཔལ་ཡོན་ཇི་སྲིད་གནས་པ་དེ་སྲིད་དུ་རང་བྱུང་ཁམས་ལ་བརྟེན་པའི་འབྲེལ་ཐག་ནམ་ཡང་གཅོད་

མི་སྲིད། ཡང་ན། འགྲོ་བ་མིའི་རིགས་ཀྱི་རིག་གནས་དཔལ་ཡོན་གྱི་འཕེལ་རིམ་དེ་ཡང་རང་བྱུང་ཁམས་ལ་འབྲེལ་འཛུགས་ཀྱིས་རང་བྱུང་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

32


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

འདུལ་སྦྱོང་དང་རྒྱུས་ལོན་བྱས་པ་ལས་བྱུང་བའི་བརྩོན་འབྲས་རེད་ཅེས་བརྗོད་ཆོག་ལ། རང་བྱུང་གི་སྣང་ཚུལ་རེ་རེས་འགྲོ་བ་མིའི་རིགས་

ཀྱི་བློ་གྲོས་ལ་འཕེལ་འགྲིབ་དར་རྒུད་སྣ་ཚོགས་བྱུང་དུ་བཅུག་མྱོང་བས་མིའི་ཤེས་རབ་ཀྱི་འཕར་ཆག་དེ་ཡང་རང་བྱུང་ཁམས་ཀྱི་རྗེས་སུ་འགྲོ་

ལྡོག་བྱེད། གཞན་དུ་ན། འདི་ལྟར་སྤྲོ་ཡང་ཆོག་སྟེ། མིའི་རིགས་ཀྱི་བློ་གྲོས་དང་ཤེ ས་རབ་ཀྱི་འཕེལ་བ་མཐའ་དག་རང་བྱུང་ཁམས་དང་ མ་འབྲེལ་བ་གཅིག་ཀྱང་མེད་པས། འགྲོ་བ་མིའི་རིགས་ཀྱི་བློ་གྲོས་འཕེལ་ཞིང་རྒྱས་བར་བྱེད་པའི་རྒྱུ་རྐྱེན་ལ་ཕྱོགས་གཉིས་སུ་བསྡུ་ཆོག་

སྟེ། རང་བྱུང་ཁམས་ཀྱི་ཁྱབ་ཁོངས་ན་གཞི་གྲུབ་པའི་མགོ་ནམ་མཁའི་མཐོངས་དབྱིངས་དང་འོག་ས་གཞི་ཆེན་པོ་གཉིས་སོ།། འདི་གཉིས་ ལ་རྒྱུས་ལོན་དང་འབྲེལ་འཛུགས་དང་སྔོག་འདོན་ལས་རང་བྱུང་གི་སྣང་ཚུལ་འདྲ་མིན་སྣ་ཚོགས་བསྐྱེད་སྲིད་པ་རེད། དེར་བརྟེན་མིའི་ཐབས་ ཤེས་འགྲིག་ན་ཕན་ཚུན་འཆམ་མཐུན་ཡིན་ལ། མིའི་ཐབས་ཤེས་མ་འགྲིག་ན་ཕན་ཚུན་ནང་འགལ་ཡིན།

གཅིག སྤྱི་ཟླ་བཞི་བའི་ཁམས་སྐྱེ་རྒུའི་ས་ཡོམ།

འཛམ་གླིང་སྤྱི་ལུགས་ཀྱི་ངོས་ནས་བཤད་ན། དཔྱིད་དུས་ཀྱི་ཟླ་དཀྱིལ་དུ་གཏོགས་པས་རྩྭ་རྩི་ཏོག་གི་སྔོ་ལྗང་གང་སར་འཕྲོ་བཞིན་

པའི་སྒང་དང་། ང་ཚོ་བོད་ཁྱིམ་མཐོ་སྒང་གི་ངོས་ནས་བཤད་ན་ད་དུང་འཁྱག་གྲང་ལས་མ་ཐར་བའི་ངང་ལ་ས་ཆེན་པོས་འདར་གསིག་གི་ཆོམ་

སྒྲ་བརྒྱབ་བྱུང་། ཏག་ཏག་ཆོས་ལྡན་ཆོས་དད་ཀྱི་དག་ཞིང་དུ་འབོད་པའི་འཛམ་གླིང་གི་གངས་ལྗོངས་དབུལ་ཁྱིམ་འདི་ལ་སུ་ཞིག་གི་སྙིང་ རྗེས་བསྲུང་མ་ཐུབ་ལ། གང་ཞིག་གི་སྤྲུལ་མཐུ་ཡིས་བཟློག་མ་ཐུབ་པར་རང་བྱུང་གི་འཇིག་པ་གནམ་ལ་མི་ཤོང་བ་ཞིག་བརྒྱབ་བྱུང་། ད་ལྟའི་ བར་དུ་ང་ཚོའི་ཡབ་མེས་དང་ང་ཚོས་རང་བྱུང་སྣང་ཚུལ་འདིས་མཚོན་པའི་བྱུང་དང་འབྱུང་ངེས་ཀྱི་རང་བྱུང་སྣང་ཚུལ་ཐམས་ཅད་ལ་འཁྲུལ་

མིག་དང་འཁྲུལ་ཤེས་ཀྱིས་གཟིགས་པ་ལས་དངོས་མིག་དང་དངོས་ཚོར་གྱིས་བལྟས་མ་མྱོང་། ཡང་ན་མི་ལོ་སྟོང་ཕྲག་མང་པོར་མཆོད་ཅིང་

བཀུར་བའི་ལྷ་འདྲེ་གདོན་བགེགས་ཀྱི་མིང་བརྡ་སྤྱོད་པར་བྲེལ་བའི་རིག་གནས་དེས་ང་ཚོ་ལ་ཅི་ཞིག་བསྩལ་མྱོང་། ཐམས་ཅད་ལས་དབང་ ལ་དབང་བཅོལ་ཞིང་ཡོད་ཚད་ལྷ་འདྲེ་ལ་འགེལ་སྲིད་པ་རེད། དེ་བས་ད་ནི་ང་ཚོས་མི་བུའི་མིག་དབང་དང་མི་བུའི་བློ་རིག་ལ་བརྟེན་ནས་ཡང་ བསྐྱར་ང་ཚོའི་སྣང་བ་བན་བུན་ལ་ཚ་འདྲི་དགག་གཞག་བྱ་འོས། ལྷག་ཏུ་ང་ཚོ་སྟེ་གངས་ཅན་པའི་གདུང་འདེགས་ཀ་བ་རུ་འབོད་པའི་མཁས་ དབང་མཁས་ཆེན་ཚོ་དང་། སློབ་དཔོན་ཆེན་མོ་དག བླ་ཆེན་བླ་སྤྲུལ་ཀུན། སློབ་ཆེན་སློབ་མ་རྣམས། ལས་བྱེད་ཉམས་མྱོང་ཅན་སོགས་ ཡོད་ཚད་ཀྱིས་དེའི་སྐབས་སུ་བསྟན་དང་སྟོན་བཞིན་པའི་རྟགས་དང་རྟགས་མཚན་ལས་ང་ཚོར་ད་དུང་ཅི་ཞིག་གིས་དཀོན་པ་དང་གང་ཞིག་

གིས་རྡུགས་པ་མི་མཐོང་ངམ། དེའི་སྐབས་ཀྱི་སེམས་ཚོར་ཏེ་གདུང་སེམས་དང་བརྩེ་སེམས་མཚོན་བྱེད་ཀྱི་སྙན་ངག་ཙམ་ལས་ཅི་ཡང་མེད་ པ་མ་ཡིན་ནམ། ཡང་ན་ཚང་མ་ཁོང་ཁྲོ་ཏོག་ཙམ་སློང་བའི་སྐད་ཆ་རྣོན་པོ་རེ་བཤད་ན། མི་སྡུག་པ་ལ་གདུང་སེམས་དང་སྐྱོ་སེམས་སྟོན་པ་ནི་

འགྲོ་བ་མིའི་རིགས་ཁོ་ན་ཙམ་དུ་མ་ཡིན་པར་སྲོག་ལྡན་ཐུན་མོང་ལ་གཞི་མཐུན་དུ་གྲུབ་པའི་སེམས་ཚོར་ཞིག་ཡིན་པས། མི་བུའི་བློ་རིག་དང་ ཤེས་རྒྱའི་འཕེལ་རིམ་གྱི་ཆ་ནས་བཤད་ན་མི་ལ་རིགས་གཉིས་ཡོད་དེ། རང་བྱུང་གི་མི་དང་སྤྱི་ཚོགས་ཀྱི་མིའོ།། འདི་ལྟར་ན་རྣམ་འགྱུར་དེ་ དག་ནི་སྤྱི་ཚོགས་ཀྱི་མི་རུ་མ་གྲུབ་པའི་ཡར་སྔོན་གྱི་རང་བྱུང་མིའི་ཁྱད་གཤིས་ཀྱི་དགའ་མདོག་སྐྱོ་མདོག་བསྟན་པ་ཙམ་དུ་ཟད། དེར་ང་ཚོའི་

གཡང་ཁྱིམ་དུ་འབོད་པའི་མཐོ་སྒང་འདི་ལ་ས་ཡོམ་འབྱུང་ངེས་པ་ཞིག་དང་ས་ཡོམ་ལས་ཐར་མི་ཐུབ་པ་ཞིག་ཡིན་ངེས་ཞེས་བརྗོད་པའི་རིག་ གཞུང་ཞིབ་འཇུག་གི་ཆེད་དེབ་ཅིག་ལྟ་ཞོག ཐ་ན་དེ་ལྟར་ཡིན་ངེས་སྟོན་པའི་རྩོམ་ཡིག་གནས་ལུགས་ཅན་ཞིག་ཀྱང་ཕལ་ཆེར་མཐོང་མ་ཐུབ།

(སྐབས་ཐོག་དེའི་དྲ་རྩོམ་དང་གཞུང་གཉེར་དུས་དེབ་སྦྲང་ཆར་སོགས་ལ་བལྟས་ནས་བཤད་པ་ཡིན)ཏག་ཏག་གཞན་ལ་ཁག་འགེལ་

ཁག་དཀྲི་བྱེད་པ་ཙམ་དང་། ས་ཆེན་པོར་སྡིག་དམོད་འཁང་ར་བྱེད་པ་ཙམ་ལས། རང་ས་རང་ཡུལ་འདིའི་ས་ཁམས་ཏེ་ཕྱིའི་ཆགས་ལུགས་

ཙམ་མ་ཡིན་པའི་སའི་གཏིང་རིམ་གྱི་གྲུབ་ལུགས་ལ་ཡང་གསལ་ཁ་ཡང་དག་འདོན་ཐུབ་པ་ཅི་ཙམ་ཡོད་དམ། དེ་བས་ང་ཚོས་ཕྱི་གླིང་བ་ཆེ་གེ་ མོ་ཞིག་གིས་ང་ཚོ་བོད་ཀྱི་རིག་གནས་ནི་འཛམ་གླིང་ལ་དཀོན་པའི་རིག་གནས་རྩ་ཆེན་ཞིག་རེད་ཅེས་སྒྲོག་པ་ལ་དགའ་སྣང་བསོར་སྣང་སྐྱེས་ 33

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

ནས་རང་མགོ་རང་གཡོག་འདིས་ཕན་ཨེ་ཡོད་དམ། ཕྱི་གླིང་བ་དག་གིས་རང་ཉིད་ཀྱི་དགོས་མཁོ་ལྟར་བརྗོད་པ་ཡིན་པའི་རིག་གྲིམ་ལ་ང་ ཚོས་ཐོག་མར་བསམ་བློ་འཁོར་དགོས། མིན་ན་ཁོ་བོས་བཤད་པ་ཡོད་ཚད་ཁོང་ཁྲོའི་རྒྱུ་རུ་གྱུར་འགྲོ། རྒྱུ་མཚན་ནི་མི་ཐམས་ཅད་དམིགས་ ཡུལ་ཡོད་མཁན་ཅན་རྐྱང་རྐྱང་ཡིན་པས་སོ།། དེ་བས་དེ་དག་གི་རྗེས་སུ་འབྲང་བ་ནི་ཏག་ཏག་ཁ་ཕྱི་འཁོར་གྱི་ཁ་ཡང་སྤྱོད་ཡང་བྱས་པའི་ཨ་

འདྲོགས་བྱ་འདྲོགས་ཀྱི་རང་གཟུགས་བསྟན་པ་ཙམ་ལས་ཁ་ནང་འཁོར་གྱི་རང་སྐྱོན་རང་གིས་བསལ་བའི་སེམས་ཐོགས་ཞེ་ཐོགས་ཤིག་ཏུ་ ཡིན་པར་མི་སྣང་། རང་བྱུང་སྣང་ཚུལ་ཞིག་བཟློག་མི་ཐུབ་ན་མི་སྐྱོན། འོན་ཀྱང་རང་བྱུང་སྣང་ཚུལ་ཞིག་ལ་གདོང་གཏོད་ཐུབ་པའི་ཚན་རིག་ ཤེས་བྱས་མ་ལྡེང་ན་ཇི་ལྟར་བྱ། དེར་བརྟེན་ང་ཚོའི་རིག་གནས་ཀྱི་མཐོང་སྟོབས་དང་ཁྱད་ནུས་ཅི་འདྲ་ཞིག་ཡིན་པ་ངེས་ཐུབ་ལ། ང་ཚོས་

སྦྱངས་དང་སྦྱོང་བཞིན་པའི་བསླབ་གཞིའི་གཏིང་ཚད་དང་ཁེབས་ཚད་ཀྱང་རྟོགས་ཐུབ། དེ་བས་ང་ཚོའི་རིག་གནས་ཀྱི་སྒྲིག་གཞི་ནི་ད་དུང་ ཆིག་རྐྱང་དང་རབ་རིབ་ཙམ་རེད་ལགས། དེར་ཁོ་བོས་ས་ཡོམ་དང་དེ་འབྲེལ་གྱི་འབོལ་རྩོམ《བླ་སྒུལ་སེམས་གཡོ》ཞེས་པ་ཞིག་བྲིས་ ཡོད་པར་རང་ཚོད་ཀྱི་ངོམ་རུང་གི་དཔྱད་འབྲས་ཅུང་འཚམ་པོ་ཞིག་ཡིན་པར་འདོད། རང་ཉིད་ནི་མ་འོངས་སྔོན་མཁྱེན་བྱ་ཐུབ་པའི་བླ་མ་ལྟ་བུ་

མ་ཡིན་རུང་། རང་ཉིད་ནས་གདེང་ཚོད་ཆེན་པོས་བཤད་ཕོད་པ་ནི་ང་ཚོའི་མཐོ་སྒང་གཡང་ཁྱིམ་འདི་ལ་ད་དུང་མུ་མཐུད་དུ་ས་ཡོམ་ལ་སོགས་ པའི་རང་བྱུང་གནོད་འཚེ་འབྱུང་ངེས་ཁོ་ཐག་ཡིན་ཞེས་པའོ།། གཞན་གནོད་འཚེ་དང་འབྲེལ་བའི་མྱ་ངན་འདུ་ཚོགས་ནི་གྲོང་ཁྱེར་ན་ཡོད་པའི་

སློབ་ཆེན་གྱི་བོད་ཀྱི་སློབ་ཆེན་པ་དང་རྫོང་མཁར་གྱི་སློབ་འབྲིང་། དགོན་སྡེ་སོ་སོ། ཚོགས་པ། མི་བུ་སྒེར། དྲ་ཚུགས་སོ་སོ་སོགས་ནས་མ་ སྐུལ་དང་བླངས་ཀྱིས་བསྒྲུབས་ཡོད་པ་ལ་ང་ཚོས་བཀའ་དྲིན་མི་ཆུང་བ་ཞུ་ངེས།

གཉིས། སྤྱི་ཟླ་བརྒྱད་པའི་འབྲུག་ཆུའི་འདམ་རུད།

ས་ཡོམ་ནི་སའི་གོ་ལ་ནང་རིམ་ནས་བྱུང་བའི་རང་བྱུང་གནོད་འཚེ་ཞིག་ཡིན་ན། འདམ་རུད་ནི་སའི་གོ་ལའི་ཕྱི་རིམ་ནས་བྱུང་བའི་རང་

བྱུང་གནོད་འཚེའི་སྣང་ཚུལ་ཞིག་ཡིན། ས་ཡོམ་ནི་རང་སྟེང་ནས་གནོད་འཚེ་དེ་འདྲ་ཆེ་བ་མ་ཡིན་པར་དེ་འབྲེལ་གྱི་ས་གཞི་གས་རྡིབ་བརྒྱབ་

པ་ལས་བྱུང་བའི་ཁང་རྡིབ་ཁང་ལོག་དང་རགས་ཤོར་ཆུ་བརྡོལ་གྱི་གནོད་པ་ཆེ་བ་ཞིག་ཡིན། འདམ་རུད་ནི་རང་སྟེང་ནས་གནོད་འཚེ་ཧ་ཅང་ ཆེ་བ་སྟེ་ཁང་མནན་ཞིང་སྣུབ་ཀྱིས་ཡོད་ཚད་མུན་ནག་ལ་འཇུག་སྲིད་པའི་བཞུར་རྒྱུན་ཅན་གྱི་གནོད་པ་ཞིག་ཡིན། ས་ཡོམ་འབྱུང་རྐྱེན་ལ་ སའི་གོ་ལ་ནང་ཁུལ་གྱི་གྲུབ་ལུགས་ཏེ་དུམ་ལེབ་ཕན་ཚུན་ཐོད་གཏུག་དང་ཁ་གྱེས་ལས་བསྐྱེད་པའི་རང་བྱུང་རྒྱུ་རྐྱེན་དང་། སའི་གཏིང་རིམ་ གྱི་གཏེར་ཁ་སྔོག་འདོན་དང་ཉིང་རྡུལ་མཚོན་ཆ་བཀོལ་བའི་མིའི་རིགས་ཀྱི་བྱེད་སྒོ་སྟེ་སྤྱི་ཚོགས་རྒྱུ་རྐྱེན་བཅས་ཕྱོགས་གཉིས་ཡོད་པ་རེད།

འདམ་རུད་ནི་ཕལ་ཆེར་མིའི་རིགས་ཀྱི་བྱེད་སྒོ་སྟེ་ནགས་བཅད་སྔོ་བྲེག་དང་གཏེར་སྔོག་གཏེར་འདོན་ལས་བསྐྱེད་པ་ཡིན་པས་སྤྱི་ཚོགས་རྒྱུ་

རྐྱེན་ཤུགས་ཆེ་བ་ཞིག་ཡིན། དེས་ན། ས་ཡོམ་ནི་མཐོ་སྒང་འདིའི་གནས་དང་ཡུལ་གྲུ་གང་ལའང་འབྱུང་ངེས་པའི་གནོད་འཚེ་ཞིག་ཡིན། འདམ་རུད་ནི་རི་ཁུལ་དང་ལུང་ཁོག་དང་རོང་ལ་འབྱུང་བའི་གནོད་པ་ཞིག་ཡིན། ས་ཡོམ་ལ་དུས་ཚིགས་ཀྱི་གདམ་གསེས་མེད་པའི་ལོ་ཁོར་

མོ་ཡུག་ལ་དོགས་དགོས་པ་ཞིག་ཡིན། འདམ་རུད་ནི་དབྱར་སྟོན་གྱི་ཆར་ཆུ་མོད་དུས་མ་གཏོགས་མེད་པའི་ཆུ་ལོག་རང་བཞིན་གྱི་ངོ་བོ་ལྡན་ པའི་བྱེ་འདམ་འདྲེས་བཞུར་གྱི་གནོད་པ་ཞིག་ཡིན།དེས་ན། མདོ་དབུས་མཐོ་སྒང་ལ་མཚོན་ན་ས་ཡོམ་ནི་ས་དབྱིབས་ཆགས་ལུགས་ཀྱི་དབྱེ་ བ་མེད་པའི་ཐུན་མོང་གི་གནོད་གཞི་ཞིག་ཡིན། འདམ་རུད་ནི་ས་དབྱིབས་ཆགས་ལུགས་ཀྱི་དབྱེ་བ་མངོན་གསལ་དུ་ཡོད་པ་སྟེ་མདོ་དབུས་

ཁམས་རོང་དུ་གྲགས་པའི་རོང་གི་ཡུལ་དག་ཡིན། ཡང་ན་ལུང་རོང་གི་ཆུ་འགྲམ་གྲོང་སྡེ་དག་ཡིན། མདོར་ན། འདམ་རུད་ནི་འབྱུང་དུས་ དབྱར་སྟོན་ཡིན་ལ་འབྱུང་ཡུལ་ལུང་རོང་ཡིན་ཞིང་འབྱུང་རྐྱེན་མིའི་རིགས་ཀྱི་ས་རྐོ་རྡོ་སློག་དང་རྩྭ་འབྲེག་ནགས་གཅོད་ཀྱིས་སྔོ་ཁེབས་བརླག་

ཅིང་གཏོར་བའི་ངན་འབྲས་ཡིན། གནས་ལུགས་འདི་དག་ནི་ང་རང་གིས་སྤམ་བཤད་ཚོད་བཤད་བྱེད་པ་ཙམ་མ་ཡིན་པར། རང་རིགས་ཀྱི་

སློབ་འབྲིང་གི་བསླབ་དེབ་དུ་བདམས་ཡོད་པའི་ས་རྒྱུས་སམ་ས་ཁམས་ཀྱི་རྨང་གཞིའི་ཤེས་བྱ་རེད། དེར་ང་རང་གིས་རྨང་གཞི་ཤེས་བྱ་དང་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

34


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

ཚན་རིག་རྒྱུན་ཤེས་ཀྱི་ཤེས་བྱ་དག་བཀོལ་སྤྱོད་བྱས་པ་ཙམ་ཡིན། དེ་བས་རང་བྱུང་གནོད་འཚེ་འདི་དག་ནི་ཐིག་བརྒྱད་ལོར་ལུང་དགུའམ་ ཁྲི་ཚང་དུ་བྱུང་བའི་ས་ཡོམ་དང་འབྲེལ་བའི་བོད་པ་ཚོའི་ཟེར་སྒྲོས་ཏེ་བླ་ཆེན་གང་རུང་ཞིག་གིས་མཐུ་བཏང་བ་དང་དངོས་མཐོང་མྱོང་འབྲས་ཀྱི་ རྣམ་སྨིན་འཁོར་བར་བཤད་པའི་བཤད་ཡམས་ཆེ་བ་དེའི་རྗེས་སུ་འབྲངས་བ་མ་ཡིན་པར། ཚན་རིག་རྒྱུན་ཤེས་སྐོར་གྱི་རང་བྱུང་ས་ཁམས་

ཆགས་ལུགས་ཀྱི་རྗེས་སུ་འབྲངས་བ་ཡིན། ཡང་ན་ཤེས་བྱ་འདི་དག་ང་ཚོའི་བསླབ་དེབ་ན་མེད་པའམ་མ་སློབ་པ་དང་མ་སྦྱངས་བ་མ་ཡིན་

པར། ཏག་ཏག་ང་ཚོས་རྩོམ་འབྲི་དུས་རྒྱུན་ཤེས་འདི་དག་བཀོལ་སྤྱོད་མི་བྱེད་པ་ཙམ་དུ་ཟད། དེ་མ་གཏོགས་ངས་གསར་བཤད་དང་ཚོད་ བཤད་བྱས་པ་གང་ཡང་མིན།

གསུམ། སྤྱི་ཟླ་དགུ་བའི་རེབ་གོང་གི་ཆུ་ལོག

གནོད་འཚེ་འདི་ནི་འཇིག་པ་བཞིའི་ཡ་གྱལ་ཏེ་ཆུའི་འཇིག་པ་ཡིན་པ་རེད། འབྱུང་དུས་དང་འབྱུང་ཡུལ་གོང་གི་འདམ་རུད་དང་འདྲ།

འབྱུང་རྐྱེན་ལ་ས་ཡོམ་ལྟར་དུ་ཕྱོགས་གཉིས་ནས་ཡོད་པ་རེད། ལར་སྤྲོ་རྒྱུ་ཐམས་ཅད་གོང་གི་འདམ་རུད་དང་ཕལ་ཆེར་འདྲ་བས་མང་པོ་མ་

བཤད་ན་ཆོག་མོད། འོན་ཀྱང་ཆུ་ལོག་འབྱུང་བའི་སྐབས་སུ་རེབ་གོང་ཁོག་གི་བླ་ཆེན་གང་རུང་ཞིག་གིས་དབང་བསྐུར་བྱེད་བཞིན་ཡོད་པའི་

སྐབས་སུ་འཁེལ་ཡོད་པར་གྲགས་ན། འཕྲོས་རྒྱུ་འདི་ཙམ་ཡོད་དེ། མི་མང་བསམ་ནས་ཆོས་ཀྱི་གདམས་ངག་གི་དབང་ཆེན་བསྐུར་བ་ནི་ དགེ་བའི་ཡང་དགེ་ཡིན་རུང་། ད་ལྟར་འཛམ་གླིང་གི་སྤྱི་གཞུང་དང་སྒེར་བ་དང་ཤ ོག་སྡེ་སུ་ཞིག་གིས་བྱ་འགུལ་ཅི་རིགས་སྤེལ་བར་ཐོག་མར་

ཡུལ་དུས་དང་དེ་ནས་འདུ་མིའི་བདེ་འཇགས་ལ་ཡང་སྔ་མོ་ནས་རང་ཚོད་ཀྱི་གོ་སྒྲིག་ཚགས་ཆུད་འོས་འཚམ་བྱས་དང་བྱེད་ཀྱིན་ཡོད་པ་ལ། རྗེས་ཕྱོགས་ནས་ང་ཚོས་ཀྱང་འདི་འདྲའི་ཚོགས་ཆེན་འཚོགས་དུས་སྔ་མོ་ནས་གནམ་གཤིས་འགྱུར་ལྡོག་དང་སྐབས་ཐོག་གི་འགྱུར་བ་སྣ་ ཚོགས་དེ་དེར་འཛོམས་ཀྱི་ཕྱོགས་ཡོང་ཚོར་ཆ་འཕྲིན་གྱི་ཚུལ་དུ་རྣ་ལམ་དུ་བསྒྲོན་ན་ཅི་འདྲའི་མི་ཆོག་ཨང་།

གཞན་ལོ་འདིའི་དབྱར་སྟོན་མཚམས་སུ་ན་གོར་མོའི་ཕྱོགས་ལ་ཡང་ཆུ་ལོག་རྒྱུག་པར་གྲགས། མ་ཟད་མགྱོགས་སྐྱེན་མྱུར་བྲེལ་གྱི་ཆ་

འཕྲིན་འཕྲིན་ལམ་ལ་མ་བཀོད་ཅིང་མྱི་ཁ་མྱི་གཏམ་ལ་མ་གྲགས་པའི་ཡུལ་ལུང་བྱེ་བྲག་པ་མང་པོའི་ཆུ་ལོག་ལ་སོགས་ཀྱིས་མཚོན་པའི་རང་ བྱུང་གནོད་འཚེ་ཆེ་ཆུང་ཅི་རིགས་ཡོད་པ་ཡང་གདོན་མི་ཟ།

གཉིས་པ། སྲིད་ཇུས་དང་བོད་ཡུལ།

རྒྱལ་ཁབ་ཅིག་གི་དབང་འཛིན་དུ་གྲགས་པའི་སྲིད་གཞུང་གང་དེས་རང་གི་མངའ་འབངས་ཀྱི་འཚོ་གནས་བདེ་སྐྱིད་དང་འཚོ་སྡོད་བདེ་

འཇགས་ཀྱི་ཆེད་དུ་མིག་ཡར་ལྟ་དང་སེམས་ཡར་འཁོར་གྱིས་སྲིད་ཇུས་འདྲ་མིན་སྣ་ཚོགས་ལག་ལེན་དུ་བསྟར་སྲིད་ལ། དེ་ནི་དགོས་ངེས་ ཤིག་དང་། སྒྲུབ་འོས་པ་ཞིག མངོན་དགོས་པ་ཞིག

དོན་ལྡན་ཞིག་ཀྱང་ཡིན་ངེས། ཡིན་ཡང་། རྒྱལ་ཁབ་གང་དེའི་སྲིད་གཞུང་གིས་

མངོན་པར་བསྟར་ལུགས་ཀྱི་ལམ་ལུགས་མི་འདྲ་བ་དང་། ལམ་ལུགས་གང་དེའི་ཁ་གཏོད་ཡུལ་མ་འདྲ་ན། སྲིད་ཇུས་གང་དེའི་ལག་བསྟར་ བྱ་ལུགས་ཀྱང་མི་འདྲ་བས། སྲིད་ཇུས་ཐམས་ཅད་སྐྱོན་བྲལ་དགེ་འཛོམས་ཤིག་ཡིན་པས་མ་ཁྱབ། ཡང་ན་རྒྱལ་ཁབ་ཅིག་ལ་མི་དམངས་

ཅི་ལྟ་བུ་ཞིག་ཡོད་ན་དབང་འཛིན་པ་དེ་ལྟ་བུ་ཞིག་ཡོད་ཟེར་བ་ལྟར། སྲིད་ཇུས་གང་དེ་ནི་དབང་འཛིན་པས་མི་དམངས་ཀྱི་འདོད་ཁམས་དང་ འཁྱེར་སོ་ལ་བརྟག་ནས་ལག་ཏུ་བསྟར་བ་ཞིག་ཡིན་ཡང་སྲིད།

གཅིག བོད་པའི་སྡོད་ཁང་གསར་ལས།

ཐིག་བརྒྱད་ལོའི་རྗེས་ནས་བོད་ཁམས་ལ་གསར་འགྱུར་དང་འགྱུར་ལྡོག་ཡ་མཚན་ཞིག་ཡོད་པ་ནི་གང་སར་མཐོང་དུ་ཡོད་པའི་

དམག་དཔུང་ཤ ོག་སྡེ་དང་གང་སར་ལས་བྲེལ་ཆེ་བའི་ཁང་བ་གསར་བརྒྱག་དང་ལམ་བཏོད་ལམ་ལས་གསུམ་རེད། དེར་འབངས་ཁྱིམ་ 35

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

གསར་བརྒྱག་དང་འབྲོག་དམངས་གསར་སྡོད་ཅེས་པའི་ལས་གཞིའམ་རྣམ་གྲངས་འདི་ནི་ས་ཁུལ་སོ་སོའི་སྲིད་གཞུང་གིས་ཐིག་དགུ་ལོའི་

ལོ་སྨད་ནས་ཡིག་ཆ་བཀྲམས་ཏེ་ཐིག་བཅུའི་ལོར་ལས་འཆར་ཡོད་པའི་འོས་འགན་གལ་ཆེན་ཞིག་རེད། དེར་ས་ཁུལ་དང་ཡུལ་ལུང་སོ་

སོའི་སྲིད་གཞུང་དང་སྲིད་གཉེར་བའི་རྣམ་འགྱུར་མ་འདྲ་བའི་དབང་གིས་ལས་གཞི་འདི་ལ་མགྱོགས་བུལ་ཆེན་པོ ་ཤོར་ཡོད་པ་རེད། གང་ ལྟར་ཀྱང་འདི་ནི་ཐིག་བརྒྱད་ལོའི་བོད་པ་ཚོའི་ལས་འགུལ་གྱི་གྲུབ་འབྲས་ལྟར་སྣང་ཞིག་ཡིན་ཡང་སྲིད་ལ། དེ་ལ་ཁ་གཏད་ནས་མངོན་དུ་

བསྟར་བའི་དབང་འཛིན་པའི་སྲིད་ཇུས་ཀྱི་མངོན་ལུགས་ཤིག་ཡིན་ཡང་སྲིད། དེས་ན་འདི་ལས་ང་ཚོར་ངེས་ཤེས་འདི་འདྲ་ཞིག་རྙེད་རྒྱུ་ཡོད་ དེ། གཞན་ཕྱོགས་ནས།གཅིག་བྱས་ན། སྲིད་གཞུང་གང་དེས་འཕྲལ་བསྟུན་འཕྲལ་བསྟར་གྱི་ལམ་ལུགས་མངོན་སྟངས་ཤིག་ཡིན་ཡང་སྲིད།

གཉིས་བྱས་ན། བྱིས་པ་པྲ་ཆལ་ཞིག་ལ་ཀ་ར་བུ་རམ་གྱིས་སྐབས་འཕྲལ་ཙམ་གྱི་མགོ་གཡོག་མགོ་བསྐོར་གཏོང་བ་ལྟར་དངུལ་བསླུ་ཁང་ བསླུ་བྱེད་བཞིན་ཡོད་ཤས་མཆིས།གསུམ་བྱས་ན། ང་ཚོའི་འཚོ་བ་དང་ང་ཚོའི་རིག་གནས་དང་ང་ཚོའི་མི་གཤིས་སོགས་ཡུན་དང་ངང་གིས་

གཞན་འགྱུར་དང་རྩ་རྫོགས་བྱེད་པའི་རྒྱང་རིང་གི་ཕུགས་འདུན་དེའི་གཞི་སྒྲོམ་ཡིན་ཡང་སྲིད། རང་ཕྱོགས་ནས། གཅིག་བྱས་ན། ང་ཚོ་སྤྱི་ དམངས་ཀྱི་སྐད་འབོད་ཅི་འདྲའི་མཁོ་ཆེ་ཨང་། གཉིས་བྱས་ན། ང་ཚོར་རང་གི་སྒེར་དབང་དང་ཁེ་དབང་ངོས་ཟིན་གྱི་ཤེས་བྱ་ཞིག་ཅི་འདྲའི་

གལ་ཆེ་ཨང་། གསུམ་བྱས་ན། ང་ཚོས་ཁྲིམས་ལུགས་རྒྱུན་ཤེས་ཀྱི་ཤེས་བྱར་ཅི་འདྲའི་རེམ་ཆེ་ཨང་། བཞི་བྱས་ན། རིགས་ཀྱི་བདག་ཉིད་ ཁེ་དབང་བརྩོན་ལེན་ལ་ཅི་འདྲའི་འབད་དགོས་ཆེ་ཨང་། ལྔ་བྱས་ན། རང་རིགས་ཀྱི་སྤུན་ཟླའི་གདུང་སེམས་མཉམ་བསྐྱེད་ཅི་འདྲའི་དམ་ སྒྲིལ་བྱ་དགོས་ཨང་།

གཉིས། བོད་པའི་འདུ་འཛོམས་བཀག་སྡོམ།

ཕ་སྐད་འདུ་ཚོགས་འདི་ནི་རིགས་ཀྱི་རྟོགས་པ་སད་པའི་ཁེ་དབང་གང་གི་སྔོན་འགྲོ་རེད་ལ། རང་སྐད་རང་གིས་བདག་པོ་བརྒྱག་པའི་

འདུ་ཤེས་གང་གི་གཉིད་སད་རེད། ཡང་ན་རང་གི་རིག་གནས་ཀྱི་རྒྱུད་སྤེལ་གང་གི་ཕྲེང་ཐག་དང་རྩ་ལམ་ལ་ངེས་ཤེས་རྙེད་པའི་སྤྱི་ཚོགས་

ཀྱི་སྟོབས་ཤུགས་རེད་ལ། རང་རིགས་ཀྱི་འཚོ་གནས་དང་རིག་གནས་སོགས་སྲུང་ཞིང་སྐྱོབ་པའི་དབུགས་རྒྱུན་དང་ཁྲག་རྒྱུན་གང་གི་སྲོག་ རྩ་རེད། ཕ་སྐད་འདུ་ཚོགས་ཀྱི་རྦ་རླབས་འདི་ནི་ཐིག་དགུ་ལོར་བོད་ཡུལ་མཐོ་སྒང་ནས་འཕྱུར་བའི་རིག་གནས་སྣང་ཚུལ་ཞིག་རེད་ལ། དམངས་ཁྲོད་ནས་བསྒྲུབས་ཤིང་དམངས་ཁྲོད་རང་བཞིན་མངོན་གསལ་གྱིས་ཆེ་བའི་ཚ་ཚ་འུར་འུར་གྱི་བྱེད་སྒོ་བཟང་བོ་ཞིག་རེད། ཡིན་ ཡང་། སྲིད་གཞུང་གང་དེས་སྤྱི་ཚོགས་ལ་ལྟ་ལུགས་དང་སྤྱི་ཚོགས་ལ་ངོས་ཟིན་བྱེད་སྟངས་དང་སྤྱི་ཚོགས་ལ་དོ་དམ་བརྒྱག་ལུགས་མ་འདྲ་

ན། སྤྱི་ཚོགས་ཞེས་པ་ནི་ནམ་ཡང་ཆབ་སྲིད་གང་གི་ཁ་ལྟ་མྱིག་ལྟ་ལས་འདས་མི་ཆོག་པའི་གཞི་གྲུབ་སྒྲོམ་གཞི་ཞིག་ཏུ་ངོས་འཛིན་བྱེད་པ་

ལས། སྤྱི་ཚོགས་ཉིད་ནི་སུས་ཀྱང་ཚབ་བྱེད་མི་བཏུབ་པའི་རང་ཚུགས་རང་སྤེལ་གྱི་བག་ནུས་ཐོན་ཁུངས་ཁྱད་པར་བ་ཞིག་ལྡན་པའི་གཟུགས་

མེད་སྟོབས་ཤུགས་ཤིག་ཏུ་ནམ་ཡང་མི་ལྟ་བ་རེད། དེ་བས། སྤྱིར་བཏང་གི་སྤྱི་ཚོགས་རྩ་འཛུགས་ཕལ་བ་འདི་དག་ཀྱང་ཁྲིམས་འགལ་གྱི་བྱ་ སྤྱོད་དུ་ངོས་འཛིན་བྱེད་པ་ནི་འཛམ་གླིང་གི་ཁྲིམས་ལྡན་རྒྱལ་ཁབ་གང་ཞིག་གི་སྤྱི་དམངས་སུ་ཞིག་གིས་རྣར་འགྲོ་འམ། ཀྲུང་ཧྭ་མི་དམངས་

སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་ཁྲིམས་ནང་དུ་མི་རིགས་ས་ཁུལ་གྱི་ལས་བྱེད་དང་མི་དམངས་ཚང་མས་མི་རིགས་སྐད་ཡིག་རྒྱུན་འཛིན་དང་དར་ སྤེལ་བྱེད་དགོས་ཞེས་བཀོད་ཡོད་པ་མ་ཡིན་ནམ། ཞེས་ཁྲིམས་བཀོད་ཀྱི་ཡིག་ཆ་ཞིག་ངོམ་སོ་བྱེད་ཀྱང་སྲིད་པ་རེད་མོད། དོན་ངོ་མར་དེ་ནི་

ཤོག་ངོས་ཀྱི་བཅའ་ཁྲིམས་ཡིག་ནག་ཅིག་ཡིན་པ་ལས་དངོས་ཡོད་ཀྱི་ཕན་ནུས་ལྡན་པའི་ཁྲིམས་མཐུན་ལུགས་མཐུན་ཞིག་དུ་ང་ཚོས་མཐོང་ མ་ཐུབ། མ་ཟད་འཛམ་གླིང་གི་རྒྱལ་ཁབ་གང་ནས་ཀྱང་མི་རིགས་གང་དེས་རང་གི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་བྱེད་ཆེད་སྤེལ་བའི་

བྱ་འགུལ་གང་ཞིག་ནི་འོས་འགན་དང་ཁྲིམས་མཐུན་དུ་བརྩི་བ་ལས་ཁྲིམས་འགལ་ལུགས་ལྡོག་ཅིག་ཏུ་ལྟ་བ་ནམ་ཡང་མ་མཐོང་། དེ་ལྟ་དེ་ ལྟར་མངོན་བསྒྲགས་ཁྲོམ་བསྒྲགས་ཀྱིས་འདུ་འཛོམས་རྒྱ་ཆེར་འཚོགས་པ་ལྟ་ཞོག ཐ་ན་མི་མགོ་བཅའ་བཅུ་ཡས་མས་འཛོམས་པའི་སེམས་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

36


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

འཁུར་འགན་ལེན་གྱི་དང་བླངས་ཙམ་ལ་ཡང་འདི་ལྟར་ཟུར་གྱིས་གཅོད་ཅིང་གཡབ་ཀྱིས་འཕུད་ན་ ང་ཚོས“རིག་གསར”ལ་དྲན་རྟོག་བྱ་

དགོས་སོང་། གང་ལྟར་ཀྱང་འདུ་ཚོགས་མ་འཚོགས་ན་ཆོག་མོད། འོན་ཀྱང“སྤྱི་དམངས་ཚང་མར་གནས་ཚུལ་རྒྱུས་ལོན་གྱི་དབང་ཆ་དང་ མངོན་སྤེལ་དབང་ཆ། ཟབ་ཞུགས་དབང་ཆ། ལྟ་རྟོག་དབང་ཆ་བཅས་ལྡན་པ་ཡིན”ཞེས་ཏང་གི་ཚོགས་ཆེན་བཅུ་བདུན་པའི་ནང་དུ་གཏན་

འཁེལ་བྱས་ཟིན་པ་མ་ཡིན་ནམ། དེ་བས། ང་ཚོའི་སེམས་དང་ཀླད་པ་ནས་བརྡོལ་བའི་སྨྲ་བརྗོད་རང་དབང་གི་ཁེ་དབང་ལ་ནམ་ཡང་ཉམས་ པ་མེད།

གསུམ། བོད་པའི་སློབ་གསོ་ལམ་ལོག་ལ་འཇུག་རྩིས།

ང་ཚོ་བོད་ཁམས་ཀྱི་ད་ལྟའི་རྒྱལ་གཉེར་གཞུང་བཙུགས་ཀྱི་སློབ་གྲྭ་ཆུང་འབྲིང་དག་གི་སློབ་གསོ་གཉེར་སྟངས་ལ་རིགས་གཉིས་ཡོད་

དེ། གཅིག་ནི་རྒྱའི་སྐད་ཡིག་མ་གཏོགས་བསླབ་གཞི་གཞན་ ཐམས་ཅད་ཕ་སྐད་མ་ཡིག་གི་ལམ་ནས་ཁྲིད་པའི་རིགས་ཏེ་སྐད་གཉིས་སློབ་

གསོའི་འཁྲིད་ཐབས་རིགས་དང་པོ་རུ་མིང་བཏགས་ཡོད། གཉིས་ནི་བོད་ཡིག་མ་གཏོགས་བསླབ་གཞི་གཞན་ཐམས་ཅད་རྒྱ་སྐད་རྒྱ་ཡིག་གི་ ལམ་ནས་ཁྲིད་པའི་རིགས་ཏེ་སྐད་གཉིས་སློབ་གསོའི་འཁྲིད་ཐབས་རིགས་གཉིས་པ་རུ་མིང་བཏགས་ཡོད། འདི་ནི་སྲིད་གཞུང་གིས་ལོ་ངོ་ལྔ་

བཅུ་ལྷག་ལ་བོད་ཁམས་སུ་བསྟར་བའི་སློབ་གསོའི་སྐོར་གྱི་གཡས་དཀྱོགས་གཡོན་དཀྱོགས་ཀྱི་ལམ་བུ་ལ་བཅུག་བཅུག་པ་ལས་ཐོབ་པའི་ དངོས་མྱོང་སྟེ། རང་གཞན་གང་ལའང་ཕན་པའི་ལམ་བུ་དབུ་མ་བ་ཞིག་རེད་འདོད། དེ་མ་གཏོགས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་

ནང་དུ་བོད་ཡིག་མཁོ་མེད་སྨྲ་བའམ་དོན་མེད་སྨྲ་བ1་དང་ལོ་རབས་དགུ་ཅུའི་ནང་གི་བོད་ཡིག་ཕན་མེད་སྨྲ་བའམ་ཆོ་མེད་སྨྲ་བ2སོགས་ཁ་དར་

ནས་རང་རིགས་ཀྱི་སྐད་ཡིག་འདི་ཤི་མ་གསོན་གྱི་ལམ་ཁར་དེད་མྱོང་བ་རེད། ད་ཡང་ཡང་བསྐྱར་བོད་ཡིག་གི་རྒྱུན་གཅོད་འདོད་ཀྱི་ཁ་གཡང་ སྟེ། རྒྱལ་ཡོངས་ཐུན་མོང་ནས་བཀོལ་བའི་ཡི་གེ་སྟེ་རྒྱ་ཡིག་ཉིད་བོད་ཁུལ་དུ་ཆུང་བྱིས་པ་ནས་བཟུང་སྟེ་སློབ་ཁྲིད་བྱེད་ཐབས་ཀྱི་ཡི་གེ་ཁོ་

ནར་འདེམ་འཆར་བཏང་བ་ནི་བོད་ཡིག་མེད་པར་གཏོང་དགོས་ཞེས་བཀའ་ཡིག་ནས་དངོས་སུ་མ་སྒྲོག་པ་ཙམ་ལས་ཕུགས་ཀྱི་བསམ་འདུན་ དེ་ལྟར་ཡིན་པ་ལ་ཞེ་དྲག་ནས་ཐེ་ཚོམ་མེད། ད་དུང་རྒྱལ་སྤྱི་དང་རྒྱལ་ནང་ལ་ཁ་ཕྱོགས་ཆེད་དང་བོད་རིགས་སློབ་ཆེན་པའི་ལས་ཞུགས་ ཀྱི་ཚད་ཇེ་མཐོར་གཏོང་ཆེད། ཕ་ས་ཕ་ཡུལ་དར་རྒྱས་སུ་གཏོང་ཆེད་ཡིན་རབས་སོགས་གཞུང་སྒྲོག་དཔོན་གཏམ་གྱི་བཤད་ལུགས་དེ་ཡར་ བཤད་མར་བཤད་ཅི་འདྲ་བྱས་ཀྱང་ང་ཚོ་ལ་རྭ་གཅེས་ཁྲག་གཅེས་ཀྱི་བདེན་ཁ་ལོས་གསལ། དེ་ལྟར་ཁ་ཆེན་པོས་གསུང་ཆེན་པོ་སྒྲོག་དགོས་

དོན་རྩ་བ་ནས་མེད་པར་ཏག་ཏག་ང་ཚོ་ལ་དབང་བའི་མཐོ་སྒང་འདིའི་རང་བདག་གི་སྤྱི་ཚོགས་དེ་ང་ཚོར་སྤྲད་པས་ཆོག་སྟེ། དབང་ངེས་ཀྱི་

ཁེ་དབང་འདི་ཙམ་ཕྱིར་སྤྲད་པས་ཀྱང་ང་ཚོ་རྒྱལ་ནང་ལ་ཁ་ཕྱོགས་ངེས་ལ་རྒྱལ་སྤྱི་ལ་ཡང་དེ་ལས་ཀྱང་ཁ་ཕྱོགས་སྲིད། ལར་བཀའ་གསུང་

ཡིག་ཆ་ནི་ཡིག་ཆ་རང་རེད་མོད། འོན་ཀྱང་དེ་ལ་སྲིད་ཁྲིམས་ཀྱིས་རྒྱབ་རྩ་གནོན་བཞིན་རྒྱལ་ཁབ་ཀྱིས་སྒེར་གཅོད་ཀྱི་བཙན་གནོན་རང་ 1.བོད་ཁམས་ཧྲིལ་བོ་བཅིངས་འགྲོལ་བྱས་རྗེས་ཀྱི་ལོ་ངོ་བཅུ་ཕྲག་འགའ་སོང་བ་ན། རྒྱ་མིས་སྣེ་ཁྲིད་དེ་རྒྱལ་ཁབ་གཅིག་གི་མངའ་ཁོངས་སུ་མི་རིགས་ཚང་མས་སྐད་གཅིག་ཡིག་གཅིག་

སྦྱངས་ན་ཡི་གེ་སྦྱངས་བདེ་བ་དང་མི་རིགས་འཕེལ་མགྱོགས་པར་ཁ་གཡར་ནས་རྒྱ་ཡིག་ཁོ་ན་ཙམ་གྱིས་ཆོག་པར་འཛིན་པ་དང་། ཡང་བོད་ཡིག་གིས་སྐབས་དེ་དུས་ཀྱི་གསར་བྱུང་ཅ་ལག་

དག་གི་མིང་བརྡ་རྣམས་མཚོན་མི་ཐུབ་པས་ཡིག་དམན་དུ་བལྟས་པ་དང་རྒྱ་ཡིག་གིས་བྱ་དངོས་ཡོད་ཚད་ཇི་བཞིན་མཚོན་ཐུབ་པས་ཡིག་མཆོག་ཏུ་བལྟས། དེར་མཐུན་གྱིས་བོད་ཡིག་ རྗེས་ལུས་དང་རྒྱ་ཡིག་སྔོན་ཐོན་ཡིན་པར་མཁྲེགས་ལྟ་བྱེད་བཞིན་བོད་ཡིག་མེད་ནའང་ཆོག་པར་འཐུས་པའི་མཁོ་མེད་སྨྲ་བ་བཤད་ཡམས་སུ་སོང་བ་ལ་གོ ཞིབ་ལ་ཕེབས་བསྐྱོན་གནང་ནས་གསུང་བའི་པཎ་ཆེན་གྱི་གསུང་ཚིག་གི་ཟུར་ན་གསལ།

འདི་ནི་བོད་ཁམས་གཟིགས་

2.འདི་ནི་རང་རིགས་སློབ་འགྲིམས་པ་ཚོ་སློབ་ཆེན་ལས་མཐར་ཕྱིན་རྗེས་ལག་ཏུ་བྱ་བ་མ་རག་པ་ལ་རྐྱེན་བྱས་པ་དང་གཅིག རྒྱ་མིས་གཙོ་བོར་ཁྱབ་པའི་གྲོང་ཁྱེར་ན་འཚོ་བའི་བོད་པ་ལས་ བྱེད་དག་གིས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་བོད་སྐད་བོད་ཡིག་དེ་འདྲ་རྒྱ་ཆེར་བཀོལ་མ་ཐུབ་པ་དང་གཉིས། བོད་ཁུལ་གྱི་རྫོང་མཁར་ན་ཡོད་པའི་རང་རིགས་ལས་བྱེད་དག་གི་ལས་

ཁུངས་སུ་བོད་སྐད་བོད་ཡིག་གིས་བཤད་འབྲི་གང་ལའང་རྔོ་མ་ཐོགས་པ་དང་གསུམ་སོགས་ཀྱི་དབང་གིས་རང་རིགས་ནས་རང་གི་སྐད་ཡིག་ལ་སྡང་ལྟ་འཁང་ར་བྱས་པ་རེད། དེ་ལྟར་ཟད་ མོད། སྐྱོན་རྒྱུ་ཐམས་ཅད་ཀྱི་རྩ་བ་ནི་གཙོ་བོར་རང་རིགས་ཀྱིས་ཁྲིམས་མཐུན་གྱི་སྐད་ཡིག་ཁེ་དབང་དང་མི་རིགས་ས་ཁུལ་གྱི་ཁྲིམས་མཐུན་བདག་དབང་བརྩོན་ལེན་དང་བཀོལ་སྤྱོད་མ་

བྱས་པ་ཙམ་དུ་ཟད་པ་ལས་བོད་ཡིག་རང་སྟེང་ན་སྐྱོན་མེད་པ་རེད། ཏག་ཏག་ང་ཚོས་བོད་རང་གི་རིག་གནས་ཀྱི་ཁུར་འདེགས་སུ་གྱུར་བའི་རང་སྐད་རང་ཡིག་འདིའི་ཁྱད་ཆོས་སྔོག་འདོན་

བྱེད་མ་ཐུབ་པ་དང་། སྤྱི་ཚོགས་ཞེས་པའི་ཚོགས་སྤྱི་འདིའི་རིག་གནས་ཁོར་ཡུག་ལ་རྒྱུས་ལོན་གྱིས་མ་ལྡེང་བའམ་དེའི་ཡུལ་ཁོངས་རང་བཞིན་གྱི་ཚད་བཀག་དང་དུས་ཚོད་རང་བཞིན་གྱི་ ཚད་བཀག་ལ་བསམ་བློ་མ་འཁོར་བར་ཁ་རི་ཁ་ཐུག་གི་འཚོ་བའི་ངོས་ནས་བཤད་པ་ཙམ་རེད།

37

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

བཞིན་བཀོལ་ཚེ། སུ་ཞིག་ལ་ཐབས་ཤེས་ཡོད་དམ། ཡང་ན་རང་ཉིད་ཀྱིས་ཕམ་གྱོང་འཁུར་དགོས་ལ། ཡང་ན་དུས་ཡུན་རིང་བའི་དཀའ་

ཚེགས་ལ་བརྟེན་ནས་སྒེར་གཅོད་ཉིད་ལ་གྱེན་ལོག་གིས་ཕམ་པར་བརྒྱག་དགོས། གཞན་དུ་སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་གསོན་འཆི་ ལ་ཐུག་པའི་སྲོག་རྩ་ཡིན་པ་ནི་འཛམ་གླིང་གི་མཁས་དབང་སུ་ཞིག་ཞལ་མི་མཐུན་ཨང་། དེ་ལྟ་བས་ན། ལམ་ལུགས་གང་གི་རིགས་པའི་ གཞུང་ལུགས་སུ་བཀུར་བའི་མཁས་དབང་གང་གི་ལྟ་བ་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན་ཐོག་མར་མི་རིགས་དེའི་སྐད་དང་ཡི་

གེ་མེད་པར་གཏང་དགོས་ཞེས་ཐལ་བ་མ་ཡིན་ནམ། དེ་ལྟར་ཡིད་ཀྱི་རྒུ་ན་མི་རིགས་ཤིག་སྐྱོབ་འདོད་སྲུང་འདོད་མེད་པའི་སྲིད་གཞུང་ནས་

ཐབས་ཇུས་སྣ་ཚོགས་ཀྱིས་མི་རིགས་དེ་གཏོར་བསམ་རྫོགས་བསམ་ལ་རེམ་དུས། ཆེས་མཐར་ཐུག་གི་ཚེ་སྲོག་ཕྲ་མོའི་རྒྱུན་ཐག་སྲུང་ཆེད་ དང་བདེན་པ་སྲུང་ཆེད་རང་སྲོག་འབེན་ལ་འཇོག་མཁན་ནི་རང་རིགས་ལས་གཞན་སུ་དང་གང་ཡང་ཡོད་མི་སྲིད། དེ་ལྟར་ད་ལོའི་ཟླ་བཅུ་

བའི་དངོས་ལྐོག་གང་རུང་གི་མི་རིགས་སློབ་གསོ་ལ་ཁ་གཏད་པའི་སྲིད་འབྲེལ་ཡིག་ཆ་འདིས་ང་ཚོར་ཁྲིམས་མིན་ལུགས་མིན་གྱི་འཁྲུལ་ཤེས་ འཁྲུལ་ཆོད་ཀྱི་བཀའ་ཡིག་ཅིག་བསྒྲགས་བྱུང་། དེར་རེབ་གོང་ནས་མཆེད་ཅིང་མགོ་ལོག་ནས་འབར་ལ་ཆབ་ཆ་ནས་སྲིང་བའི་ངོ་རྒོལ་གྱི་

སྐད་འབོད་འདིས་རང་རིགས་ཀྱི་རྗེས་རབས་པའི་དཔའ་གདེང་གི་སྙིང་སྟོབས་མཚོན་ལ། ད་ནས་བཟུང་སྲིད་གཞུང་གི་ཡོད་ཚད་ཐམས་ཅད་ ལ་ཡ་ལགས་ལགས་སོ་མི་ཞུ་བའི་རྗེས་རབས་པའི་རང་མདོག་བསྟན་ཡོད། དེར་རང་རིགས་ཚོས་ཀྱང་རང་ཉིད་ཀྱི་སྐད་དང་ཡི་གེས་མཚོན་

པའི་རིག་གནས་དང་ཡུལ་ཁོངས་ལ་བདག་དབང་བརྒྱག་སྟངས་ཤིག་ལ་བརྩོན་ལེན་བྱེད་ཤེས་ཀྱིན་འདུག་པའི་འདུ་ཤེས་རྙེད། མི་རིགས་ ཤིག་གིས་རང་ཉིད་ཀྱི་རིག་གནས་རྒྱུན་འཛིན་དང་བརྒྱུད་སྒྲོག ཡང་ན་རིག་གནས་གང་དང་གང་ཞིག་མི་རིགས་དེས་སློབ་སྦྱོང་དང་ཚུར་ལེན་ གྱིས་དང་ལེན་བྱེད་དགོས་ཚེ། མི་རིགས་དེ་དང་དེའི་སྐད་ཡིག་ལ་བརྟེན་པ་མ་གཏོགས་མི་རིགས་གཞན་དང་གཞན་ཞིག་གི་སྐད་ཡིག་ལ་

བརྟེན་ཚེ་ཕམ་ཁའི་ཡང་ཕམ་ཡིན་པ་ནི་ང་ཚོའི་དངོས་མྱོང་གི་ལོ་རྒྱུས་ལས་ཧ་གསལ་བོ་གོ་ངེས། མང་པོ་མི་བཤད་དེ། དུས་རབས་ཉི་ཤུའི་ ལོ་མཇུག་ཏུ་བོད་ཀྱི་ལས་བྱེད་གཙོ་བའི་རོང་འབྲོག་མང་པོས་རང་གི་བུ་ཕྲུག་དེ་བོད་སྐད་བོད་ཡིག་གཙོ་བའི་སློབ་གྲྭར་བརྫངས་ན་སློབ་ཆེན་ མཐར་ཕྱིན་དུས་ལག་ཏུ་བྱ་བ་མི་རེག་པ་ལ་རྐྱེན་བྱས་ནས་རྒྱ་ཡིག་རྒྱ་སྐད་གཙོ་བའི་སློབ་གྲྭར་མངགས་པར་རྗེས་སུ་སློབ་ཆེན་མཐར་ཕྱིན་ན་

བྱ་བ་ཕར་ཞོག ཐ་ན་སློབ་ཆེན་གྱི་འཛུལ་སྒོ་མཐོ་རྒྱུགས་ལས་ཀྱང་ཐར་མ་ཐུབ་པ་རེད། ཡང་བོད་མི་རྒྱའི་སློབ་གྲྭར་འགྲིམས་མཁན་པ་དག་ ལ་རང་རིགས་ཀྱི་རིག་གནས་སྦྱངས་བའི་སྒོ་ནས་དེ་ལ་དུངས་ཞེན་ཡོད་མཁན་ལྟ་ཞོག ཐ་ན་དམིགས་བསལ་སྐབས་སུ་མི་རིགས་བོད་པ་

ཡིན་ཞེས་པའི་བོད་མིང་དོན་སྟོང་ཅན་ཚོ། རང་ཉིད་ནས་རང་རིགས་ཀྱི་སྐད་དང་ཡི་གེ་ཙམ་པོ་བ་ལ་ཡང་ཀློག་འདོན་མི་ཤེས་པ་མི་བཤད་ པར་བོད་ཡིག་གིས་མ་འཇོན་ཚུལ་དང་བོད་ཡིག་གིས་མ་འཁྱོངས་ཚུལ་སོགས་མང་པོ་ལབ་པར་སྤྲོ་བ་ཡོད་པ་ནི་ང་ཚོས་དངོས་ཡོད་སྤྱི་ཚོགས་

ཁྲོད་དུ་མང་པོ་མཐོང་རྒྱུ་ཡོད། དེ་དག་ནི་རྒྱའི་སློབ་གྲྭར་འགྲིམས་འགྲིམས་མཐར་རྒྱ་ཡིག་རྒྱ་སྐད་ལ་སྦྱངས་པ་མཐིལ་ཕྱིན་ཏེ་ལས་ཞུགས་

ལས་གཉེར་བྱེད་པ་མ་ཡིན་པར། ཕྱིར་མི་རིགས་བོད་པ་ཡིན་ཞེས་པའི་མིང་ཙམ་གྱི་དམིགས་བསལ་གཟིགས་རྟོག་ལ་བརྟེན་ནས་རྒྱ་གྲོང་ དུ་རང་རིགས་བོད་འབྲེལ་གྱི་ལས་ཀ་ལས་བཞིན་ཡོད་པ་མ་གཏོགས་རྒྱ་འབྲེལ་རྒྱ་བདག་གི་ལས་གཉེར་བྱེད་ཀྱིན་མི་འདུག་པ་ཡང་ང་ཚོའི་

མིག་མཐོང་ལག་ཟིན་བྱ་ཐུབ། དེ་ལྟ་བས་ན། མི་རིགས་ཀྱི་སྐད་ཡིག་ལ་འདྲིས་ལོབས་ཟབ་ཅིང་མི་རིགས་ཀྱི་རིག་གནས་ལ་སྦྱངས་བ་ཡོད་ པའི་མི་བུ་ཞིག་ཡིན་ན། མ་མཐའ་ཡང་འདི་འདྲའི་གནད་འགག་གི་སྐབས་སུ་མི་འདོད་མི་འཐད་པའི་སྐད་འབོད་བྱ་མི་ཐུབ་ཀྱང་རང་སེམས་

སུ་ན་ཟུག་འཛད་མེད་ཅིག་ཡོད་ངེས་ཁོ་ཐག་ཡིན། འདི་ལྟ་འདི་ལྟར་ང་ཚོས་རང་གི་བགོ་སྐལ་གྱི་བགྱི་བ་སྟེ་ཆེས་མཐའ་མཇུག་གི་མི་རིགས་

ཀྱི་སྲུང་ཐག་ཏུ་ངོས་འཛིན་པའི་སྐད་ཡིག་འདི་ལ་སྙིང་ཉེ་ཉེ་དང་ཤ ་ཚ་ཚས་སྲུང་ཞིང་སྐྱོབ་པ་དང་སྤེལ་ཞིང་སྐྱོང་དགོས། འདི་ལྟ་འདི་ལྟར་ང་ ཚོས་བོད་འབྲེལ་གྱི་གཞུང་ཕྱོགས་ཀྱི་བཀའ་གསུང་ཡོད་ཚད་ལ་རང་གི་ཀླད་པ་དང་སེམས་པས་རྟོག་བཞིན་བློ་རིག་འཁྱུག་འཁྱུག་དང་རིག་པ་

གྲིམ་གྲིམ་གྱིས་ཡིན་མིན་བདེན་མཐར་སྤྲོད་དགོས། འདི་ལྟ་འདི་ལྟར་ང་ཚོས་རང་གི་མི་རིགས་དང་རང་གི་རིག་གནས་ཀྱི་ཚེ་སྲོག་སྟེ་ཕ་སྐད་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

38


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

མ་ཡིག་ལ་བདག་པོ་བཟང་བོ་བརྒྱབ་ཏེ་དུས་རབས་ཀྱི་སོ་ཁ་ནས་ཉི་འོད་འཚེར་འཚེར་དང་སྐར་ཆེན་འཕྲོ་འཕྲོ་ཡིས་སྐད་ཡིག་གི་གཟི་དཔལ་ མངོན་ཐུབ་དགོས།

བཞི། བོད་པའི་སྤྱི་འབངས་མཉམ་ལས།

འདི་ནི་ད་ལོའི་སྤྱི་ཟླ་བཅུ་བའི་མཇུག་ཙམ་ན་བོད་ཡུལ་གྱི་དམངས་ཕལ་བས་ཀྱང་རྒྱ་ཆེར་གླེང་ཕྱོགས་བཟོ་བཞིན་པའི་སྲིད་འབྲེལ་གྱི་

ལས་འཆར་ཞིག་རེད། གླེངས་གླེངས་མཐར་བོད་འབངས་ཚོར་ཐུན་མོང་གཞི་མཐུན་གྱི་ལྟ་ཚུལ་ཞིག་ཆགས་པ་ནི་ཕལ་ཆེར་ཕྱིར་སྤྱི་ནོར་སྤྱི་ གཞུང་གི་མཉམ་ལས་ཀུང་ཧྲེ་ལ་འདས་ལོག་བྱ་བར་འདོད་པར་བསམ་པའོ།། འདི་ལྟར་རྒྱུ་ནོར་སྒེར་དབང་གི་དུས་སྐལ་མཇུག་སྒྲིལ་ཏེ་ཕྱིར་ ཀུང་ཧྲེ་ལ་འདས་ལོག་བྱས་ན། གཅིག་ནས་རོང་བ་ཚོར་རང་ཞིང་རང་བདག་དང་འབྲོག་པ་ཚོར་རང་ཟོག་རང་བདག་གི་ཁེ་དབང་ཤོར་དོགས་ ཀྱི་སེམས་ནད་ཆེ་བར་གོ་ཐོས་མང་པོ་བྱུང་། གཉིས་ནས་སྔོན་སྲོལ་ཕྱིར་དྲན་གྱི་རིགས་འདེད་ཀྱིས་ད་ཡོད་ཀྱི་རྒྱུ་ནོར་ཚང་མ་གཞུང་བཞེས་

བྱེད་པར་དོགས་ནས་འབྲོག་པས་ཕྱུགས་ཟོག་ཚང་མ་བཙོངས་དང་འཚོང་བཞིན་འདུག་ལ་རོང་བས་ཞོར་ལས་ཀྱི་སྒོར་མོ་ཚང་མ་བཀོལ་དང་ དགོལ་བཞིན་ཡོད་པར་གོ་ཐོས་མོད་པོ་བྱུང་། དེ་ལྟར་གླེང་ཞིང་འདི་ལྟར་བསྒྲུབས་པ་ལས་ང་ཚོའི་བོད་འབངས་ཚོར་ད་དུང་སྲིད་གཞུང་གི་

བཀའ་ཡིག་ལ་ཁ་ནས་མི་འཐད་པའི་གླེང་ཕྱོགས་ཙམ་གྱིས་ཆོག་པར་འཛིན་པ་ལས། དེ་ཉིད་ལ་རྒྱུས་ལོན་དང་གྲོས་བསྡུར་གྱིས་ཐུན་མོང་གི་ མཐུན་སྒྲིལ་སྟོབས་ཤུགས་ལ་བརྟེན་ནས་ཕྱིར་སྲིད་གཞུང་ལ་འདྲི་རྟོག་དང་དོགས་སློང་དང་རྩད་གཅོད་བྱ་ཆོག་པའི་གནས་ཚུལ་རྒྱུས་ལོན་

གྱི་ཁེ་དབང་ཡོད་པ་ཧ་གོ་བཞིན་མེད་པ་རྟོགས། དེ་བས་གོང་རིམ་ནས་ཇི་ལྟར་བསྒྲགས་ན་དེ་ལྟར་སྒྲུབ་པ་ལས་གལ་ལ་ཐུགས་དུས་རང་གི་ དངོས་མྱོང་གི་བསམ་ཚུལ་དྲན་ཚུལ་དག་ཀྱང་གསོང་བོར་ཡར་ཞུ་བྱ་མི་ཐུབ་པར་རང་ཁག་རང་འགེལ་གྱིས་ལེ་ལན་ཕྱིར་རང་ཉིད་ལ་འགེལ་

བ་རེད། དངོས་ཡོད་མཐོང་སྣང་གིས་ང་ཚོར་འདི་འདྲའི་ཆ་འཕྲིན་རྒྱུན་དུ་སྒྲོག་སྤེལ་བྱས་མྱོང་སྟེ། ཀྲུང་གོའི་བརྙན་འཕྲིན་ལ་བསྟན་དང་སྟོན་

བཞིན་པའི་ཀྲུང་གོ་གསར་བའི་ལོ་ངོ་དྲུག་བཅུ་ལྷག་གི་མཛད་རྗེས་ཁྲོད་དུ། བརྒྱ་ཆའི་བདུན་ཅུ་ཡན་ནི་བཅོས་སྒྱུར་སྒོ་འབྱེད་རྗེས་ཀྱི་ཀྲུང་གོའི་ ས་གནས་སོ་སོའི་འཛུགས་སྐྲུན་གྱི་མཛད་རྗེས་ཡིན་པ་ལས། དེའི་ཡར་སྔོན་གྱི་རྒྱལ་ཡོངས་མཉམ་ལས་ཀུང་ཧྲེ་སྐབས་ཀྱི་ལས་འབྲས་དག་

མ་རེད། དེ་བས། རྒྱུ་ནོར་སྒེར་དབང་གི་འགན་གཙང་ལེན་སྲིད་ཇུས་ནི་མིའི་འདོད་པ་དང་མཐུན་ལ་མིའི་བག་ནུས་མངོན་པ་དང་འཚམ་པའི་

ལམ་ལུགས་ཡང་དག་ཅིག་ཡིན་པ་ལ་སྨྲ་མེད་དུ་ཁས་བླངས་ཡོད་ན། ཕྱིར་མཉམ་ལས་ཀྱི་ཀུང་ཧྲེ་ལ་འདས་ལོག་བརྒྱབ་པ་ནི། གཅིག་བྱས་ ན། མི་རིགས་འདི་ལ་སྲིད་ཇུས་ཡན་གར་བ་ཞིག་ལག་བསྟར་བྱ་ཡང་སྲིད་པའི་སྔ་ལྟས་ཡིན་ཤས་ཆེ། གཉིས་བྱས་ན། ཡག་པ་ཡོན་ཏན་གྱི་ སྒོ་ནས་མི་རིགས་འདི་གཞན་འགྱུར་དུ་གཏོང་བའི་འཐབ་ཇུས་གང་གི་སྔོན་འགྲོའི་སྟ་གོན་ཡིན་ཡང་སྲིད། གསུམ་བྱས་ན། བོད་ཁམས་ཀྱི་ སྤྱི་ཚོགས་སྒྲིག་གཞི་ལ་ཡང་བསྐྱར་ལ་འདེད་ལུང་འདེད་ཀྱི་གོ་སྒྲིག་བྱས་ནས་ཚོད་འཛིན་ལྟ་རྟོག་བྱེད་ཇེ་བདེར་གཏང་བར་གྲ་སྒྲིག་བྱེད་བཞིན་

མཆིས་ཀྱང་སྲིད། གང་ལྟར་ཀྱང་ང་ཚོ་བོད་པ་རང་ཉིད་ལ་དེང་རབས་ཀྱི་སྤྱི་ཚོགས་ལ་ཉན་ཞིབ་དང་ཞིབ་འཇུག་བྱེད་ཤེས་པའི་དཔྱོད་ཤེས་པ་ མེད་པས་དེང་དུས་ཀྱི་སྣེ་མང་རྙོག་དྲ་ཆེ་བའི་སྤྱི་ཚོགས་འཕེལ་རིམ་ལ་ལྟ་བའི་རང་མིག་མེད་ན། གང་དེའི་བཀའ་གསུང་དང་སྒྲུབ་ལུགས་ཉི་

ཚེ་བ་ལ་ལྟ་བ་ལས་དེའི་ཕན་ཆད་ཀྱི་ལམ་བུ་ནི་དོང་ལམ་ཞབས་མེད་ཡིན་ནམ་ཡང་ན་འཇུག་བདེ་ཁོད་ཡངས་ཀྱི་གཞུང་ལམ་ཡིན་པའི་བླང་ དོར་ལ་དཔྱོད་པའི་བློ་བྲལ་བ་རེད། དེ་ལྟ་བས་ན། ཁོ་བོས་འདིར་རྒྱའི་ཆིན་ཧྭ་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་སྡེ་ཁག་གི་སྤྱི་ཚོགས་འཕེལ་ རྒྱས་ཞིབ་འཇུག་ཚན་ཁག་གིས་ཀྲུང་གོའི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ལ་གཞིགས་ནས་བྲིས་པའི་སྤྱི་ཚོགས་བསྐྱར་འཛུགས་སྐོར་གྱི

《དབང་ཆ་བསྐྱར་འཛུགས་བྱེད་དམ་ཡང་ན་སྤྱི་ཚོགས་བསྐྱར་འཛུགས་བྱེད》ཅེས་པའི་ཆེད་རྩོམ་ཞིག(《ལྷོ་ཕྱོགས་གཟའ་མཇུག་ཚགས་

པར》2010.9.16དཔྱད་ཡིག་ཆེན་པོF31)ཡོད་པ་ཚན་བཤུས་ཀྱིས་རྣམ་པ་ཚོའི་སྤྱན་སྔར་བསྟར་ན། ལོ་ངོ་སུམ་ཅུའི་ཁྲོམ་ར་ཅན་ གྱི་བཅོས་སྒྱུར་ཁྲོད་དུ་དཔལ་འབྱོར་སྤྱི་ཚོགས་ཀྱི་འཚོ་བ་དེ་ཉིན་རེ་བཞིན་རྙོག་དྲ་ཅན་དུ་འགྱུར་བཞིན་ཡོད་པར། ཀྲུང་གོ་ལ་ནུས་ལྡན་གྱི་ 39

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

བཅོས་སྐྱོང་སྒྲིག་གཞི་ཞིག་མཁོ་བ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། དེ་ནི་སྤྱི་ཚོགས་བསྐྱར་འཛུགས་ཀྱི་སྒོ་ནས་སྲིད་གཞུང་དང་ཁྲོམ་ར་ དང་སྤྱི་ཚོགས་བཅས་བར་གྱི་ཕན་ཚུན་མཐུན་སྦྱོར་གྱི་བཅོས་སྐྱོང་སྒྲིག་གཞི་ཞིག་འཛུགས་སམ་ཡང་ན་ཆེས་དཔུང་སྟོབས་ཆེ་ཞིང་ཆེས་བཙན་

ཤུགས་ཆེ་བའི་དབང་ཆས་གནམ་འོག་དབང་དུ་བསྡུ་བ་ཡིན། ང་ཚོ་ཏག་ཏག་ལོ་རྒྱུས་ཀྱི་བཞི་མདོ་ན་ལུས་འདུག བཅོས་སྒྱུར་གྱི་གོ་རིམ་ ཁྲོད་དུ་ཁྲོམ་ར་ཉིད་སྤྱི་བདག་ཅན་གྱི་ལམ་ལུགས་དང་རིམ་བཞིན་ཁ་གྱེས་ཏེ། ལྟོས་བཅས་ཀྱི་སྒེར་ཚུགས་ཡིན་པའི་སྤྱི་ཚོགས་སྟོབས་ཤུགས་

ཤིག་ཏུ་ངང་གིས་སྐྱེ་འཕེལ་བྱུང་བཞིན་འདུག་པར། དེང་རབས་ཀྱི་སྤྱི་ཚོགས་སྒྲིག་གཞི་སྔར་ལས་ལྷག་པ་ཞིག་གྲུབ་ཀྱིན་འདུག ཡིན་ཡང་

ཉེ་ཆར་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་སྟེང་བསྐྱར་འཛུགས་བྱས་པའི་སྤྱི་བདག་ཅན་གྱི་དབང་ཆའི་འཕེལ་ཕྱོགས་གསལ་ལེར་མཐོང་ སྟེ། དབང་ཆས་ཁྲོམ་རའི་གཞི་རྒྱུ་བསྐྱར་སྒྲིག་དང་དབང་ཆ་རྒྱ་སྐྱེད་ཀྱིས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ལ་བཙན་འཛུལ་བྱེད་ཀྱིན་ཡོད་པ་རེད། དེ་ ལ་སྤྱི་ཚོགས་འཛུགས་སྐྲུན་གྱི་མིང་ཐོག་ནས་དབང་ཆ་ཇེ་བཙན་དུ་གཏོང་བ་དང་། ས་ཁུལ་ལ་ཤས་སུ་སྲིད་འཛིན་དབང་ཆས་འོས་མཐུན་གྱི་

ལྟ་རྟོག་གཏམ་བརྗོད་ལ་བདག་གཉེར་བྱེད་པའང་འདུ། འདིའི་ལྟག་རྒྱབ་དུ་འདི་འདྲའི་གཏན་ཚིགས་ཤིག་ཡོད་དེ། དབང་ཆ་དང་དབང་ཆ་ རྒྱ་སྐྱེད་ཀྱིས་ཉིན་བཞིན་རྙོག་དྲར་འགྲོ་བཞིན་པའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཚོ་བ་ལ་ཕྱོགས་ཡོངས་ནས་ཚོད་འཛིན་བྱ་ཐུབ་སྙམ་པའོ།།

འདི་འདྲའི་དབང་ཆ་ཇེ་བཙན་དུ་གཏོང་བའི་མ་ལག་རྒྱུད་ཁུངས་ཀྱི་ཧུར་བརྩོན་དེ་གང་ནས་ཡོང་བ་ཡིན་ནམ། ལ་ཤས་ཀྱིས“གཡོན” ཐལ་

བསམ་བློའི་རླབས་རྒྱུན་གྱིས་ཤུགས་རྐྱེན་ཐེབས་པར་འདོད་ལ། འགའ་ཤས་ཀྱིས་ལམ་ལུགས་སྒྲིག་སྲོལ་རྙིང་བ་ལ་ཕྱིར་ལོག་བྱེད་ཀྱིན་ཡོད་ པར་འདོད་པ་རེད། གང་ལྟར་ཀྱང་འདི་ནི་བཤད་བདེ་གོ་བདེའི་སླ་བཅོས་ཀྱི་ལྟ་ལུགས་རེད་འདུག དེར་རྩ་བའི་རྒྱུ་རྐྱེན་ནི་དེང་རབས་དཔལ་

འབྱོར་སྤྱི་ཚོགས་ཀྱི་འཚོ་བ་རྙོག་འཛིང་ཅན་དུ་འགྲོ་བའི་བརྡབ་གསིག་རེད་དེ། ཁྲོམ་རའི་དཔལ་འབྱོར་དང་གོ་ལ་ཧྲིལ་བོ་ཅན་དང་ཚན་རྩལ་ འཕེལ་རྒྱས་བཅས་ཀྱི་དབང་གིས་རེད་པས། ང་ཚོ་ནི་སྔར་ལས་ཀྱང་རྙོག་དྲ་ཆེ་ཞིང་ཉེན་ཁ་ཆེ་བའི་འཛམ་གླིང་གི་ཁྲོད་དུ་གནས་ལ་གཅིག་ ལྕོགས་ངེས་གཏན་མིན་པའི་རང་བཞིན་གྱིས་ཡོངས་སུ་ཁེངས་ཡོད་པས་སོ།།

སྤྱི་ལྡོག་ནས་ཕན་ཡོད་ཀྱི་བཅོས་སྐྱོང་ལ་བརྟེན་ནས་ཕྱོགས་སོ་སོའི་འབྲེལ་བདག་སྙོམས་སྒྲིག་གིས་འཚོ་བའི་སྒྲིག་སྲོལ་ཞིག་མཁོ་

འདོན་བྱ་རྒྱུ་ལ་རེ་སྙེག་ཆེ་ཡང་གཙོ་བོར་བྱེད་ཐབས་ཅི་ལྟ་བུ་ཞིག་འདེམས་ནས་འགྲན་རྩོད་བྱེད་རྒྱུ་ཉིད་དོ།། ད་ལྟར་རང་བདག་གི་སྤྱི་ཚོགས་ ཤིག་མེད་པ་མ་ཟད་རང་བདག་གི་ཁྲོམ་ར་ཞིག་ཀྱང་དབེན་པས། ཆེ་བཙན་ཆེ་སྟོབས་ཀྱི་དབང་ཆ་ཉིད་འབོད་སྐུལ་བྱེད་པར་མི་འགྱུར་བའི་

ངེས་པ་གཏན་ནས་མེད། ཆབ་སྲིད་ཧྲིལ་འདུས་ཀྱིས་སྤྱི་ཚོགས་འདུས་འདྲིལ་ལ་ལྡན་པའི་སྤྱི་བདག་རང་བཞིན་གྱི་སྤྱི་ཚོགས་ཀྱི་ཚབ་བྱས་

པས། སྒྲིག་གཞིའི་དབྱེ་བགོད་ཚད་གཞི་ཧ་ཅང་དམའ་སྟེ། ཆབ་སྲིད་དང་དཔལ་འབྱོར་དང་སྤྱི་ཚོགས་དང་རིག་གནས་བཅས་སྣ་གཅིག་

ཅན་གྱི་སྤྱི་ཚོགས་སུ་ལྟ་བ་རེད། འདི་འདྲའི་སྒྲིག་སྲོལ་ལམ་ལུགས་ཀྱི་དཔེ་དབྱིབས་ཁྲོད་དུ། རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ ཐོན་ཁུངས་ཀྱི་ངོ་སོ་སོ་ལ་ཕྱོགས་ཡོངས་ནས་ཚོད་འཛིན་ལག་བསྟར་བྱ་ངེས་ཤིང་། ཆབ་སྲིད་དབང་ཆ་དེ་ཁྱབ་ཁོངས་ཐམས་ཅད་ལ་བསྟིམས་ པར་བྱ་ངེས། དེ་བས། སྤྱི་ཚོགས་འཚོ་བ་ཧྲིལ་བོའི་འཁོར་སྐྱོད་ཀྱིས་ཚད་མཐོའི་ཆབ་སྲིད་ཅན་དང་སྲིད་འཛིན་ཅན་གྱི་ཁྱད་ཆོས་མངོན་འགྱུར་

བྱས་ཡོད། དེར་རྒྱལ་ཁབ་ཀྱི་སྐུལ་སློང་ནུས་པ་སྟོབས་ཆེ་ཞིང་དམངས་ཁྲོད་སྤྱི་ཚོགས་གཉོམ་ཆུང་ཡིན་པས། སྤྱི་ཚོགས་འཚོ་བའི་འཁོར་

སྐྱོད་དེ་ཏག་ཏག་སྲིད་འཛིན་རྒྱུད་ཁོངས་ལ་བརྟེན་དགོས་པ་བྱུང་བ་རེད། དེ་ལྟ་བས་ན། སྤྱི་ཚོགས་རང་སྟེང་ན་གྲུབ་ཡོད་པའི་བར་སྟོང་ཚད་ མེད་དག་འཚིར་གནོན་གྱིས་ཁོད་ཇེ་དོག་དང་རྒྱ་ཇེ་ཆུང་དུ་བཏང་ཡོད་པ་རེད། དེར་གྲལ་རིམ་གྱི་གོ་ཐོབ་ལམ་ལུགས་ཁ་དར་ཞིང་སྒྲིག་གཞི་

རྙིང་མཁྲེགས་ཆེ། འོག་རིམ་ནས་གོང་རིམ་ལ་འབྲེལ་བའི་སྦྲེལ་ལམ་དཀོན་པ། མང་ཚོགས་ཀྱི་བསམ་འཆར་གོང་འདྲིལ་དང་སྤྲོས་བརྗོད་བྱ་ སའི་ལམ་ལུགས་ཀྱི་སྲོལ་ལམ་མེད་པ་སོགས་ཀྱིས་སྤྱི་ཚོགས་འཚོ་བ་ཁྲོད་ཀྱི་སྐྱོན་ཆ་ཧྲིལ་གྱིས་བརྡོལ་ལ“རིག་གསར”གྱིས་དེ་ཉིད་ཡང་རྩེར་ སླེབས་པ་མཚོན་ཡོད།

སྤྱིའི་དེབ་གྲངས་ཉེར་གསུམ་པ།

40


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

དེ་བས། བཅོས་སྒྱུར་མཁོ་གལ་ཆེ་ཞིང་ཁྲོམ་ར་ཅན་ནི་དམིགས་གཞི་ཐོག་མའི་བཅོས་སྒྱུར་ཏུ་གྱུར་ཡོད་ན། དཔལ་འབྱོར་ལམ་

ལུགས་དེ་སྲིད་འཛིན་དབང་ཆའི་ཚོད་འཛིན་འོག་ནས་སྒྲོག་ཐར་བྱུང་བ་རེད། དེ་བས། ཆེ་བཙན་ཆེ་སྟོབས་ཀྱི་དབང་ཆ་སྒེར་ངོམ་གྱིས་ཡོད་ ཚད་ཐག་གཅོད་བྱ་བ་ནི་ཀྲུང་གོའི་ལག་ལེན་གྱི་ཁྲོད་ནས་མི་འགྲིག་པ་ར་སྤྲོད་བྱས།

ཀྲུང་གོའི་ལོ་ངོ་སུམ་ཅུའི་ལག་ལེན་ལས་འདི་འདྲ་ཞིག་གསལ་ཁ་བྱས་ཡོད་དེ། དབང་ཆས་གནམ་འོག་ཆིག་སྒྲིལ་བྱེད་པ་ནི་ལུགས་

མཐུན་མིན་ལ། ཁྲོམ་རས་ཡོད་ཚད་ཁ་ལོ་བསྒྱུར་བ་ཡང་ཚུལ་ལྡན་མིན་པ་ཤེས། འོ་ན། འདི་གཉིས་ལས་གཞན་ད་དུང་འཐུས་ཚང་གི་སྤྱི་ ཚོགས་ཤིག་མཁོ་གལ་ཆེ་བའོ།།

སྤྱི་ཚོགས་འཛུགས་སྐྲུན་གྱི་རྩ་བའི་དམིགས་གཞི་ནི་དབང་ཆ་ཚོད་འཛིན་དང་མ་རྩ་དབང་སྒྱུར་དང་སྤྱི་ཚོགས་སྒྲིག་བྲལ་འགོག་པའོ།།

དབང་ཆའི་རྒྱ་སྐྱེད་ནི་དབང་ཆ་རང་སྟེང་ནས་ཡོང་བ་རྐྱང་ཙམ་མ་ཡིན་པར་ནོར་སྲིད་དངོས་ཤུགས་དང་ཁྲོམ་རའི་སྒྲིག་གཞི་ཟུང་གིས་རམ་སྐྱོར་

བྱས་པས་རེད། ནོར་སྲིད་དངོས་ཤུགས་ནི་དབང་ཆ་ཇེ་བཙན་དུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། མ་རྩ་ནི་དེང་རབས་དཔལ་འབྱོར་

འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོའི་གྲས་ཤིག་རེད། གལ་ཏེ་སྤྱི་ཚོགས་ནུས་པའི་ཚོད་འཛིན་མེད་ན། མ་རྩ་ཡང་འཇིག་ཉེན་ཚད་མེད་ བསྐྱེད་སྲིད་པའི་སྟོབས་ཤུགས་བག་ཉལ་དེ་ཡིན་སྲིད།

དབང་ཆ་བཙན་པ་དང་ཁྲོམ་ར་གཉོམ་པ། སྤྱི་ཚོགས་མཉམ་འབྲེལ་མིན་པ་ནི་སྤྱི་ཚོགས་སྒྲིག་བྲལ་གྱི་རྩ་བའི་རྒྱུ་རྐྱེན་རེད། དེས་ཁེ་

སྤོགས་ཚོགས་པའི་སྐྱེད་སྲིང་ལ་ཁོར་ཡུག་བསྐྲུན་པས་ལུགས་མཐུན་མ་ཡིན་པའི་སྤྱི་ཚོགས་སྒྲིག་གཞི་ཞིག་གྲུབ་པ་རེད།

དེ་བས་སྤྱི་ཚོགས་ལ་སྤྱི་དམངས་སྤྱི་ཚོགས་མཁོ་བ་མ་ཟད་རང་འགུལ་རང་སྟོབས་སྤྱི་ཚོགས་ཀྱང་མཁོ།སྤྱི་ཚོགས་ནི་རྒྱལ་ཁབ་དང་

ཁྲོམ་ར་ལས་ལོགས་སུ་ཡོད་པ་མ་ཟད།དེ་གཉིས་དང་འབྲེལ་བ་དམ་ཟབ་ཡིན་པའི་ལམ་ལུགས་ཀྱི་བར་སྟོང་དང་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ ཤིག་ཡིན།

དེར་རྒྱལ་ཁབ་ལ་བལྟས་པའི“སྤྱི་དམངས་སྤྱི་ཚོགས”དང་ཁྲོམ་ར་ལ་བལྟས་པའི“རང་འགུལ་རང་སྟོབས་སྤྱི་ཚོགས”གཉིས་ཀྱིས་སྤྱི་

ཚོགས་ཀྱི་རྩ་བའི་ཁ་ཕྱོགས་གཉིས་གྲུབ་ཡོད་པ་རེད།

སྲིད་གཞུང་མ་ཡིན་པའི་རྩ་འཛུགས་སོ་སོ་དང་སྙིང་རྗེ་བྱམས་ཚོགས། དང་བླངས་ཅན་གྱི་ཚོགས་ཁག མཐུན་ཚོགས། ཤོག་སྡེའི་

རྩ་འཛུགས། ཕན་ཁེ་ཚོགས་པ་བཅས་ཀྱིས་སྤྱི་དམངས་སྤྱི་ཚོགས་ཀྱི་རྩ་བའི་གཞི་རྒྱུ་གྲུབ་ཡོད་པ་རེད། སྤྱི་གཞུང་ཁྱབ་ཁོངས་འདིའི་ཁྲོད་ དུ།སྤྱི་ཚོགས་རང་ངོས་ནས་བདག་ཉིད་རྩ་འཛུགས་དང་བདག་ཉིད་སྒྲིག་བཟོའི་རྩ་དོན་ཡོད་ལ།ཁྲིམས་སྐྱོང་དང་དམངས་གཙོའི་མཐུན་གྲོས་

བསྒྲགས་གཏམ་ནང་དུ་རང་བདག་གིས་འཁོར་སྐྱོད་བྱེད་པ་ལ་རྒྱལ་ཁབ་ཀྱི་དབང་ཆ་དང་དོ་མཉམ་ཡིན་པ་རེད། མདོར་ན། རང་ཚུགས་རང་ དབང་གི་ཁེ་དབང་ལྡན་པའི་སྤྱི་དམངས་ཀྱིས་གྲུབ་པའི་ཤོག་སྡེ་དང་སྤྱི་ཚོགས་ནི་སྤྱི་དམངས་སྤྱི་ཚོགས་ཡིན་པ་རེད། མིའི་རིགས་ཀྱི་དཔལ་

འབྱོར་འཚོ་བ་དེ་མ་གཞིར་དཔལ་འབྱོར་མ་ཡིན་པའི་ལམ་ལུགས་དང་སྤྱི་ཚོགས་འབྲེལ་བའི་ནང་དུ་སིམ་ཡོད། ཡིན་ཡང་། མ་རྩ་རིང་ ལུགས་ཀྱི་འཕེལ་རྒྱས་དང་བསྟུན་ནས། རིན་གོང་སྒྲིག་གཞི་རྨང་རྟེན་ཡིན་པའི་ཁྲོམ་རའི་རྩ་དོན་མུ་མཐུད་དུ་རྒྱ་སྐྱེད་པས། ཞིང་ས་དང་ངལ་

རྩོལ་ནུས་ཤུགས། དངུལ་ལོར་བཅས་མུ་མཐུད་དུ་ཚོང་རྫས་ཅན་དུ་གྱུར་པ་རེད། འདི་ལྟར་ཁྲོམ་རའི་རྩ་དོན་དེ་འགྲོ་བ་མིའི་སྤྱི་ཚོགས་འཚོ་ བ་ལ་ཡོངས་སུ་འཐིམ་པས“ཁྲོམ་རའི་སྤྱི་ཚོགས” ཤིག་བསྐྲུན་པ་རེད།

ཁྲོམ་རའི་རྒྱ་སྐྱེད་དང་དོ་ཟླ་བྱེད་པ་ནི་སྤྱི་ཚོགས་ཀྱི་བདག་ཉིད་རང་སྲུང་བྱེད་པའི་བྱ་འགུལ་ཞིག་ཡིན་ལ། ཁྲོམ་རའི་བསླད་ཟད་ལ་ཁ་

གཏད་ནས་སྤྱི་ཚོགས་རང་ངོས་ནས་སྒྲིག་སྲོལ་ཚད་གཞི་དང་ལམ་ལུགས་ཚུལ་ལྡན་སོགས་བསྐྱེད་པར་སྐུལ་སློང་བྱེད་པ་རེད། དཔེར་ན།

བཟོ་ཚོགས་དང་མཉམ་འབྲེལ་ཁང་སོགས་ཀྱིས་སྤེལ་བའི་ལས་དུས་ཇེ་ཐུང་ལ་བརྩོན་ལེན་བྱེད་པའི་བཟོ་བ་ལས་འགུལ་རྩ་འཛུགས། རང་ 41

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

ཉིད་ཀྱི་ཆབ་སྲིད་ཁེ་དབང་རྒྱ་སྐྱེད་ལ་བརྩོན་ལེན་བྱེད་པའི་ཁྲིམས་བསྒྲགས་ལས་འགུལ། སྲིད་ཏང་ལ་ཞུགས་པའི་ཐོག་མའི་འཕེལ་རྒྱས་ བཅས་ལ་བརྟེན་ནས་ཁྲོམ་ར་དེ་བཀག་འགོག་དང་ཚུལ་ལྡན་དུ་གཏོང་བར་བརྩོན་པ་རེད། འདི་ལྟར་ཁྲོམ་རའི་གོ་རིམ་ལ་ཧུར་བརྩོན་གྱིས་ཡ་ ལན་སྤྲོད་པའི་སྤྱི་ཚོགས་ནི་རང་འགུལ་རང་སྟོབས་སྤྱི་ཚོགས་ཡིན།

རང་འགུལ་རང་སྟོབས་སྤྱི་ཚོགས་ཀྱི་བརྡ་དོན་འདིས་ཁྲོམ་རའི་དཔལ་འབྱོར་ཡིན་དགག་བྱེད་པ་མ་ཡིན་པར། ཁྲོམ་ར་ཅན་དང་ཚོང་

རྫས་ཅན་འདི་སྤྱི་ཚོགས་ཀྱི་ངོས་སོ་སོར་འཐིམ་ནས་འགྲོ་མིའི་འཚོ་བའི་རྩ་འཛུགས་ཀྱི་རྩ་དོན་ཉག་གཅིག་ལ་གྱུར་པར་དགག་པ་རེད། སྤྱི་

དམངས་སྤྱི་ཚོགས་ཀྱིས་དམངས་གཙོ་ནི་དོན་སྙིང་དང་པོར་བཞག་ནས་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཁྱུར་མིད་མི་གཏོང་བ་ལ་རམ་འདེགས་བྱེད་ པ་རེད། རང་འགུལ་རང་སྟོབས་སྤྱི་ཚོགས་ཀྱིས་དམངས་འཚོ་ནི་དོན་སྙིང་དང་པོར་བཞག་ནས་ཁྲོམ་ར་སྒེར་སྡོམ་རིང་ལུགས་ཀྱིས་སྤྱི་ཚོགས་

ཁྱུར་མིད་མི་གཏོང་བ་ལ་རོགས་སྒྲུབ་བྱེད། དེ་བས། མིག་སྔར་གྱི་སྤྱི་ཚོགས་འཛུགས་སྐྲུན་ནི་ངེས་པར་དུ་སྤྱི་དམངས་སྤྱི་ཚོགས་དང་རང་ འགུལ་རང་སྟོབས་སྤྱི་ཚོགས་ཀྱི་ཟུང་འཛུགས་ཡིན་དགོས།

སྤྱི་དམངས་སྤྱི་ཚོགས་དང་རང་འགུལ་རང་སྟོབས་སྤྱི་ཚོགས་གཉིས་ཀས་སྤྱི་ཚོགས་རང་ངོས་ནས་རྒྱལ་ཁབ་དང་ཁྲོམ་ར་ལས་ཁེར་

ཚུགས་སུ་ཡོད་པར་རྟིང་གནོན་བྱེད། མ་ཟད་ལྟོས་བཅས་ཀྱིས་ལམ་ལུགས་དང་རང་བདག་རང་བཞིན་གྲུབ་ཡོད་པར་འདོད། རང་བདག་

རང་བཞིན་གྱི་ཁུར་འདེགས་ནི་གཞུང་སྒྲུབ་མ་ཡིན་པ་དང་དཔོན་སྒྲུབ་མ་ཡིན་པ། ཁེ་གཉེར་མ་ཡིན་པའི་དང་བླངས་རང་བཞིན་དང་རང་ སྐྱོང་རང་བཞིན་བཅས་ཕྱོགས་སོ་སོའི་བར་འདུག་རྩ་འཛུགས་ལའོ།། མིག་སྔའི་ཀྲུང་གོའི་སྤྱི་ཚོགས་ཀྱི་གསོ་འཕེལ་དེ་ད་དུང་ཧ་ཅང་དམའ་

བའི་ཚད་ན་ལུས་ཡོད། གཅིག དམངས་ཁྲོད་རྩ་འཛུགས་ཀྱི་ཁ་གྲངས་ཇེ་མང་ཡིན་རུང་དོན་དངོས་ཀྱི་རང་བདག་རང་བཞིན་དང་རང་སྐྱོང་ རང་བཞིན་དཀོན་པ་རེད། གཉིས། སྤྱི་ཚོགས་ཀྱི་རྩ་འཛུགས་མང་པོ་ཞིག་ལ་མིང་ཡོད་དོན་སྟོང་ཡིན་ཏེ། དབང་ཆ་ཚོད་འཛིན་དང་མ་རྩ་ དབང་སྒྱུར་གྱི་བྱེད་ནུས་ལ་ཁག་ཐེག་བྱེད་མི་ཐུབ་པ་རེད། གསུམ། སྤྱི་ཚོགས་ཀྱི་དམའ་རིམ་ན་འཚོ་བའི་བཟོ་ཞིང་ཡིན་ན་ཆོག་གི སྤྱི་

ཚོགས་ཀྱི་བར་རིམ་ན་འཚོ་བའི་གྲོང་ཁྱེར་གྱི་འབྱོར་འབྲིང་ཡིན་ན་ཆོག་གི ཚང་མར་སྤྱི་ཚོགས་རང་ངོས་ནས་རྩ་འཛུགས་བྱས་པའི་སྒྲིག་སྲོལ་ ཞིག་གཏན་ནས་མེད། སྤྱི་ཚོགས་ཀྱི་ཉེན་ཁ་ལ་གདོང་གཏོད་དུས། སྤྱི་ཚོགས་རང་ངོས་ཀྱི་རྩ་འཛུགས་སྟོབས་ཤུགས་ལ་ཚུལ་ལྡན་གྱི་ལམ་

ལུགས་བཀོད་སྒྲིག་མེད་པས་སྤྱི་ཚོགས་གསོ་སྤེལ་འཚར་སྐྱེས་ཀྱི་རྒྱུན་མཐུད་རང་བཞིན་གྱི་སྒུལ་ཤུགས་སུ་འགྱུར་ཐུབ་ཀྱིན་མི་འདུག མིག་ སྔའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ལག་ལེན་ལྟར་ན། ལ་ཤས་ཀྱིས་སྤྱི་ཚོགས་ཀྱི་རང་བདག་རང་བཞིན་ལ་རྡུང་རྡེག་དང་གནོན་ཤུགས་ཀྱི་

ཐབས་ཀྱིས་འཛུགས་སྐྲུན་ལྟར་སྣང་བྱེད་ཀྱིན་འདུག དེར་སྲིད་གཞུང་ནས་སྤྱི་ཚོགས་ལས་དོན་ལ་འགན་ཁུར་བའི་སྡེ་ཁག་གསར་བ་དང་ ལས་ཁུངས་གསར་བ་རྒྱ་ཆེར་བཙུགས་ཏེ་སྤྱི་ཚོགས་ཀྱི་ཁྱབ་ཁོངས་མང་ཆེ་བར་མ་དངུལ་དང་མི་ཤུགས་འབོར་ཆེན་བཏང་རུང་། ཕྱིས་འབྱུང་ ནི་སྤྱི་ཚོགས་བསྐྱར་འཛུགས་གྱི་ངོ་བོ་དང་ཁ་ཐག་ཇེ་རིང་ལ་སོང་ཞིང་སྤྱི་ཚོགས་འཛུགས་སྐྲུན་སྔར་ལས་ཇེ་ཆུང་ཇེ་དོག་རེད། རྒྱུ་མཚན་ནི་སྤྱི་ ཚོགས་འཛུགས་སྐྲུན་ནི་རང་འགུལ་རྩ་འཛུགས་ཤིག་ལས་གཞན་སྐུལ་རྩ་འཛུགས་མ་ཡིན་པའི་གོ་རིམ་ཞིག་ཡིན་པ་རེད།

སྤྱི་དམངས་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྩ་བའི་དམིགས་ཡུལ་ནི་དབང་ཆ་ཡང་ཚོད་འཛིན་བཀག་རྒྱ་ཐེབས་ཐུབ་པའི་སྟོབས་

ཤུགས་ཤིག་ཡིན་པར་གྲུབ་ཆེད་དོ།། དེར་སྤྱི་དམངས་སྤྱི་ཚོགས་ཀྱི་མངོན་ལུགས་ལ་ཕྱོགས་ལྔ་ནས་ཡོད་དེ།

གཅིག ཆ་འཕྲིན་ཕྱིར་མངོན་ལམ་ལུགས།ཆ་འཕྲིན་དེ་སྒམ་འཇུག་དང་བྱུས་གཏོགས་བྱེད་པ་ནི་སྐྱོན་ཆ་མང་བོའི་གཞི་རྩ་རེད། སྤྱི་

གཞུང་ཐོན་ཁུངས་འབོར་ཆེན་ཞིག་ས་རལ་རྡོ་ཟད་དུ་འགྲོ་རུ་བཅུག་ཡོད་པ་མ་ཟད། སྲིད་གཞུང་གི་བྱ་སྤྱོད་ལ་ཡང་འགྱུར་ལྡོག་བྱུང་དུ་བཅུག་ ཡོད་པ་རེད། དེ་བས་བཅོས་སྒྱུར་ཁ་ཤས་སྤེལ་ཐབས་མེད་པར་གྱུར་བ་རེད། དེ་ལྟ་དེ་ལྟར་ཆ་འཕྲིན་མངོན་སྒྲོག་ལམ་ལུགས་ནི་སྤྱི་དམངས་

སྤྱི་ཚོགས་ལ་ཟབ་ཞུགས་བྱ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་རེད། ད་ལྟར་ཕྱོགས་འགའ་ཤས་སམ་ཕལ་བའི་ཆ་འཕྲིན་དག་ཕྱིར་སྒྲོག་བྱེད་པ་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

42


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

ལས་སྣ་མང་དང་གཙོ་བོ་དག་ད་དུང་གཏིང་རིམ་ལ་གབ་སྦེད་བྱས་ཡོད་པ་རེད། དེར་འདྲི་རྟོག་ལམ་ལུགས་འཛུགས་རྒྱུ་ནི་ཆ་འཕྲིན་མངོན་ སྒྲོག་དང་དེང་རབས་སྤྱི་ཚོགས་ཀྱིས་རྒྱ་ཆེར་བཀོལ་བའི་ཐབས་ལམ་རེད།

གཉིས། ནོར་སྲིད་ལྟ་རྟོག ཆེད་མཁས་པས་སྒྲོག་པ་ལྟར་ན། གལ་ཏེ་སྐར་མ་བརྒྱ་ནི་ཆེས་ཁ་ཚང་ཡིན་ན། ཀྲུང་གོའི་ནོར་སྲིད་གསལ་

བསྒྲགས་གནས་ཚུལ་ནི་ཕལ་ཆེར་བརྒྱ་ཆའི་ཉི་ཤུ་རེད་ཅེས་པའོ།།

གསུམ། ཁྲིམས་གཟུག་དང་ཐབས་ཇུས་ཀྱི་ཟུར་ཉན་དང་བགྲོ་གླེང་ལམ་ལུགས་གནད་ཆེན་དུ་བཟུང་བ། དོན་དག་ཡོད་ཚད་ལ་འདྲི་

རྟོག་དང་ཟུར་ཉན་དང་བགྲོ་གླེང་བྱ་ཆོག་པའོ།། ཆ་རྐྱེན་གང་དག་མཁོ་བ་དང་གང་དག་ཚང་དགོས་པ། གང་དག་མ་ཚང་བ། ཆ་རྐྱེན་མ་ཚང་ བའི་ཐག་གཅོད་ལ་དུས་ཚོད་བཀོད་སྒྲིག་ཇི་ལྟར་ཡིན་པ་སོགས་ཞིབ་ཕྲ་ཡོད་པ་ལའོ།།

བཞི། ཁེ་ཕན་མངོན་ཚུལ་དང་གནོན་ཤུགས་སྟེར་བའི་ལམ་ལུགས་གཟུག་པ། ཁྲོམ་སྐོར་དང་རྔམ་སྟོན་ཏེ་ཀྲུང་གོའི་ཁྲིམས་ལུགས་

ཀྱིས་ཁྲོམ་སྐོར་དང་རྔམ་སྟོན་དང་འདུ་འཛོམས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་རེད། ཡིན་ཡང་། དོན་ངོ་མར་དབང་ ཆ་འདི་དག་མིང་ཡོད་དོན་སྟོང་དུ་གྱུར་ཡོད་པ་རེད་པས་སྤྱི་དམངས་ཀྱིས་རང་གི་འདོད་བློ་བརྗོད་པའི་སྦུག་ལམ་འགག་ཅིང་ཁ་བཅད་ཡོད་པ་

རེད། སྲིད་གཞུང་མ་ཡིན་པའི་རྩ་འཛུགས་སོ་སོས་མི་སྡེ་མི་འདྲ་བའི་ཁེ་ཕན་མཚོན་པར་བྱེད་ཆེད་ཕན་ཚུན་བར་རྒྱུན་ལྡན་གྱི་ཁེ་ཕན་འཐོབ་

པར་བརྩོན་སྲིད་པས། སྲིད་གཞུང་ནས་མ་མ་ལྟ་བུའི་ཡོད་ཚད་གཉེར་བའི་ཞྭ་མོ་འཕུད་དེ་སྤྱི་ཚོགས་འགལ་ཟླའི་ལྟེ་བར་མི་ཞུགས་པར་གཟུ་ བའི་བར་འདུམ་གྱི་ལྟ་སྤྱོད་འཛིན་དགོས། དེ་ལྟར་ན་སྤྱི་ཚོགས་བདག་གཉེར་གྱི་མ་རྩ་ཇེ་དམའ་ལ་ཕན།

ལྔ། ཆ་འཕྲིན་ཕྱིར་སྒྲོག་གི་ལམ་ལུགས་ལེགས་པོ་ཞིག་གཟུག་རྒྱུ། སྤྱི་དམངས་ཀྱི་སྨྲ་བརྗོད་རང་དབང་གི་ཁེ་དབང་ལ་ཁག་ཐེག་

དང་དྲ་རྒྱ་ཉིད་སྨྲ་བརྗོད་སྤེལ་སའི་དམིགས་བསལ་ཁུལ་དུ་འགྱུར་བར་ཚོད་ལྟ་བྱེད་རྒྱུ། ཆ་འཕྲིན་སྤྱི་བསྒྲགས་ཀྱི་ལམ་ལུགས་བཟང་བོ་དང་ཆ་ འཕྲིན་བརྒྱུད་སྤེལ་གྱི་འཕྲིན་ལམ་ཡངས་པོ་ནི་མི་རྣམས་ཀྱིས་གནས་ཚུལ་རྒྱུས་ལོན་བྱེད་པའི་ཁེ་དབང་ཁག་ཐེག་ལ་ཕན། དེ་ནི་དོན་དངོས་ རྒྱུས་ལོན་གྱི་ཁེ་དབང་ཡིན་པ་རེད། དོན་དངོས་ཡོད་ན་ད་གཟོད་དབང་ཆ་ལ་ལྟ་རྟོག་ཡང་དག་ལྡན་པ་རེད། སྤྱི་དམངས་ཀྱིས་སྨྱན་སྦྱོར་

བརྒྱུད་ནས་རང་ཉིད་ཀྱི་གནས་ཚུལ་རྒྱུས་ལོན་ཁེ་དབང་མངོན་འགྱུར་བྱས་ན། ད་གཟོད་སྲིད་གཞུང་གི་དབང་ལ་ལྟ་རྟོག་དང་ཚོད་འཛིན་བྱེད་ ཐུབ་པ་རེད།

ཀྲུང་གོ་ལ་མཚོན་ན། སྤྱི་བདག་རང་བཞིན་ཅན་གྱི་དབང་ཆའི་ལོ་རྒྱུས་ཡུན་རིང་དྲགས་པ་དང་། དབང་ཆས་གནམ་འོག་གཅིག་

ལྕོགས་བྱེད་པའི་འདུ་ཤེས་ཟབ་དྲགས་པ། མི་དམངས་ཚོ་སྣ་གཅིག་དབང་ཆས་བསྐྱངས་དྲགས་པས་དབང་ཆའི་སྲོག ་ཤིང་ལ་ཡིད་ཆེས་དང་ རྒྱབ་རྟེན་བྱ་འདོད་ཀྱི་འདུ་ཤེས་བཙན་པ་སོགས་ཀྱིས་སྤྱི་བདག་ཅན་གྱི་དབང་ཆ་ནི་སྤྱི་ཚོགས་བདེ་འཇགས་ཀྱི་མཁོ་ངེས་ཆ་རྐྱེན་ཡིན་པའི་

རྨོངས་བློ་འཆར་བ་རེད། དེ་ལྟ་བས་ན། སྤྱི་ཚོགས་གཙོ་བདག་ཅན་དང་སྤྱི་ཚོགས་རང་འགུལ་རང་སྟོབས་ཅན་ལ་འཇིགས་རུང་དུ་བལྟས་ ནས་དེ་ནི་སྤྱི་ཚོགས་ལ་གཏོར་གཤིས་ཆེ་བའི་འགད་རྫས་ཤིག་ཏུ་ལྟ་བ་ལས། དེ་ནི་སྤྱི་ཚོགས་ཀྱི་བག་ནུས་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་ཐོན་

ཁུངས་འབོར་ཆེན་མངོན་སྤེལ་བྱེད་ཐུབ་སའི་དམངས་གཙོ་ཁྲིམས་སྐྱོང་དང་དྲང་མོ་དྲང་བཞགཡིད་རྟོན་མཛའ་བརྩེ། གསོན་ཤུགས་བརྟས་པ། བདེ་འཇགས་རིམ་ལྡན། འཆམ་མཐུན་འགྲིག་མཐུན་ཞིག་ཏུ་ནམ་ཡང་མི་ལྟ་བ་རེད།

གསུམ་པ། སློབ་གསོ་དང་བོད་ཡུལ།

སློབ་གསོ་ནི་མི་བུ་ཚོ ་ཤེས་རིག་དཔལ་ཡོན་གྱི་རི་རབ་ལ་བགྲོད་པའི་ཐེམ་སྐས་ཡིན་ན། སློབ་གྲྭ་ནི་མི་བུ་ཚོའི་བློ་རིག་གི་རྣོ་དབལ་

བརྡར་སའི་མགར་ཁང་ཡངས་པོ་ཡིན། སློབ་གསོ་ནི་མི་བུ་ཚོ་ཡར་འགྲོ་ཡར་དར་གྱི་ལེགས་ལམ་ལ་བཀྲི་བའི་ཐབས་མཆོག་ཡིན་ན། སློབ་ 43

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

གྲྭ་ནི་མི་བུ་ཚོའི་ཀུན་སྤྱོད་ཚད་ཤིང་ལ་རྟགས་གསལ་གཏོང་སའི་རྩོད་ར་ཆེན་པོ་ཡིན། སློབ་གསོ་ནི་མི་བུ་ཚོ་བདེན་པ་དང་དྲང་གཞག་དང་རྒྱུ་

འབྲས་དང་དཔྱོད་ཤེས་དང་དོགས་སློང་དང་ཚ་འདྲི་སོགས་ཀྱིས་སྤུད་པའི་མི་བུ་རྣལ་མ་ཞིག་ཏུ་གཏོང་བའི་རིག་མཛོད་ཡིན་ན། སློབ་གྲྭ་ནི་མི་ བུ་ཚོར་ཅི་ཞིག་དང་ཅིའི་ཕྱིར་ཞེས་པའི་ཤེས་བྱ་ཡི་བདེན་པ་བརྡར་སའི་དོགས་གཅོད་ཞིབ་དཔྱོད་ཁང་ཡིན། འདི་འདྲའི་སློབ་གསོ་དར་བའི་

སློབ་གྲྭ་ནས་མི་བུ་ཡང་དག་དང་རྣལ་མ་བསྐྱངས་དང་སྐྱོང་བཞིན་ཡོད་ལ་བྱུང་དང་འབྱུང་བཞིན་ཡོད། ཡིན་ཡང་། སློབ་གསོ་དང་སློབ་གྲྭའི་

ཞབས་འདེགས་ཞུ་ཡུལ་མ་འདྲ་ན། དེ་དག་གི་ཕུགས་འདུན་དམིགས་ཡུལ་མི་འདྲ་ལ། དགེ་མཚན་བླང་དོར་ལ་གོ་བ་ལེན་སྟངས་ཀྱང་མི་

འདྲ། བདག་གཉེར་དོ་དམ་གྱི་གཉེར་ལུགས་དེ་ལས་ཀྱང་མི་འདྲ། དེ་ལྟར་སློབ་གསོའི་རིན་ཐང་གི་འཇལ་ལུགས་དང་མངོན་ལུགས་ཀྱང་ ཏན་ཏན་འདྲ་མི་སྲིད། འདི་ལྟ་འདི་ལྟར་རྒྱལ་ཁབ་དང་མི་རིགས་སོ་སོའི་སློབ་གསོ་ལ་ཧེ་བག་ཆེན་པོ་བྱུང་བ་རེད། དེར་མཐུན་གྱིས་དེས་ བསྐྱངས་ཤིང་སྐྱོང་བཞིན་པའི་ཁ་གཏོད་བྱ་ཡུལ་གཅིག་ཡིན་པ་ལ་དེ་ལས་སྐྱེད་པའི་འབྲས་རྟགས་ཀྱི་མི་བུ་འདྲ་ས་མ་རེད།

གཅིག སྤྱི་ཟླ་བཞི་བའི་ནུབ་བྱང་གི་རང་ལྕེབས།

བརྩེ་དུང་གི་དབང་གིས་རང་སྲོག་བཅད་ཟེར་ཡང་ཆོག མཐར་ཕྱིན་ལག་རྟགས་མི་ལོན་པ་ལ་རྐྱེན་བྱས་ནས་རང་ལྕེབས་བརྒྱབ་ཟེར་

ཡང་ཆོག གཙོ་བོའི་ནང་གི་གཙོ་བོ་ནི་སློབ་ཆེན་པ་དེས་རང་གི་ཚེ་སྲོག་གི་གཞི་གྲུབ་དང་མི་ཚེའི་བདག་ཉིད་ལ་འགན་མ་འཁུར་བའི་ཆའམ་

གོ་བདེར་བཤད་ན་རང་ཉིད་ཀྱིས་རང་ཉིད་ལ་འགན་མ་ཁུར་བའི་ཆ་མཆིས་པ་རེད། དེས་ན་འདིའི་འབྱུང་རྐྱེན་གང་ལ་འདེད་ཅེ་ན། མྱངས་

དང་མྱོང་བཞིན་སློབ་གསོ་དང་། བསྡད་དང་སྡོད་བཞིན་པའི་སློབ་ཆེན་གཉིས་ལས་མངོན་ལྐོག་གི་འདེད་ས་མེད། དེར་འདི་ལྟར་བཤད་ དེ། སློབ་ཆེན་སློབ་གསོའི་རྩ་བའི་འགན་འཁྲི་ལ་རིགས་གཉིས་ཡོད་དེ། གཅིག་ནི་སློབ་མ་ཉིད་འཚོ་བ་བཟང་བོ་ལ་རོལ ་ཤེས་པར་མཛུབ་

སྟོན་དང་རང་ཉིད་ཀྱི་གསོན་པ་དེ་བདེ་སྐྱིད་ཀྱིས་བརྟས་པའི་མི་ཚེ་ལ་འཇུག་པར་མཛུབ་སྟོན་བྱེད་པའོ།། གཉིས་ནི་སློབ་མ་ཉིད་གཞན་མི་དང་ མཉམ་པོར་འཚོ་ཞིང་གནས་པ་ལ་མཛུབ་སྟོན་དང་ཐུན་མོང་རྩ་འཛུགས་ཀྱི་འདུ་ཤེས་ལྡན་པར་བྱས་ཏེ་གཞུང་དྲང་གི་སྤྱི་ཚོགས་གཟུག་པར་

མཛུབ་སྟོན་བྱེད་པའོ།། གནད་དོན་འདི་གཉིས་ཐུན་མོང་དུ་རིན་ཐང་ཐག་གཅོད་དང་རིན་ཐང་ལག་ལེན་ལ་འབྲེལ་ཡོད་པས་རིན་ཐང་སློབ་ གསོ་ཞེས་བརྗོད་ཆོག དེ་བས། སློབ་མ་ཚོ་བློ་རིག་འཛོམས་ཤིང་གཤིས་སྤྱོད་ལྡན་པ་དང་དགག་སྒྲུབ་ཀྱི་བློ་སྟོབས་ཆེ་ཞིང་སྤྱི་ཚོགས་འགན་

ཁུར་གྱི་འཇོན་ནུས་མངའ་བའི་ཤེས་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་སློབ་ཆེན་སློབ་གསོའི་དམིགས་ཚད་ཡིན། འདི་འདྲའི་གྲགས་ལུགས་

གཞི་བྱས་ན། ང་ཚོའི་སློབ་ཆེན་གྱི་སློབ་གསོ་ཞེས་པ་ལ་རིག་གནས་བརྒྱུད་སྒྲོག་ཙམ་དང་རིག་གནས་ཤེས་སྦྱངས་ཙམ་གྱི་དེབ་ངོས་ཤེས་བྱ་ ཀློག་འདོན་ཙམ་ལས་ཅི་ཡང་ཡོད་པ་མ་རེད། སློབ་མ་སྒེར་གྱི་བློ་རིག་བརྡར་བ་ཞེས་པ་དང་། ཀུན་སྤྱོད་མཐའ་དཔྱོད་ཅེས་པ། དགག་སྒྲུབ་ བློ་སྟོབས་ཞེས་པ། སྤྱི་ཚོགས་འགན་ཁུར་ཞེས་པ། རིན་ཐང་འཚོལ་རྟོག་ཅེས་པ་སོགས་ཀྱིས་མཚོན་པའི་སློབ་ཆེན་སློབ་གསོའི་དམིགས་

ཚད་དང་ཅི་འདྲའི་རྒྱང་ཐག་གིས་ཆོད་ཡོད་ཨང་། དེ་བས་ང་ཚོའི་སློབ་ཆེན་ཚོར་རང་བློ་རང་རྟོག་རང་དཔྱོད་རང་དགག་རང་ལམ་གྱི་བདག་

ཉིད་ཁྱད་གཤིས་ཤིག་ནམ་ཡང་གྲུབ་མ་མྱོང་བས། མི་བུའི་ཚེ་སྲོག་ལ་རིན་ཐང་གཞལ་མེད་ཀྱི་དཀོན་ནོར་དུ་ལྟ་མ་ཐུབ་པར་སྟབས་བདེ་སླ་

བཅོས་སུ་བལྟས་དྲགས་པས་མཐར་ཕྱིན་ཁར་རང་ལྕེབས་བརྒྱབ་པ་རེད། འདི་ལས་རང་ཉིད་རང་གི་བདག་ཉིད་ལ་རྒྱུས་ལོན་མེད་པ་མཚོན་

ཐུབ་པ་མ་ཟད། རང་གི་ཚེ་སྲོག་གི་གལ་ཆེན་རང་བཞིན་ལ་འདྲི་རྟོག་དང་བློ་སྦྱོངས་ཀྱི་ཤེས་བྱ་མེད་པའང་མཚོན། དེ་ལས་ཀྱང་རང་ཉིད་ཀྱི་ ཡོད་ཚད་ལ་རང་གིས་རྡོག་བརྫིས་སུ་བཏང་བ་མཚོན་ཐུབ་པ་མ་ཟད། རང་གི་ཚེ་སྲོག་གི་གཤེད་མར་རང་ཉིད་སོང་ཞིང་རང་གི་མི་ཚེའི་བཞུར་ རྒྱུན་རང་ཉིད་ཀྱིས་བཅད་པའི་ལག་དམར་དུ་གྱུར་བ་མཚོན།

མི་ཞིག་གིས་རང་སྲོག་གཅོད་མི་གཅོད་དང་རང་ལྕེབས་བརྒྱག་མི་བརྒྱག་གི་གནད་དོན་དེ་གང་ནས་བྱུང་བ་ཡིན་ཞེ་ན། མི་ཚེ་ཅི་ལྟ་བུ་

ཞིག་ཡིན་ན་དོན་སྙིང་ཡོད་མེད་ཅེས་བ་ལ་ལན་གདབ་ཐུབ་མི་ཐུབ་གི་གནད་དོན་རེད། དེས་ན་གནད་དོན་འདི་གང་ལ་ཐུག་ཡོད་ཅེ་ན། མི་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

44


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

ལ་རིན་ཐང་འདུ་ཤེས་ལྡན་མི་ལྡན་གྱི་ངོས་འཛིན་བྱེད་ཐབས་ནས་ཐག་གཅོད་བྱེད། དེར་མི་ལ་རིན་ཐང་འདུ་ཤེས་ལྡན་ན་མི་ཚེ་དོན་སྙིང་གི་

གནད་དོན་ནི་ངེས་པར་དུ་རིན་ཐང་གིས་བཀྱག་ཡོད་པ་རེད། དེ་དང་འདྲ་བར་མི་ལ་ཕྱིར་རྟོག་གི་འདུ་ཤེས་ལྡན་པས་རིན་ཐང་གི་ཚུལ་ལྡན་ རང་བཞིན་ལ་ངེས་པར་དུ་དཔྱོད་ཤེས་བདག་ཉིད་ཀྱིས་ཁས་ལེན་འཐོབ་སྲིད་པ་རེད། དེ་བས། སློབ་ཆེན་གྱིས་ཁོར་ཡུག་ལེགས་པོ་ཞིག་

འདོན་སྤྲོད་བྱས་ཏེ་སློབ་མའི་རིན་ཐང་གི་འདུ་ཤེས་དང་ཕྱིར་རྟོག་གི་འདུ་ཤེས་ལ་འཕེལ་རྒྱས་ངེས་ཅན་འཐོབ་ཏུ་འཇུག་དགོས་པ་རེད། དེ་ ལས་ཀྱང་གཙོ་ཆེ་བ་ནི་སློབ་མར་རང་དབང་གི་སྒོ་ནས་རིན་ཐང་གནད་དོན་མི་འདྲ་བ་ལ་འཚོལ་རྟོག་བྱེད་དུ་འཇུག་རྒྱུ་སྟེ། འགྲོ་མིའི་གྲགས་

ཅན་རིག་གཞུང་བསྟན་བཅོས་ལ་བལྟ་ཀློག་དང་དེང་རབས་སྤྱི་ཚོགས་ཀྱི་ཆབ་སྲིད་དང་ཀུན་སྤྱོད་བརྗོད་གཞི་ལ་གྲོས་བསྡུར། ཐ་ན་མི་རང་ ཉིད་ཀྱི་ནང་སེམས་ཀྱི་མི་རྟོགས་གསང་བའི་ཆ་ལ་བསམ་ཞིབ་བཅས་བྱེད་པར་མཐུན་རྐྱེན་བསྐྲུན་རྒྱུའོ།། གོ་རིམ་འདི་དབེན་ཚེ་ང་ཚོས་བདག་

ཉིད་ལ་རྒྱུས་ལོན་བྱེད་མི་ཐུབ་ཅིང་ཚེ་སྲོག་གི་རིན་ཐང་ཉིད་གང་ན་གནས་ཡོད་པར་ཡིན་འཇོག་གཏན་ནས་བྱ་མི་ཐུབ། ང་ཚོ་ནི་རིན་ཐང་གི་ གཞི་གྲུབ་བམ་བདག་ཉིད་ཅིག་ཡིན་ཆ་ནས་ཁ་གཏོད་བྱ་དགོས་པའི་གནད་དོན་གཙོ་བོ་ནི་རིན་ཐང་མཁོ་མི་མཁོའི་དབྱེ་གསལ་མ་ཡིན་པར།

མིའི་རིན་ཐང་ཇི་ལྟར་སྤེལ་རྒྱུ་དང་། ལུགས་མཐུན་གྱི་རིན་ཐང་ལྟ་བ་ཇི་ལྟར་བསྒྲུབ་རྒྱུ་དང་ཁས་ལེན་བྱ་རྒྱུ། རིན་ཐང་གི་འཚོ་བ་ཞིག་ཇི་ལྟར་ ལག་ལེན་ལ་བསྟར་རྒྱུ་བཅས་སོ།། འདི་ཐམས་ཅད་སློབ་ཆེན་སློབ་གསོའི་འོས་འགན་རེད།

སློབ་གསོའི་འོས་འགན་གྱི་ཆེས་རྩ་བ་དང་ཆེས་གཙོ་བོ་ནི་མི་སྐྱོང་བའོ།། ཡང་ན་མི་ཉིད་སློབ་གསོའི་ལྟེ་བ་ཡིན་པར་འཛིན་པའོ།། དེར་

ཐོག་མར་སློབ་ཆེན་ནས་རང་ཉིད་ཀྱི་ལས་འགན་ལ་ངོས་ཟིན་དང་རིན་ཐང་སློབ་གསོ་ལ་ཡིན་འཇོག་བྱེད་དགོས། དེ་ནས་སློབ་ཆེན་ནི་སློབ་

མ་ཚོའི་ཆེས་རང་དབང་དང་ཆེས་ཕུགས་བསམ་ལྡན་པའི་དུས་སྐབས་ཡིན་པ་ལ་གོ་སྐབས་ཀྱི་ཁོར་ཡུག་ལེགས་པོ་ཞིག་མ་བསྐྲུན་ན། ཕུལ་ བྱུང་གི་ན་གཞོན་འདི་དག་གིས་ཚེ་སྲོག་དང་དེའི་ལྟག་རྒྱབ་ཀྱི་རིན་ཐང་ལ་གཟབ་ནན་བྱེད་མི་ཤེས་པས་རང་གི་མི་ཚེ་ལ་དོན་སྙིང་མེད་པར་ ལྟ་བཞིན་རང་གི་ཚེ་སྲོག་ལ་མཐོང་ཆུང་དུ་བལྟས་ནས་རང་ལྕེབས་མི་བརྒྱག་པའི་ངེས་པ་ཅི་ཡང་མེད། དེ་ལྟར་ན་རིན་ཐང་རྟོགས་པའི་འཁུར་

ཐང་གི་འདུ་ཤེས་ལྡན་པའི་སྤྱི་དམངས་ཤིག་སྐྱོང་མི་ཐུབ་པ་རེད། མདོར་ན་སློབ་ཆེན་ནས་རིན་ཐང་སློབ་གསོ་ལ་ཆེས་ཆེར་དང་དོད་བྱེད་ དགོས་དོན་ནི། རིན་ཐང་སློབ་གསོའི་དམིགས་ཚད་ནི་ཕྱིར་རྟོག་གི་ནུས་པ་ལྡན་ཞིང་ཀུན་སྤྱོད་ཀྱི་འདུ་ཤེས་དྲགས་པ་མ་ཟད་སྤྱི་ཚོགས་ལ་དོ་ ཁུར་བྱེད་པའི་མི་བུ་རང་དབང་ཅན་ཞིག་གསོ་སྐྱོང་བྱེད་རྒྱུའོ།།

གཉིས། སྤྱི་ཟླ་དྲུག་པའི་ཟི་ལིང་བོད་སྨན་ཁང་གི་རང་ལྕེབས།

བོད་སྨན་ཁང་གི་སྨན་རྫས་འབོར་ཆེན་རྒྱ་ཡུལ་ལ་ཕྱིར་གཏོང་བྱེད་ཀྱིན་ཡོད་པར། སྨན་རྫས་སྤྱོད་མཁན་ཞིག་གིས་སྨན་ཐུམ་ལ་གསལ་

བའི་ཕན་ནུས་དང་ཐུམ་ནང་གི་སྨན་གཉིས་ཆ་ག་ཡ་སྡེབ་ཡིན་པ་ལ་བརྟག་དཔྱད་ཀྱིས་བོད་སྨན་ཁང་གཏུག་བཤེར་བྱས་པ་ལ། བོད་སྨན་ཁང་ གི་འབྲེལ་ཡོད་འགན་ཁུར་མི་སྣས་སྨན་ཐུམ་དང་སྨན་འཇུག་གི་དུས་ཚོད་ལ་བརྩད་གཅོད་བྱས་མཐར་ཁོ་མོས་སྨན་གྱི་རིལ་བུ་དག་ཤོག་ཐུམ་

ལ་བཅུག་ནོར་ཤོར་བ་ཤེས་ཏེ། ཁོ་མོར་ཐག་གཅོད་ནན་མོ་བྱས་པར་དེའི་གནོན་ཤུགས་མ་བཟོད་ནས་རང་ལྕེབས་བརྒྱབ་པ་རེད། དོན་རྐྱེན་ འདི་ལ་ཕྱི་ཚུལ་ནས་བལྟས་ན། སྨན་ཐུམ་ལ་སྨན་རྫས་འཇུག་མཁན་གྱི་བུ་མོ་འདིས་འདང་མ་ཕོག་པའམ་བསམ་མ་ཤེས་པ་རེད་ཅེས་ཟེར་

ཆོག ཡང་ན་ཕ་མས་མཚོན་པའི་ཁྱིམ་མི་བཟའ་ཚང་སོགས་ལ་མ་བསམ་པ་རེད་ཅེས་བརྗོད་ཀྱང་ཆོག གང་ལྟར་ཀྱང་ཁོ་མོའི་ཁ་ཆེམས་ཡི་ གེར་དོན་རྐྱེན་འདི་ནི་མོ་རང་ཉིད་སྒེར་ལས་ཁྱིམ་ཚང་དང་ལས་ཁུངས་སོགས་གང་ལའང་འབྲེལ་བ་མེད་པར་བྲིས་ཡོད་པར་ཁྲིམས་ཀྱི་ཐག་

གཅོད་བྱ་ས་གང་ཡང་མ་སོང་བ་རེད། དེ་ལྟར་ན་འདི་ནི་གོང་གི་སློབ་ཆེན་སློབ་གསོ་མ་འགྲིག་པའི་སྐྱེད་འབྲས་མ་གཏོགས་ཁུངས་འདེད་

ས་མེད་དེ། སློབ་ཆེན་དུ་དེབ་ངོས་ཆིག་རྐྱང་ཙམ་གྱི་ཤེས་བྱ་ལ་སྐུལ་དྲགས་པའི་དབང་གིས། རྒྱུགས་སྐར་ཀྱི་སྐར་ཚད་ཅི་འདྲ་མཐོ་ནས་

སྤྱི་ཚོགས་ཀྱི་བྱ་བར་ཞུགས་རྗེས་སྤྱི་ཚོགས་ཀྱི་དོན་དག་འདྲ་མིན་སྣ་ཚོགས་ལ་འཕྲད་སྲིད་ན། རང་གིས་བསམ་བློ་མ་འཁོར་བར་རང་སྲོག་ 45

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

བཅད་པ་རེད།གལ་ཏེ་སློབ་ཆེན་ནས་སྤྱི་ཚོགས་ལ་ལྟ་བའི་བགྲོ་གླེང་ཙམ་དང་སྤྱི་ཚོགས་མི་སྣ་གདན་འདྲེན་གྱིས་སློབ་མ་ཚོར་སྤྱི་ཚོགས་ཀྱི་

དོན་དག་འདྲ་མིན་ལ་གོ་ཐོས་ཀྱི་བག་ཆགས་བཞག་ཟིན་ན། རྗེས་སུ་སྤྱི་ཚོགས་སུ་ཞུགས་ན་རང་མྱོང་མེད་རུང་གཞན་མྱོང་གི་གོ་ཐོས་ཡོད་ སྲིད་པས་དོན་དག་བཟང་ངན་གང་ལ་འཕྲད་རུང་རང་གིས་བསམ་བློ་གཏོང་ཅི་ཤེས་ལ་རེམ་ངེས། དེ་མ་གཏོགས་སྣང་བ་བན་བུན་གྱི་འཆར་

ཡན་ཞིག་གི་སྒོ་ནས་སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་ཀྱི་དོན་དག་ཅི་རིགས་ལ་འཕྲད་ན་རང་བློ་འཁུམ་ཞིང་རང་སེམས་གཉོམ་ནས་འདུག་པ་

ལས་སེམས་དཔང་བསྟོད་ཅིང་བློ་སྤོབས་རྒྱས་པའི་གཤིས་ཀ་ཞིག་མངོན་མི་ཐུབ་པ་རེད། ཡིན་ཡང་དོན་རྐྱེན་འདི་ལས་ན་གཞོན་ཚོའི་བཟང་

ཆ་ཞིག་མངོན་ཡོད་པ་ནི་འདི་ལྟ་སྟེ།རང་གིས་བདམས་པའི་ལམ་བུ་དང་རང་གི་བྱས་འབྲས་ཀྱི་དོན་དག་བཟང་ངན་ཡོད་ཚད་ཀྱི་འགན་དེ་རང་ ཉིད་ཁོ་ནས་འཁུར་བ་ལས་གཞན་མགོ་གཞན་ཁག་ལ་མི་འགེལ་བ་དེ་རེད།

གསུམ། སྤྱི་ཟླ་བཅུ་བའི་ཡ་རྫི་རྫོང་གི་སློབ་ཕྲུག་བསད་པའི་དོན་རྐྱེན།

དོན་རྐྱེན་བྱུང་ཡུལ་ནི་ང་ཚོའི་རྫོང་གི་བོད་ཀྱི་ཤང་ཞིག་གི་སློབ་ཆུང་གི་སློབ་གྲྭ་ཞིག་ཡིན། དེར་ཉིན་ཞིག་ལ་འཛིན་གྲྭ་ཞིག་གི་སློབ་མ་

ཡོངས་ནས་ལས་ཀ་ཞིག་ལས་བཞིན་ཡོད་པར། སློབ་མ་འགས་ལས་ཀ་མ་ལས་པར་ལས་གཞའ་བྱས་ཡོད་པ་རེད། དགེ་རྒན་གྱིས་དེ་ཚོ་

ལྐོག་བཞའ་བྱས་ཡོད་པ་རིག་ནས་དེར་སོང་ནས་བྱིས་པ་ཞིག་གི་བྲང་གཞུང་ལ་རྡོག་ཐོ་བརྒྱབ་པ་རེད། དེར་བསམ་ཡས་ལས་འདས་པ་ཞིག་ ལ། སློབ་བུ་ཆུང་ཆུང་དེ་མ་ཉིད་དུ་བསད་སོང་བ་རེད། དེར་ཉེན་རྟོག་པས་དགེ་རྒན་ལ་འདྲི་གཅོད་བྱས་པ་ལ་ཁོང་གིས་ཤུགས་ཆེན་པོས་

བརྒྱབ་པ་མིན་ཞེས་ལབ་པར་གྲགས། གང་ལྟར་ཀྱང་མི་བསད་པ་ནི་ངོ་མ་ཡིན་པས་དེ་སུ་ལ་ཡང་གསང་ས་མེད། ཡང་ན་མི་ཆེན་ཞིག་གི་རྡོག་

ཐོ་དེ་བུ་ཕྲུག་ཅིག་གི་བྲང་ལ་བརྒྱབ་ན་ཤུགས་མི་ཆེ་ཞེས་སུས་ཟེར་ཕོད། གལ་ཏེ་མ་ཆེ་ན། བུ་ཕྲུག་དེ་ད་དུང་གསོན་ཡོད་ངེས། ཡིན་རྒྱུ་ནི་ང་ ཚོའི་དགེ་རྒན་ཚོ་དེ་ལྟར་སློབ་མ་ལ་རྡུང་བ་གོམས་དྲགས་པས་ཤུགས་ཆེ་མིན་དང་ཕ་རོལ་པོ་སློབ་མ་ལ་རྨ་ཤུལ་འདྲ་བཏོད་མི་བཏོད་ལ་ནམ་

ཡང་བསམ་བློ་གཏོང་བ་མ་རེད། ཕལ་ཆེར་ཁོང་ཁྲོ་ཡོད་ཚད་ཀྱིས་བརྡེག་སྲིད་པས་ཁོང་རང་གིས་རང་ཉིད་ཀྱི་ཤུགས་ཚད་ཇི་ལྟར་ཤེས་ཐུབ།

ཡང་ན་ཁོང་ཁྲོའི་སྐབས་སུ་མི་ལ་ཤུགས་ཚད་སྔ་ན་མེད་པ་བརྡོལ་ངེས་པ་ཡང་ང་ཚོའི་རྒྱུན་ཤེས་རེད། དེ་ལྟ་ན་ཡང་། ཉེས་རྒྱུ་ཐམས་ཅད་ཀྱི་

རྩ་བ་ནི་དགེ་རྒན་ཁོང་རང་ཁོ་ན་མ་ཡིན་པར། ང་ཚོ་དགེ་རྒན་ཐམས་ཅད་རེད་ལ། དེ་ལས་ཀྱང་ཟབ་སར་ཞུགས་ན། ང་ཚོས་སློབ་གསོ་མྱོང་ བའི་གོ་རིམ་འགྲིག་གི་མེད་པ་དེ་རེད། དེར་ང་ཚོའི་སློབ་གསོ་མྱོང་བའི་གོ་རིམ་ནི་ལྕག་ཚན་དང་དབྱུག་པ། སྡིགས་དམོད་དང་གཅར་རྡུང་ ། དམའ་འབེབས་དང་མཐོང་ཆུང་། ཕྱོགས་རིས་དང་འཐེན་འཁྱེར་སོགས་ཀྱི་མི་གཤིས་དང་བྲལ་བའི་མི་མ་ཡིན་པའི་བྲན་འཁོལ་སློབ་གསོ་ རེད། དེ་ལྟར་ཆུང་དུས་ནས་གཅར་རྡུང་དང་དམའ་འབེབས་ཀྱིས་ཁེངས་བའི་ཁོར་ཡུག་གི་ཁྲོད་ནས་ལག་ཆགས་པས། སློབ་མ་ཚོ་རང་གིས་ ཅུང་ཙམ་བསམ་བློ་གཏོང་ཤེ ས་པ་དང་རང་གི་རང་མགོ་འཁྱོངས་ཙམ་ཡིན་པའི་དམའ་འབྲིང་ལ་སླེབས་དུས་དཔེ་ཆ་སྦྱང་འདོད་མེད་པར་གྱུར་

ལ་ཡི་གེ་སློབ་པ་ནི་ཆད་པ་ཞིག་ཏུ་བལྟ་བའི་འདུ་ཤེས་བྱུང་བ་རེད། དེ་ནས་སློབ་གྲྭར་འགྲོ་འདོད་མེད་ཐོག་སློབ་གྲྭ་ནི་བཙོན་ཁང་དུ་བལྟ་བའི་ འདུ་ཤེས་ཆེ་བས། མཐའ་མར་སློབ་བྱོལ་བྱས་འགྲོ་བ་རེད། དེ་བས། འགྲིག་གིན་མེད་པ་ནི་ང་ཚོའི་སློབ་མ་ཚོ་མ་ཡིན་པར་ང་ཚོ་དགེ་རྒན་

དང་དགེ་རྒན་དེ་ཚོས་གཉེར་གྱིན་པའི་སློབ་གྲྭ་རེད། དེ་ལྟར་ཟད་མོད། ཡོད་ཚད་ཐམས་ཅད་དགེ་རྒན་གྱིས་ཉེས་འཁུར་བྱ་དགོས་སམ་ཞེ་ན།

དེ་ཡང་མ་རེད། དགེ་རྒན་ཚོས་ཀྱང་མ་གཞི་ནས་དེ་ལྟར་གཅར་རྡུང་བྱེད་ག་ལ་འདོད་དེ། ཏག་ཏག་སློབ་གྲྭ་བཟང་ངན་གྱི་ཚད་ཤིང་གི་ཡོད་ ཚད་ཐམས་ཅད་གོང་རིམ་དཔོན་པོའི་དཔྱད་འཇོག་ལ་ཐུག་ཡོད་ཅིང་། གོང་རིམ་གྱི་དཔྱད་འཇོག་གི་གཞི་རྩ་ནི་སློབ་མའི་རྒྱུགས་འབྲས་ཀྱི་

སྐར་ཚད་ལ་ཐུག་ཡོད། དེར་དགེ་རྒན་ཚོའི་བཟང་ངན་ཡང་སློབ་མའི་སྐར་ཚད་ཀྱིས་ཐག་གིས་བཅད་འགྲོ་བས། ཉེས་རྒྱུ་ཀུན་གྱི་རྩ་བའི་རྩ་

བ་ནི་ད་ལྟའི་རྒྱུགས་བསྟུན་ནམ་སྐར་ཚད་སློབ་གསོ་འདི་འགྲིག་གི་མེད་པས་རེད། འདིའི་ཐད་ནས་ད་དུང་མང་པོ་བཤད་རྒྱུ་ཡོད་མོད། ད་ནི་ རེ་ཞིག་བསྐྱུར་ཞོག གཞན་ད་ལོར་མགོ་ལོག་ཕྱོགས་དང་ནག་ཆུའི་ཕྱོགས་ནས་ཀྱང་སློབ་ཕྲུག་བསད་པའི་དོན་རྐྱེན་བྱུང་མྱོང་བར་མྱི་ཁ་ནས་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

46


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

གོ་ཐོས་བྱུང་།

བཞི་བ། པར་སྐྲུན་དང་བོད་ཡུལ།

ཕྱི་གླིང་བའི་རིག་རྩལ་བསྐྱར་དར་ནི་ཡོན་ཏན་པའི་སྡེས་སྤེལ་བའི་རིག་གནས་བསྐྱར་ཀློག་གི་པར་སྐྲུན་གཞི་རྐང་ལ་བརྟེན་ནས་སྤྱི་

ཚོགས་གསར་བསྒྱུར་གྱི་གོམ་ཁ་བཏེགས་པའི་ལས་འགུལ་རླབས་ཆེན་ཞིག་ཡིན་པ་བདེན་པར་གྲུབ་ན། རྒྱ་ནག་པའི་ལྔ་བཞི་ལས་འགུལ་ ནི་ཤེས་ཡོན་པའི་ཚོགས་ཀྱིས་སྤེལ་བའི་རིག་གནས་ནང་འདྲེན་གྱི་པར་སྐྲུན་རྐང་བགྲོད་ལ་བསྙེས་ནས་སྤྱི་ཚོགས་རྨོངས་སད་ཀྱི་གོམ་ཁ་སྤོས་

པའི་ལས་འགུལ་གྲགས་ཆེ་ཞིག་ཡིན་པ་ཁས་འཆེས་ན། ད་ལོ་ནི་ང་ཚོ་བོད་པའི་རིག་གནས་པའི་སྡེའི་གཞི་རྒྱ་ཆེ་བའི་པར་སྐྲུན་གཉེར་བའི་ལོ་ ཕྲེང་ཐུན་མོང་མ་ཡིན་པ་ཞིག་རེད་འདོད། འདི་ནི་རིག་གནས་ལ་དགའ་ཞིང་རིག་གནས་ལ་དུངས་པའི་མི་རིགས་ཤིག་གི་བག་ཆགས་བསྐྱར་ གསོ་བྱེད་པའི་མགོ་རྩོམ་ཡིན་ཡང་སྲིད་ལ།འདི་ནི་མི་རིགས་ཤིག་གི་རྨོངས་གཉིད་སད་པའི་དམ་རྟགས་ཀྱི་སྔོན་འགྲོ་ཡིན་ཡང་སྲིད། ཡང་ན་

མི་རིགས་ཤིག་གི་མདུན་སྐྱོད་ཀྱི་གོམ་པ་འདེགས་མགོ་བརྩམས་པའི་རྡོག་སྣེ་ཡིན་ཡང་སྲིད། ཡང་ན་གཏམ་རྒྱུད་སྣ་ཚོགས་འཁྲབ་ངེས་པའི་

མགོ་རྩོམ་གྱི་དབུ་ཁྱུད་ཡིན་ཡང་སྲིད། གང་ལྟར་ཀྱང་དུས་རབས་གསར་བའི་ནང་དུ་རིག་གནས་ཀྱི་པར་སྐྲུན་རྒྱ་ཆེར་དར་བའི་མགོ་བརྩམས་ པ་ནི་བསྙོན་དུ་མེད་དོ།།

གཅིག དཔེ་ཚོགས་དང་སྒེར་དེབ།

ཐིག་བཅུའི་ལོའི་ལོ་འགོ་ལ་བོད་སྤྱི་ཚོགས་སུ་བཀྲམས་ཤིང་སྤེལ་བའི་དཔྱོད་ཤེས་པའི་དཔྱོད་དེབ《གནམ་ས་གོ་འབྱེད》ཀྱིས་ས་

སྒང་འདིའི་ཡང་རྩེ་ནས་ཨུ་ཚུགས་ཀྱི་དཔལ་འབར་བསྒྲོན་བྱུང་། སྒེར་དེབ་འདིས་གནད་འགག་སྐབས་ཀྱི་གནད་དོན་ཚབས་ཆེན་ལ་རང་

མིག་རང་བློ་རང་དཔྱོད་ཀྱི་སྨྲ་བརྗོད་ཁེ་དབང་གཉེར་བྱུང་། འདི་ནི་ང་ཚོར་བཤད་དུ་ཡོད་པའི་མཁས་པ་དང་ཤེ ས་ཡོན་ཅན་གྱི་ཁྱད་པར་དང་ ས་རྟགས་རེད་ལ། འདིས་ཤེས་ཡོན་ཅན་གྱི་རྒྱུ་འབྲས་བློ་མིག་གསལ་གྱི་ལེར་བསྟན་བྱུང་། འདིས་ཤེས་ཡོན་ཅན་གྱི་རྐང་རྟེན་འཆའ་ས་

དང་མིག་དབང་གཏོད་སའི་དམིགས་བྱ་གང་ཡིན་པ་ཁོག་བཤགས་ནས་བསྟན་བྱུང་། ལྡོག་སྟེ། གནད་འགག་གི་སྐབས་སུ་ང་ཚོའི་མཁས་

དབང་ཁྱོད་ཡིན་ང་ཡིན་དག་གི་སྨྲ་ལྕེ་གང་ལ་བསྲིངས་སོང་། སྤྱན་ཟུང་གང་ལ་གཏད་སོང་། ཆོས་ལུགས་སུ་བཤད་དུ་ཡོད་པའི་ལྷ་འདྲེ་དང་ དམྱལ་ཁམས་ཀྱི་མིང་བརྡ་ཚོན་པོ་དང་དོན་སྤྱི་བློས་བསླངས་ལ་འཐམས་སོང་བ་ཨེ་ཡིན་ནམ། མིན་ན་དངོས་བྱུང་དངོས་མྱོང་གི་ཁ་ལྟ་མྱིག་

ལྟ་བྱེད་ཐུབ་པའི་དོན་དངོས་དམྱལ་ཁམས་འདི་ཅི་ལྟར་ས་སྒང་འདིར་བདག་མེད་དུ་ལུས་སོང་བ་ཡིན་ནམ། ཏག་ཏག་སྲིད་སྐྲག་དཔོན་སྐྲག་

གི་མཁས་དབང་རིག་གྲིམ་ཞིག་གི་རང་གཟུགས་ལས་ཁོ་བོས་ཅི་ཡང་མཐོང་མ་སོང་། གནད་འགག་གི་སྐབས་སུ་ང་ཚོའི་བླ་སྤྲུལ་ཁྱོད་བརྗིད་ ང་རྫིག་དག་གི་སྤྲུལ་བསྒྱུར་གང་ལ་ཕེབས་སོང་། ཐུགས་བརྩེ་ཅི་ལ་ཤོར་སོང་། སའི་གོ་ལའི་ཕ་རོལ་གྱི་ཧྥེ་གླིང་མི་ནག་མནར་སྡུག་དག་གི་

མགོན་སྐྱབས་དང་དབང་བསྐུར་ལ་བྱོན་སོང་བ་ཨེ་ཡིན་ནམ། མིན་ན་རང་ལུས་རང་ཆགས་བྱེད་སའི་གདུལ་ཞིང་གི་སེམས་ཅན་ཉོན་མོངས་

ཚོས་སྡུག་བསྔལ་དཔག་མེད་མྱངས་དང་མྱོང་བཞིན་ཡོད་པ་མི་བདེན་ནམ། ཏག་ཏག་དཔོན་དགའ་དཔོན་འཐོབ་ལ་དུངས་བའི་བླ་ཆེན་སྤྲུལ་ བསྒྱུར་ཞིག་གི་སྣང་བརྙན་ལས་ཁོ་བོས་ཅི་ཡང་མཐོང་མ་སོང་། དེ་བས། ང་ཚོས་བླ་ཆེན་མཁས་ཆེན་རྣམས་ཀྱི་ཐུགས་རྗེ་ཤེས་སོང་ལ། ཤེས་ ཡོན་ཅན་རྣལ་མ་ཞིག་གི་སྙིང་རྩིད་ཀྱི་རྣོ་དབལ་ཚོར་བྱུང་། དེ་བས། དཔྱོད་དེབ་འདི་ནི་ཀློག་ན་བཀླགས་མི་ཚར་བའི་གཏམ་རྒྱུད་ཀྱི་གོ་རིམ་ རེད་ལ། མྱོང་ན་མྱངས་མི་ཚར་བའི་དཔྱོད་ཤེས་ཀྱི་རྔུལ་ཁྲག་རེད། དེ་བས། དཔྱོད་དེབ་འདི་ནི་ལོ་རྒྱུས་ཀྱི་ཟིན་ཐོ་ལ་བཏབས་པའི་གསེར་

བྲིས་རེད་ལ། ལོ་རྒྱུས་ཀྱི་རྡོ་རིང་ལ་བརྐོས་པའི་རྟགས་ཐམ་རེད། དེ་ལྟ་བས་ན། དཔྱོད་དེབ་འདི་ལ་ཡང་དཔར་བསྐྱར་དཔར་གྱི་ལས་གཞི་ རྒྱུན་ཆད་མ་མྱོང་ལ། ང་མཁོ་ཁྱོད་མཁོ་དང་གང་ཡོད་སུ་ཡོད་ཀྱི་བདེན་རྩད་ཟམ་ཆད་མ་མྱོང་། 47

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

དཔྱོད་དེབ་འདིའི་རྟེན་འབྲེལ་འགྲིག་སོང་བ་ཡིན་ནམ། ཡང་ན་བདེན་དེབ་འདིའི་ལམ་ཁ་ཕྱེ་སོང་བ་ཡིན་ནམ། ད་ལོར་དཔེ་ཚོགས་

དང་སྒེར་དེབ་མང་པོ་ཞིག་ཐོལ་གྱིས་བརྡོལ་སོང་ལ། ཧྲིལ་གྱིས་མངོན་བྱུང་།

ཀ སྤྱི་ཟླ་བཞི་བའི་ནང་སྤྱི་ཚོགས་ལ་བཀྲམས་པའི་བསམ་བློ་པའི་རིག་མཛོད་དཔེ་ཚོགས།

༡ཚེ་མཁར་རྒྱལ་དང་བསོད་ནམས་དོན་འགྲུབ་ཀྱིས་བསྒྱུར་བའི《འཇིག་རྟེན་ལ་འཇུག་པའི་བློ་སྦྱོང》

༢ བདུད་ལྷ་རྒྱལ་གྱིས་བསྒྱུར་བའི《ཕའེ་གུན་ནས་མི་ཚེ་གླེང་བ》

༣ མགོན་པོ་སྐྱབས་ཀྱིས་བསྒྱུར་བའི《ཨེ་མེར་སོན་གྱི་ལྷུག་རྩོམ་གཅེས་བསྡུས》 ༤ ལྷ་ཕྱུག་སྐྱིད་ཀྱིས་བསྒྱུར་བའི《མེང་ཐེན་གྱི་མྱོང་བའི་ཟིན་ཐོ་གཅེས་བསྡུས》

ང་ཚོས་ལོ་ངོ་མང་པོར་དཀའ་ལས་བརྒྱབ་བརྒྱབ་པའི་རིག་གནས་གསར་བ་ནང་འདྲེན་གྱི་བདེན་རྟགས་དང་དངོས་དཔང་ལྷམ་མེར་

འཚེར་བྱུང་། ང་ཚོས་དུས་རབས་ཀྱི་གདོང་ནས་བསུས་ཏེ་རིག་གནས་བསྐྱར་འཛུགས་ཀྱི་སྐད་འབོད་བརྒྱབ་བརྒྱབ་པའི་མཐའ་འབྲས་བགས་ ཀྱིས་མངོན་བྱུང་། འདི་ལྟར་ཕྱི་གླིང་བའི་མི་ཆོས་རིག་གནས་སྐོར་གྱི་མཁས་དབང་ཚོགས་ཀྱི་བརྩམས་ཆོས་དག་རང་སྐད་རང་ཡིག་གི་ལམ་ ནས་ང་ཚོའི་གསོས་སུ་ཕུལ་བྱུང་། འདི་ལྟར་རང་མགོ་རང་བདག་གི་ཕ་སྐད་བུ་འཕྲོད་ཀྱི་བསམ་བློའི་འཚོ་བཅུད་ཅིག་ང་ཚོའི་ཀླད་པར་བླུགས་

བྱུང་། འདི་ལྟར་མི་བུ་སོ་སོས་འཚོ་བའི་ཉམས་མྱོང་ལས་གཞིབ་པའི་ཟུར་དེབ་རེ་རེ་ང་ཚོའི་འཚོ་བའི་ཟུར་སྣོན་དུ་བསྩལ་བྱུང་། ཡིན་ཡང་། དཔེ་ཚོགས་འདི་ལ་ཧོབ་ཀྱིས་བལྟས་ཤིང་ཚགས་ཀྱིས་ཀློག་ན་ཡིག་ནོར་མི་ཉུང་བ་ཞིག་ཀྱང་གང་སར་མཐོང་དུ་ཡོད་པས་རྗེས་ཕྱོགས་སུ་དཔེ་ དེབ་པར་སྐྲུན་ལ་ངོས་གཙང་ཡིག་དག་ཅིག་ཡོང་བའི་རེ་ཞུ་ནན་པོ་ཡོད།

ཁ། སྤྱི་ཟླ་ལྔ་བའི་ནང་སྤྱི་ཚོགས་ལ་བསྟར་བའི་བློ་འབྱེད་ཀློག་དེབ་དཔེ་ཚོགས།

༡ གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་ཀྱིས་སྒྲིག་པའི《བྱིས་པའི་རབ་བྱེད》

༢ ཉི་གཞོན་གྱིས་སྒྲིག་པའི《གཞོན་ནུའི་རབ་བྱེད》

༣ མེ་ལྕེ་དང་བདུད་ལྷ་རྒྱལ་གྱིས་སྒྲིག་པའི《ན་གཞོན་རབ་བྱེད》

ང་ཚོའི་མཐར་ཐུག་གི་དམིགས་ཡུལ་དང་ང་ཚོའི་ཁོག་པའི་གཏིང་ན་གནས་པའི་གསང་བ་ལྐོག་གྱུར་དེ་ལ་བལྟ་འདོད་ན་དཔེ་ཚོགས་

འདི་ལ་ཐེངས་གཅིག་གཟིགས་པས་ཆོག་ལ། ང་ཚོས་རྒྱུན་དུ་མི་བུ་སྒེར་གྱི་ཁེ་དབང་དང་མི་རིགས་ཀྱི་བདག་དབང་སོགས་གླེང་དགོས་དོན་ ནི་བློ་འབྱེད་ཀློག་དེབ་དཔེ་ཚོགས་འདི་ལ་ཐེངས་གཅིག་བལྟས་པས་འཐུས།འདི་ཡིས་ཁྱོད་རང་ལ་བློ་འབྱེད་ཅི་ཞིག་བྱེད་ཐུབ་མིན་ལ་ཁོ་བོས་ བཤད་མི་སྤོབས་ཀྱང་རང་ཉིད་ཀྱིས་རང་ཉིད་མི་བུ་ཞིག་ཏུ་ལྟ་ཐུབ་པའི་མ་མཐའི་གདེང་ཚོད་ཙམ་ཡོད་ངེས་ཡིན། ཡང་ན་མི་བུ་ཞེས་པ་འདིའི་

བློ་རིག་དང་སེམས་ཁམས་དང་ཚེ་སྲོག་ནི་གཞལ་དུ་དཀའ་ཞིང་དཔག་ཏུ་མེད་ཐོག་སུས་ཀྱང་ཚབ་བྱེད་མི་བཏུབ་པ་ཞིག་ཏུའང་ལྟ་ཤེས་པས་

མི་བུ་ལ་ཡིན་འཇོག་བྱེད་ཀྱིན་རང་ངོ་རང་ཤེས་ལ་བརྩོན་ཡང་སྲིད། ཡིན་ཡང་། འདི་ནི་ཡོད་ཚད་ཀྱི་ཡོད་ཚད་རེད་བསམ་ན་ཁྱོད་རང་ནོར་སོང་ ། འདི་ནི་ངོ་སྤྲོད་ཙམ་དང་། འཇུག་སྒོ་ཙམ། འདྲེན་སྒོ་ཙམ། ཟུར་གླེང་ཙམ་ཡིན། ཡང་ན་གཏམ་རྒྱུད་ཀྱི་མགོ་བརྩམས་མ་ཐག་ཡིན། ཁོ་ བོར་མཚོན་ན། དཔེ་ཚོགས་འདིའི་ནང་བསྒྱུར་ཡོད་པའི་གཞན་རྩོམ་དང་འདྲེན་བཀོད་བྱས་ཡོད་པའི་བོད་རྩོམ་མང་ཆེ་བ་ལ་སློབ་ཆེན་སྐབས་

སུ་རྒྱ་ཡིག་བོད་ཡིག་གི་ལམ་ནས་བལྟས་ཟིན་པས་སྤྱིའི་ཆ་ནས་བསྐྱར་བལྟའི་བབ་མ་མཆིས་མོད། འོན་ཀྱང་འདི་ལྟར་ཡོད་ཚད་ཕ་སྐད་མ་ ཡིག་གི་ལམ་ནས་རྡོག་ཐོན་བྱུང་ན་སེམས་པ་དགའ་ཀྲོག་ཀྲོག་དང་སྣང་བ་སྐྱིད་འབོལ་འབོལ་རེད། ག སྤྱི་ཟླ་བདུན་པར་སྤྱི་ཚོགས་སུ་བཀྲམས་པའི་ཞིབ་འཇུག་དེབ་ཕྲེང་། ༡ མེ་ལྕེས་གཙོ་སྒྲིག་བྱས་པའི《དགེ་ཆོས་ཞིབ་འཇུག》

སྤྱིའི་དེབ་གྲངས་ཉེར་གསུམ་པ།

48


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

༢ དགུ་རོང་སྤུན་གྲོལ་གྱིས་གཙོ་སྒྲིག་བྱས་པའི《རང་གྲོལ་ཞིབ་འཇུག》

མི་རིགས་ཤིག་ལ་མི་ཆེན་སྐྱེས་ཆེན་འཁྲུངས་བ་ནི་མི་རིགས་དེ་ལ་ད་དུང་གསོན་པའི་རེ་བ་ཡོད་པའི་བདེན་དཔང་ཡིན་ལ། མི་རིགས་

དེས་མི་ཆེན་སྐྱེས་ཆེན་དེ་ལ་བརྩི་བཀུར་གོང་བཀུར་བྱེད་པ་ནི་མི་རིགས་དེའི་རྟོགས་པ་སད་པའི་དམ་རྟགས་ཅི་ལ་མིན། གོ་ཐོས་སུ་རྒྱ་ནག་

པས་ལུའུ་ཞུན་ལ་ཞིབ་འཇུག་བྱས་པའི་དཔེ་དེབ་སྟོང་ཁར་འབུད་པར་བཤད། ང་ཚོར་ཡང་རྒྱ་ནག་པའི་ལུའུ་ཞུན་ལྟ་བུའི་སྐྱེས་ཆེན་མེད་པ་ མ་ཡིན་ཏེ། མཁས་དབང་དགེ་ཆོས་དང་རང་གྲོལ་སོགས་ཡོད།དེས་ན། ང་ཚོས་ཀྱང་མཁས་དབང་འདི་གཉིས་ལ་མིའི་མིག་དབང་གིས་ལྟ་

བཞིན་མི་བུའི་ཚད་ནས་ཞིབ་འཇུག་བྱ་རྒྱུ་གལ་ཆེ། དེ་བས། དེབ་ཕྲེང་འདི་དག་ནི་མཁས་དབང་གང་གི་རིན་ཐང་སྔོག་འདོན་དང་རིན་ཐང་ ཚད་འཇལ་བྱ་བའི་ཞིབ་འཇུག་གི་སྔོན་འགྲོ་རེད། དེས་ན་ང་ཚོས་སྐྱེས་ཆེན་ལ་ཞིབ་འཇུག་བྱེད་དོན་ཅི་ཞིག་ཡིན་ཞེ་ན། བ་རྗེས་གོམས་ འདེགས་ཀྱི་རིགས་ལམ་ལྟར་ཁོང་ཚོའི་རྗེས་སུ་ཨ་འགྲིག་ཆ་འགྲིག་གིས་འབྲངས་ཆེད་མ་ཡིན་པར་ཁོང་ཚོའི་ཕྲག་པ་ལ་རྐང་རྟེན་བྱས་ནས་

ང་ཚོ་མུ་མཐུད་དུ་ལམ་ལ་ཆས་ཕྱིར་རེད། དེ་ལྟ་བས་ན། མི་ཆེན་ཚོའི་རིན་ཐང་སྔོག་འདོན་གྱི་དོན་སྙིང་ནི་གཞལ་དུ་མེད་ལ་རིན་ཐང་ཞིབ་ འཇུག་གི་འགན་ཁུར་ལྷག་ཏུ་ལྕི།

ང་། ད་ལོར་སྤྱི་ཚོགས་སུ་བཀྲམས་པའི་སྒེར་དེབ།

༡སྤྱི་ཟླ་དགུ་བར་སྤྱི་ཚོགས་སུ་བཀྲམས་པའི་སྒེར་དེབ《དགེ་ཆོས་རྒྱང་མཇལ》འདི་ནི་ན་གཞོན་མེ་ལྕེ་ལགས་ཀྱི་སྒེར་དེབ་བཞི་བ་

རེད། མི་བུ་འདིའི་རྩོམ་ཡིག་གིས་ང་ཚོ་ལ་རིག་གནས་ནང་འདྲེན་དང་གོ་རྟོགས་རྙེད་ལུགས་དང་དོན་དངོས་དྲང་བརྗོད་དང་སྤྱི་ཚོགས་གཟབ་ ཉན་སོགས་ཀྱི་བག་ཆགས་ཟབ་མོ་བཞག་དང་འཇོག་བཞིན་ཡོད། དེར་མི་སྣ་གཅིག་ཙམ་གྱིས་གསེར་གྱི་ས་གཞི་དང་འདྲ་བའི་མཁས་

དབང་གང་གི་བསམ་བློ་དང་རིགས་ལམ་དང་བརྩེ་དུང་སོགས་ཕྱོགས་ཐམས་ཅད་ནས་ཅི་ཡང་མ་ལུས་གང་ཡང་མ་ཤོར་བར་ཆ་ཡོངས་སུ་ནས་ ཞིབ་འཇུག་དང་སྔོག་འདོན་གྱིས་གསལ་བར་བརྗོད་རྒྱུ་ཟེར་ན་ཧ་ཅང་དཀའ་བའི་གནས་རེད། དེ་ལྟར་རེ་བཞག་བྱས་ཚེ། ང་ཚོའི་བསམ་བློ་

འགྲིག་གི་མེད་པ་མ་གཏོགས།ཞིབ་འཇུག་པ་ཁོ་རང་གིས་མ་ལྕོགས་པ་མ་རེད། དེ་ནི་མི་བུ་སོ་སོའི་མི་ཚེ་བཤུལ་ལམ་དང་ཤེ ས་བྱ་ཡོན་ཏན་ དང་བློ་རིག་རིགས་ལམ་ལ་ཚད་ཡོད་པས་རེད། དེ་བས། སྒེར་དེབ་འདི་ནི་དགེ་ཆོས་ལ་ཞིབ་འཇུག་བྱས་པའི་ཆ་ནས་ཀྱང་ཞིབ་འཇུག་ལས་ གཞི་རྒྱ་ཆེན་པོའི་མགོ་བརྩམས་མ་ཐག་མཚོན་པ་ཙམ་ཞིག་རེད་འདོད།

༢སྤྱི་ཟླ་བཅུ་བར་སྤྱི་ཚོགས་སུ་བཀྲམས་པའི་སྒེར་དེབ《སོ་སྐྱེས་སྐད་སྒྲ》འདི་ནི་ན་གཞོན་སེང་རྡོར་ལགས་ཀྱི་སྒེར་དེབ་གསུམ་པ་

རེད། དེར་སྔོན་མ་གཉིས་ནི་ཚིགས་བཅད་ཀྱི་ལུགས་སུ་བརྩམས་ཡོད་པ་ལ། ད་རེབ་ཀྱི་དེབ་འདི་ནི་ཚིག་ལྷུག་གི་ལམ་ནས་བརྩམས་པའི་

འབོལ་རྩོམ་དང་ཐོལ་རྩོམ་རེད། སྔོན་མའི《རྟུལ་ཕོད》ལ་བོད་ཀྱི་སྙན་ངག་པའི་སྡེ་ནས་བཅད་རྩོམ་གསར་མའི་གདན་ཐོབ་སྤྲད་ཡོད་པ་

རེད། སྙན་དེབ་འདིའི་གཞན་དང་མི་མཐུན་པའི་ཁྱད་ཆོས་འདྲ་བརྗོད་ཁུལ་བྱས་ན། རྗོད་བྱེད་ཚིག་གི་ཆ་ནས་བོད་རང་གི་གནའ་རྩོམ་གྱི་

བྲོ་བ་ཡོད་ལ་བོད་རང་གི་དམངས་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་འཛོམས། བརྗོད་བྱ་དོན་གྱི་ཆ་ནས་རིག་གནས་དགག་གཞག་གི་རིགས་འདེད་ བཙན་ཞིང་རིག་གནས་རྒྱུས་ལོན་གྱི་བློ་རིག་གསལ། ད་དུང་ལོ་རྒྱུས་ཕྱིར་རྟོག་གི་བློ་དཔང་མཐོ། རྗོད་ལུགས་རྩོམ་ཉམས་ཀྱི་ཆ་ནས་བོད་

རང་གི་གནའ་རྩོམ་གྱི་ཚིག་རྒྱན་དང་དམངས་ཁྲོད་ལ་གཞས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། དེར་ལ་ཤས་ཀྱིས་མཁས་དབང་དགེ་ཆོས་ཀྱི་ རྩོམ་རྩལ་ལས་ཀྱང་འཕགས་པར་གདེང་འཇོག་བྱེད་པ་ལ་རྒྱུ་མཚན་མེད་པ་མ་རེད་སྙམ། དེ་བཞིན་དུ་ད་ཐེངས་ཀྱི་དེབ་འདི་ལ་ཡང་གོང་གི་ ཁྱད་ཆོས་དེ་དག་རང་ཆས་སུ་འཛོམས་ཡོད་ལ་ང་ཚོ་བོད་ཀྱི་དྲ་བའི་རྩོམ་རིག་གི་སྒོ་འབྱེད་ཀྱང་རེད་འདུག ཡིན་ཡང་ཐོལ་རྩོམ་འདི་ལ་སྙན་ ངག་གི་ཚིག་རྒྱན་ལྟ་བུའི་ཚོར་རྟོག་མང་ཙམ་མཆིས་པ་ལས་འབོལ་རྩོམ་ལྟ་བུའི་རིགས་རྟོག་དེ་འདྲ་མི་ཟབ་པས་རྩོམ་ཡིག་དག་བཀླགས་

རྗེས་རྒྱུ་མཚན་ཞིག་བཤད་ཀྱིན་པའི་ཉམས་མི་སྟེར་བར་ཚོར་བ་བན་བུན་ཞིག་ཟ་དང་ཟུར་ནས་བརྡོལ་ཡོང་། དེ་བས་འདི་ནི་ཞན་ཆ་ཙམ་དུ་ཁོ་ 49

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

བོས་འདོད། གཞན་འདི་ནི་བོད་ཀྱི་དེང་རབས་ཐོལ་རྩོམ་དཔེ་ཚོགས་ཀྱི་དེབ་རྩོམ་ཐོག་མ་ལ་ལེགས་འདེམས་བྱས་ཡོད་པ་རེད།

༣སྤྱི་ཟླ་བཅུ་གཉིས་པར་སྤྱི་ཚོགས་སུ་བཀྲམས་པའི་སྒེར་དེབ《སྐྱ་བོའི་སློབ་གསོ》འདི་ནི་དོ་རྒྱ་བསོད་ནམས་ཚེ་རིང་གིས་བརྩམས་

པ་རེད། དེབ་རྩོམ་འདི་གཞན་དང་མི་འདྲ་ས་ནི་སློབ་གསོའི་སྐོར་གྱི་ཆེད་དེབ་ཅིག་ཡིན་པས་རེད། འདི་ཙམ་གྱིས་གླེང་དགོས་པའི་བབ་མ་

མཆིས་མོད། འོན་ཀྱང་། དེབ་འདི་ནི་སློབ་གསོའི་ཆེས་གཞི་རིམ་དང་ཆེས་དམའ་རིམ་ནས་མཆེད་པའི་སྐད་འབོད་ཅིག་ཡིན་པས་རེད་ལ།

ལྷག་ཏུ་སློབ་གསོའི་རྨང་གཞིར་གྱུར་བའི་ཆེས་དམའ་རིམ་དང་། སློབ་གསོ་དང་ཆེས་ཁ་ཐག་ཉེ་བའི་གཞི་རིམ་དགེ་རྒན་ཞིག་གི་རང་མྱོང་གི་

དོན་འབྲས་དང་བསམ་འབྲས་ཡིན་པས་སོ།། འདི་ལྟར་ད་སྔའི་ཡན་ཆད་དུ་ང་ཚོ་ལ་དམའ་རིམ་སློབ་གསོའི་སྐོར་གྱི་ཁ་ཐག་རིང་བའི་གཞུང་ ལུགས་ཆེད་དེབ་དེ་གཅན་རོང་བསྟན་འཛིན་གྱི《སློབ་གསོའི་ལག་ལེན་རྣམ་བཤད》ལྟ་བུ་ཡོད་མྱོང་བ་ལས་སློབ་གྲྭ་དང་སློབ་མ་དང་ཆེས་

ཐག་ཉེ་ས་ནས་བརྡོལ་བའི་དངོས་མྱོང་གི་ཆེད་དེབ་བྱུང་མ་མྱོང་། དེ་ལྟ་དེ་ལྟར་ང་ཚོ་གཞུང་ལུགས་ལ་གོམས་ཤིང་རིག་གཞུང་ལ་དགའ་བ་དང་ ། དངོས་མྱོང་ལ་དམན་གྱིས་ལྟ་ཞིང་ཐག་ཉེ་ལ་ཟུར་གྱིས་གཅོད་པའི་འདུ་ཤེས་ཆེ་དྲགས་པས།ཉིན་གཅིག་ཟླ་གཅིག་དང་དགེན་གཅིག་སློབ་ གཅིག་གི་སློབ་སྦྱོང་གོ་རིམ་ཟིན་བྲིས་སུ་འདེབས་པའི་ཞིབ་མོ་ཞིབ་ཚགས་དང་ཆུང་ཕྲ་ཡང་ཕྲ་ལ་དོ་སྣང་བྱེད་པའི་འདུ་ཤེས་རྒྱུད་ལ་ཆགས་

མེད་པས། གལ་ལ་ཐུག་དུས་ང་ཚོས་སློབ་གསོའི་སྐོར་གྱི་མྱོང་བ་རགས་རིམ་ལས་བཤད་མི་ཐུབ་ལ་རིགས་ལམ་ཐན་ཐུན་ལས་བརྡོལ་མི་

ཐུབ། དེ་ནི་ཏག་ཏག་ང་ཚོ་ལ་དངོས་མྱོང་གིས་དཀོན་པ་མ་ཡིན་པར་ང་ཚོ་ལ་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་མྱོང་བ་དག་ལ་གཟབ་ཉན་བྱེད་པའི་ གོམས་སྲོལ་མེད་པས་རེད། ཡང་ན་ང་ཚོར་ཆེན་པོ་ཆེན་པོ་ལ་འཇུག་ཅིང་བསྒྲུབས་པའི་འདོད་བློའི་འདུ་ཤེས་བཙན་པའི་སྲོལ་ཡོད་པ་ལས་ ཆུང་ངུ་ཆུང་ངུ་ནས་ཡུན་དང་ཁད་ཀྱིས་འཇུག་པའི་གོམས་སྲོལ་མེད་པས་ཀྱང་རེད། གང་ལྟར་ཀྱང་འདི་ནི་བོད་ཡུལ་གྱི་ཡུལ་ལུང་བྱེ་བྲག་པའི་ སློབ་གསོའི་སྒྲུབ་ལུགས་དང་སློབ་གསོ་སྤེལ་ལུགས་ཀྱི་དངོས་མྱོང་ཡིན་པ་ལས་བོད་ཁམས་ཧྲིལ་བོའི་སློབ་གསོའི་གནས་ཚུལ་ཡོངས་ཁྱབ་ ནས་གཏན་དུ་མཚོན་མི་ཐུབ།དེ་ལྟ་བས་ན། ང་ཚོ་ལ་འདི་དང་འདི་ལྟ་བུའི་དངོས་མྱོང་ཟིན་དེབ་དག་ཅི་འདྲའི་མཁོ་ཆེ་ཨང་།

༤སྤྱི་ཟླ་བཅུ་གཉིས་པར་སྤྱི་ཚོགས་སུ་བཀྲམས་པའི་སྒེར་དེབ《རྒྱང་འཕེན་པའི་སྙིང་སྟོབས》འདི་ནི་ན་གཞོན་རྣོ་སྦྲེང་ལགས་ཀྱི་སྒེར་

དེབ་རེད། ན་གཞོན་འདི་ནི་ཚང་མས་གོ་ཚོད་དང་ཤེ ས་ཚོད་རེད། ན་གཞོན་གསར་བའི་དྲ་སྟེགས་དེབ་གསུམ་གྱི་གཙོ་སྒྲུབ་མཁན་དང་ འགན་གཙོ་མཁན་ཡིན་པ་རེད། སྒེར་དེབ་འདིར་ན་གཞོན་ཁོ་རང་ཉིད་སྤྱི་ཚོགས་ལ་ཟབ་ཞུགས་བྱས་ཤིང་དེ་ལ་བློ་མིག་གིས་བལྟས་པའི་ དངོས་མྱོང་དག་ཇི་བཞིན་དུ་ཡིག་ཐོག་ཏུ་བཀོད་པ་མ་ཟད། རང་ཉིད་ཀྱིས་རང་རིགས་ཀྱི་རིག་གནས་ལ་འཛིན་པའི་དོགས་སློང་དང་དགག་ གཞག་དང་ཚ་འདྲི་སོགས་ཀྱི་སྙིང་སྟོབས་ཤིག་ལྷུག་གེར་བསྟན་འདུག

༥གཞན་རང་གིས་དངོས་སུ་ཀློག་མ་ཐུབ་ཅིང་བརྡ་ཁྱབ་ཅི་རིགས་དྲ་ལམ་སོགས་ནས་མཐོང་ཐུབ་པའི་སྒེར་དེབ་ལ། སྤྱི་ཟླ་བཅུ་

གཅིག་པར་སྤྱི་ཚོགས་སུ་བཀྲམས་པའི་སྒོ་ཡོན་གྱི་བཅད་རྩོམ་གསར་མའི་སྙན་དེབ《ཐུབ་པའི་གཞོན་རབས》དང་སྤྱི་ཟླ་བཅུ་གཉིས་པར་སྤྱི་

ཚོགས་སུ་བཀྲམས་ཤིང་བོད་ཀྱི་དེང་རབས་སྙན་ངག་དཔེ་ཚོགས་ལ་བདམས་ཐོན་བྱུང་བའི་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་དེབ《ཕྲེང་

བ་ནག་པོ》སོགས་ཡོད་པ་རེད།

གཉིས། ས་ཁྲ་དང་ཚིག་མཛོད།

༡མཚོ་སྔོན་ཞིང་ཆེན་ས་གཤིས་གཏེར་རྫས་རྟོག་ཞིབ་ཁང་གསུམ་པའི་མཚན་ཐོག་ནས་སྤྱི་ཁྱབ་ཇུས་འགོད་པ་དང་སྒྲིག་བཟོ་བ་དང་

རྩོམ་སྒྲིག་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་བའི་སྐལ་ལོ་ནས་འདོན་སྤེལ་མཛད་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ སྲིད་འཛིན་ས་ཁྲ་བོད་འགྱུར་མ》ནི་སྤྱི་ཟླ་དང་པོར་དངོས་སུ་སྤྱི་ཚོགས་སུ་བཀྲམས།འདི་ནི་ང་ཚོས་ཡུན་རིང་ལ་སེམས་སུ་ཉར་ཞིང་ནམ་ཞར་

ཞེ་བཅག་ཡིན་པའི་ཕ་སྐད་མ་ཡིག་གི་ས་ཁྲ་མ་ཡིན་ནམ།འདིས་བོད་རང་གི་གནའ་བོའི་དྲི་མ་མ་ཡལ་བའི་ས་མིང་ཡུལ་མིང་ཆུ་མིང་དག་ཡང་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

50


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

བསྐྱར་མི་ཡུལ་དུ་བསྒྲགས་ཤིང་ཡང་བསྐྱར་གསོན་ཤུགས་ཀྱི་འཚེར་མདངས་འཕྲོ་རུ་བཅུག དེ་མ་གཏོགས་ར་མིན་ལུག་མིན་དང་ཕ་མིང་བུ་

འཛོལ་དང་ཕ་ནོར་བུ་དོར་བྱུང་དང་འབྱུང་བཞིན་པའི་རིག་གནས་གཞན་འགྱུར་གྱི་སྣང་ཚུལ་ནི་བོད་ཡུལ་གྱི་ལུང་པ་གང་ནའང་རྒྱུན་འབྱམས་ སུ་འགྲོ་བཞིན་ཡོད་པ་རེད། དཔེར་ན། མཚོ་སྔོན་མཚོ་ལྷོའི་མངའ་ཁོངས་སུ་བཅད་ཡོད་པའི་བོད་ས་རྩིས་གོར་ཐང་ལ་རྒྱ་སྐད་དུ་ཞིན་ཧེ

(兴海)ཞེས་བཏགས་ཡོད་པ་ལ། བོད་མི་ཚོས་དེ་ཕྱིར་བོད་སྐད་དུ་བསྒྱུར་ནས་དར་མཚོ་ཞེས་འབོད་པ་རེད།ཡང་ཟི་ཁྲོན་རྔ་བའི་མངའ་

ཁོངས་སུ་བཅད་ཡོད་པའི་བོད་ས་ཁྱུང་མཆུའམ་རྐ་ཁོག་ཅེས་པ་ལ་རྒྱ་སྐད་དུ་ཧུང་ཡོན(红原)ཞེས་བཏགས་ཡོད་པ་ལ། བོད་མི་ཚོས་

དེ་ཕྱིར་བོད་སྐད་དུ་བསྒྱུར་ནས་དམར་ཐང་ཞེས་འབོད་པ་རེད། དེར་ཡུལ་ལུང་དེ་དག་གི་བོད་མི་རྒན་པའམ་ན་གཞོན་རིགས་ཞེན་ཅན་འགའ་ མ་གཏོགས་བོད་མི་གཞན་རྣམས་ཀྱིས་རྩད་གཅོད་འདྲི་གཅོད་མི་བྱེད་པར། དེ་དག་གིས་བོད་མིང་དག་མ་ལ་ཅི་མི་སྙམ་པར་རྒྱ་འགྱུར་རྒྱ་ བསླད་ལྟར་བསྒྱུར་ཞིང་འབོད་པ་ལ་གོམས་ཡོད་པ་རེད། ས་མིང་ཡུལ་མིང་དག་ཅིའི་ཕྱིར་འདི་ལྟར་གལ་ཆེན་ཡིན་ཞེ་ན། ད་ལོའི་སྤྱི་ཟླ་བཅུ་

བར་རེབ་གོང་ནས་འཚོགས་པའི《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》དཔེ་དེབ་དང་འབྲེལ་བའི་འདུ་འཛོམས་དེས་ཧ་གོ་ཡོང་ ། དེ་རིང་ནས་བཟུང་སྟེ་ང་ཚོས་ས་ཁྲ་འདི་ལ་བཀོད་པའི་ཞིང་ཆེན་དང་ལྗོངས་ཁུལ། མཁར་གྲོང་དང་རྫོང་ཁག

སྡེ་བ་དང་ཡུལ་ཚོའི་དངོས་

མིང་རྣམས་སྒྲ་གདངས་དག་ལ་མི་དག་པའི་གཞན་སྐད་ཅིག་གི་སྒོ་ནས་བཤད་དགོས་མ་སོང་ལ།འབོད་དགོས་དོན་ཡང་མ་མཆིས། དེ་ལྟར་ ཟད་མོད་ཀྱི། མ་མཐའི་གནད་འགག་ནི་རང་ས་རང་ཡུལ་གྱི་ཀ་ངོ་ཡིག་ངོ་ཆོད་པ་ཚོས་འབད་འབུངས་བྱ་རྒྱུ་གལ་ཆེའོ།། མིན་ན་མི་ལོ་དུ་མ་

སོང་རྗེས། མི་རབས་གཅིག་གཉིས་འགོར་རྗེས། ཚེ་རབས་དུ་མ་འགྱངས་རྗེས། རང་ས་རང་ཡུལ་གྱི་བདེན་ཁ་ལྟ་ཞོག རང་སྐད་གཞན་ སྐད་གང་ཡིན་གྱི་གསལ་ཁ་འབྱེད་མི་ཐུབ་ཚེ། ནག་ཉེས་དེ་སུ་ཞིག་གིས་འཁུར་དགོས་སམ། ཏག་ཏག་ང་ཚོ་སྔོན་རབས་པ་ལས་འདེད་ས་ གང་ཡང་མེད།

༢ཕྱི་སྡོད་རང་མིས་སྤྱི་ཟླ་བཅུ་བར་དྲ་ལམ་དུ་བཀྲམས་པའི《སྨོན་ལམ་ཚིག་མཛོད》ཅེས་པའོ།། འདི་ནི་ང་ཚོ་བོད་ཀྱི་དྲ་བའི་རིག་

གནས་ལ་གཞུག་ཅིང་དགའ་བའི་ན་གཞོན་ཚོའི་སྤྱན་སྔར་རིན་མེད་གནང་སྦྱིན་བྱས་ཡོད་པ་རེད། འདི་ནི་དཔེ་དེབ་མ་ཡིན་པའི་གློག་རྡུལ་ པར་གཞིའི་རྣམ་པར་ཡོད་པར། གལ་ཏེ་ཁྱོད་ལ་དྲ་ལམ་གྱི་འཇུག་སྒོ་ཡངས་དུས་ཡུལ་དུས་ཀྱི་ཚད་བཀག་མེད་པར་འཛམ་གླིང་གི་ཡུལ་

གྲུ་གང་ནས་ཀྱང་ལྟ་ཐུབ་པའི་ཚིག་མཛོད་ཅིག་རེད། འདིས་ང་ཚོ་བོད་ཀྱི་དྲ་བའི་ཐོན་ཁུངས་ཕུན་ཚོགས་དང་ཇེ་རྒྱས་ལ་སྔ་ན་མེད་པའི་སྲོག་

དབང་ཞུགས་པར་བྱས་ཡོད་པ་ནི་སྨྲ་མེད་ཅིག་ཡིན། མ་ཟད་བོད་མི་སྤྱི་ཕན་གྱི་ལས་གཞི་རླབས་ཆེན་ཞིག་ཡིན་པ་ཡང་སྨྲ་རུ་མེད་དོ།། ཡིན་ ཡང་། ཅུང་ཞིབ་ཀྱིས་བཙལ་ཞིང་འཚོལ་ན། ཚིག་མཛོད་འདི་ཡང་ད་བར་རྒྱུག་ཆེ་ཞིང་རྒྱུན་སྤྱོད་ཆེ་བའི་ཐ་སྙད་དག་གི་མིང་མཛོད་ཅིག་ ཡིན་པ་ལས། ཤེས་རིག་རིག་གནས་ཀྱི་སྣ་སྒོ་མོ་ཀུན་ལ་རིས་མེད་དུ་ཁྱབ་ངེས་ཤིང་རིག་ཚན་སོ་སོའི་ཆེད་སྤྱོད་བརྡ་ཆད་ཀྱང་ཅི་རིགས་སུ་

ཡོད་ངེས་པའི་ཚིག་མཛོད་ཆེན་པོ་ཞིག་མ་རེད། དེ་བས་ཐོན་རིམ་གཉིས་པ་དང་གསུམ་པ། ཡང་ན་བཞི་བ་དང་ལྔ་བ་སོགས་ལ་ཇེ་རྒྱས་ཇེ་ འཛོམས་ཡོང་བར་ཡིད་ཆེས་ཀྱིས་རེ་ཞུ་བྱ་ངེས།

༣སྤྱི་ཟླ་དང་པོར་བོད་ཡིག་དཔེ་དེབ་ལག་འཁྱེར་ཁ་པར་ནང་དུ་ཀློག་བཏུབ་པའི་གློག་འཕྲུལ་ལག་རྩལ་བྱུང་བ། དེང་དུས་ཀྱི་གློག་

འཕྲུལ་ལག་རྩལ་ནི་ཉིན་ལས་ཉིན་ལ་འཕེལ་ཆེ་ཞིང་ཟླ་ལས་ཟླར་མགྱོགས་ཆེ་བ་རེད། དེར་སེང་རྡོར་ལགས་ཀྱི་སྐད་ཆས་མཚོན་ན། ཤྰ་རིའི་ བུའི་རྫུ་འཕྲུལ་ལས་ཀྱང་མགྱོགས་ཞེས་པའོ།། དེ་ལྟ་དེ་ལྟར་འཛམ་གླིང་ཧྲིལ་བོ་ཇེ་ཆུང་ཇེ་དམ་དུ་འགྲོ་བཞིན་ཡོད་པར་བཤད་ཆོག་ལ། ཇེ་

སྐྱེན་ཇེ་མྱུར་དུ་འགྲོ་བཞིན་པར་བཤད་ཆོག གང་ལྟར་ཀྱང་ཡོ་ཆས་ཆུང་ཆུང་ཞིག་གི་ནང་དུ་འཇིག་རྟེན་ཀློག་བཏུབ་པ་ནི་ང་ཚོར་བཤད་དུ་ཡོད་ པའི་རྡུལ་ཕྲན་སྟེང་གི་འཇིག་རྟེན་ལས་ཀྱང་ཆེ་ཞིང་ནོམ་པར་འདོད། འདི་ནི་མི་རིགས་ཤིག་དུས་རབས་ཀྱི་རྗེས་སུ་འདའ་མ་འདུར་གྱི་སྒོ་ནས་ འབྲངས་དང་འབྲང་བཞིན་པའི་དམ་རྟགས་རེད།

51

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

༥《ཁམས་པའི་འཛུམ་རིས》སྤྱི་ཚོགས་སུ་བཀྲམས་པ། འདི་ནི་དཀར་མཛེས་ཚགས་པར་ཁང་གིས་གཉེར་བའི་ཚོན་ལྡན་ཚགས་

དེབ་ཅིག་རེད། འདི་ནི་ཁམས་པའི་ཚགས་པར་ལྟར་དུ་ཡིག་ནོར་དང་ཡིག་སྐྱོན་གང་སར་མཐོང་དུ་ཡོད་པའི་ལྟ་སྣང་རིག་སྣང་མེད་པ་ལྟར་མ་

ཡིན་པར། ཡིག་ནོར་དང་ཡིག་སྐྱོན་ཅུང་ཇེ་ཉུང་ལ་སོང་བའི་དུས་རབས་གསར་བའི་ཚགས་དེབ་ཅིག་རེད། འདི་ནི་གསར་འགྱུར་རྫུན་མ་དང་ སྙན་ངག་ཐན་ཐུན་དང་ལྷུག་རྩོམ་དམ་དུམ་མུ་ནས་མུར་སྤེལ་བའི་དཀར་མཛེས་ཚགས་པར་ལྟར་མ་ཡིན་པར་དམངས་ཁྲོད་རིག་གནས་སྔོག་ འདོན་དང་དམངས་སྲོལ་ཁྱབ་སྒྲོག་དང་སྤྱི་ཚོགས་སྐབས་དོན་མཐའ་དཔྱད་དང་མཐའ་མཚམས་མི་རིགས་ཀྱི་དབྱེ་གསལ་ལ་བདེན་པ་བརྡར་

བའི་ཚགས་དེབ་སྒེར་ཚུགས་ཅན་ཞིག་ཡིན་པ་རེད། འདི་ལྟར་ལམ་ལ་ཆས་དུས་ང་ཚོས་ཡིད་ཆེས་དང་རེ་བ་ཆེན་པོ་འཛིན་ངེས་ལ། ད་དུང་

མུ་མཐུད་དུ་རྒྱུན་བསྐྱངས་ཤིང་རྒྱུན་དར་འབྱུང་བར་ང་ཚོས་དཀའ་ལས་མི་བརྒྱག་རང་བརྒྱག་རེད། གཞན་ད་ལོར་ཁམས་པའི་དྲ་ཚིགས་ཀྱང་ ཤར་གཏོང་བྱས།

གསུམ། ཟློས་གར་དང་བརྙན་འཕྲིན།

སྤྱི་ཟླ་བཅུ་བར་བོད་ཀྱི་སྒེར་གཉེར་དྲ་ཚིགས་ན་གཞོན་གསར་བ་ལ་བཀོད་པ་ལྟར་ན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་

གྱི་གློག་བརྙན《ཁྱི་རྒན》དང་ཞི་བདེ་ཉི་མའི་གློག་བརྙན་གསར་བ《སྒྲོལ་མའི་སྐེ་རྒྱན》ནུབ་བྱང་སློབ་མའི་གློག་བརྙན《ལམ》ན་

གཞོན་རྣོ་སྦྲེང་གི《རྩྭ་ཐང་གི་ཁྲག་ཐིགས》མཚོ་ལྷོའི་དམངས་ཁྲོད་བརྙན་འཕྲིན་ཟློས་གར《མེ་ཏོག་སེར་ཆེན》སོགས་ཡོད་པར་གསལ་

བ་རེད། ཁོ་བོ་གློག་བརྙན་ལ་བལྟ་རྒྱུ་ཧ་ཅང་དགའ་ཡང་ད་ལྟའི་བར་དུ་འདི་དག་ལ་དངོས་སུ་བལྟ་རྒྱུ་མ་རེག་ཅིང་ལྟ་མ་ཐུབ་པས་ཅི་ཡིན་ འདི་ཡིན་གྱི་རིག་གནས་སྣང་ཚུལ་སྐོར་གྱི་སྐད་ཆ་བཤད་མི་སྤོབས། ཡིན་ཡང་འདི་དག་གིས་བསྟན་དང་སྟོན་བཞིན་པ་ནི་ང་ཚོ་བོད་ཀྱི་ན་

གཞོན་ཚོའི་ལས་གཉེར་གྱི་ལམ་ཁ་ཕྱོགས་སྣ་མང་བོ་ནས་འཇུག་ཆོག་པ་དེ་རེད་ལ། འདི་དག་གིས་བཙལ་དང་འཚོལ་བཞིན་པ་ནི་ང་ཚོ་བོད་

ཀྱི་གློག་བརྙན་འཚོ་བ་དེ་གཞན་སྐད་གཞན་བརྙན་གྱི་གློག་བརྙན་རིག་གནས་ལ་བརྟེན་མི་དགོས་པར་རང་མགོ་རང་བདག་དང་རང་སྐད་རང་ སྲོལ་གྱི་གློག་བརྙན་རིག་གནས་ལ་འཇུག་ཆོག་པ་དེ་རེད། རྗེས་མར་ང་ཚོ་བོད་ཀྱི་གློག་བརྙན་རིག་གནས་འདི་ཇེ་དར་ཇེ་ཁེ་ཇེ་ཕན་ཇེ་རྒྱས་ཇེ་ འཛོམས་ལ་འགྲོ་བར་ཤོག

ལྔ་བ། དམངས་ཁྲོད་དང་བོད་ཡུལ།

ང་ཚོ་ཡོན་ཏན་པ་དང་རིག་གནས་པ། ཤེས་ཡོན་ཅན། མཁས་པ། མཛངས་མི་སོགས་ཡིག་ངོ་ཆོད་པའི་མི་བུ་ཡོད་ཚད་ཐམས་ཅད་

ཀྱིས་བྱ་བ་དང་ལས་དོན་གང་དང་ཅི་ཞིག་བསྒྲུབས་ན་ཡང་མཐར་ཐུག་གི་དམིགས་ཡུལ་དང་ཞབས་འདེགས་ཞུ་ཡུལ་གྱི་འབབ་བྱ་ནི་གཅིག་

མ་གཏོགས་མེད། དེ་ནི་མི་དམངས་ཞེས་པའོ།། དེར་མི་དམངས་ཀྱི་ཁྲོད་དུ་རིག་གནས་དང་ལས་དོན་དག་དར་སྤེལ་དང་རྒྱུན་འཛིན་དང་ ཁྱབ་སྒྲོག་གི་སྟོབས་ཤུགས་མི་མངོན་ཞིང་འཛད་མཐའ་མེད་པ་ཞིག་ལྡན་པ་ལ། དེར་དམངས་ཁྲོད་ཅེས་མིང་གདགས་ཡོད། འདི་ནི་ང་ཚོའི་ མཐར་ཐུག་གི་རྒྱབ་རྟེན་བཀན་མོ་དང་མཐའ་མཇུག་གི་དཔུང་སྟོབས་དེ་ཡིན་ངེས། གལ་ཏེ་རིག་གནས་དང་ལས་དོན་ཐམས་ཅད་ལ་སྟོབས་ ཤུགས་འདིས་རམ་འདེགས་འཐོབ་ན་ཚང་མ་ཡིན་ཡིན་ལྟར་སྣང་ཞིང་འགྲིག་འགྲིག་ལྟར་བྱས་འགྲོ། གང་ལྟར་ཀྱང་ཡོན་ཏན་པའི་སྡེ་ནས་མྱུ་

གུ་འབུས་ཏེ་དམངས་ཁྲོད་ནས་རྩད་པ་ཚུགས་ཤིང་ཡལ་འདབ་རྒྱས་ན་དུས་ཡུན་རིང་བོ་ཞིག་གི་སྲོག་རྒྱུན་བརྟན་ངེས། དེ་བས་མི་དམངས་ ལ་སད་རྟོགས་བྱུང་ཞིང་དམངས་ཁྲོད་ནས་རྩད་པ་ཚུགས་ན་ང་ཚོ་ཡིད་སེམས་དགྱེས་དགྱེས་དང་བློ་ཁ་མགུ་མགུས་ཆས་ཆོག དེ་བས་མི་

དམངས་ནས་རང་ངོ་ཟིན་ཞིང་དམངས་ཁྲོད་ནས་རང་བདག་འཚོལ་དུས་ང་ཚོ་ལ་ལས་འབྲས་ཤིག་སྨིན་སོང་སྙམ་པའི་སེམས་དཔང་ཞིག་ ཡར་ཡར་ལ་འཕྱུར་འགྲོ།

གཅིག ཕ་སྐད་གཙང་མ་བཤད་པའི་དབུ་ཚུགས། མི་ལོ་དུ་མའི་ཡར་སྔོན་གྱི་དུས་ཁ་སང་ཞིག་ལ། སློབ་ཆེན་ག་གེ་མོའི་བོད་ཡིག་

སྤྱིའི་དེབ་གྲངས་ཉེར་གསུམ་པ།

52


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

སྡེ་ཁག་གི་སློབ་བུ་ཆེ་གེ་མོའམ་འཛིན་གྲྭ་ཞིག་ནས“ཕ་སྐད་གཙང་མ་ཤོད་དང་ཨ་མའི་བུ”ཞེས་པའི་སྐད་འབོད་དཀྱུས་མ་ཞིག་ཆེས་ཐོག་མར་ རྒྱ་གྲོང་ཆེན་པོ་ཞིག་ནས་བསྒྲགས་བྱུང་ལ། དེ་ནི་མི་རིགས་འདིའི་སྤྱི་ཚོགས་གནད་དོན་ལ་སློབ་ཆེན་པས་མིག་དབང་ཕྱོགས་པའི་གོམ་པ་

དང་པོ་ཡིན་ཡང་སྲིད། གང་ལྟར་ཀྱང་སྙིང་ཉེ་ཉེ་དང་གཉོམ་དུང་དུང་གི་སྐད་འབོད་འདི་ལ་མ་མི་མིན་མེད་དང་ཡག་འགྲིག་བཟང་རྒྱན་གྱི་ལབ་

གླེང་སྣ་ཚོགས་བྱེད་བཞིན་གྱོལ་མ་ལྡིང་གིས་འདུར་བྱུང་། མི་ལོ་དུ་མའི་རྗེས་ཀྱི་དུས་དེ་རིང་ཞིག་ལ། ཨ་མདོ་རྔ་བ་ཁུལ་གྱི་རྫོང་ཁག་སོ་སོ་ ནས་ཕ་སྐད་གཙང་མ་ལབ་པའི་ཉམས་འུར་ཆེ་ལ། བོད་སྐད་བོད་ཡིག་སྤྱོད་པའི་དམངས་ཁྲོད་ཀྱི་ཕྱོགས་འུར་ཆེ། ད་དུང་ཁམས་གསེར་རྟ་

དང་ཨ་མདོ་རེབ་གོང་སོགས་ནས་ཀྱང་ཕ་སྐད་བཤད་པའི་དམངས་ཁྲོད་ཀྱི་རྩ་འཛུགས་ཤིག་རྒྱས་མགོ་ཚུགས་ལ་སྒར་གྲོང་སོ་སོ་ནས་མ་སྐུལ་

དང་བླངས་ཀྱིས་འཁུར་ཐང་ལ་བརྩོན་བཞིན་མཆིས། འདི་ནི་རྒྱ་ཡན་ལ་ཤོར་དྲགས་པའི་ང་ཚོར་རིག་གནས་འདུ་ཤེས་ཀྱི་སྙིང་རྩ་རྒྱས་མགོ་ ཚུགས་པའི་དམ་རྟགས་རེད་ལ། ཁ་རྒྱབ་འཚོ་བ་ཕན་ཆད་ཀྱི་རིག་གནས་དང་སློབ་གསོ་ལ་སོགས་ཀྱིས་མཚོན་པའི་སྤྱི་གཞུང་གི་དོ་བདག་ལ་ རང་དོན་རང་འཁུར་གྱིས་རང་འགན་བསྒྲུབ་པར་མི་བརྩོན་པའི་ང་ཚོའི་དམངས་གཤིས་ངན་པ་དེ་བསྒྱུར་མགོ་བརྩམས་པའི་བརྡ་རྟགས་རེད།

ཡང་ན་སྤྱི་མཐུན་རིགས་ཀྱི་ཐུན་མོང་འདུ་ཤེས་ཤིག་ཆགས་དགོས་ན་དམངས་ཕལ་བ་སོ་སོ་ནས་རང་སྐད་རང་ཡིག་ལ་དོ་བདག་གི་འདུ་ཤེས་ བསྐྱེད་རྒྱུ་ཉིད་གནད་དམ་པ་ཡིན་པའི་གནས་ལུགས་ཀྱང་བསྟན་དང་སྟོན་བཞིན་འདུག

གཉིས། རྒན་རྒོན་ཚོས་བོད་ཡིག་སློབ་པའི་དབུ་ཚུགས། ཡ་ཧུ་དྰ་པ་མི་རིགས་ནི་འཛམ་གླིང་སྟེང་ལོ་ངོ་སྟོང་ཕྲག་གཉིས་ལ་འཁྱམས་

ལྡོམ་བྱས་བྱས་མཐར་ད་ནི་ཐུན་མོང་གི་ཁྱིམ་གཞིས་ཤིག་ཚུགས་ཡོད་པ་རེད། ཡིན་ཡང་ཁོ་ཚོའི་རང་བྱུང་ཁོར་ཡུག་ལ་ང་ཚོ་བོད་ཁྱིམ་ལྟར་

དུ་ཐོན་ཁུངས་མེད་མོད། འོན་ཀྱང་དེར་འཚོ་གནས་བྱེད་པའི་མི་བུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་རེད། དེ་ནི་གཞན་མ་ཡིན་ཏེ། ཏག་ཏག་མིའི་བློ་རིག་དང་ཤེ ས་ཡོན་རེད། འདི་ཡང་གཞན་གང་ལ་ཡང་བརྟེན་པ་མེད་དེ། རང་རིགས་ཀྱི་མི་བུ་སོ་སོ་ནས་ཡི་གེ་ལ་སྦྱངས་

ཤིང་རིག་གནས་ལ་བརྩོན་པས་རེད། དེ་ལྟ་བས་ན། མིའི་བློ་རིག་དང་ཤེ ས་ཡོན་ལ་བརྟེན་ནས་ད་ལྟར་འཛམ་གླིང་ཧྲིལ་བོའི་རིག་གནས་དང་ དམག་དོན་དང་ཚོང་ལས་དང་དཔལ་འབྱོར་དང་ཚན་རིག་སོགས་ཕྱོགས་གང་ཐད་ནས་ཡང་རྩེར་སོན་ཡོད་པ་རེད། དེ་ལྟ་བས་ན། ང་ཚོས་ ཀྱང་རང་རིགས་ཀྱི་ལས་དོན་དང་བྱ་བ་ཅི་ཞིག་བསྒྲུབ་ན་ཡང་ཡི་གེ་ལ་མ་བརྟེན་ཚེ་ཤེས་རྨོངས་ཀྱི་གྲོག་རོང་ལས་ཐར་བ་ལྟ་ཞོག རྨོངས་

གཉིད་ལས་སད་ཁ་ཡང་དཀའ་ཙམ་གདའ། དེར་ང་ཚོ་བོད་པའི་སོ་སོ་སྐྱེ་བོ་ནས་ཡི་གེ་ལ་སྦྱངས་ཤིང་རིག་གནས་ལ་འབད་ན་སྐྱེས་ཆེན་ གཅིག་དང་གཉིས་ལ་རེ་བཅོལ་བྱེད་དགོས་པ་ལྟར་མ་ཡིན་པར། རང་རང་སོ་སོ་ནས་གནས་ལུགས་ཤིག་ཧ་གོ་ཞིང་རྒྱུ་མཚན་ཞིག་རྟོགས་

ངེས་པ་རེད། སྐབས་དེ་དུས་འདོན་ཆོག་རླུང་གིས་འདོན་མི་དགོས་ལ་ཆོས་གཞུང་གཞན་གྱིས་བཤད་མི་དགོས་པར་རང་ཉིད་ཀྱི་མིག་གིས་

ལྟ་ཐུབ་ཅིང་རང་ཉིད་ཀྱི་ཁ་ནས་བརྡོལ་ཆོག་པ་རེད། སྐབས་དེ་དུས་ང་ཚོར་ཁ་སྐྱེངས་བག་འཁུམ་མེད་པར་རང་རློམ་དང་བཅས་ཏེ་རང་གི་གོ་

སྟོབས་དང་རང་གི་བློ་སེམས་མངོན་ཆོག་པ་རེད། དེ་བས་ཨ་མདོ་རྔ་བ་ནས་མགོ་ཚུགས་ཤིང་ཁམས་སྟོད་དཀར་མཛེས་ནས་འབད་འབུངས་ བྱེད་པའི་གྲོང་པའམ་རྫོང་མཁར་ག་གེ་མོའི་རྒན་རྒོན་ཡིག་རྨོངས་སེལ་ཞིང་བོད་ཡིག་སྦྱངས་བ་འདི་ནི་ཅི་འདྲའི་རླབས་མི་ཆེ་ཨང་། བོད་པ་ ཚོས་ཚེ་མཇུག་ཏུ་བསམ་པའི་ལོ་ན་ལྔ་བཅུ་ཡས་མས་ཀྱི་རྒན་རྒོན་ཚོས་ཉིན་གང་བོའི་དུས་ཚོད་དེ་ཕྱག་སྐོར་ཕྱག་ལེན་གྱིས་འདའ་བཞིན་པའི་

མི་ཚེའི་དགེ་བ་དེ་དགེ་བ་གཞན་ཞིག་ལ་བསྐོར་བ་རེད། འདི་ནི་ཆོས་པའི་ཆོས་བཤད་ལྟར་དུ་ཕྱི་མ་ལ་དགེ་ཕན་ཡོད་མེད་སྨྲ་རུ་མེད་རུང་།

ཚེ་རབས་ཕྱི་མ་ལ་མིག་དཔེ་གང་རུང་ཞིག་གི་སྟ་གོན་བྱས་ཡོད་ཆ་ནས་རྗེས་རབས་པའི་མི་ཚེའི་བཤུལ་ལམ་ལ་ཆོས་སྒྲུབ་ཆོས་གཉེར་གྱི་ལམ་ བུ་གཞན་ཞིག་ལ་འཇུག་ཆོག་པའི་བརྡ་བསྟན་ཡོད་པ་རེད། དེའི་སྐབས་སུ་བོད་པའི་མི་བུ་སོ་སོར་རང་མིག་རང་སེམས་ཀྱི་རིག་གནས་འདུ་ ཤེས་ཁྱད་པར་བ་རེ་གྲུབ་ཡོད་པས་སྒེར་མིའི་ཁྱད་ཆོས་རེ་ཟ་ཟུར་གང་རུང་ནས་མངོན་ངེས་ཤ་སྟག་རེད།

གསུམ། ཕ་ཡུལ་ནས་ལྷ་སར་འགྲོ་བའི་ཚ་རླབས་འཕྱུར་མགོ་བརྩམས་པ། དབུས་ཉི་མ་ལྷ་ས་ནི་བོད་པ་རེ་རེའི་སེམས་ཁོངས་ན་ 53

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

བརྗིད་ལྷམ་མེར་གསལ་འཚེར་ལེར་མངོན་པའི་རྡོ་རིང་ཡིན། དེར་ཕ་ཡུལ་ནས་སྟོད་ཉི་མ་ལྷ་ས་ལ་འགྲོ་དགོས་དོན་ནི་མཆོད་མཇལ་མཆོད་ ཕྱག་ཞུ་བའོ།། དམིགས་ཡུལ་འདི་ནི་ང་ཚོས་ཐད་ཀར་དུ་མཐོང་ཐུབ་ལ་དངོས་སུ་རྗེས་དཔག་བྱ་ཐུབ་པའི་རིགས་འདེད་གཏན་ཚིགས་ཅན་ རེད། ཡིན་ཡང་ཕ་ཡུལ་གྱི་ཡུལ་མི་ཚོ་ད་ལོར་སང་ཆས་གནང་ཆས་ཀྱིས་དབུས་འགྲོ་བྱེད་པ་ནི་གཅིག་ནས་མི་དམངས་ཀྱི་འཚོ་བ་ཇེ་རྒྱས་

ཇེ་བཟང་དུ་སོང་བའི་རྟགས་རེད་ལ། གཉིས་ནས་ཁྱོད་ཕྱུག་ང་ཕྱུག་གི་འགྲན་སེམས་ལས་བརྡོལ་བའི་འགྲན་རྩོད་ཀྱི་ཚ་རླབས་རེད། འདི་ ལྟར་ཁྱོད་འགྲོ་ང་འགྲོ་ཡིས་དབུས་ལ་སོང་ན་བརྒྱ་ཐོས་སྟོང་ཐོས་ལས་དགའ་བའི་རང་མྱོང་མིག་མཐོང་དགའ་བའི་བདེན་པ་བརྡར་ཡོད་པ་ རེད། མ་ཟད་མདོ་དབུས་ཁམས་གསུམ་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་གོ་ལོན་བྱ་ཐུབ་པའི་སེམས་ཁམས་ཤིག་ཆགས་པའི་སྔ་ལྟས་རེད། ཡིན་ཡང་ད་ལོར་ལྷག་ཏུའང་དབུས་འགྲོ་ཧ་ཅང་ཆེ་བ་ནི་སྲིད་ཇུས་མཉམ་ལས་ལ་འབྲེལ་ཤས་ཆེ་བར་བསམ། སྲིད་བཀའ་འདིའི་དབང་གིས་

འབྲོག་པས་རང་བདག་གི་ཕྱུགས་ཟོག་ཚད་མེད་དུ་བཙོངས་བར་ཐོས་ལ་རོང་བས་ཞོར་ལས་ཀྱི་སྒོར་མོ་ཐམས་ཅད་རང་གྲོན་གསོག་དངུལ་དུ་ མི་འཇོག་པར་རང་ཟད་རང་དགོལ་གྱིས་ཚར་བར་བྱེད་པའི་སྣང་ཚུལ་གྱི་ཁོངས་སུ་ཅི་ལ་མི་གཏོགས། རེད་དེ། ཡུལ་མི་ཚོར་སེམས་ཚེགས་

གཞན་ཞིག་ཡོད་པ་ནི་སང་ལོ་གནང་ལོར་དབུས་ལ་འགྲོ་མི་ཐུབ་ཅེས་པའོ།། གལ་ཏེ་སྲིད་ཇུས་ཙམ་ལ་བརྟེན་ནས་འདི་ལྟར་ཡིན་སོང་ཚེ། ང་ ཚོས་ད་ནི་མི་བུ་སོ་སོ་ནས་སྒེར་ཚུགས་དང་རང་ཚུགས་ཀྱིས་རྒྱགས་པར་བརྩོན་དགོས་ལ་མི་ཆོས་རིག་གནས་ཀྱིས་བལྟམས་པའི་ཀླད་པ་ ལྡན་པར་བྱ་རྒྱུའོ།།

མཐའ་ཞུ། ལོ་ངོ་གཅིག་གི་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་འདི་ལྟར་གསལ་བཤད་དང་ངོ་སྤྲོད་ཀྱི་ཚུལ་དུ་ཡི་གེར་བཀོད་ཅིང་ཚང་

མའི་སྤྱན་ལམ་དུ་བཀྲམས་ན། ད་དུང་ཅི་ཞིག་མ་འཁྱོངས་བ་དང་གང་ཞིག་ནས་ཆད་སོང་བ་ལྟ་བུའི་ཉམས་སྣང་ཁོ་བོ་ལ་བར་མེད་དུ་སྟེར་

བར་ཁྱོད་ཚོ་ལའང་དེ་ལྟར་ངེས་མེད་དུ་ཡོད་སྲིད། ཡིན་ཡང་ཟིན་ཐོ་འདི་ནི་སྣ་ཟིན་སྤུ་ཟིན་དང་ལ་བཏུས་ལུང་བཏུས། མིག་མཐོང་རྣ་ཐོས་ རྣམས་གཞི་གཅིག་ཏུ་སྤུངས་བ་ཙམ་དུ་ཟད། འདི་ལྟར་རང་གི་མི་འདང་ས་ངོས་ལེན་བྱེད་ཀྱིན་རྩོམ་ལ་ཞུགས་དང་གཞུག་ན། ཁོ་བོས་ནི་མ་ བཀོད་པ་དང་མ་བྲིས་པ་དང་མ་ཤོད་པའི་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་ད་དུང་ཡོད་སྲིད་ན། ཐམས་ཅད་ནས་ང་རང་ཉིད་ཀྱི་སྐྱོན་དུ་

མི་འགྲོ་བར་བསམ། ང་རང་གི་མིག་དང་རྣ་དང་བློ་དང་ཚོར་བ་ལ་ཚད་ཡོད་པས་རེད་ལ། ང་རང་གི་གོ་ཐོས་ཐོ་འགོད་དག་ཀྱང་བོད་ཁམས་ ཧྲིལ་བོའི་དོན་དག་ཡོད་ཚད་གཏན་ནས་ཡིན་མི་སྲིད་པས་སོ།། ཡང་ན་ང་རང་ནི་ཤ་ཡི་མི་ལ་ཤ་ཡི་མིག་རྣ་ཡོད་མཁན་ཞིག་ལས་གཟུགས་ མེད་ཀྱི་སྤྲུལ་དང་འཕྲུལ་གང་ཡང་མེད་པས་སོ།། གང་ལྟར་ཁྱོད་ཚོས་ཀྱང་ངའམ་ང་ལྟ་བུའི་ན་གཞོན་སྐོར་ཞིག་ལ་རེ་བ་ཡོད་ཚད་མ་བཅོལ་

ཨང་། དེར་མི་བུ་སོ་སོ་ནས་སྒེར་དབང་གི་རང་བབ་འགན་འཁྲི་ལ་ངོས་ཟིན་གྱིས་དེ་ཉིད་ལྷུག་བརྗོད་བྱེད་རྒྱུ་ནི་གནད་དུ་མཆིས། ཁྱོད་ཚོ་རང་ ཉིད་ནས་ཀྱང་རང་ཉིད་ལ་ཡིད་ཆེས་ཀྱིས་རང་མིག་རང་ལག་གིས་རང་མཐོང་རང་མྱོང་དག་ཟིན་ཐོར་ཁོད་དང་། ང་ཚོའི་ལོ་ངོ་རེ་རེའི་མི་བུ་སྒེར་

གྱི་ཟིན་ཐོ་དག་ཇེ་འཛོམས་ཇེ་རྒྱས་ཇེ་བཟང་ཇེ་དག་ལ་ཡོང་ངེས་ཁོ་ཐག་ཡིན། མ་ཟད་ཆེས་གནད་འགག་གི་སྐབས་སུ་མི་རིགས་ཤིག་གི་ལོ་ རྒྱུས་དངོས་མ་ནི་འདི་ལས་ལོགས་སུ་འཚོལ་དུ་མེད་དོ།།

སྤྱིའི་དེབ་གྲངས་ཉེར་གསུམ་པ།

2011.1.10—16 བར་བྲིས།

54


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

2010ལོའི་བོད་ཀྱི་ཤེས་ཡོན་ཅན་གྱི་རིག་གནས་སྣང་ཚུལ་སྐོར་གྱི་སེམས་དོན།

རྩོམ་པ་པོ/རེ་རྐང་གླིང་།

སྟོང་ལོ་གཉིས་པ་མགོ་ཚུགས་ནས་ལོ་ངོ་བཅུ་སོང་བའི་རིང་ལ་འཛམ་གླིང་དང་རྒྱ་ནག་བཅས་སུ་ཚ་ཚ་འུར་འུར་གྱི་རྩོམ་རིག་གི་སྣང་

ཚུལ་མང་པོ་ཞིག་བྱུང་ཡོད་པ་ནི། གསར་ལམ་ཁག་དང་ཚགས་ཤོག་རྣམས་སུ་ལོ་རེ་ནས་ལོ་རེ་བཞིན་སྣ་ཁ་ཇེ་མང་དུ་འགྲོ་གིན་ཡོད་ལ།

ལྷག་ཏུ་འཛམ་གླིང་རྩོམ་རིག་གི་སྣང་ཚུལ་ཆེན་པོ་ཞིག་སྟེ་ཨོ་གླིང་དང་ཨ་རིའི་དབར་གྱི་མཛེས་འཛིན་ལྟ་ཚུལ་མི་འདྲ་བས་ནའོ་པེར་རྩོམ་

རིག་བྱ་དགའ་ཨ་རི་དང་རྒྱང་ཐག་གིས་བཅད་ཚར་བ་དེས་ད་གཟོད་རྩོམ་རིག་པ་སྒེར་ལ་དབང་བའི་འཇོན་ནུས་དེ་དངོམ་ཐུབ་ཡོད་པ་ནི་རྩོམ་ རིག་གིས་ནམ་ཡང་དཔལ་འབྱོར་ལ་མགོ་མི་སྒུར་བའི་སྒེར་ཚུགས་མཚོན་ཐུབ་ཡོད་པ་དེ་དང་། JKལོ་ལིན་གྱི་ལོ་རེའི་རྩོམ་ཡོན་དབྱིན་ཇིའི་

རྒྱལ་མོ་ཡི་ལོ་རེའི་ཡོང་སྒོ་ལས་བརྒལ་བ་ལ་སོགས་པས་རྩེད་མཚར་སྐྱིད་པོ་རེ་བསྟན་ནས་ཡོད་ལ། སྟོང་ལོ་ཚུགས་ཚུན་ལ་རྒྱ་ནང་དུའང་ འབྱོར་ལྡན་རྩོམ་པ་པོའི་ཨང་རིམ་གྱི་རུས་ཐོ་མངོན་བསྒྲགས་བྱས་པ་ནས་བཟུང་། རྒྱ་ནག་གི་རྩོམ་རིག་དེ་ཡང་ཁ་མཚར་ནག་པོའི་རང་བཞིན་

གྱིས་སྤྲོས་ཡོད་པ་ནི་ཀའོ་ཅིན་མེན་གྱིས་གཞན་རྩོམ་བརྐུ་བཤུ་བྱས་པར་འགྱོད་གཤགས་མི་བྱེད་པ་ནས་མགོ་བཙུགས་ཏེ་ཧྭན་ཧྭན་གྱིས་རྒན་

པ་དག་ས་དཀྲུགས་གནམ་དཀྲུགས་བྱས་ལ། “ལིས་དཔའ་ལུགས་ཅན་གྱི་སྙན་ངག་གི་ཧམ་ཚད”ཀྱིས་ཡིས་ཧྲ་དང་པའེ་ཏའོ་སོགས་ཀྱི་མིང་ ཡིག་བཀབ་མྱོང་བ། དེ་བཞིན་ལོ་རབས་བརྒྱད་ཅུའི་རྗེས་ཀྱི་རྩོམ་པ་པོ་རྣམས་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་གྱུར་བ་དག་ གིས་ཟང་ཟིང་ལོང་ལོང་ཞིག་བཟོས་ཡོད་པ་རེད།

དེ་ན་ང་ཚོའི་བོད་ལ་དེ་ལྟ་བུའི་ཤམ་ཚ་ཡི་རྩོམ་རིག་གི་སྣང་ཚུལ་དག་བྱུང་ཨེ་ཡོད་ཅེ་ན་སྒྱུ་རྩལ་རང་ངོས་ནས་གླེང་གཞི་ཆེན་པོ་དེ་འདྲ་

མ་བྱུང་ནའང་། བློ་འབྱེད་ཤེས་ཡོན་དང་དགག་སྒྲུབ་རྩོམ་ཡིག་སོགས་ཀྱི་ངོས་ནས་གླེང་ཆོག་ཆོག་གི་དོན་བྱ་རབ་དང་རིམ་པ་ཞིག་བྱུང་ཡོད་ པར་འདོད་དེ། སྐུ་ཞབས་ཞོགས་དུང་གིས་མཚོན་པའི་གཞོན་སྐྱེས་ཤེས་ཡོན་ཅན་འགའ་ཞིག་གིས་རང་གི་མགོ་བོ་གཏུན་ཤིང་བྱས་ཏེ་ལྷ་

ཆོས་རིག་གནས་ལ་སུན་འབྱིན་དང་དགག་སྒྲུབ་བྱས་པ་དེས་དགོན་སྡེ་ཁག་གི་བླ་སྤྲུལ་དག་ལའང་རིག་གནས་ཀྱི་རྣོ་དབལ་དེ་ངོས་ཟིན་དུ་ བཅུག་ལ། དེའི་རྗེས་སུ་བྱུང་བའི་《བདག་དཔེ་ཚོགས་》དང་《བླ་དཔེ་ཚོགས་》སོགས་ཀྱིས་ཀྱང་མཐོ་བ་བླ་ཆེན་དཔོན་ཆེན་དང་དམའ་ བ་མི་དམངས་མང་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་སྐོར་ལ་མཐའ་གཅིག་ཏུ་རིག་གནས་གསར་བས་ལམ་སྟོན་བྱས་པས་ན་སྟོང་ལོ་གཉིས་ པ་དེ་བོད་མི་རིགས་སད་རྟོག་གི་གོ་རིམ་ཞིག་ཏུ་བརྫངས་ནས་ཡོད་པ་དང་།

གཞན་དུ་སྟོང་ལོ་ཚུགས་ཚུན་ནས་བོད་ཡུལ་ལུང་བ་འདི་ལ་རྩོམ་རིག་གསར་བའི་ལང་ཚོ་དེ་བཀྲ་རྒྱས་ཀྱི་བབས་སུ་འགྲེངས་ཚུགས་

པའི་དན་རྟགས་སུ་བོད་ཀྱི་སྙན་ངག་གསར་བའི་ཚོགས་པ་གསར་བ་མི་རབས་གསུམ་པ་ཞེས་པའི་ཤོག་ཁ་དེ་ཚུགས་པ་དང་། སྐྱབས་ཆེན་ བདེ་གྲོལ་སོགས་ཀྱིས་མཚོན་པའི་ན་གཞོན་རེ་བ་ཅན་འགའ་ཞིག་གིས་མཆོད་མེ་རྩོམ་རིག་དྲ་བ་སོགས་བོད་ཡིག་གི་དྲ་ཚིགས་མང་པོ་ གསར་དུ་ཕྱེས་པ་དེས་དཔེ་ངོས་རྩོམ་རིག་གི་སྣང་ཚུལ་ལ་ཞེ་མེར་ནས་ཡོད་པའི་རྩོམ་པ་པོ་དང་ཀློག་པ་པོ་མང་པོ་ཞིག་གི་བློ་ཁ་གསོས ་ཤིང་།

འཛད་ལ་ཉེ་བའི་བོད་ཀྱི་རྩོམ་རིག་དེ་གདོང་མཆོང་གི་དུས་རིམ་དུ་བསྐྱལ་བ་ནས་སློབ་ཆུང་སློབ་མས་ཀྱང་སྙན་ངག་རྩོམ་པའི་ལས་བརྩམས་པ་ དེས།

ལོ་རབས་བརྒྱད་ཅུའི་སྙན་ངག་པ་གྲགས་ཅན་དག་གི་བརྩམས་ཆོས་ཁོ་ན་གླེང་གཞིར་གྱུར་བའི་བོད་ཀྱི་སྙན་ངག་གསར་བའི་གནས་

བབ་དེ་ཡང་མགོ་རྟིང་བསློགས་ཏེ་གཞོན་ཤ་རྒྱས་སུ་བཅུག་ཅིང་། ལོ་རེ་བཞིན་སྙན་ངག་གྱེར་འདོན་ཚོགས་འདུའམ་རྩོམ་རིག་བགྲོ་གླེང་འདུ་ ཚོགས་མང་པོ་ག་ས་ག་རུ་བསྡུ་བའི་སྲོལ་དར་བ་དེས་བོད་ཀྱི་རྩོམ་རིག་ལ་ཚ་ཚ་འུར་འུར་གྱི་འགྲོགས་བསླངས་ཡོད་པ་དང་། 55

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

སྒྱུ་རྩལ་གྱི་དོང་ནང་དུ་ལྟུང་ལ་ཉེ་བའི་བོད་ཀྱི་སྒྲུང་གཏམ་གསར་རྩོམ་དེ་ཡང་གཏམ་རྒྱུད་ཀྱི་མུར་གཏམ་རྒྱུད་དང་ལྷུག་རྩོམ་གྱི་མུར་ཚིག་

ཚོགས་སྐྱེད་པའི་དུས་སྐབས་དེ་ལ། གློ་བུར་དུ་གཏེར་ཁ་ཕྱེས་པ་བཞིན་《རླུང་དམར་འུར་འུར་》ལྟ་བུའི་སྒྲུང་རིང་རེ་གཉིས་སྤྱི་ཚོགས་ཀྱི་

སྒང་དུ་བུད་པ་ནི་ལོ་རྒྱུས་ཀྱི་འཆར་ཉན་ཞིག་གམ་མིའི་བསམ་ཡན་གང་འདྲ་ཞིག་ཏུ་ངོས་འཛིན་དཀའ་ནའང་དེའི་ནི་གསར་བྱུང་གི་སྒྲུང་རིང་ 《རྒུད་》ལྟ་བུ་དག་དཔེ་ཁང་ནས་ས་རྡུལ་གྱི་ཀློང་དུ་དེད་པས་རྩོམ་སྲོལ་གསར་མའི་འབྲི་ཐབས་དེས་རང་རེའི་སྒྲུང་རྩོམ་གྱི་ལས་ཀར་གླེང་

ཆོག་ཆོག་གི་དབུ་ཁྱུད་ཅིག་བྲིས་ཡོད་པ་སོགས་མདོར་ན་བོད་རང་ལའང་རང་དང་དོ་མཉམ་གྱི་རྩོམ་རིགས་ཀྱི་གླེང་སྒྲོས་མང་པོ་ཞིག་བྱུང་ནས་ འདུག་མོད།

སྟོང་ལོ་གཉིས་པའི་ལོ་རབས་དང་པོར་སྐད་ཅིག་ཉིད་ལ་གྱེས་ཕྱག་འབུལ་བའི་དེ་རིང་། ང་ཚོས་རང་གི་སོང་ཚར་བའི་རྐང་རྗེས་དག་ལ་

ཕྱིར་བལྟ་ཞིག་བྱས་ན། ༢༠༡༠ལོ་ནི་ལོ་ངོ་བཅུ་བོ་དེ་དག་ཕྱེ་མར་བཏགས་པའི་ཡང་ཏིག་སྙིང་བོ་ལྟ་བུ་ཞིག་ཏུ་བཤད་དང་ཆོག་པ་ཞིག་མིན་ ནའང་། མི་སེམས་ལ་སྐྱུར་ཅིང་ཅིང་གི་ན་ཟུག་སྟེར་བའི་རང་བྱུང་གནོད་འཚེ་སྐོར་ཞིག་དང་ཤེ ས་ཡོན་ཅན་གྱི་སྡེ་ལ་ཚ་ཚ་འུར་འུར་གྱི་མེ་ལྕེ་ འབར་དུ་བཅུག་པའི་དྲ་ཚིགས་ཁ་ཤས་སྒོ་བརྒྱབ་པ་དག་གིས་༢༠༡༠ལོ་དེ་རང་རེའི་ཤེས་ཡོན་ཅན་གྱི་སྡེ་ཡི་དཔངས་མཐོ་ལ་བོངས་ཆུང་བའི་

བསམ་པའི་དཔལ་ཡོན་དང་ངོས་ཡངས་ལ་གཏིང་སྲབ་པའི་གཙོ་རྒྱུགས་ཤེས་བྱ་དག་ལྗན་ནེར་བསྟན་པའི་མེ་ལོང་ལྟ་བུ་ཞིག་ཏུ་བཞེངས་

ནས་ཡོད་པ་དང་། ལྷག་ཏུ་བོད་ཀྱི་ཤེས་ཡོན་ཅན་གྱི་བསམ་པའི་དཔལ་ཡོན་དེ་ཕུག་སྣ་རྡོ་ཐུགས་ཀྱི་དཔེ་བཞིན་མདུན་ལམ་མེད་པ་ཞིག་ཏུ་ བསྟན་ནས་ཡོད་དོ། །

སྤྱིར་ན་སྙན་ངག་པ་ནི་རྣམ་ཤེས་ཀུན་ཤེས་པ་ཞིག་ཏུ་བཤད་ནས་ཡོད་ནའང་། དུས་རབས་ཀྱི་བརྡབ་གསིག་ཁོ་ནས་བསྐྱེད་པའི་རང་

རེའི་དེང་རབས་སྙན་ངག་པ་དག་ནི་དགེ་རྒན་གྱིས་ལས་བྱ་བཀོད་སྒྲིག་བྱས་པ་བཞིན་གྲོགས་ཕན་ཚུན་གྱི་སྙན་ངག་དག་ཀློག་རེ་དང་བཤུ་

རེ་བྱེད་པའི་གོམས་གཤིས་སུ་དོང་ནས་ཡོད་ལ། དུས་དེབ་ཉུང་བའི་ལས་དབང་དེ་གྲོགས་སུ་མ་རིག་པར་གེགས་སུ་གྱུར་ཏེ་ནམ་དུ་ཡང་རྩོམ་ སྒྲིག་པ་གང་ཞིག་གི་ཡི་ག་དང་འཚམ་པའི་ཚིག་སྦྱོར་སྙན་ངག་ཁོ་ནར་ཞིབ་འཇུག་བྱེད་པ་ལས་ཡིག་རིགས་གཞན་གྱི་གཞུང་ལུགས་དག་ལ་

ལྟ་ཀློག་གི་མོས་པ་ཆད་ནས་ཡོད་པས། ལང་ཚོའི་རྦབ་ཆུ་ལས་ཐོ་གང་ཡར་འཕགས་པ་ཙམ་གྱིས་ཀྱང་བརྩམས་ཆོས་དེ་ལ་རོལ་མྱོང་བྱེད་པའི་

ཤེས་པ་ལྡོངས་ནས་ཡོད་པ་རེད། སྣང་ཚུལ་འདིའི་རིགས་ཀུན་པོའི་བགྲོ་གླེང་གི་སྐབས་སུ་ཤིན་ཏུ་གླེང་འདོད་ཆེ་བའི་གནད་དག་ཏུ་མངོན་ ནས་ཡོད་ནའང་། གཅིག་གིས་མཐོ་ཚད་གཅིག་གིས་མ་ཟིན་པ་ཡིས་སྙན་ངག་པ་དངོས་ཀྱི་བརྟུལ་ཞུགས་ཡལ་བར་དོར་ནས་ཁ་ཡག་གི་

ལས་སྐྱོང་གིན་བརྩམས་ཆོས་ལ་མི་དཔྱད་པར་རྩོམ་པ་པོར་བཤད་པའི་གཤིས་ལུགས་ཤིག་རང་རེ་བ་ཚོར་གྲིབ་མ་བཞིན་འགྲོགས་ནས་ཡོད་ ལ། བཤད་ཡམས་དེས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་སྙན་ངག་གི་རྩོམ་སྟེགས་རྣམས་སུ་བརྩམས་ཆོས་ལ་དམིགས་ཏེ་དོན་གྱི་རྒྱབ་ལྗོངས་

འདྲེན་པའི་རྩོམ་ཡིག་ཤིན་ཏུ་ཉུང་བ་ནས། སྙན་ངག་པར་བཏགས་ཚད་ལ་འཇོན་བདེ་བ་ནི་གསར་འགོད་པ་དག་གི་བཅར་འདྲི་དང་ལེན་བྱེད་ ཀྱིན་སྙན་ངག་ལ་ངག་ཚིག་སྦོམ་པོ་ཏག་ཏག་བླུགས་ཡོང་བ་དེ་རེད། དཔེ་དེ་༢༠༡༠ལོར་ཤིན་ཏུ་འཛའ་བ་ཞིག་ལ་༢༠༡༠ལོར་བརྙན་འཕྲིན་ ཁང་དང་རླུང་འཕྲིན་ཁང་། དུས་དེབ་ཁང་དང་ཚགས་པར་སོགས་རིག་གནས་གླེང་སྟེགས་མང་པོ་ཞིག་གིས་སྔ་གཞུག་བརྩད་དེ་སྙན་ངག་པ་ མང་པོ་ཞིག་ལ་སྙན་ངག་སྐོར་གྱི་བཅར་འདྲི་བྱས་པ་དེས་བསྟན་ནས་ཡོད། རྩོམ་སྒྲིག་ཁང་དེ་དག་གིས་སྙན་ངག་པ་ལ་བཅར་འདྲི་བྱེད་དུས་ སུ་གཟབ་ནན་གྱི་ཉམས་བཟོ་གང་ཡང་མི་བཏོད་པར་བཅར་འདྲི་བྱེད་སའི་སྙན་ངག་པ་དེ་དག་འཁྲབ་སྟོན་པ་དང་རྩོམ་སྒྲིག་པ་རང་ཉིད་འཁྲབ་ ཁྲིད་པ་ཡིན་པའི་ང་རྒྱལ་མངོན་ནས་ཡོད་པ་ནི། རྩོམ་སྒྲིག་པ་དག་ལ་སྙན་ངག་གི་བློ་སྦྱོང་ཨེན་ཙམ་ཡང་མེད་པར་

ཁྱོད་རྩེ་ཆུའི་ཁ་ནས་

ངུས་མྱོང་བ་དེ་སྒྲོལ་མའི་ཆེད་དུ་ཡིན་ནམ༽ཞེས་ཟོག་པོ་གཉིས་ཀྱིས་ཆང་འཐུང་བཞིན་སེམས་གཏམ་ཤོད་པ་འདྲ་བ་ཞིག་འདྲི་ཚིག་ཏུ་རློམ་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

56


༢༠༡༠ལོའ ་ི གླེང་གཞི་དང་བསམ་བློ

ནས་ཡོད་ལ།

གོ་ཐོས་སུ་ཁྱོད་ཀྱི་ཆུང་མ་ཡང་སྙན་ངག་པ་ཞིག་རེད་ཟེར་བས།

ཁྱོད་ཁོ་མོའི་བརྩམས་ཆོས་ཀྱི་སྐོར་ལ་བསམ་ཚུལ་ག་རེ་

ཡོད༽ཅེས་འདྲི་བ་བོ་དང་ལན་འདེབས་མཁན་གཉིས་མ་གཏོགས་སུ་ལའང་གསལ་ཆ་མེད་པའི་གཏམ་བྱུང་རྒྱལ་དུ་སྨྲ་བ། དེ་བཞིན་ཚགས་

དེབ་སོགས་ཀྱིས་ཀྱང་ཆེད་བསྒྲིགས་ཀྱི་ཕྱིར་དུ་ཆེད་བསྒྲིགས་ཁོ་ནར་དམིགས་ཏེ་དྲི་ཚིག་མང་པོ་ཞིག་འཕྲིན་ཤོག་ཏུ་བྲིས་ནས་དྲི་བ་འདི་དག་

ལས་མང་ཆེ་བར་ཉིད་ནས་ལན་བཏབ་རྗེས་མྱུར་བ་མྱུར་དུ་བསྐུར་རྒྱུ་ཟེར་བ་སོགས་སྙན་ངག་པས་ལེན་འདེབས་ཚུལ་དེ་གབ་ལེན་ལྟ་བུ་ཞིག་

ཏུ་བཅོས་ནས་ཡོད་མོད། འོན་ཀྱང་ནམ་རྒྱུན་སྒེར་གཤིས་གཙིགས་སུ་འཛིན་རྒྱུར་ལོབས་ནས་ཡོད་པའི་བོད་ཀྱི་སྙན་ངག་པ་དག་གིས་ནི།

རང་གི་མི་སྤྱོད་ཀྱི་མཛེས་པ་དག་ཡལ་བར་དོར་ནས་རྩོམ་སྒྲིག་ཁང་དེ་དག་གི་དྲི་བ་ནི་རང་ཉིད་དཔག་ཚད་གཅིག་ལ་སྤུར་བའི་མགྱོགས་

བགྲོད་འཕྲུལ་འཁོར་ཞིག་ལ་བལྟ་ཡི༼ལགས་སོ༽ཞིག་གིས་བཀའ་དང་ལེན་བྱས་དང་བྱེད་བཞིན་ཡོད་པ་འདིས་མངོན་པར་བསྟན་ནས་ཡོད་ པ་རེད།

དྲང་མོར་བཤད་ན་དེང་རབས་བོད་ཀྱི་སྙན་ངག་གི་ཟབ་ཚད་དང་མཐོ་ཚད་ཀྱི་ངོས་ནས་ཡང་དག་པ་ཞིག་སུས་ཀྱང་ཁྲུན་ཐག་གཅོད་

དཀའ་ནའང་། བསྡུར་བའི་ཞིབ་འཇུག་གི་ལས་ཀ་ཁོ་ནས་༢༠༡༠ལོའི་བོད་ཀྱི་དེང་རབས་སྙན་ངག་ལ་འཁྱུག་ཙམ་བལྟས་ན་ཧ་གོ་བ་ཞིག་

ལ། ༢༠༡༠ལོར་བོད་དུ་སྙན་ངག་གསར་བ་དར་ཚུན་གྱི་ཆེས་ཆེ་བའི་རང་བྱུང་གནོད་འཚེ་སྟེ་ཡུལ་ཤུལ་ས་འགུལ་བྱུང་བ་དེས་བོད་ཀྱི་དེང་ རབས་སྙན་ངག་འབྲི་མཁན་དག་གི་ལྗིད་ཚད་བསྟན་ནས་ཡོད་དེ། གློ་བུར་དུ་གནོད་འཚེ་བྱུང་ཞིང་གློ་བུར་དུ་རྩོམ་ཡིག་བསྡུས་པའི་མྱུར་ཚད་ དེས་བོད་ཀྱི་སྙན་ངག་པ་མང་པོ་ཞིག་ལག་པ་གཅོད་ལ་ཐུག་བཞིན་ནད་མེད་ཁུན་འབྱིན་བྱས་པ་ལྷང་ལ་ཕུད་ཅིང་། ཡང་མང་པོ་ཞིག་གིས་ གསོལ་འདེབས་འདྲ་བ་དང་། ངུ་བཤད་འདྲ་བ། སྨྱོ་བཤད་འདྲ་བ་ཏག་ཏག་ལབ་ནས་ཡོད་པ་ནི་༼ཞོགས་པ་དེར༽ནས་༼ཡུལ་ཤུལ༽ཟེར་རྒྱུ་ མ་གཏོགས་སེམས་ལ་འབབ་པའི་སྙན་ངག་ཅིག་གཅིག་གིས་ཀྱང་བྲིས་མེད་ལ། ལྷག་ཏུ་བལྟས་པ་ཙམ་གྱིས་མིག་ཆུ་དབང་མེད་བཞུར་བར་ བཟོ་བའི་བརྩམས་ཆོས་ཤིག་རིག་རྒྱུ་མེད་པ་དེས་གསལ་བཤད་བྱས་ཡོད་པ་རེད།

མགོ་བརྩམས་མ་ཐག་ནས་ཕུགས་ཀྱི་གནས་ལུགས་མི་སེམས་པར་ཨ་ཕོ་ང་ཡིན་དང་། དབྱུག་པ་མདུང་ཡིན་ཟེར་རྒྱུ་དེ་ད་ལྟ་བསམ་

ན་བོད་ཀྱི་དྲ་ཐོག ་ཤེས་ཡོན་ཅན་དག་ལ་ལྡན་ངེས་ཀྱི་ཡོན་ཏན་ཉག་ཅིག་ཡིན་ཞིང་། ཚད་གཞི་དེ་ལས་འཕོས་ཏེ་འབུམ་རམས་པ་དག་ལས་ ཞིབ་འཇུག་སློབ་མ་དག་གི་སྐད་གདངས་མཐོ་ཞིང་། ཞིབ་འཇུག་སློབ་མ་དག་ལས་དངོས་གཞི་སློབ་མ་དག་གི་ཁ་ཤོམ་མཐོ་ལ། དངོས་

གཞི་སློབ་མ་དག་ལས་ཆེད་སྦྱོང་སློབ་མ་དག་གི་ང་རྒྱལ་བཙན་ཞིང་། ཆེད་སྦྱོང་སློབ་མ་དག་གི་སྣ་ཐུག་དེ་གྲྭ་བ་དང་གྲྭ་ས་འགྲིམས་མྱོང་ མཁན་གྱི་ན་གཞོན་དག་གིས་བཟུང་ནས་ཡོད་པ་འདི་ནི་དེ་རིང་གི་བོད་དུ་ཚ་ཚ་འུར་འུར་དུ་གྲགས་ཀྱིན་པའི་དྲ་ཐོག་རིག་གནས་སམ་ཟིན་ བྲིས་རིག་གནས་ཞེས་པ་དེ་རེད། དེ་ཡང་སྣང་ཚུལ་དེའི་གློག་གི་ཨ་མ་ལྟ་བུའི་དྲ་བའི་རིག་གནས་ལ་ཟུར་ཙམ་བལྟས་པས་ཧ་ཅང་ཤེ ས་སླ་

སྟེ། དྲ་བའི་རིག་གནས་ལ་གསལ་ཆ་མེད་པའི་མི་ཞིག་གི་ངོས་ནས་བཤད་ན་སྣང་ཚུལ་འདི་དག་ལ་གླེང་རིན་ཞིག་གཏན་ནས་མེད་པའམ་

ཡང་ན་ཧ་ཅི་ཡང་མི་གོ་བ་སྲིད་མོད་ཀྱང་། ཉིན་ཁ་ཤས་ལ་མཉམ་འཇོག་ཅིག་བྱས་པས་ཡ་མ་བརླའི་སྣང་ཚུལ་ཞིག་གིས་རྒྱུན་ལྡན་གྱི་ལྟ་ཚུལ་ དག་རྩ་བ་ནས་མགོ་སྟེང་བསློགས་ཡོང་། དེ་ཡང་དྲ་བའི་འཇིག་རྟེན་དུ་ཐོན་མ་ཐག་སྟོན་པ་སངས་རྒྱས་ཀྱི་གདོང་ལ་ཐལ་བ་འདེབས་མཁན་

དག་ནི་འདྲ་པར་གྱི་ངོས་སུ་གཟན་ཤམ་གྲལ་དག་རེ་གྱོན་ནས་ཡོད་པའི་ཁོང་རིག་གི་རྗེས་མཇུག་པ་དག་ཡིན་ཞིང་། ཕན་ཚུན་ལ་ཀི་འདེབས་ འཆའ་རེ་རྒྱག་པ་དག་ནི་གློ་ཁུག་སྔོགས་རེ་བྱས་ཚར་བའི་གྲོགས་པོ་གྲོགས་མོ་དག་ཡིན་པ་དེ་རེད།

དོན་དུ་སྣང་ཚུལ་འདི་འདྲ་ཞིག་ཅིའི་ཕྱིར་ཆགས་པ་རེད་ཟེར་ན། རང་གི་ལྟ་ཚུལ་ལ་གཙོ་བོ་མི་རིགས་འདིའི་ཤེས་ཡོན་ཅན་གྱི་གོ་

རྟོགས་དེ་སད་འཕྱི་ཞིང་། སྤྱི་ཚོགས་ཀྱི་འབུད་འདེད་དེས་ཤེས་ཡོན་ཅན་དག་གི་རྨང་གཞིའི་མི་གཤིས་ཀྱི་གཏིང་མ་མ་གྲུབ་གོང་ལ་དམིགས་ 57

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

གཞན་མགོར་དཀྲི་བའི་སྒྱིད་ལུག་ཅན་གྱི་སེམས་ཁ་དེ་གྲུབ་པས་ན། སྲོལ་རྒྱུན་ཤེས་ཡོན་ཅན་དག་གི་སྒྲུབ་ཚུལ་དེ་དང་ཨ་འགྲིག་ཆ་འགྲིག་ གིས་རང་གིས་ཡོན་ཏན་སྦྱངས་པ་ནི་གཞན་ཞིག་ཁ་ཁུ་སིམ་པོར་གནས་སུ་འཇུག་རྒྱུའམ་ཡང་ན་རང་ཉིད་མཆོད་སྟེགས་སུ་འགྲེང་ཚུགས་ བཞིན་སྐད་སྦོམ་སྦོམ་བརྒྱབ་ཆོག་པའི་ཁ་མལ་ཞིག་བརྩོན་ལེན་བྱེད་ཀྱིན་ཡོད་པ་དེ་རེད།

འོ་ན་འབུམ་རམས་པ་ནས་གྲྭ་བའི་བར་གྱི་འཁོར་རྒྱུགས་རིག་གནས་ཀྱི་བཤད་གཡམ་དེ་གང་ནས་བྱུང་བ་རེད་ཟེར་ན། དེ་ཡང་གཙོ་བོ་

རང་ཅག་གི་ཁོར་ཡུག་སློབ་གསོར་རག་ལས་ཡོད་དེ། བོད་སྐད་ཡིག་གི་རྨང་གཞི་དེ་སློབ་ཆུང་ནས་སློབ་ཆེན་གྱི་བར་དུ་ཟླ་བ་མར་ངོའི་ཚུལ་ གྱིས་ལོ་རེ་ནས་ལོ་རེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་ནི་ཟོལ་ཆོས་ཀྱི་གདོང་འབག་མ་གོན་པའི་སྐྱེས་བུ་སུ་ཡིན་ཡང་སླ་བོར་རྟོགས་

སྲིད་པ་དེ་རེད། ཡིན་ནའང་བུ་སློབ་དག་གི་རིག་པ་དེ་ལྕང་གསར་གྱི་འགུག་མཉེན་ལྟར་རང་རང་གི་རིན་ཐང་ཆོས་ཉིད་ཀྱིས་ཕྱེས་ཏེ་འཕེལ་

རྒྱས་ཀྱི་ལམ་ཁར་སྙེགས་པས་ན་རིག་པ་གསར་བའི་གཞུང་རྐང་དེ་སྐད་ཡིག་འདྲེས་འཛིང་ཅན་གྱི་ཤེས་རབ་དེས་དུམ་བུ་དང་དུམ་བུར་བྱས་ ཏེ་རང་གི་ཡོན་ཚད་ཀྱི་སྒྲོམ་ལ་བླུགས་པས། ཟས་མང་རིག་གནས་(快餐文化)ཀྱི་གཞི་རྒྱ་ཆེན་པོ་ཞིག་གིས་ད་ལྟའི་ཤེས་ཡོན་ཅན་

གྱི་གྲངས་ཚད་ཀྱི་ཚད་རིམ་མཐོ ་ཤོས་བཟུང་ཡོད་ཅིང་། རང་གི་ཕ་སྐད་རིགས་གནས་དེ་ཡང་བྱེ་བྲག་གི་རིག་གནས་ཤིག་ཏུ་བལྟོས་ཡོད་པས། བསླབ་གཞི་ཇི་ལྟར་མང་ན་རིག་པ་དེ་ལྟར་ཉམས་པའི་སྣང་ཚུལ་གྱིས་འཁྱོགས་སུ་བཅུག་ཡོད་པས་རེད།

༢༠༡༠ལོར་མཚོན་ན་དྲ་བའི་རིག་གནས་ཀྱི་རང་མཚང་དངོས་མ་ཕྱིར་བསྟན་པ་ནི་འཕྲོ་རིམ་འཕྲོར་བོད་ཡིག་ཟིན་བྲིས་དང་། ཧི་

གཟུགས་ཟིན་བྲིས། མཆོད་མེ་པོད་ཁུག་སོགས་སྒོ་བརྒྱབས་པ་དེས་དྲ་སྟེང་དུ་ཚ་ཚ་འུར་འུར་གྱིས་ས་སྤུར་གནམ་སྤུར་བྱེད་ཀྱིན་པའི་དྲ་

བའི་ཁ་དབུགས་དེ་གློ་རྡེག་ལ་དལ་འཇགས་སེར་བཏང་སོང་བས། སྔོན་ནས་བཟུང་གནས་ས་བརྟན་པོ་ཞིག་ཆགས་མེད་པའི་ཟིན་བྲིས་རིག་

གནས་ཀྱི་རང་བཞིན་ལྷང་ལ་བུད་པ་ནས་འགོས་ནད་ཀྱི་ཁྱབ་ཁོངས་ཇེ་ཆེར་སོང་སྟེ་དྲ་སྟེང་གི་སྤྲེལ་ལད་དེ་དཔེ་ཐོགས་སུ་སུམ་འཛུལ་བྱ་དང་ བྱེད་བཞིན་པ་ནི། གཞུང་གི་དཔེ་རྟགས་ཅན་གྱི་དཔེ་ཆ་མང་པོ་ཞིག་གི་ནང་དུ་མི་སྒེར་གྱི་ཁ་རྩོད་སོགས་རྩོམ་ཡིག་ཤོག་ངོས་གཅིག་རེ་ཅན་ གྱི་ཁ་གྲངས་ཇེ་མང་དུ་འགྲོ་གིན་པ་དེ་དང་། ལག་རྩལ་དང་རྩོམ་སྒྲིག་སོགས་གང་ཐད་ནས་སྤུས་ཀ་ཞན་པའི་སྒེར་གྱི་དྲ་ཚིགས་མང་པོ་ཞིག་

འཛུགས་གྲུབ་བྱས་ཏེ་རང་རང་གི་པར་སོགས་དྲ་ཚིགས་ཀྱི་མདུན་ངོས་སུ་དྲིལ་སྒྲོགས་ཀྱི་ཚུལ་དུ་འགལ་རྒྱུར་ལོབས་ནས་ཡོད་པ། དཔེ་དེ་ བཞིན་གྲོགས་པོས་གྲོགས་པོར་ཞིབ་འཇུག་དཔེ་ཆ་དཔར་བ་སོགས་དཔེ་ངོས་རིག་གནས་ལ་སྔར་བྱུང་མ་མྱོང་བའི་དོན་དག་རབ་དང་རིམ་པ་ ཞིག་འབྱུང་གིན་ཡོད་པ་དེ་གཙོ་བོ་དྲ་བའི་རིགས་གནས་སམ་ཟིན་བྲིས་རིག་གནས་ཀྱིས་བསྐྱེད་པའི་སག་རིལ་ཞིག་ཏུ་མཐོང་ནས་ཡོད་དོ། །

གོང་གསལ་སྣང་ཚུལ་འདི་ལྟ་བུ་ཞིག་གིས་རང་རེའི་སྨྱུག་ཐོགས་པ་དག་གི་ནང་མཚང་ངོ་མ་དེ་བསྟན་ནས་ཡོད་ནའང་། འདི་ཉིད་དགེ་

བའི་ཐབས་སུ་ཟུར་དུ་ཕྱུང་ནས་ཤོད་པ་ཞིག་མ་གཏོགས་བོད་ཀྱི་ཤེས་ཡོན་ཅན་སྤྱིའི་བསམ་བློ་དེ་ལོ་འཁོར་ཟླ་བ་རེས་མོས་སུ་ཡར་ནས་ཡར་ དུ་འཕགས་ཀྱིན་པར་ཁོ་བོ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་ཅིང་། ལར་ཉི་མ་ལས་འོད་ཆེ་ཞིང་།

ནམ་མཁའ་ལས་ཁྱོན་ཡངས་པའི་རིག་

གནས་ཀྱི་མཐོ་ཚད་ཅིག་ལ་བོད་ཀྱི་ཤེས་ལྡན་པ་དག་བསྐྱོད་ཐུབ་པའི་རེ་བའང་སྙིང་ཁར་བསྲེགས་ཐམ་གྱི་ཚུལ་དུ་བཀོད་ནས་ཡོད་དོ། །

2011.2.27

སྤྱིའི་དེབ་གྲངས་ཉེར་གསུམ་པ།

58


བོད་ཀྱི་ན་གཞོན་གསར་བ།

ན་གཞོན་གསར་བ་དང་བོད་སྤྱི་ཚོགས་ཀྱི་གདམ་ག

རྩོམ་པ་པོ/སྒྲེན་པོ།

སྤྱི་ལོ་ཉིས་སྟོང་བདུན་ལོའི་ལོ་མཇུག་ཏུ་སྐུ་ཞབས་རྣོ་སྦྲེང་ལགས་ཀྱིས“ན་གཞོན་གསར་བ”ཞེས་པའི་དུས་དེབ་གང་སྤྱི་ཚོགས་སྟེང་

བཀྲམ་པ་ནས་བཟུང་། ན་གཞོན་གསར་བ་ཞེས་པའི་མིང་བརྡ་འདི་ཉིད་འོ་སྐོལ་རིག་གནས་པའི་སྡེ་ཡི་གླེང་གཞིར་གྱུར། ན་གཞོན་གསར་

བས་སྔ་ཕྱིར༼ལྟ་ལོག་བསྟན་དགྲ༽དང་༼དམར་བའི་རྒྱུགས་ཁྱི༽།༼རྒྱ་རྒན་ལོ་ལོན༽བཅས་བོད་སྤྱི་ཚོགས་ཀྱིས་བསྩལ་བའི་ཞྭ་ཆེན་གསུམ་པོ་

འདི་གྱོན་ནས་འགྱེལ་ཞོར་ལངས་ཞོར་ངང་བགྲང་བྱ་བཞིའི་སྐས་རྐང་སྤོབས་པས་བརྒལ་བཞིན་འོང་གིན་འདུག ན་གཞོན་གསར་བས་འདི་ ལྟར་རང་ཉིད་ནས་མགོ་རྩོམ་དགོས་པའི་མི་སྒེར་རིང་ལུགས་ཀྱི་དར་ཆ་མཐོ་རུ་འཕྱར་གྱིན། ལོ་རྒྱུས་དང་དུས་རབས་ཀྱི་དཀྱོག་མཚམས་

ནས་ཨུ་ཚུགས་ཀྱིས་འགྲེང་དུས།བདག་གི་སྙིང་ཉེ་བའི་ཀློག་པ་པོ་ལགས།ཁྱེད་ཀྱིས་ན་གཞོན་གསར་བ་ཞེས་པའི་མིང་བརྡ་འདི་དང་མིང་ བརྡ་འདིར་འབྲེལ་གྱི་རིག་གནས་སྙིང་སྟོབས་སྐོར་ལ་བསམ་གཞིག་གི་བློ་ཁ་བསྐོར་ཨེ་མྱོང་ལགས། ཡང་ན་ཁྱེད་ཀྱིས་ན་གཞོན་གསར་ བའི་འདས་མ་ད་གསུམ་གྱི་གཞི་རྩའི་ལངས་ཕྱོགས་ལ་མནོ་བསམ་བཏང་ཨེ་མྱོང་། ན་གཞོན་གསར་བ་ནི་དོན་དམ་ཅི་ཞིག་ཡིན་ནམ། ན་

གཞོན་གསར་བ་ཞེས་པའི་༼གསར་ཡིག༽ལ་ང་ཚོས་ཅི་ལྟར་ངོས་འཛིན་བྱ་དགོས་སམ། ཁྱད་དོན་ན་གཞོན་གསར་བ་དང་བོད་སྤྱི་ཚོགས་ཀྱི་

གདམ་ག་ནི་ག་འདྲ་ཞིག་ཡིན་ནམ། རང་ཉིད་ན་གཞོན་གསར་བའི་ཁྲོད་དུ་འཚང་མཁན་ཞིག་ཡིན་པའི་ངོས་ནས་བསམ་སླ་ལ་འགྲེལ་ཁག་ པའི་གོང་གསལ་གླེང་བརྗོད་འདི་དག་ལ་མི་སྒེར་གྱི་མཐོང་སྣེ་ནས་དྲན་འཆར་ཙམ་བྱོ་རྒྱུ་ནི་འགངས་ཆེར་མཐོང་བས། གཤམ་དུ་ཁོ་བོ་མི་ སྒེར་ངོས་ཀྱི་ལྟ་ཚུལ་དཔང་བཙན་པོར་བྱས་ཏེ་བརྗོད་འདོད་ཀྱི་ཡིག་ཚོགས་འགའ་བསྟར་བ་ལ།

གཅིག

ན་གཞོན་གསར་བ་ཞེས་པའི་མིང་གི་འབྱུང་ཁུངས།

ན་གཞོན་གསར་བ་ཞེས་པའི་མིང་འདིའི་འབྱུང་ཁུངས་བཙལ་ན་དེ་ནི་ལྔ་གཞིའི་རིག་གནས་གསར་བའི་ལས་འགུལ་སྐབས་སུ་མི་

གསར་བ་ཡར་སློང་བ་དམིགས་འབེན་དུ་བཟུང་ཁར། ཚན་རིག་དང་དགག་སྒྲུབ།དམངས་གཙོ། བློ་འབྱེད་བཅས་ཀྱི་བསམ་བློའི་དགོངས་

པ་བརྗོད་སྙིང་དུ་བྱས་པའི་དུས་དེབ་ཅིག་གི་མིང་ཡིན། རང་ཅག་བོད་ལ་མཚོན་ན་ན་གཞོན་གསར་བ་ཞེས་པའི་མིང་བརྡ་འདི་ཉིད་རྒྱ་ནག་ ལས་ཐད་ཀར་ནང་འདྲེན་བྱས་ཡོད་ཅེས་བཤད་ན་འགལ་བ་ཆེར་མེད་སྙམ། དེ་ནི་མིང་བརྡ་འདིའི་ཕྱི་ཤུན་ཁོ་ནའི་ཆ་རུ་གླེང་གིན་ཡོད་པ་ལས།

དུས་དང་གནས་བབ་སྤྱི་ཚོགས་སོགས་སྣེ་མང་པོ་ཞིག་གི་ཆ་ནས་གླེང་ན་དེ་གཉིས་ཡོངས་སུ་མཐུན་པའི་ངེས་པ་མེད། རྒྱུ་མཚན། གཅིག དུས་ཀྱི་ཆ་ནས་བར་བཅད་ཡོད་པ། གཉིས། གནས་བབ་ཀྱི་ཆ་ནས་འགལ་འབྲེལ་ཡོད་པ། གསུམ། རྒྱ་ནག་ལ་མཚོན་ན་ན་གཞོན་གསར་ བ་ནི་དུས་དེབ་ཅིག་ཡིན་ནའང་འུ་ཅག་ལ་མཚོན་ན་དེ་ནི་བསམ་བློ་སྲོག་ཏུ་བྱས་པའི་སྙིང་སྟོབས་ཀྱི་བདག་ཉིད་ཅིག་ཡིན་པས། ན་གཞོན་ གསར་བ་གླེང་སྐབས་ཤེས་རྟོགས་ཟབ་གསལ་འདྲོངས་རྒྱུ་ཞིག་ནི། འབོད་མིང་གི་ཆ་ནས་དེ་གཉིས་ཆ་ཡོངས་ནས་འདྲ་ཡང་རིག་གནས་

སྣང་ཚུལ་གྱི་ངོས་ནས་དེ་གཉིས་ཀྱི་ལངས་ཕྱོགས་དང་འགན་འཁྲི། གོམ་པ་སྤོ་སྟངས་སོགས་རྦད་དེ་མི་འདྲ་བ་ཤེས་དགོས། ན་གཞོན་

གསར་བ་ནི་སྨྱོ་ཧམ་ཆེན་པོས་རྒྱ་ནག་ལྔ་བཞིའི་བསམ་བློའི་རྗེས་སུ་འགྲོ་ལྡོག་བྱེད་མཁན་གྱི་མུན་མཆོངས་རིང་ལུགས་པ་ཞིག་གཞར་ཡང་ མ་ཡིན། ན་གཞོན་གསར་བ་གླེང་སྐབས་དུས་རབས་ཀྱི་ངོས་ནས་དང་བོད་སྤྱི་ཚོགས་ཀྱི་ངོས་ནས། མི་སྒེར་རིང་ལུགས་ཀྱི་ངོས་ནས། རང་ དབང་རིང་ལུགས་ཀྱི་ངོས་ནས། མི་རིགས་རིང་ལུགས་ཀྱི་ངོས་བཅས་སྣ་སྒོ་དུ་མ་ནས་གླེང་ན་འགྲིག ན་གཞོན་གསར་བ་ནི་རིག་གནས་

སྣང་ཚུལ་ཞིག་ཡིན་ལ། བསམ་བློའི་སྙིང་སྟོབས་ཀྱི་བདག་ཉིད་དུ་གྱུར་བའི་རིག་གནས་སྣང་ཚུལ་ཞིག་ཏུ་གོ་ན་འགྲིག རྒྱ་ནག་ལ་མཚོན་ན་ 59

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

དུས་སྐབས་དེའི་ན་གཞོན་གསར་བ་ནི་བསམ་བློ་བརྒྱུད་སྒྲོག་བྱ་སའི་ལག་ཆ་ཞིག་རེད་མོད། འུ་ཅག་བོད་ལ་མཚོན་ན་དེ་ནི་སྙིང་སྟོབས་དང་ དཔྱོད་ཤེས་ཀྱིས་རང་རྒྱུད་བལྟམས་ཤིང་འགན་འཁྲི་དང་རྒྱུ་འབྲས་བློ་མིག་གིས་གོ་མཚོན་སྤྲས་པའི་མིར་གོ་བས་ན། བཏགས་པའི་མིང་འདྲ་ ཡང་ཐ་སྙད་དེ་གཉིས་ཀྱིས་མཚོན་དགོས་པའི་མཐར་ཐུག་གི་དགོངས་པ་དང་འབབ་ཡུལ་མི་འདྲ། རྒྱ་ནག་ལ་མཚོན་ན་མིང་བརྡ་དེ་དུས་ དེབ་ཅིག་གི་མིང་ཁོ་ནར་ཟད་ཀྱང་ང་ཚོ་དེ་ལྟ་མ་ཡིན། ང་ཚོར་མཚོན་ན་མིང་བརྡ་དེའི་འབབ་གཞི་ནི་དམིགས་བསལ་རང་བཞིན་གྱི་མི་ཡིན། བཏགས་དོན་མིའི་སྟེང་དུ་བབས་ཡོད། འོ་ན་རྒྱ་ནག་ལྔ་བཞིའི་སྐབས་ཀྱི་ན་གཞོན་གསར་བ་དང་དེང་སྐབས་གླེང་གིན་པའི་ན་གཞོན་གསར་

བ་གཉིས་ཀྱི་གོ་བབ་མི་འདྲ་ན། རང་ས་རང་ཡུལ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་བོད་ཀྱི་ན་གཞོན་གསར་བ་ནི་ག་འདྲ་ཞིག་ཏུ་ངོས་ འཛིན་བྱས་ན་འགྲིག་གམ།

གཉིས།

བོད་ཀྱི་ན་གཞོན་གསར་བ།

སྤྱི་ལོ་ཉིས་སྟོང་བདུན་ལོར་སྐུ་ཞབས་རྣོ་སྦྲེང་གིས་ནུབ་བྱང་མི་རིགས་སློབ་ཆེན་ནས“ན་གཞོན་གསར་བ”ཞེས་པའི་དུས་དེབ་ཅིག་

སྤེལ་བ་ནི་རང་ཅག་བོད་ལ་མཚོན་ན་ན་གཞོན་གསར་བ་ཞེས་པ་བརྡ་ཆད་ཀྱི་ངོས་ནས་གོམ་ཁ་བསྒྱུར་སྟངས་དང་པོ་ཡིན། དེ་ལྟར་བརྗོད་ དགོས་དོན་ཡང་མིང་དངོས་སུ་མ་ཐོན་པ་མ་གཏོགས་ན་གཞོན་གསར་བ་ནི་དེའི་ཡན་དུ་ཡང་ཡོད་ཤག་རེད། གང་ཞེ་ན། ན་གཞོན་གསར་

བ་ནི༼ཤར་དུང་རི༽དང༼དཔྱོད་ཤེས་རྒྱང་འབོད༽།༼བདག་དཔེ་ཚོགས༽སོགས་ཀྱི་བསམ་བློའི་མཁའ་དབུགས་འོག་གཉོམ་ལག་རྒྱས་པ་ནི་ བསྙོན་དུ་མེད་མོད། སྐབས་འདི་ནས་བོད་ཀྱི་ན་གཞོན་གསར་བའི་མིང་བརྡ་དེ་རིག་གནས་སྣང་ཚུལ་ཞིག་གི་ཚུལ་གྱིས་གྲུབ་ནས་རྒྱ་ཁྱབ་

དུ་ཕྱིན་པའི་གོ་རིམ་ཡང་ཡོད་པ་ཡིན། བོད་ཀྱི་ན་གཞོན་གསར་བ་ནི་ལོ་རབས་བརྒྱད་ཅུའི་ཚོར་བ་ངུ་ཤུ མ་པ་དང་ཁད་ཀྱིས་བཀྱེད་ཅིང་དུས་ རབས་ཉེར་གཅིག་པའིམགོའི་དཔྱོད་ཤེས་གཟབ་ནན་པ་ལས་རིང་དུ་གྱེས་ཏེ། འགན་འཁྲི་དང་སྐབས་བསྟུན་གནས་བབ་ལ་འཇུག་སྤྲོ་བ་ ཞིག་གི་ངོས་ནས་བོད་ཀྱི་བསམ་བློའི་སྡེར་ལྷགས་བྱུང་། ལྷག་དོན་གནད་འགག་གི་སྐབས་སུ“ན་གཞོན་གསར་བའི”དེབ་ཕྲེང་གསུམ་པོ་ སྔ་ཕྱིར་བོད་སྤྱི་ཚོགས་སྟེང་དུ་བུད་དེ་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཀྱི་ཚུལ་གྱིས་བོད་ཀྱི་སྤྱི་ཚོགས་བསམ་བློའི་གནས་བབ་ལ་བསྐྱོར་

མ་བརྒྱབ་པ་དེས་བོད་ཀྱི་ན་གཞོན་གསར་བའི་གོམ་སྟབས་སྲ་བརྟན་དུ་བཏང་ཁར། དེ་དང་འོས་བསྟུན་གྱི་འགན་འཁྲིའི་འདུ་ཤེས་ཀྱང་ཇེ་

གསལ་དུ་བཏང་བྱུང་། ན་གཞོན་གསར་བའི་དེབ་ཀྱིས༼ན་གཞོན་གྱི་དུས་རབས་ལ་ན་གཞོན་གྱིས་བདག་པོ་རྒྱག་དགོས༽ཞེས་ན་གཞོན་

གྱི་ལོ་ཚོད་ལ་ལྡན་འོས་པའི་ང་རྒྱལ་དང་འགན་འཁྲི། ལང་ཚོའི་ཟིལ་ཤུགས་ཀྱིས་ཀུན་ནས་ཁྱོགས་པའི་རྩ་དོན་བསྒྲགས་ཤིང་།ན་གཞོན་

གསར་བའི་གླེང་སྟེགས་ཀྱིས༼ན་གཞོན་གསར་བའི་གླེང་སྟེགས་ནི་ཁྱོད་རང་འཁྲབ་སྟོན་པ་དང་ལྟད་མོ་བ་གཉིས་ཀ་བྱེད་ཆོག་སའི་རང་དབང་ གི་སྟེགས་བུ་དེ་ཡིན༽ཞེས་རིག་གནས་དགག་སྒྲུབ་ཀྱི་གླེང་བརྗོད་འདྲ་མིན་བཟོས་ནས་བསམ་བློ་རང་དབང་དང་ལྟ་བ་མཉམ་གནས་ཀྱི་ཁོར་

ཡུག་གཙང་ཡངས་ཤིག་ཆགས་པར་ལག་ལེན་གྱི་བགྱི་བ་དོན་འཁྱོལ་བྱས་པ། ན་གཞོན་གསར་བའི་དྲ་ཚིགས་ཀྱིས༼ན་གཞོན་གསར་བ་

ཡོད་ས་ན། ན་གཞོན་གསར་བའི་སྙིང་སྟོབས་ཡོད་ལ། བོད་མྱིའི་སྤྱི་ཚོགས་དང་ཐག་ཉེ་བའི་ན་ཟུག་དང་སྐྱོ་ཤས་ཀྱི་སྐད་སྒྲའང་ཡོད༽ཅེས་

བོད་ཀྱི་བསམ་བློའི་རིག་གནས་སྡེ་རུ་དྲ་དེབ་གླེང་གསུམ་གྱི་ལམ་ནས་ཨག་སྐད་འཛེར་འཛེར་གྱིས་ཐོན་མྱོང་བ་ནི་མངོན་གསུམ་མཐོང་སྣང་ གི་དོན་དག་ཅིག་ཏུ་གྲུབ་ཚར་འདུག དེ་ལྟ་ལགས་ན། གོང་གསལ་ན་གཞོན་གསར་བ་དང་འབྲེལ་བའི་ཐ་ཚིག་དག་ལ་བློ་གཟུ་མོས་དཔྱད་ པ་ཡིན་ན། ན་གཞོན་གསར་བ་ཞེས་པའི་མིང་བརྡ་འདི་ཉིད་བོད་སྤྱི་ཚོགས་དང་ལྷན་དུ་སྦྱོར་གྱིན་ཡོད་པ་ཤེས་དགོས།

དེ་ལྟར་ལགས་ན། ན་གཞོན་གསར་བ་ནི་རྒྱའི་ཐ་སྙད་ཀྱི་འབོད་སྟངས་ཙམ་ལས་བོད་སྤྱི་ཚོགས་ཀྱི་སྲོག་དབང་ཞུགས་ཡོད་པ་ཡིན་

པས། བོད་ཀྱི་ན་གཞོན་གསར་བ་ཞེས་བཏགས་ན་དོན་ལ་གནས་བར་སྙམ། ན་གཞོན་གསར་བའི་དབུ་རྒྱན་དུ་བོད་ཅེས་པའི་ཐ་སྙད་བརྗིད་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

60


བོད་ཀྱི་ན་གཞོན་གསར་བ།

པོ་དེ་སྦྱར་བ་ཡིན་ན། གཞི་ནས་བོད་ཀྱི་ན་གཞོན་གསར་བ་ཞེས་པ་དེ་དོན་དམ་གང་དུ་ངོས་འཛིན་བྱ་དགོས་པའི་འདྲི་རྟགས་ཤིག་ཐོན་ངེས། བོད་ཀྱི་ན་གཞོན་གསར་བ་ནི་རྣོ་སྦྲེང་གཙོས་ན་གཞོན་གསར་བའི་དུས་དེབ་ཀྱི་གསར་སྐྱེས་རྐང་འཛིན་རྩོམ་པ་པོ་རེ་འགར་མཛུབ་མོ་ཀེར་རྒྱུ་

མེད་པར། དེ་ནི་བོད་ཀྱི་ན་གཞོན་སྤྱི་ལ་དབང་བའི་ཡོངས་ཁྱབ་ཀྱི་མིང་བརྡ་ཞིག་ཡིན་པ་ཤེས་རྒྱུ་ནི་གནད་ཀར་མཐོང་། ན་གཞོན་གསར་བ་

ནི་འཚོལ་དཔྱོད་ཀྱི་ལམ་ཁར་ཞུགས་ཀྱིན་པའི་མི་བུ་སྒེར་རེ་རེ་ཡིན་པ་ལས། མི་བུ་རེ་འགས་གྲུབ་པའི་ཚོགས་པ་ལྟ་བུ་མ་ཡིན་པ་ཡང་ཤེ ས་ དགོས། དོན་གྱི་གནད་དེ་གྲོལ་བ་ཡིན་ན་གཞི་ནས་ང་ཚོས ་ཤེས་འོང་བ་ནི་ན་གཞོན་གསར་བ་ཞེས་པའི་ཐ་སྙད་དེ་མི་བུ་རེ་འགའི་འདོད་མོས་

བཞིན་བདག་པོ་བརྒྱབ་ཆོག་པ་ཞིག་མ་ཡིན་ལ། ཡང་ང་ནི་ན་གཞོན་གསར་བ་ཡིན་དང་ཁྱོད་ནི་མ་ཡིན་ཞེས་དབྱེ་མཚམས་གསལ་ཐག་ཆོད་

པ་ཞིག་དགར་རྒྱུ་མེད་པའི་གནད་ཀ་དེ་ཡང་ཤེ ས་དགོས། རྒྱུ་མཚན། ན་གཞོན་གསར་བ་ནི་འཚོལ་དཔྱོད་ཀྱི་ཁྲོད་ནས་རྙེད་དགོས་པའི་སྣང་ བརྙན་གསོན་པོ་ཞིག་ཡིན་པས། དུས་བབ་ཀྱི་འདྲ་མཉམ་མ་ཡིན་པའི་ཆ་དང་རྒྱུན་ལྡན་མ་ཡིན་པའི་ཆ། བཙན་དྲག་གཏུམ་གསུམ་གྱི་རྩུབ་

སྤྱོད་བཅས་སུ་མི་མཐུན་པའི་རྣམ་འགྱུར་དུས་ཐོག་སྟོན་ཐུབ་ངེས་ཀྱི་སྙིང་སྟོབས་དེར་དཔྱོད་ཤེས་ཀྱི་བློ་མིག་གིས་ལམ་སྣ་འདྲེན་ནུས་པའི་ བདག་གཞི་ནི་ན་གཞོན་གསར་བར་བགྲང་རུང་བ་མ་གཏོགས། སྙིང་སྟོབས་ཙམ་པོ་བ་ཡིས་ག་ལ་འཐུས།ཁྱད་དོན་འགྲོ་བ་མིའི་འཚོ་སྡོད་ལ་

ཡོད་འོས་ཀྱི་མ་མཐའི་ཆ་རྐྱེན་ཏེ་རང་དབང་དང་འདྲ་མཉམ། དམངས་གཙོ། མི་གཞི། རྩིས་ཐང་སོགས་ཀྱིས་མཚོན་པའི་ཡོངས་ཁྱབ་རིན་

ཐང་ཐད་ཀྱི་ཤེས་པ་རྒྱས་རྒྱུ་ནི་བོད་ཀྱི་ན་གཞོན་གསར་བ་མ་ཟད། བོད་ཀྱི་ཤེས་ཡོན་ཅན་སྤྱིའི་བླང་བྱ་ཞིག་ཏུ་འདོད། འདིའི་སྐོར་ལ་དོ་སྣང་ མ་བྱས་ན་མཇུག་འབྲས་ཅི་འབྱུང་བཤད་ཁག་པར་སྣང་། དེང་གི་འོ་སྐོལ་ཤེས་ཡོན་ཅན་གྱི་སྡེར་མིག་ཞགས་ཅིག་འཕངས་པ་ཡིན་ན་གཞི་ ནས་ཧ་གོ་འོང་། རིག་གནས་པའི་སྡེ་རུ་སྣང་ཚུལ་ཞིག་ལྷགས་ཀྱིན་པ་ནི་སྒལ་ཚིགས་ཨུ་ཚུགས་སུ་རློམ་མཁན་དང་རང་དབང་རྒྱ་ཡན་པར་

རློམ་མཁན། འགན་འཁྲི་བྱུང་རྒྱལ་དུ་རློམ་མཁན་གྱི་ཨ་ཙ་ར་མང་པོ་བྲིན་གྱིན་པ་འདིས་ཀྱང་རང་དབང་མང་གཙོའི་སྐོར་གྱི་ལྟ་གྲུབ་དེ་ཕྱི་ ཚུལ་ཙམ་དུ་ལྟུང་ཉེན་འདུག ཨ་ཙ་རའི་སྡེ་མང་དུ་བྲིན་པ་ཡིན་ན་རང་དབང་མང་གཙོ་འདི་ཉིད་བས་མཐར་ལྷུང་བའི་ཉེན་ཁ་ཆེ་བར་སེམས།

སྤྱིར་ན་སྤྱི་ཚོགས་ཤིག་ཁྱབ་མཉམ་ངང་རྒྱུན་སྲིང་འཕེལ་རྒྱས་ཡོང་དགོས་ཚེ། དོགས་སློང་དང་དགག་སྒྲུབ་མཁོ་བར་མ་ཟད། མི་

སྒེར་གྱི་གཤིས་ཀ་དང་མཐུན་པའི་སྒལ་ཚིགས་ཤིག་ཅི་ནས་གལ་ཆེར་མཐོང་ཡང་། དགག་སྒྲུབ་དང་དོགས་སློང་། སྒལ་ཚིགས་སོགས་ཀྱང་ མི་རིགས་སྤྱིའི་ཡོངས་ཁྱབ་གནས་བབ་དང་བསྟུན་ནས་སྦྱོར་བ་ལག་ལེན་ཏུ་གདབ་དགོས་པ་ལས། མི་རིགས་དོར་ཤུལ་གྱི་ཐལ་མཐའ་མི་

སྒེར་རིང་ལུགས་ལྟ་བུའི་དོགས་སློང་དང་དགག་སྒྲུབ། སྒལ་ཚིགས་སོགས་ལ་ནི་ཡོངས་ཁྱབ་ཀྱི་ངོས་ནས་བལྟས་པ་ཡིན་ན་སྙིང་བོ་ཏིལ་ འབྲུ་ཙམ་ཡང་མེད་པར་སེམས། བོད་ཀྱི་ན་གཞོན་གསར་བ་ནི་དུས་རབས་ཀྱི་དགོངས་པའི་ངོས་ནས་འགྲེང་རྒྱུ་ཡིན་ཙང་ཡོངས་ཁྱབ་རིན་ ཐང་ཐད་ཀྱི་རྒྱུན་ཤེས་ལ་ཤེས་པ་འདྲོངས་རྒྱུ་ནི་དུས་བབ་ཀྱིས་བསྩལ་བའི་འགན་འཁྲི་རེད།

འོ་ན་བོད་ཀྱི་ན་གཞོན་གསར་བར་སྙིང་སྟོབས་གཅིག་པུའི་ཆོག་གོ་སྙམ་ནས་བསྡད་ན་འགྲིག་གམ་ཞེ་ན། དེ་ནི་མི་འགྲིག་སྙམ། ཚོར་

ཤེས་ལ་དཔྱོད་ཤེས་ཀྱི་རམ་དཀྲོལ་མཁོ་རྒྱུ་དང་། སྙིང་སྟོབས་ལ་རིག་གཞུང་གི་རྒྱབ་རྩ་མཁོ་རྒྱུ་ནི་གནད་ཀྱི་དམ་པ་རེད་འདོད། འདི་ནི་

བོད་ཀྱི་ན་གཞོན་གསར་བ་འགྱུར་དགོས་པའི་གནས་ལུགས་དང་རྒྱུ་མཚན་ཡང་དག་རེད། དེ་ལྟར་ལགས་པས། ན་གཞོན་གསར་བའི་སྙིང་ སྟོབས་དེ་ཡང་ཅི་བསམ་བརྗོད་སྤོབས་པ་དང་གང་དྲན་ལག་ལེན་ལ་བསྟར་ཐུབ་པ་ཙམ་གྱིས་མི་ཆོག་ལ། སོ་ཁུ་ར་ཐེ་སོགས་ནུབ་གླིང་བའི་ སྐྱུགས་བལྡད་ཀྱིས་ཀྱང་རྔོ་མི་ཐོགས། དགེ་ཆོས་དོན་རྒྱལ་ཞོགས་དུང་སོགས་ཀྱི་སྙིང་སྟོབས་ཀྱིས་ང་ཚོའི་སྙིང་སྟོབས་ཀྱི་སྐོམ་པའི་གདུང་བ་ ག་ལ་གཞོམ། དེ་བས་ང་ཚོར་ངེས་དོན་གྱི་སྙིང་སྟོབས་ཅིག་མཁོ་དགོས་ཟེར་ན། ངས་ནི་ཤར་ནུབ་རིག་གནས་ཀྱི་གདོང་གཏུག་དང་བརྡབ་

གསིག་གི་གཡོ་སྐྱོམས་དེ་ལ་རྣ་བ་གཏོད་ཀྱིན། བོད་པའི་རང་ས་རང་ཡུལ་ནས་རིན་ཐང་གི་སྒྲོམ་ཆེན་པོ་ཞིག་དང་སྙིང་སྟོབས་ཀྱི་མ་ལག་ འགངས་ཆེ་བ་ཞིག་འཛུགས་རྒྱུར་བསམ་གཞིག་ཐུགས་བསམ་བཞེས་རྒྱུ་ནི་གནད་ཀྱི་དམ་པ་རེད་འདོད། 61

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

གསུམ། ན་གཞོན་གསར་བ་ནི་རིག་གནས་སྙིང་སྟོབས་ཤིག་ལ་གོ་དགོས་ཚུལ།

ངས་གོང་ནས་ཀྱང་རགས་ཙམ་བཤད་ཟིན་པ་ནང་བཞིན་ན་གཞོན་གསར་བ་ནི་རིག་གནས་སྙིང་སྟོབས་ཤིག་ལ་གོ་ན་ཧ་ཅང་འགྲིག

འདིར་གལ་བོ་ཆེ་ལ་ནན་ཏུར་གྱིས་བསྐྱར་བཤད་བྱ་དགོས་དོན་ནི། ན་གཞོན་གསར་བ་དང་འབྲེལ་བའི་སྣང་ཚུལ་ལ་ཤས་ཤིག་གི་གསེད་ཁ་ གྲོལ་ན་དགོས་གལ་ཆེ་བར་མཐོང་། སྤྱིར་ན་བོད་པའི་སྙན་ངག་གི་དཔུང་སྡེ་མི་རབས་གསུམ་པ་དང་བོད་ཀྱི་ན་གཞོན་གསར་བ། དེ་བཞིན་

དུ་བདག་དཔེ་ཚོགས་སོགས་ཀུན་པོ་རིག་གནས་སྣང་ཚུལ་ཞིག་གི་ཚུལ་གྱིས་འོ་སྐོལ་བསམ་བློའི་སྡིངས་ཆ་རུ་ལྷགས་པ་རེད་ལ། རིག་

གནས་སྣང་ཚུལ་སོ་སོར་ཡང་འདི་ནི་སྣང་ཚུལ་ཙམ་མོ་ཞེས་མགོ་གཡེང་གི་བློས་བཏང་སྙོམས་སུ་བསྐྱུར་ན་ནི་མི་འགྲིག རིག་གནས་སྣང་ ཚུལ་གང་ཡིན་རུང་སྣང་ཚུལ་དེར་ཐོབ་འོས་ཀྱི་གདན་ཐོབ་དང་སྨད་འོས་ཀྱི་ཞན་ཆ་སོགས་ལ་ཚང་རྩིས་རེ་བྱ་རྒྱུ་ནི་ང་ཚོའི་གོམ་ཁ་མྱུར་ལམ་ ལ་ཞོག་པའི་དམིགས་འབེན་གྱི་སླད་དུ་ཡིན་ན། བོད་ཀྱི་ན་གཞོན་གསར་བར་མཚོན་ནའང་ཐོག་མའི་ལམ་གྱི་གནས་སྐབས་དེར་དགེ་སྐྱོན་ ཅི་ཡོད་སྦ་གསང་མེད་པར་འདོན་རྒྱུ་ནི་དགོས་གལ་ཆེ།

བོད་ཀྱི་ན་གཞོན་གསར་བ་ནི་སྙིང་སྟོབས་སྲོག་ཏུ་ཞུགས་ཡོད་པའི་མི་རབས་གསར་བར་གོ་དགོས། འདིར་ན་གཞོན་གསར་བའི་

བསམ་བློའི་སྲོག་ཏུ་སྙིང་སྟོབས་འཇོག་དགོས་དོན་ཡང་སྤྱིར་བོད་ཀྱི་ཤེས་ཡོན་ཅན་ལ་སྙིང་སྟོབས་ཀྱི་རྟོགས་པ་སད་མེད་པའི་རྐྱེན་གྱིས་ཡིན།

ཤེས་ཡོན་ཅན་ཞིག་ལ་མཚོན་ན་སྙིང་སྟོབས་ནི་བླ་དང་སྲོག ཡང་ན་རྣམ་ཤེས་དང་སྒུལ་ཤུགས་ཡིན། ཤེས་ཡོན་ཅན་རྣལ་མ་ཞིག་ལ་ མཚོན་ན་སྙིང་སྟོབས་ནི་སྒེར་ཚུགས་དང་རང་སྐྱོང་། བདེན་དོན་བཅས་ཀྱི་གཞི་རྩ་ཡིན། ཤེས་ཡོན་ཅན་གྱི་སྙིང་སྟོབས་ཀྱི་ཆར་རྒོལ་སེམས་

ཤིག་འདྲེས་ནས་བསྡད་ཡོད། ཤེས་ཡོན་ཅན་ནི་སྙིང་སྟོབས་ཀྱིས་བྱུར་བུར་བལྟམས་པའི་བདག་ཉིད་ཅིག་ཡིན་པས། ཧྥ་རན་སིའི་བསམ་

བློ་བ་པོ་ཏི་ལེ་ཡྰ(鲍德里亚)ཡིས་ཤེས་ཡོན་ཅན་གླེང་སྐབས་གསུང་དོན།༼ངོ་རྒོལ་ནི་ཤེས་ཡོན་ཅན་ཆེས་སྤྲོ་བའི་རྣམ་འགྱུར་སྟོན་

སྟངས་ཡིན་པ་ཐེ་ཚོམ་མེད༽ཅེས་དང་ཡང་།༼ནམ་ཡང་བས་མཐར་འགྲེང་རྒྱུ་ནི་ཤེས་ཡོན་ཅན་རྣལ་མའི་ལངས་ཕྱོགས་ཡིན༽ཡང་ན༼ཤེས་

ཡོན་ཅན་རྣལ་མས་གཞར་ཡང་ཁ་ཚོད་གསལ་ཐག་གཅོད་མི་སྲིད༽སོགས་ཀྱི་དགོངས་འཆར་གནངས་མྱོང་ཡོད། ཡོད་ཚད་ལ་ཁ་ཚོད་

བཅད་ནས་བཤད་སྤྲོ་བའི་ཤེས་ཡོན་ཅན་ནི་དོན་གྱིས་གནས་ལུགས་ལ་འཇུག་པར་སེམས་ཤུགས་རྨང་ནས་ཆག་ཡོད་མཁན་ཅན་དང་ཡང་ ན་བག་འཁུམ་རྙིང་ཞེན་དུ་ལུས་མཁན་འབའ་ཞིག་ཡིན། ཤེས་ཡོན་དང་ཤེ ས་ཡོན་ཅན་གྱི་སྐོར་ལ་ཞིབ་མཇུག་གནད་དུ་ཐིངས་པ་བྱས་མྱོང་ བའི་མན་ཧེ་མོ(曼海姆)ཡིས་ཀྱང་༼འདུ་ཤེས་འཛིན་སྟངས་དང་སྟོང་བསམ་རིང་ལུགས༽ཞེས་པའི་བརྩམས་ཆོས་ཁྲོད་ཤེས་ཡོན་ཅན་ ལ་འདི་ལྟར་གདེང་འཇོག་བྱས་ཡོད་དེ། ༼

ཤེས་ཡོན་ཅན་རྣལ་མ་ནི་ནམ་ཡང་དངོས་ཡོད་དང་མཉམ་འདྲེས་བྱ་ཐབས་བྲལ་བར་མ་ཟད། སྟོང་བསམ་རིང་ལུགས་སམ་ཡང་

ན་འདུ་ཤེས་འཛིན་སྟངས་གང་རུང་གི་རྗེས་སུ་འགྲོ་ལྡོག་བྱ་མི་སྲིད།༽ཅེས་བསྟན་ཡོད། ཁོ་ཚོ་སྙིང་སྟོབས་ཀྱི་ཆེད་དུ་གསོན་གྱིན་ཡོད་པས། ཤེས་ཡོན་ཅན་ཚོར་འཇིག་རྟེན་གཅིག་ཇེ་མང་དུ་སོང་ཡོད།

མཚམས་འདིར་ཐོན་ན་ང་ཚོར་འདྲི་རྟགས་ཤིག་ཐོན་འོང་བ་ནི་ང་ཚོའི་མི་རིགས་འདིར་རིག་གནས་ཀྱི་སྙིང་སྟོབས་ཡོད་དམ་ཞེས་པ་

དེ་རེད།(འདིར་རིག་གནས་ཀྱི་སྙིང་སྟོབས་ཞེས་པ་དེ་གཙོ་ཆེར་མི་ཚུལ་རིང་ལུགས་ལ་གོ་དགོས)ཁོ་བོའི་ལྟ་སྟངས་ཡིན་ན་རང་ཅག་

བོད་ཀྱི་ཤེས་ཡོན་ཅན་ཚོའི་སྙིང་སྟོབས་ཀྱི་ཐོན་ཁུངས་ནི་ཧ་ཅང་དབུལ་བོ་རེད་སྙམ། ཤེས་ཡོན་ཅན་ཚོར་སྙིང་སྟོབས་ཀྱི་སྲོལ་རྒྱུན་མེད་པའི་

ཐད་རྒྱུ་མ་ཕུ་འདེད་བྱས་ན་ལོ་རྒྱུས་ཀྱི་ངོས་ནས་དང་ཡང་ན་སྤྱི་ཚོགས་ཀྱི་ངོས། རིག་གནས་ཀྱི་ངོས། འཚོ་སྡོད་བྱེད་སྟངས་ཀྱི་ངོས། ཐོན་ སྐྱེད་བྱེད་སྟངས་ཀྱི་ངོས། རང་བྱུང་ས་བབས་ཀྱི་ངོས་སོགས་མཐོང་སྣེ་མང་པོ་ཞིག་ནས་གླེང་རྒྱུ་ཡོད་ངེས་མོད། ཁོ་བོ་ལྟར་ན་རྒྱུ་རྐྱེན་ཡོད་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

62


བོད་ཀྱི་ན་གཞོན་གསར་བ།

ཚད་གཙོ་རྒྱུགས་རིག་གནས་ལ་ཐུག་འདུག་འདོད། འུ་ཚོའི་གཙོ་རྒྱུགས་རིག་གནས་ཀྱི་ཁྲོད་དུ་སྤྱི་ཡོད་པ་ལས་བྱེ་བྲག་མེད། འུ་ཚོའི་གཙོ་

རྒྱུགས་རིག་གནས་ཁྲོད་དུ་ལྷ་དང་འདྲེ་ཡོད་པ་ལས་མི་མེད། འུ་ཚོའི་གཙོ་རྒྱུགས་རིག་གནས་ཁྲོད་དུ་འཇིག་རྟེན་ལས་འདས་པའི་དགོངས་

པ་ལས་འདི་སྣང་འཇིག་རྟེན་གྱི་མིའི་འཚོ་བའི་རོ་བྲོ་མེད། འགྲོ་བ་མི་ནི་མ་གཞི་ནས་བདེ་སྡུག་མཉམ་གནས་ཀྱི་ཕུང་བོ་ཞིག་ཡིན་པ་ད་ཆ་ ཡོངས་ཁྱབ་ཀྱིས་ཁས་ལེན་བྱ་བཞིན་ཡོད་ན། མིའི་རིགས་ཀྱི་ལོ་རྒྱུས་ཀྱང་ལོག་སྤྱོད་དང་ཞི་བདེ། ཕྱོགས་ཞེན་དང་བདེན་ལུགས་རྐྱ་འཐབ་

པའི་འགལ་འབྲེལ་གྱི་ཕུང་བོ་ཞིག་ཅིས་མིན། མིའི་རྒྱུད་ན་འདོད་ཆགས་ཡོད་ལ་ང་རྒྱལ་ཡོད། ཕྲག་དོག་ཡོད་ལ་གནོད་སེམས་ཡོད། ལོག་ ལྟ་ཡོད་ལ་སྙིང་རྗེ་ཡོད། འདི་དག་ནི་འགྲོ་བ་མི་ལྷ་མ་ཡིན་ལ་འདྲེ་ཡང་མ་ཡིན་པའི་སྒྲུབ་བྱེད་ཡང་དག་ཡིན། དེར་རྩོམ་རིག་གི་སྐད་ཆ་ལྟར་

ན་མིའི་རང་བཞིན་ཞེས་པ་དེའོ། བོད་ཀྱི་རིག་གནས་ཀྱིས་མི་དཀར་བོ་དཀར་རྐྱང་དུ་བཟོས་ནས་ལྷ་རུ་བསྒྱུར་ཡོད་ལ། ཡང་ནག་པོ་ནག་

རྐྱང་དུ་བཟོས་ནས་འདྲེ་རུ་ཡང་སྨད་མྱོང་ཡོད་མོད། དེ་དག་ནི་མི་ངོས་མ་ཟིན་པའི་འོག་གི་སྣང་ཚུལ་ཞིག་རེད་ཨང་། མི་ནི་མ་གཞི་ནས་བདེ་ སྡུག་ཡག་བཙོག བཟང་ངན་སོགས་ཀྱིས་གྲུབ་པའི་སྡོམ་རྒྱ་ཆེན་པོ་ཞིག་ཡིན་པས། དེར་སྡོམ་ཚིག་འགོད་རྒྱུ་ནི་འཁྲུལ་སྣང་ཙམ་དུ་ཟད།

ངས་འདི་རུ་ཚིག་ཉོག་གི་ཕྲེང་བ་མུར་སྤེལ་དོན་ནི་འུ་ཚོའི་ལོ་རྒྱུས་ཀྱིས་ཀྱང་མི་ལ་མིར་ཐོབ་འོས་ཀྱི་གོ་གནས་དེ་སྤྲད་མི་འདུག་ལ། མ་སྤྲད་ པ་དེས་འུ་ཚོའི་ཕྱིས་ཀྱི་རིག་གནས་འཕེལ་བའི་གོམ་སྟབས་ཇེ་དལ་དུ་བཏང་འདུག་ཞེས་པ་དེ་ཡིན། བཟང་ངན་རྐྱ་འཐབ་པའི་མི་ཞིག་ལོ་ རྒྱུས་དེབ་ཐེར་ཁྲོད་དུ་མ་མངོན་པ་དེའི་ཤུགས་ནས་ཚོར་འོངས་བ་ནི། འུ་ཚོའི་གཙོ་རྒྱུགས་རིག་གནས་ཀྱིས་མི་སྒེར་ཞེས་པ་དེ་དོར་ཟིན་པ་ དེ་རེད།

ཤེས་ཡོན་ཅན་གྱི་བསམ་བློའི་སྙིང་སྟོབས་ནི་ནམ་ཡང་མི་བུ་བྱེ་བྲག་པའམ་མི་བུ་སྒེར་ངོས་ན་ཡོད་པ་ལས་སྤྱིའི་ཆ་ན་ཡོད་པ་ཞིག་མ་

ཡིན། མི་ཚུལ་སྙིང་སྟོབས་སམ་མི་ཚུལ་བསམ་བློ(人文精神)ལ་ངེས་ཤེས་འདྲོངས་ཡོད་མཁན་ཞིག་ཡིན་ན། མི་ཚུལ་རིང་ལུགས་

དང་ཤེ ས་ཡོན་ཅན། ཡོངས་ཁྱབ་རིན་ཐང་སོགས་ནི་མི་བུ་སྒེར་རྨང་གཞི་བྱས་ཏེ་གྲུབ་པའི་རིན་ཐང་ལྟ་ཚུལ་ཡིན་པ་ཤེས་འོང་། མི་ཚུལ་

བསམ་བློའི་སྲོག ་ཤིང་ནི་མི་ལྟེ་བར་འཛིན་རྒྱུ་དེ་རེད་ལ། དེས་མིའི་རྩིས་ཐང་དང་རིན་ཐང་།ལས་དབང་། བདེ་སྐྱིད་འཚོལ་སྙེག་གི་འདུན་པ་ བཅས་བླར་འཇོག་གི་ཡོད། ང་ཚོའི་རིག་གནས་ཀྱིས་མིར་ཐོབ་འོས་ཀྱི་གདན་ཐོབ་དེ་མ་བྱིན་པས། འུ་ཚོའི་ཤེས་ཡོན་ཅན་ཚོར་སྤྱི་ཚོགས་

ཀྱི་དོ་ཁུར་མེད་ལ། འཚོ་གནས་དང་ཚེ་སྲོག་གི་བསམ་གཞིག་མེད། བསམ་བློའི་སྙིང་སྟོབས་ཀྱི་ཕུགས་འདུན་མེད། རྣམ་ཤེས་ཀྱི་འཇིགས་

སྐྲག་མེད་པས་བདེན་ལུགས་འཚོལ་སྙེག་གི་འདུན་པ་མེད། གསར་གཏོད་ཀྱི་ཧམ་སེམས་མེད། སྡུག་བསྔལ་གྱི་འོབས་སུ་བྱིངས་སྐབས་ རང་ཉིད་རང་ལས་སྒྲོལ་ཐབས་མི་ཤེས་པས་སྐྱབས་བཅོལ་ཁོ་ནར་རེ། ནམ་ཡང་རང་ཉིད་བསྐྱར་གསོན་ལ་རེ་བ་མི་བྱེད་པར་བཟོད་བསྲན་ བརྟན་པོ་བྱེད། འདི་ལྟའི་རིག་གནས་ཀྱི་ལྟ་གྲུབ་ཅིག་གིས་མི་བུ་སྒེར་གྱི་ལས་དབང་དང་འཚོ་ཚིས་ལ་འཕྱར་བ་གྲུ་འདེགས་ཀྱི་བྱེད་ནུས་ཐོན་ མི་ཐུབ་པ་རྟོགས་སླ།

དེ་བས་བོད་ཀྱི་ན་གཞོན་གསར་བའི་སྙིང་སྟོབས་ནི་རིགས་ཀྱི་འདུ་ཤེས་ཁོ་ནའི་སྙིང་སྟོབས་ཙམ་མ་ཡིན་པར། མི་བུ་སྒེར་གྱི་སྙིང་

སྟོབས་སད་ཡོད་པ་ཅན་དུ་གོ་ན་འགྲིག བོད་ཀྱི་ན་གཞོན་གསར་བ་ནི་སྙིང་སྟོབས་ཤིག་ཡིན་ཅེས་ནན་ཏུར་གྱིས་བརྗོད་དོན་ཡང་མདོར་དྲིལ་ ན་ལར་བོད་ཀྱི་ཤེས་ཡོན་ཅན་ཚོར་སྙིང་སྟོབས་ཀྱི་སྲོལ་རྒྱུན་མེད་པ་དེར་ཁ་སྐོང་རྒྱུའི་ཆེད་དུ་ཡིན། བོད་ཀྱི་ན་གཞོན་གསར་བའི་སྙིང་སྟོབས་

ནི་མུན་མཆོངས་རིང་ལུགས་པ་དང་གཡམ་རྒྱུགས་རིང་ལུགས་པ་ལྟ་བུ་མ་ཡིན་པར། མི་རབས་གསར་བ་ཞིག་གི་རིག་གནས་ཀྱི་སད་ རྟོགས་ངོས་ནས་བཤད་ན་འགྲིག འདི་ལྟར་བཤད་ནས་འོང་ན་ཀློག་པ་པོ་དག་གིས་ན་གཞོན་གསར་བའི་༼གསར༽ཡིག་ལ་གོ་བ་ཅུང་ཙམ་

རྙེད་ཐུབ་སྙམ།

63

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

བཞི། ན་གཞོན་གསར་བ་དང་བོད་སྤྱི་ཚོགས་ཀྱི་གདམ་ང་།

འཁྱིལ་ཆུ་བཞིན་གྲག་འགུལ་མེད་པར་སོར་ན་གནས་པའི་རིག་གནས་བསམ་བློའི་གནས་སྟངས་འདི་འདྲར། ན་གཞོན་གསར་བས་

ནི་ཁ་ཕྱིར་འཁོར་ནས་བོད་རང་གི་སྤྱི་ཚོགས་དང་ལོ་རྒྱུས་གོམ་སྟབས་ཐད་བཀག་རྡོ་རུ་གྱུར་ཡོད་པའི་བསམ་བློ་རྙིང་གོག་དེར་དགག་སྒྲུབ་ ཀྱི་སྨྱུག་ཁ་འཕྱར་ངེས་ཡིན་ལ། ཡང་རང་དབང་དམངས་གཙོ་སོགས་ཡོངས་ཁྱབ་ཀྱི་ཆེད་དུ་སྨྱུག་ཁའི་མདའ་མོ་སྒེར་གཅོད་དང་མུན་ནག་ གི་ཆར་གཏོད་ངེས་ཡིན། གང་དུ་བདེན་ལུགས་ལས་ལོག་པ་ཡོད་ན་ན་གཞོན་གསར་བས་སྨྱུག་ཁ་དེར་གཏོད་ངེས་ཡིན་ལ། གང་དུ་སྒེར་

གཅོད་ཀྱི་སྟ་གྲི་ཡོད་ན་ན་གཞོན་གསར་བས་སྨྱུག་ཁ་དེར་བསྒྱུར་ངེས་ཡིན། རྒྱུ་མཚན། དེ་ནི་ན་གཞོན་གསར་བས་གོམ་པ་སྤོ་སྟངས་ཀྱིས་

ཐག་བཅད་འདུག ན་གཞོན་གསར་བས་འདུ་ཤེས་གསར་བ་ཞིག་དང་མིག་དབང་གསར་བ་ཞིག་གིས་བོད་སྤྱི་ཚོགས་ལ་བལྟ་དོན་ཡང་

མདོར་དེད་ན་སྒེར་གྱི་འདུ་ཤེས་མགྱོགས་པོར་སད་པའི་ཆེད་དུ་ཡིན། སྤྱིར་ན་མི་བུ་སྒེར་དང་བྱེ་བྲག་པ་འདི་གླེང་སྟངས་མ་འགྲིག་ན་དེས་ང་ ཚོ་ལམ་ལོག་ལ་ཁྲིད་དེ་ཐལ་མཐའ་མི་སྒེར་རིང་ལུགས་ལྟ་བུར་འགྲོ་སྲིད་ལ། དེས་རིགས་ཀྱི་འདུ་ཤེས་ལ་གཡོལ་གྱིན་པ་ལྟ་བུའི་སྣང་ཚུལ་ ཡང་འབྱུང་སྲིད་པར་མ་ཟད། ཁེ་ཕན་རིང་ལུགས་དང་གོ་བ་གཅིག་འདྲར་ཆགས་རྒྱུའི་ཉེན་ཁ་ཡོད་མོད། ང་ཚོས་བསམ་གཞིག་གནད་དུ་

ཐིངས་པའི་སྒོ་ནས་བསམ་ཤེས་བྱས་ན། མི་སྒེར་རིང་ལུགས་དང་ཁེ་ཕན་རིང་ལུགས་གཉིས་མི་འདྲ་ལ། མི་ཚུལ་རིང་ལུགས་དང་མི་ཆོས་

རིང་ལུགས་གཉིས་ཀྱང་འདྲ་གི་མེད། ང་ཚོའི་མི་བུ་སྒེར་བཤད་པའི་མདོ་དོན་ནི་རང་དབང་རིང་ལུགས་རྣལ་མའི་ལམ་ཁར་གོམ་པ་ཞོག་ རྒྱུའི་ཆེད་དུ་ཡིན། རང་དབང་རིང་ལུགས་རྣལ་མའི་སྲོག་སྙིང་ནི་རང་དབང་མི་སྒེར་རིང་ལུགས་ཡིན་པ་ལས་ཐལ་མཐའ་མི་སྒེར་རིང་ལུགས་

གཞར་ཡང་ཡིན་མི་སྲིད་པ་ཧ་གོ་བར་གྱིས། དེང་སྐབས་རང་དབང་མི་སྒེར་རིང་ལུགས་དང་ཐལ་མཐའ་མི་སྒེར་རིང་ལུགས་གཉིས་ལ་གོ་ ནོར་ཐེབས་ཀྱིན་ཡོད་པས།

སྤྱིར་ན་བོད་སྤྱི་ཚོགས་ཞེས་བཤད་ཚེ་ན་གཞོན་གསར་བར་མཚོན་ན་གླེང་གཞི་ཆེ་ཐལ་བས་དེའི་ཁ་སྟབས་ལ་མི་ཡོང་ནའང་། དངོས་

ཡོད་བོད་སྤྱི་ཚོགས་ནི་བདག་པོ་མེད་པའི་ལུག་ཁྱུ་བཞིན་ཏུ་སོང་གཤིས། བོད་ཀྱི་ཤེས་ཡོན་ཅན་གྱི་སྡེར་འཚང་མཁན་དག་གིས་རང་སྣང་ སྐྱིད་པའི་ལབ་བརྡོལ་འབྱིན་ལ་སྤྲོ་ཞིང་ཚོར་སྣང་ཙམ་པོ་བས་རང་སེམས་གསོས་ནས་བསྡད་ཡོད་ལ། དེབ་རྒན་རེའི་ངོས་ན་བརྡ་དོན་མིང་ ཚིག་སོགས་ཀྱི་རྫི་བོར་གྱུར་ཚར་བའི་ཞིབ་འཇུག་མཁས་རྒན་ཚོས་ཀྱང་ད་ནི་དངོས་ཡོད་སྤྱི་ཚོགས་ལ་རྣ་བ་མི་གཡོར་བར་གཞུང་ལུགས་ཀྱི་

ཁྲོད་དུ་ཡིབས་ཚར་ཡོད་ན། མ་བཤད་ཐུ་མེད་ཀྱི་གནད་དོན་རེ་འགར་གདོང་གཏད་དེ་སྐད་ཆ་བཤད་མཁན་གྱི་ཧོལ་རྒྱུགས་པ་རེ་འགའ་ཡང་ མཁོ་ཆེ་བས། ན་གཞོན་གསར་བ་ནི་དེ་དག་གི་གཉེན་པོར་ཐོན་པ་ཡིན། དེ་བས་ན་གཞོན་གསར་བས་བོད་སྤྱི་ཚོགས་ཀྱི་གནས་བབ་མི་ཤོད་ ནའང་ཨུ་ཚུགས་ཀྱིས་བཤད་དགོས་པའི་ཚོད་དུ་ལྷུང་། མི་རབས་གསར་བ་འདིས་རང་ཉིད་ཀྱི་ནུས་པ་ལས་འགོང་བའི་ལྗིད་ཏིག་ཏིག་གི་ འགན་ཁུར་ཞིག་ཕྲག་སྟེང་དུ་ལེན་དོན་ཡང་མདོར་དེད་ན་གཞི་རིམ་མང་ཚོགས་ཀྱི་སེམས་སྒྲ་ཚོར་བའི་ཆེད་དུ་ཡིན།

ན་གཞོན་གསར་བས་དགག་གཞག་གི་ཆེད་དུ་དགག་གི་བགྱི་བ་ལྷུར་བཞེས་ཀྱིན་མེད་ལ། རིགས་ཞེན་ཁོ་ནའི་ཆེད་དུ་འུར་ལབ་ཡང་

སྤྲོ་ཡི་མེད་པར་གནས་བབ་དང་ཁ་འཕྲོད་པའི་གནས་ལུགས་ཤིག་གམ་ཡང་ན་མྱུར་ལམ་ཞིག་གི་ཆེད་དུ་སྐད་འབོད་རྒྱག་གིན་ཡོད། དུས་ རབས་ཀྱི་འཁོར་ཕྱོགས་དང་གནས་བབ་ལ་བལྟས་ཏེ་སྐད་ཆ་བཤད་ཀྱིན་ཡོད་ན། ན་གཞོན་གསར་བ་དང་བོད་སྤྱི་ཚོགས་ཀྱི་གདམ་ང་ནི་ག་

རེ་ཡིན་ཞེ་ན། ན་གཞོན་གསར་བས་དུས་བབ་ཀྱིས་དེད་ནས་འོང་བའི་རང་རེ་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་མི་གཡོལ་བར་དུས་ཐོག་རྣམ་འགྱུར་

སྟོན་རྒྱུ་དེ་ཡིན། ན་གཞོན་གསར་བ་ནི་རང་དབང་རིང་ལུགས་ཀྱི་ཤེད་མོང་རྒྱས་ཤིང་། བོད་སྤྱི་ཚོགས་ཀྱི་གནས་བབ་ནས་གོམ་པ་སྤོས་ཏེ་ མིག་གིས་དུས་རབས་ཀྱི་འཕེལ་ཕྱོགས་ལ་རྒྱང་བལྟ་བྱེད་མཁན་ཡིན།

འདི་ལྟར་ན་གཞོན་གསར་བ་རང་ཉིད་ཀྱི་རྩ་དོན་ལྟར་ལམ་དུ་ཆས་པ་ཡིན་ན། མདུན་ཕྱོགས་ཀྱི་ལམ་ཁ་ནི་མག་མོག་རབ་རིབ་ཙམ་

སྤྱིའི་དེབ་གྲངས་ཉེར་གསུམ་པ།

64


བོད་ཀྱི་ན་གཞོན་གསར་བ།

དུ་སྣང་འདུག དེ་ལྟར་བཤད་དགོས་དོན་ཡང་། གཅིག་ཏུ་ན་ང་ཚོར་ད་དུང་རང་དབང་རིང་ལུགས་གཙོས་ཡོངས་ཁྱབ་རིན་ཐང་གི་རྒྱུན་ཤེས་

དམངས་བྱིངས་ཀྱི་རྒྱུད་དུ་ཆགས་མེད་པའམ་ཡང་ན་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་ཚུལ་དེ་ཆགས་མེད་པས། དེང་རབས་ཅན་གྱི་རིན་ཐང་ལྟ་ ཚུལ་དང་གདོད་མའི་རིན་ཐང་ལྟ་ཚུལ་གཉིས་མཐུན་འཇུག་ལེགས་པོ་ཡོང་ཁག་པ། གཉིས་སུ་ན་དུས་རབས་ཀྱི་དགོངས་པ་དང་ཁ་འཕྲོད་ པའི་མི་རིགས་རང་ངོས་ཀྱི་ལམ་ཁ་ཞིག་བཏོད་མེད་པར། ད་དུང་ཀུན་པོ་མུན་ནག་ལག་སྙོབ་ཀྱི་དཔེ་བཞིན་ལམ་བཙལ་སྒང་ཡིན་པས།

ལངས་ཕྱོགས་བརྟན་པོ་ཞིག་ཆགས་དཀའ་བར་སྣང་། གང་ལྟར་ན་གཞོན་གསར་བས་བོད་སྤྱི་ཚོགས་ཀྱི་གདམ་ང་དང་དུས་རབས་ཀྱི་བརྡབ་ གསིག་དབར་ནས་རང་དབང་གི་ལམ་ཁ་ཞིག་རྙེད་རྒྱུ་ནི་བྱེད་རྩོལ་ཀུན་གྱི་མདོ་དོན་རེད་འདོད།

ལྔ། མཇུག་བསྡུ་བ།

ན་གཞོན་གསར་བ་ནི་རིག་གནས་སྣང་ཚུལ་ཞིག་གི་ངོས་ནས་བལྟས་ཏེ་རང་གི་ལྟ་སྟངས་ཙམ་བཤད་ནས་བར་གླགས་འདིར་ཐོན་

དུས། རྒྱ་ཆེའི་ཀློག་པ་པོ་དག་གིས་འདི་ནི་མི་བུ་སྒེར་བ་ཞིག་གིས་ན་གཞོན་གསར་བར་བཟུང་བའི་རྣམ་འགྱུར་ཙམ་ཡིན་པ་ཧ་གོ་རྒྱུ་ནི་གལ་

ཆེན་ཡིན། རྒྱུ་མཚན། རིག་གནས་སྣང་ཚུལ་ཞིག་ཡིན་ན་དེར་འཕྲེད་གཞུང་ཟུར་ལེབ་གང་རུང་གི་ངོས་ནས་བལྟས་ཆོག་པས། བདག་ གིས་འདི་རུ་ན་གཞོན་གསར་བའི་སྐོར་ནས་གླེང་གཞི་ཙམ་བཏོན་པ་ཡིན་ན། གཟུར་གནས་པ་དག་གིས་འདིར་འབྲེལ་གྱི་ལྟ་ཚུལ་ཅི་ཡོད་སྦ་

གསང་མེད་པར་བྱོ་རྒྱུ་ནི་འགངས་ཆེན་དུ་མཐོང་། ན་གཞོན་གསར་བ་ཉིད་ད་ལྟའི་བོད་ལ་མཚོན་ན་རིག་གནས་སྣང་ཚུལ་ཞིག་ཏུ་གྱུར་ཟིན་ པས། རིག་གནས་སྣང་ཚུལ་གང་རུང་ལ་འདི་ནི་སྣང་ཚུལ་ཙམ་མོ་ཞེས་གུ་ཡངས་དང་མགོ་གཡེང་གི་རྣམ་འགྱུར་འཛིན་པ་དེ་ང་ཚོ་ཕོངས་

བའི་རྒྱུ་ཡིན་པས། རང་ཉིད་ཀྱི་ཁོར་ཡུག་དང་ཉེ་འཁོར་ལ་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་དྲང་དོན་གྱིས་བལྟས་པ་ཡིན་ན། གོ་འཛོལ་མང་ པོ་ཞིག་གསེད་དེ་ཁྱོད་དང་ངའི་དབར་གྱི་བཀྱེད་མི་རུང་བའི་བར་ཐག་རིང་བོ་གང་སྟུང་གིན་ཡོད་ལ། ལངས་ཕྱོགས་མི་མཐུན་ཡང་དད་ཞེན་ གཅིག་ལ་གཞོལ་ཡོད་པའི་དོགས་གཞི་དེ་ངང་གིས་སེལ་འོང་ངེས་སོ། །

65

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

རྙིང་ཚབ་གསར་བརྗེ།

རྩོམ་པ་པོ/རྣོ་སྦྲེང་།

གླེང་སློང་བ།

གསར་བརྗེ་ནི་བསམ་བློ་བཅིངས་གྲོལ་གཏོང་བྱེད་ཡིན་པ་ལས་མི་གསོད་སྤྱད་ཅིག་ཁྱོན་ནས་མིན།

—ལུའུ་ཞུན་གྱིས།

རྙིང་ཚབ་གསར་བརྗེ་ཞེས་པའི་མིང་བརྡ་འདིས་མི་རྣམས་པར་སྐབས་ཤིག་ལ་ཧ་ལས་ཤིང་ཧང་སངས་པར་བྱས་མྱོང་། ཅི་ཁག་

སྟེ། མིང་བརྡ་དེ་ནི་རིག་གསར་གྱི་རླུང་ནག་འཚུབ་པའི་སྐབས་སུ་རིག་གནས་ཤིག་འཇོར་དང་ཁེམ་གྱིས་གཏོར་ཤིང་འགྲེང་དང་ཐག་པས་ དྲུད་པའི་དྲག་པོའི་གཏོར་བཤིག་ཅིག་གི་ལོ་རྒྱུས་མཚོན་བྱེད་རེད། ལོ་རྒྱུས་ཀྱི་ངོ་གདོང་ལ་ནོར་རྟགས་ཀྱི་རྨ་ ཁ་བཏོད་པ་དེ་གནམ་སྔོན་པོ་

ཚང་གིས་སྐྱོན་དུ་ཁས་མི་ལེན་ཞིང་། མི་སེར་དག་གི་ཀུན་གཞིའི་ཟབ་ས་རུ་ནམ་ཡང་ཡལ་ཐབས་བྲལ་བའི་འཇིགས་རུང་གི་སྐྱོ་གར་ཆེན་པོ་ དེ། བོད་མིའི་ལོ་རྒྱུས་ཀྱི་བྲང་གཞུང་ནས་རྡོ་བརྐོས་རི་མོ་ཇི་བཞིན་དུས་གཏན་དུ་འཇགས་ཐབས་བྲལ། ཏག་ཏག་འདིའི་ཕྱོགས་ལ་རྣ་བ་

ཨེན་ཙམ་གཡོར་མཁན་ཞིག་ཡིན་ཚེ། དེ་ནི་ལོ་རྒྱུས་ཤིག་སྟེ། དེ་ནི་སྐྱོ་གར་ཞིག་སྟེ། དེ་ནི་མིག་ཆུ་ཞིག་ཡིན་པའི༼གདངས༽སུ་ལ་ཡང་ ཡོད་སྲིད། རང་རེའི་བོད་ལ། མིང་བརྡ་དེའི་མཚོན་བྱེད་ཀྱི་དྲག་པོའི་རླུང་འཚུབ་འཇགས་ནས་མི་ལོ་ལྔ་བཅུ་ལྷག་འགོར་སོང་། མི་ལོ་ལྔ་ བཅུ་ལྷག་གི་རིང་ལ་རྙིང་ཚབ་རྙིང་བས་བྱས་ཤིང་། རྙིང་བ་བརྒྱུད་འཛིན་བྱས་ནས་འོང་བ་རེད། རྙིང་བས་འདོད་པ་ཚིམ་ཞིང་རྙིང་བ་སྙིང་ལ་

བཅིངས་ནས་འོང་བ་རེད། སྙིང་ནས་རྙིང་བར་དུངས་ཤིང་རྙིང་བ་ནོར་དུ་རློམ་ནས་ཐོན་པ་རེད། དེ་ལྟར་ཡིན་པས། རྙིང་བ་དགོས་འདོད་ དཔུང་འཇོམས་སུ་རློམ་པའི་བོད་མིའི་སྤྱི་ཚོགས་ནས། ན་གཞོན་སྐོར་ཞིག་གིས་རྙིང་ཚབ་གསར་བརྗེ་ཞེས་པའི་སྐད་འབོད་ཀྱི་གནས་ལུགས་

རིང་མོ་བགྲང་བར། སྐྱ་སེར་མང་པོ་ཞིག་ཡང་བསྐྱར་ཧང་སང་ཞིང་དངངས་ཤོར་བ་ལ་ཁག་མེད་དེ། ཁོ་ཚོའི་བག་ཆགས་ཀྱི་གསེབ་ན་རྙིང་ ཚབ་གསར་བརྗེ་ཡི་སྦྱོར་བ་དྲག་པོ་ཞིག་གི་གཏམ་རྒྱུད་ཡོད་པས་སོ།།

དེ་ལྟར་ཡོད་མོད། མིང་བརྡ་རྙིང་བ་ལ་ཚེ་སྲོག་གསར་བ་ཞུགས་པའི་ཧྥ་རན་སིའི་བློ་འབྱེད་ལས་འགུལ་དང་། རྒྱ་ནག་གི་ལྔ་བཞིའི་

ལས་འགུལ་སོགས་ཅི་ཞིག་ལ་བྱུང་བ་སོགས། རྙིང་ཚབ་གསར་བརྗེ་ཡི་ལས་འགུལ་དེ་དག་གི་ཉམས་མྱོང་ཁ་ཟས་དག་བོད་མི་དག་གི་རྣམ་

དཔྱོད་ཀྱི་སོ་ཡིས་དུམ་བུ་དུམ་བུ་བྱས་ཏེ་ལྡད་ཐུབ་རྒྱུ་ན། རང་རེ་བ་ཡང་ལྷོད་ལ་བབ་སྟེ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་མྱོང་བ་དེ་རང་ སྟེང་དུ་ལེན་ཐུབ་རྒྱུ་རེད་ལ། འགྲོ་བ་མིའི་རིགས་ཀྱི་ཡོངས་ཁྱབ་རིན་ཐང་གི་ཤེས་བྱའི་ལམ་བུར་བསྐྱོད་རྒྱུའི་རྨང་ཡང་སྔ་ས་ནས་གདིང་ཐུབ་

རྒྱུ་རེད། གནས་ལུགས་ཀྱི་ངོས་ནས་བཤད་ན་དེ་ལྟར་རེད་མོད། སྦྱོར་བའི་ཁྲོད་དུ། རང་རེའི་མི་ཕལ་མོ་ཆེས་རྙིང་ཚབ་གསར་བརྗེ་ཞེས་

པའི་མིང་བརྡ་འདི་ཐོས་རྗེས་ཀླད་པའི་ནང་དུ་མའོ་དྲན་གྱིན། ཚོར་ཤེས་གསེང་ལ་ཁྲག་བཞུར་ཏེ། སྒྲ་འཛིན་བུ་གར་མདའ་སྐད་གྲགས་ཀྱིན་ ཡོད་པ་གང་གིས་མཚོན་ཞེ་ན། རྙིང་ཚབ་གསར་བརྗེ་ཞེས་པའི་མིང་བརྡ་འདི་ཐོས་རྗེས་ངག་ནས་བསམ་དབང་དྲན་དབང་མེད་པར་དམར་

སྲུང་དམག་ཅེས་ཤོར་འགྲོ་བ་དེའི་གསལ་བཤད་བྱ་ཐུབ་པོ། ཨ་ཧོ། ལོ་ཟླ་འཁོར་ཞིང་དུས་ནི་འགྱུར་ཏེ་མི་ག་ཚོད་ཅིག་གི་དབུགས་ཆད་སོང་ ། ད་ནི་རང་རེ་བ་ཡང་མིང་བརྡ་འདིའི་མཁར་རྫོང་ལ་ཡང་བསྐྱར་དཔུང་འཇུག་བྱས་ཏེ་བསྐྱར་དུ་ཚད་འབྱེད་བྱ་རན་རེད། ཞིབ་ཅིང་ཕྲ་མོས་

གླེང་ན་བློ་གྲོས་དང་ལྡན་པ་དག་ལ་བསྐྱར་ཟློས་ཡང་ཟློས་ཡིན་སྲིད་མོད། མི་སེར་མང་པོ་ཞིག་གི་གོལ་འཛོལ་སེལ་ཕྱིར། ངས་རྙིང་ཚབ་ གསར་བརྗེ་ཞེས་པའི་མིང་བརྡ་འདི་སྣེ་འགའ་ནས་གླེང་དགོས་རྒྱུ་རེད། སྤྱིའི་དེབ་གྲངས་ཉེར་གསུམ་པ།

66


བོད་ཀྱི་ན་གཞོན་གསར་བ།

བོའུ་སྐད་ཁྲོད་ཀྱི་རྙིང་ཚབ་གསར་བརྗེ།

གང་ན་གཉའ་གནོད་ཡོད་ཚེ་དེ་རུ་འོས་ལངས་ཡོད།

——བཤད་སྲོལ་ཞིག་ལས།

དྲག་རྩུབ་བཙན་གསུམ་ནི་འཇམ་ཞན་གཉོམ་གསུམ་གྱི་ལྡོག་ཚིག་རེད་ལ། དྲག་རྩུབ་བཙན་གསུམ་གྱི་རྙིང་ཚབ་གསར་བརྗེ་ཡིས།

འཇམ་ཞན་གཉོམ་གསུམ་གྱི་འུ་ཅག་མི་སེར་ཚོའི་སེམས་ལ་མྱ་ངན་གྱི་ལོ་རྒྱུས་རྡོ་རིང་བཞེངས་ཡོད་ཅིང་། ཞེད་འཇིགས་ཀྱི་ངུ་འབོད་རྫོགས་

མེད་རི་ལ་ཁྱབ་ཡོད། ལྟོགས་སྐོམ་གྱི་རུས་རྐང་གྲངས་མེད་ས་ལ་གཏོར་ཡོད། ས་དམར་པོར་བརྫིས་སོང་། ཆུ་དམར་པོར་བསྒྱུར་བཞག

འདི་དག་ནི་བོའུ་སྐད་ཀྱིས་བསླངས་པའི་རྙིང་ཚབ་གསར་བརྗེ་རེད་ལ། མཚོན་ཆ་ཡིས་བསྐྲུན་པའི་དྲག་པོའི་རྙིང་ཚབ་གསར་བརྗེ་བྱ་སྟངས་ ཀྱི་གྲིབ་གཟུགས་ཀྱང་རེད། ང་བརྒྱད་ལོའི་དྲག་པོའི་རྙིང་ཚབ་གསར་བརྗེ་ཡི་རྐྱེན་པས།

ང་བརྒྱད་གླེང་ན་མིག་ཆུ་འཐོར་ཞིང་ཞེད་སྣང་སྐྱེ་

བཞིན་པའི་བརྒྱད་ཅུའི་རྒན་རྒོན་དག་གིས།གནམ་ཏང་དང་ས་ཏང་ཡིན་པས་ཁྱེད་ཚོས་ཁ་འཁྲུག་བཤད་མི་ཉན་ཅེས་ད་དུང་ཡང་སྐྲག་སྣང་གི་

སློབ་གསོ་གཏོང་བ་དེས། དྲག་པོའི་རྙིང་ཚབ་གསར་བརྗེ་ཡིས་བར་གླགས་དེར་ཁོ་ཚོའི་སྨྲ་བརྗོད་རང་དབང་གི་མཆུ་ཏོ་བསྡམས་ཤིང་། དད་ མོས་རང་དབང་གི་བེམ་པོ་གཅུན་མྱོང་བའི་མཚོན་བརྡས་ངང་ངམ་ཤུགས་ཀྱིས་འུ་ཚོར་བརྡ་རྟགས་གཞན་ཞིག་སྟེར་ལ། དྲག་པོའི་རྙིང་ཚབ་ གསར་བརྗེ་ཡི་སྲིད་ཇུས་ལ་འགྱུར་བ་བཏང་ཞིང་། ཞི་བའི་བཅིངས་གྲོལ་ཞེས་པའི་ཁ་གཡང་ཞིག་དངོས་ཡོད་ཀྱིས་བསུ་རུ་བཅུག་མྱོང་བའི་

ལོ་ཟླ་དག་གི་ཁྲོད་དུ་ཡང་། ད་དུང་“རློམ་རྒྱུ་མེད་པ་དང་སེམས་ཆུང་བྱེད་དགོས”ཞེས་སྐད་མགོ་དམའ་བའི་ནང་གཏམ་ཐུང་ཐུང་ཞིག་ཁྱེད་ ཅག་གི་སྙན་དུ་སྦྲོན་པ་ནི། དམིགས་ཡུལ་གཞན་ཅང་མེད་དེ། རང་དབང་དང་དམངས་གཙོའི་ལམ་བུ་ཡོད་ཅེས་ཁ་གཡང་སྒྲོག་པའི་ད་ལྟའི་ དུས་ལ་ཡང་མིག་ལམ་དུ་ང་བརྒྱད་ལོའི་ཁྲག་གི་འཇིག་རྟེན་ཞིག་དྲན་པ་ཙམ་མོ།།

ཡང་།“ས་ཏང་ཡིན། “”གནམ་ཏང་ཡིན། ཁྱོད་ཅི་ཞིག་རེད།”ཅེས་པའི་དྲི་བ་འདིས་འུ་ཚོ་མི་ཞིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་

ཞེས་པའི་ལམ་ལུགས་ཤིག་ཡོད་པ། ཡོངས་ཁྱབ་རིན་ཐང་ཞེས་པའི་ཤེས་བྱའི་སྒྲིག་གཞི་ཞིག་ཡོད་པ་སོགས་ནི་དྲག་རྩུབ་བཙན་གསུམ་གྱི་ མེ་མདའ་དང་བཀྲེས་སྐོམ་གྲང་གསུམ་གྱི་མནར་གཅོད་ཀྱིས་ཁོ་པ་ཚོའི་ཀླད་པའི་རུས་ཆེན་ནང་ནས་རྩ་བརླག་ཏུ་བཏང་བ་རེད། མཐོང་ཐོས་

མྱོང་འགྱུར་གྱི་དྲག་པོའི་སྦྱོར་བ་རེ་རེ་དང་ཐག་རབ་ཏུ་ཉེ་བའི་འགྲོ་བ་མིའི་རིགས་ལ་མཚོན་ན། དྲག་རྩུབ་བཙན་གསུམ་གྱི་སྔུན་ནས་འགྲོ་བ་

མིའི་ཐོབ་ཐང་གི་ལམ་ལུགས་ཟེར་བ་ནི་ཕུག་བསམ་ཞིག་མ་ཡིན་ནམ། མདའ་མདུང་གྲི་གསུམ་གྱི་ཁ་ནས་སྨྲ་བརྗོད་རང་དབང་ཟེར་བ་ནི་མི་ ཡུལ་དང་ཁ་ཐག་རིང་བའི་ཉི་ཟླ་དེ་མ་ཡིན་ནམ།

དེ་ལྟ་ན། འུ་ཚོ་སུས་ཀྱང་དྲག་པོའི་རྙིང་ཚབ་གསར་བརྗེ་ཡི་སྔུན་ནས་མགོ་བོ་ནང་དུ་བཀུག་སྲིད་པ་མ་རེད་ལ། དྲག་པོའི་གཉའ་

གནོན་ཇི་ལྟར་ཆེ་ན་ཁྲག་གི་འོས་ལངས་དེ་ལྟར་རྒོད་པའི་ལོ་རྒྱུས་དངོས་མ། རང་གཞན་སུ་ཡི་དེབ་ཐེར་དུ་ཡང་ཧ་ཅང་གསལ་བ་ལ་ཨང་ ། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས། སུས་ཀྱང་དཀྲོག་བཟོ་བྱས་ཆོག་གི་མ་རེད་ལ། ལོ་རྒྱུས་ལ་དཀྲོག་བཤད་བྱེད་པ་ནི་སེལ་གོལ་འགའི་ ཡུན་གྱི་ཁ་ཆོད་ཐབས་ཙམ་ལས་ཅི་ཡང་མིན་ཏེ། སྐྱག་པ་ཁ་བས་གཡོགས་པའི་དགོད་གཏམ་རང་རེད་དོ།། ངས་སྐྱག་པ་ཁ་བས་གཡོགས་

པའི་དགོད་གཏམ་འདི་རང་གཞན་ཀུན་ལ་བཤད་དགོས་ཏེ། གྲང་རླུང་ཤུ ར་ཤུར་དུ་ལྡང་ཞིང་ཁ་བ་ལྷབ་ལྷབ་དུ་འབབ་པའི་མཚན་མོ་ཞིག་ལ།

གྲྭ་ཕྲུག་ཅིག་ནམ་སྨད་དུ་སྒོར་འབུད་དུ་ཐོན་ཞིང་། རྐང་རྗེན་དུ་སྒོ་ཕྱི་རུ་རྒྱུགས་ཡོང་དུས། གྲང་ངར་དང་ཁ་བས་ཁོ་སྤྱོད་ཁང་དུ་འགྲོ་བའི་

བསམ་བློར་བརྡབ་བསིག་བྱིན་ཏེ། ཁྱམས་ར་རུ་གཙང་སྤྱོད་དོར་དེ་སྟེང་དུ་ཁ་བས་གཡོགས་ནས་བཞག་སོ་སྐད། ཕྱི་ཉིན་ཉིན་གུང་གི་ཡས་ མས་སུ་ཉི་འོད་ལམ་ལམ་འཕྲོས ་ཤིང་། ས་གཞི་ཡོངས་སུ་དྲོས་ཏེ་རླངས་པ་ཐོལ་ལོར་གང་སར་གཤེགས་འདུག་ཅིང་། གྲྭ་ཤག་དེའི་ཁྱམས་ 67

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

རའི་ཁ་བ་ཡང་ཞུ་སྟེ་སྐྱག་ཆུའི་དྲི་ངན་དང་བཅས་རང་གཟུགས་ཕྱི་རུ་མངོན་པས་གྲྭ་ཕྲུག་དེའི་ཨ་ཁུའི་ལག་གི་ཁྲིམས་ཉོས་སོ་སྐད།

དགོད་གཏམ་འདིས་དགོད་གཏམ་འདི་མཚོན་ཐུབ་པའི་ཕན་ཆད་ནས། ངས་གོང་དུ་འཆད་རྒྱུའི་ལོ་རྒྱུས་དཀྲོག་བཤད་བྱ་མཁན་དང་

སྦ་སྐུང་བྱ་མཁན་དག་གི་འཁྲལ་འཁྲུལ་གྱི་རང་གཟུགས་ཀྱང་རྙེད་ཐུབ། དེ་བས་རང་གཞན་སུ་ཡང་སྐྱག་པ་ཁ་བས་གཡོགས་མཁན་དེའི་

རིགས་མིན་པར་མཛོད། རང་གཞན་སུས་ཀྱང་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་དགོས་པའི་དྭངས་གཙང་བདེན་པ་དེ་ཤེས་པར་སྨོན། ཡིན་ཕྱིན་

མ་འོངས་པར་མི་རབས་ཤིག་གི་ན་གཞོན་ཚོས་རི་ཆུ་ནགས་གསུམ་དཔང་བར་བཅོལ་ཏེ་ཉི་ཟླ་སྐར་གསུམ་གྱི་སྐད་འབྱོན་སྲིད། གསོང་བོའི་ གློག་རྡུལ་མཁའ་ལམ་ནས་འོད་གསལ་ལམ་ལམ་དུ་འཕྲོ་བའི་ཉིན་མོར་སུ་དཀར་གང་ནག་རང་བཞིན་གྱིས་ལྷང་ལ་འབུད་ངེས་རེད། ཚོར་ཤེས་གསེབ་ཀྱི་རྙིང་ཚབ་གསར་བརྗེ།

ཚོར་ཤེས་ཁོ་ནའི་གདུག་རྩུབ་ཀྱིས་ལུང་ཤ ར་བའི་མིག་འབྲས་ཡང་ཕྱི་རུ་བཏོན་པ་མིན་ནམ།

----རང་གི་སྐད་ཆ།

ལོ་ངོ་འདི་དག་གི་རིང་ལ། ཟི་ལིང་ཆོས་གཏོར་ཚོགས་པ། ལན་གྲུ་ཡི་སྤྲུལ་གཏོར་ཚོགས་པ། མའོ་ཡི་རྗེས་ཁྱི། ཏང་གི་གཅེས་ནོར།

ན་གཞོན་གསར་བ་ནི་རྒྱ་རྒན་ལོ་ལོན་ཞིག་རེད། ཕ་ཤི་རྒྱལ་རྔ་བརྡུང་མཁན་སོགས་བལྟས་མ་ཐག་འཇིགས་ཡེར་བའི་སྐད་ཆ་སྐོར་ཞིག་མི་

དང་མི་ཡི་རྒྱུན་པའི་ཁ་བརྡའི་ཧྲག་བར་དང་། དྲ་ཚིགས་དང་དྲ་ཚིགས་ཀྱི་ཁོང་གསེང་ན་ཆེས་བྲིན་ཀྱིན་ཡོད་ལ། ཚོར་ཤེས་ཤུགས་ཆེ་བའི་ ཐ་སྙད་ཀྱི་ཞྭ་མོ་ཆེན་པོ་འདི་དག་བསྐོན་དགོས་དོན་ནི་གོང་གི་མྱི་འདི་དག་གིས་ཆོས་ལུགས་ཀྱི་སྔུན་ནས་མྱི་སྐད་བཤད་པས་རེད་ལ། ཆོས་ ལུགས་ལ་བལྟས་ཏེ་ཁྱོད་རིག་གནས་ཤིག་རེད་ཅེས་མྱི་ཚུགས་དང་གསར་ཚུགས་བསྟན་པས་རེད། དཔེ་ཕྲ་མོ་ཞིག་གིས་བཤད་ན། གནའ་ ནས་ད་བར་དུ་ཆོས་ལུགས་ཀྱི་སྔུན་ནས་བོད་པ་ཚང་གོག་མ་ནུར་གྱིས་འོང་བ་དང་། ད་ལྟ་སྐོར་ཞིག་གིས་ཆོས་ལུགས་དང་ཆོས་ལུགས་པ་

དག་གི་སྔུན་ནས་རྐང་བའི་སྟེང་ལ་རྐང་བ་བཞག་སྟེ་བསྡད་པས། སྦྱོར་བ་འདིའི་རིགས་ཏག་ཏག་ཞྭ་མོ་བསྐོན་མཁན་དེ་དག་གི་བསམ་བློའི་ ཚད་ཤིང་གི་ནང་དུ་མ་ཚུད་པ་དང། ཀླད་པ་འགུལ་སྟངས་ཀྱི་ཁྲག་ཚད་ཀྱིས་མ་འདང་བ། ཀུན་གཞིའི་རི་ལུང་ལ་མ་ཤོང་བ་སོགས་ཀྱིས་

དབང་གིས་གང་འདོད་དུ་སྡིགས་དམོད་བོར་བའི་ཚོར་ཤེས་ཀྱི་སྐད་ཆ་ཁོ་ན་རེད། ཚོར་ཤེས་ཀྱི་སྐད་ཆ་འདི་དག་ནི་གནའ་དེང་མའི་ལྟ་ལོག་

པ་དང་སྨྱོན་པ་སོགས་ཀྱི་ཐ་སྙད་ཀྱི་ནུས་པ་ཉམས་པའི་རྗེས་ནས་བཏགས་པའི་དམོད་ཚིག་བོར་སྟངས་ཤིག་རེད་ལ། རང་མྱི་གསོད་སྟངས་ ཤིག་ཀྱང་རེད། རང་མྱི་རང་གིས་གསོད་པའི་ཚོར་ཤེས་ཀྱི་སྐད་ཆ་འདི་དག་ནི་དྲག་པོའི་སྦྱོར་བ་བཀོལ་བའི་རྙིང་ཚབ་གསར་བརྗེ་དང་འདྲ་ལ།

སྐད་ཆ་གཞན་ཞིག་གིས་བཤད་ན། སྦྱོར་བའི་ཁྲོད་ནས་རྙིང་ཚབ་གསར་བརྗེ་བྱེད་མཁན་ནི་རང་དང་འདང་རྒྱག་ཕྱོགས་མི་མཐུན་པ། སྐད་ཆ་ བཤད་སྟངས་མི་གཅིག་པ་མཐའ་དག་ལ་ཉེས་འགལ་གྱི་ཞྭ་མོ་བསྐོན་ཏེ་ཚེར་མའི་ལམ་བུར་འདེད་མཁན་དེ་དག་མིན་པའི་ངེས་པ་ཁྱོན་ནས་ མེད་ལ།

ཚོར་ཤེས་ཀྱི་སྐད་ཆ་ཁོ་ནས་རང་རེའི་མི་བུ་དག་འཆི་ལམ་དུ་བརྫངས་པའི་ལོ་རྒྱུས་འོ་སྐོལ་ཚང་ལ་གསལ་བོ་ཏག་པོ་ཡོད་པ་མིན་

ནམ། གནད་དོན་འདི་དག་ནི་འོ་སྐོལ་ཚང་རིག་གནས་སྣ་གཅིག་ལ་གོམས་པས་རེད་ལ། འདང་རྒྱག་ཕྱོགས་སྣ་གཅིག་ལ་ལོབས་པས་རེད།

སྣ་མང་གི་རིག་གནས་དང་སྣ་མང་གི་བསམ་བློ་ཡོད་སའི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ལ་བར་ཐག་རིང་བའི་བདེན་དཔང་ཉག་གཅིག་ ཀྱང་རེད།

དཔྱོད་ཤེས་ཀློང་གི་རྙིང་ཚབ་གསར་བརྗེ།

བོད་ཀྱི་ན་གཞོན་གསར་བ་རིག་གནས་ཀྱི་མིད་དག་ཡིན་པ་ལས། ཆབ་སྲིད་ཀྱི་ལག་རྡོ་རུ་འགྱུར་ག་ལ་རུང་།

_____རང་གི་སྐད་ཆ།

སྤྱིའི་དེབ་གྲངས་ཉེར་གསུམ་པ།

68


བོད་ཀྱི་ན་གཞོན་གསར་བ།

བོད་ཀྱི་ན་གཞོན་གསར་བ་དང་ཆབ་སྲིད་ཀྱི་བར་ན་འབྲེལ་བ་ཅི་ཞིག་ཡོད་དམ་ཞེ་ན། འབྲེལ་བ་ཅི་ཡང་མེད་དེ། ན་གཞོན་གསར་བ་

ནི་རིག་གནས་རྐྱང་བ་གླེང་སའི་གར་སྟེགས་ཤིག་ཡིན་པ་ལས། ཆབ་སྲིད་གླེང་བརྗོད་དང་ཆབ་སྲིད་ཀྱི་མིད་དག་དང་རྐང་ལག་ཏུ་གྱུར་རྒྱུའི་ དཔེ་ཡང་གཞར་ནས་སྲིད་པ་མ་རེད། འོ་ན། ཅིའི་ཕྱིར་ན་གཞོན་གསར་བ་ནི་རྒྱ་རྒན་ལོ་ལོན་ཞིག་རེད་ཟེར་ན། ཁོ་ཚོ་ལ་ཅི་ཁག་སྟེ། ཁོ་

ཚོས་བོད་ཀྱི་ན་གཞོན་གསར་བ་དང་རྒྱ་ནག་གི་ན་གཞོན་གསར་བ་ཕྱོགས་ཡོངས་ནས་གཅིག་ཏུ་བལྟས་པས་རེད་ལ། ཁོ་ཚོས་རིག་གནས་ ཤིག་གི་མགྲིན་ཚབ་བྱས་ནས་ཡུན་རིང་འགོར་བའི་ན་གཞོན་གསར་བ་དང་ཆབ་སྲིད་ཀྱི་ལག་རྡོ་རུ་གྱུར་བའི་ན་གཞོན་གསར་བ་གཉིས་ཀྱི་

དབྱེ་མཚམས་མ་ཤེས་པས་རེད། དེ་ལྟ་ན་བོད་ཀྱི་ན་གཞོན་གསར་བ་དང་རྒྱའི་ན་གཞོན་གསར་བ་གཉིས་ལ་མིང་འདྲ་བའི་ཕན་ཆད་ནས་ མཐུན་ཆ་གཏན་ནས་མེད་དམ་ཞེ་ན། དེ་ཡང་མ་ཡིན་ཏེ་རིག་གནས་ཤིག་གི་མིད་དག་ཡིན་སྐབས་ཀྱི་རྒྱའི་ན་གཞོན་གསར་བ་སྟེ། ལུའུ་ཞུན་ དང་ཧུའུ་ཧྲི་ཡི་ཁྲོ་ཞོར་དུ་དགག་ཅིང་དང་དགོད་ཞོར་དུ་སྒྲུབ་པ་དང་། འོ་སྐོལ་གྱི་ད་ལྟའི་སྦྱོར་བའི་ཁྲོད་དུ་ཕ་རོལ་གོང་བཀུར་བྱས་ཏེ་ལག་

ལེན་གསེབ་ནས་བག་ཆགས་རྙིང་བ་ཞིག་གི་རྩིད་པ་འབྲེག་པའི་ཚ་རླབས་གཉིས་ཡོངས་སུ་འདྲ་ལ། དེ་ལས་ཟློག་སྟེ་ཆབ་སྲིད་ཀྱི་མགྲིན་

པ་རུ་གྱུར་བའི་རྒྱའི་ན་གཞོན་གསར་བ་དང་བོད་ཀྱི་ད་ལྟའི་ན་གཞོན་གསར་བ་ལ་གཞི་མཐུན་ཁྱོན་ནས་ཡོད་སྲིད་པ་ཞིག་མ་རེད་དོ།། འདི་ ནི་ལྷན་རྒྱས་ཀྱིས་གསལ་བོར་ཤེས་དགོས་པའི་དབྱེ་མཚམས་ཤིག་སྟེ། སྣེ་འདི་ནས་གོམ་པ་སྤོས་ཏེ།འུ་ཚོས་དཔྱོད་ཤེས་ཀློང་གི་རྙིང་ཚབ་ གསར་བརྗེ་ཟེར་ན་ཡང་འདྲ། བག་ཆགས་དོང་སྤྲུགས་ཟེར་ན་འཁུ། གང་ལྟར་་མིང་བརྡ་འདི་དག་ནི་སྐད་ཆ་སྐོར་ཞིག་གི་མཚོན་བརྡ་ཙམ་ རེད་མོད། མདོར་དྲིལ་ན། འོ་སྐོལ་ཚང་ཡང་སྣ་མང་རིག་གནས་ཤིག་གི་ལམ་བུར་བསྐྱོད་དེ་ཡོངས་ཁྱབ་རིན་ཐང་གི་ཤེས་བྱ་སྒྲིག་འཛུགས་

བྱེད་པ་དང་། མི་རང་ཉིད་ནས་མགོ་བརྩམས་ཏེ་རང་དང་ཆེས་ཐག་ཉེ་བའི་འཚོ་བ་དང་བརྩེ་དུང་། ཁོར་ཡུག སྤྱི་ཚོགས། མི་ཚེ་སོགས་གླེང་ བ་ལས། རིག་གནས་ཤིག་གི་བཀོད་འདོམས་འོག་ཏུ་ནམ་ཡང་ལམ་བུ་ཆིག་རྐྱང་ཞིག་ལ་བགྲོད་ཀྱིན་པའི་རྙིང་སྲོལ་མཇུག་རྫོགས་རན་སོང་ ། འདི་ནི་ངས་འཆད་ཀྱིན་པའི་དཔྱོད་ཤེས་ཀློང་གི་རྙིང་ཚབ་གསར་བརྗེ་ཡིན་ལ། འུ་ཚང་གི་ཕྱི་རབས་པ་དག་གིས་བདམས་སྲིད་པའི་འཕེལ་ རྒྱས་ཀྱི་ལམ་བུ་ཞིག་ཀྱང་ཡིན། ད་དུང་ཧ་གསལ་བོ་ཞིག་མི་གོ་ན། ངས་འདི་ལྟར་བཤད་ཆོག་སྟེ། གལ་ཏེ་ཀུ་ཤུ་ཕྱི་མཛེས་ནང་རུལ་ཞིག་ ཡོད་པའི་དབང་དུ་བཏང་ན། གཞན་གྱི་མིག་ལམ་ནས་མཛེས་མཛེས་ཡག་ཡག་ཅིག་ཡིན་རུང་། ཀུ་ཤུ་འདི་རོལ་མྱོང་བྱེད་མཁན་ཞིག་ཡིན་ ན་ད་གཟོད་ཀུ་ཤུའི་ནང་སྙིང་ཧ་གོ་བ་རེད། དེའི་ཕྱིར་བོད་ཀྱི་རིག་གནས་ནི་ཀུ་ཤུ་ཞིག་ཡིན་པའི་དབང་དུ་བཏང་ན། ཕྱི་མཛེས་ནང་རུལ་ ཞིག་ཏུ་འགྱུར་མི་རུང་བ་དང་། གཞན་དག་གིས་བོད་ལྗོངས་ནི་ཤམ་བྷ་ལའི་དག་ཞིང་ཡིན་པ་རེད་ཅེས་མཚར་མདོག་བསྟན་ཏེ་གནའ་རྫས་

ཤིག་གི་ཚུལ་དུ་བཞག་སྟེ་རང་གཞན་གཉིས་ལ་འཁྲུལ་སྣང་སྟེར་བའི་སྐབས་སུ། ངས་ནི་བར་སྐབས་འདིར་འུ་ཚོས་ནང་གི་རྟོགས་པ་སད་ དགོས། མི་རེ་རེ་ནས་རྟོགས་པ་སད་པའི་ཉིན་མོ་ནི་འུ་ཚོས་མིའི་སྤྱི་ཚོགས་ཤིག་གི་གདེངས་རྙེད་པའི་ཉིན་མོ་ཡིན་ཟེར་འདོད་ལ། གཞན་

ཞིག་མཐོ་ས་ནས་བསྡད་དེ་ཡིན་མདོག་གིས་སྐད་ཆ་ལབ་དུས། འུ་ཚོས་ཞིབ་འདང་གི་མདའ་ཁ་རང་ལ་བསྐོར་ན་རང་ཉིད་ཀྱི་ཚད་གཞི་གང་ ན་ཡོད་པ་ཧ་གོ་བ་རེད། ཏག་ཏག་ང་ལ་མཚོན་ན་རིག་གནས་ཤིག་གི་བརྡ་རིག་གནས་ཤིག་ལ་གསལ་བོར་སྟོན་པ་ནི་ཆེས་དཀའ་ཚེགས་

ཆེ་བའི་ལས་ཤིག་སྟེ། ད་ནི་རང་གི་རྩོམ་ཡིག་གིས་ཅི་ཞིག་བརྡ་བསྟན་ཡོད་སྙམ་པའི་སྐབས་སུ་ཡང་ཕ་རོལ་བོས་རྩོམ་སྙིང་ལས་རིང་དུ་གྱེས་

ཏེ་གོ་བ་ལེན་པ་མཐོང་ཐེངས་རེར། ང་རང་ཁུ་སིམ་མེར་སྡུག་གི་ཡོད། འདི་ནི་ཕལ་ཆེར་ཁེར་རྐྱང་གི་རྩོམ་པ་པོ་ཞིག་ལ་མ་གཏོགས་ཡོད་མི་ སྲིད་པའི་ཚོར་བ་ཡིན་སྲིད། འཕྲོས་ཐལ་མོད། གོང་གི་སྐད་ཆའི་མཇུག་ཕྱིར་སྦྲེལ་ན། བོད་ལྗོངས་ཏག་ཏག་མང་པོ་ཞིག་འཇམ་ཡུག་ཡུག་

གིས་འཆད་ལ་དགའ་བའི་ཟས་གོས་རང་གྲུབ་དང་། གཞལ་ཡས་དག་གཙང་གི་ཤམ་བྷ་ལའི་དག་ཞིང་དེ་ཡིན་ནམ། ངས་འདི་ལྟར་རང་ ཉིད་ལ་དྲི་བ་ཞིག་འཕངས་རྗེས། དེ་འུ་བུ་ཅག་གི་ཀུན་གཞིའི་གསེབ་ན་མེད་དམ་ཅེས་བརྗོད་དགོས་སོང་།

69

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

ལྔ་བཞིའི་སྐོར་གྱི་ཟིན་ཐོ།

རྩོམ་པ་པོ/ཨ་རིན།

ནང་བཅུད་ཀྱིས་སྟོང་ཚེ་ཕྱིའི་སྣོད་ཀྱི་འཇིག་རྟེན་ནི་གད་སྙིགས་ཀྱི་ཕུང་པོ་ཞིག་གོ --- ཨའེ་ཡྰན་སི་ཐིན། ལར་ལྔ་བཞིའི་ལས་འགུལ་ཞེས་པའི་ཐ་སྙད་འདི་དེ་སྔ་ཞིག་ནས་གོ་ཐོས་ཡོད་ནའང་། དོན་གྱིས་ལྔ་བཞིའི་ལས་འགུལ་ཞེས་པ་གང་

འདྲ་ཞིག་ཡིན་ཚུལ་མི་ལོ་མང་པོར་ཤེས་མ་མྱོང་ལ་དྲང་མོར་བཤད་ན་དེར་བསམ་གཞིག་ཀྱང་བཏང་མ་མྱོང་། གལ་ཏེ་ཤེས་ཡོད་ཟེར་ན་དེ་ནི་ བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་རྒྱལ་གཅེས་རང་བཞིན་གྱི་ལས་འགུལ་ཞིག་ཡིན་ཚུལ་བརྗོད་པ་

དེའོ།། ཡིན་ཡང་སྟབས་ལེགས་པ་ཞིག་ལ་ལོ་གཉིས་ཀྱི་སྔོན་གྲོགས་པོ་ཞིག་གི་ངོ་སྤྲོད་བརྒྱུད་རྒྱ་ནག་གི་སྐུ་ཞབས་ལུན་ཞུན་ཀྲིས་བརྩམས་ པའི་ལྔ་བཞིའི་རྣམ་ཤེས་བྱ་བའི་དཔེ་དེབ་ཞིག་ཡོད་པ་བཀླགས་པས་ལྔ་བཞིའི་ལས་འགུལ་ནི་སྤྱིར་བཏང་གི་ལས་འགུལ་ཞིག་མིན་པའི་གོ་

བའང་རིམ་གྱིས་བསྐྱེད་པར་གྱུར་ལ། ཉིན་འདི་གར་ཡང་བསྐྱར་ཚར་གཅིག་བཀླགས་པར་དེ་ལས་ཀྱང་གོ་བ་མི་དམན་པ་བསྟབས་པ་དང་ ཆབས་ཅིག ཉིན་གཉིས་ཀྱི་རྗེས་ལྔ་བཞིའི་ལས་འགུལ་དུས་ཆེན་ཞེས་པ་ཡང་བསྐྱར་སླེབས་པའི་ཉིན་མོར་འཁེལ་བས། འདིར་རྗེས་དྲན་ ཞིག་གི་ཚུལ་གྱིས་དཔེ་དེབ་འདི་དང་བསྟུན་ཏེ་ལྔ་བཞིའི་སྐོར་གྱི་ཟིན་ཐོ་མདོར་བསྡུས་ཤིག་འདེབས་པར་བྱ་སྟེ།

གཅིག

ལོ་རྒྱུས་ནི་བསམ་བློའི་རིག་གནས་ཀྱི་ལོ་རྒྱུས་ཡིན།

ལར་ལོ་རྒྱུས་ལ་གྲུབ་ཆ་གཉིས་ཏེ་སྣང་ཚུལ་དང་བསམ་བློའོ།། དེ་ལས་ལོ་རྒྱུས་ཀྱི་སྣང་ཚུལ་ནི་ཕྱིའི་རྣམ་པ་ཙམ་དང་འདས་ཟིན་པ་

དག་ཡིན་ཅིང་། བསམ་བློ་ནི་གཏིང་རིམ་དང་ཟབ་སར་གནས་པའི་ལོ་རྒྱུས་ཀྱི་གཙོ་སྙིང་དེ་ཡིན་པས་ན་ལོ་རྒྱུས་ཞེས་པ་མཐར་གཏུགས་ན་

བསམ་བློའི་རིག་གནས་ཀྱི་ལོ་རྒྱུས་ཡིན་སྐད། བསམ་བློའི་རིག་གནས་ཀྱིས་མིའི་རིགས་ཀྱི་ཐུན་མོང་གི་དྲན་ཤེས་གསར་རྙེད་བྱེད་ནུས་ཤིང་ ། བསམ་བློའི་རིག་གནས་སྔོག་འདོན་བྱེད་ནུས་ན་ནི་དོན་གྱིས་ལོ་རྒྱུས་དངོས་མ་དེ་རྒྱུས་ལོན་བྱས་སོང་བ་ཡིན་པས། ལོ་རྒྱུས་གང་དེར་

ཞིབ་འཇུག་བྱེད་སྐབས་སྒྲུང་པ་དང་གཏམ་རྒྱུད་འཆད་མཁན་ཞིག་གི་ངོས་ཁོ་ནས་མི་ཆོག་པར་ལོ་རྒྱུས་དེའི་གཏིང་རིམ་དང་ཟབ་ས་ན་ཡོད་

པའི་བསམ་བློའི་རིག་གནས་དེར་ལག་སྙོབ་བྱེད་དགོས་པ་ཡིན། དེ་ལྟར་བགྱིས་ན་ད་གཟོད་ལོ་རྒྱུས་ལ་ཕྱིར་རྟོག་བྱས་པ་དོན་གྱིས་ཕྱུག་ཅིང་ ལོ་རྒྱུས་གང་དེ་གསར་རྙེད་བྱུང་བ་སྟེ། ལོ་རྒྱུས་གསར་རྙེད་བྱུང་བ་ནི་མཐུན་ཐབས་དང་ཁྲེལ་མེད་ཀྱི་མཐུན་ཚོགས་མ་ཟད་འཁྱོགས་འགྱུར་ གྱི་བྲན་གཤིས་ལས་བཅིངས་འགྲོལ་བྱ་ཆེད་ཡིན་ལ། ཡང་ན་ང་ཚོ་འཚོ་སྡོད་བྱེད་དགོས་དོན་བསམ་བློ་རྒྱུད་སྒྲོག་དང་བསམ་བློ་སྲུང་སྐྱོབ་ བྱེད་པའི་ཆེད་དེ། མགོ་འཁོར་བའི་མི་རྣམས་བསམ་བློའི་མཐའ་འཁོར་དུ་འདུ་འགུགས་བྱེད་པ་དེའོ།།

ཅུང་གསལ་བོའི་སྒོ་ནས་བཤད་ན། དཔལ་ཡོན་སྤྱི་ཚོགས་སུ་བསླེབ་དགོས་ན་ཐོག་མར་གཞན་བསྟེན་དང་རུང་བསྟུན་གྱི་བྱིས་པའི་

ཚུལ་བབ་ལས་བརྒལ་ཏེ་རང་བདག་རང་སྐྱོང་གི་ཁེར་ཚུགས་ཀྱི་དར་མའི་ཚུལ་བབ་༽ལ་ནར་སོན་དགོས་ཤིང་། ཐོལ་བརྒལ་གྱི་གནས་བབ་

འདི་ངེས་པར་དུ་བསམ་བློའི་རིག་གནས་ལ་ཡང་བརྟེན་དགོས་ཀྱི་དེ་མིན་དཔལ་འབྱོར་འཕེལ་རྒྱས་ཁོ་ནས་ཅིས་ཀྱང་ཡོང་བ་མིན་ཏེ། ཡུས་ ཅེས། མིའི་ངོ་ལ་གཡས་དང་གཡོན་ཡོད་པ་ཇི་བཞིན་སྤྱི་ཚོགས་ལའང་དེ་ལྟར་ཏེ། ཕྱེད་ཀ་དཔལ་འབྱོར་དང་ཕྱེད་ཀ་མི་ཆོས་རེད། སྤྱིའི་དེབ་གྲངས་ཉེར་གསུམ་པ།

70

གལ་


ཚུར་ལེན་དང་བློ་དཔྱོད།

ཏེ་ངོ་ཕྱེད་ཀར་འབྲུམ་རྨ་ སྐྱེས་པར་གྱུར་ཚེ་ལྷག་མའི་ངོ་ཕྱེད་ཀར་མི་སེམས་འགུག་པའི་མཛེས་པ་མེད་པར་གྱུར་འགྲོ་ཞེས་བཤད་མྱོང་བ་ལྟར།

མཐར་གཏུགས་ན་བསམ་བློའི་རིག་གནས་ནི་ཧ་ཅང་གལ་ཆེ་སྟེ། བསམ་བློའི་རིག་གནས་དར་བས་རྒྱ་ནག་གི་སྤྱི་ཚོགས་རང་དབང་དང་ དམངས་གཙོའི་ལམ་ཁར་ཐག་ཉེ་རུ་ཕྱིན་༼ལྔ་བཞིའི་སྐབས་༽ཅིང་དབྱི་ཐ་ལེའི་རིག་རྩལ་བསྐྱར་དར་འཛམ་བུའི་གླིང་ལ་ཁྱབ་པ་མིན་ནམ། དེ་ བས་ང་ཚོས ་ཤེས་བྱ་གསར་འཛུགས་དང་གསར་གཏོད། སྔོན་བསྐྱོད། འཕེལ་རྒྱས་གཏོང་བ་ལས་ཉམས་རྒུད་དུ་གྱུར་མི་འདོད་ན་ལོ་རྒྱུས་ གསར་རྙེད་དེ་བསམ་བློའི་རིག་གནས་འཚོལ་སྙེག་བྱེད་པ་ནི་མཆོག་གྱུར་གྱི་༼ཐབས་ཤེས་༽དེ་ཡིན། དེ་མིན་གཞན་བསྟེན་དང་ནེམ་ནུར།

སྐྱབས་བཅོལ། རེ་སྒུག་གིས་དུས་འདའ་བ་ཡིན་ན་ང་ཚོ་མཐར་ཐུག་ས་སྒང་རིལ་མོ་འདིས་ཤེས་མེད་ཚོར་མེད་ཀྱིས་བརྗེད་འགྲོ་བ་སྟེ། སྐུ་ ཞབས་ལུའུ་ཞུན་གྱིས། རང་བྱུང་ཁམས་ཀྱིས་མི་རིགས་གང་ཞིག་ལའང་སྙིང་རྗེ་སྤུ་ཙམ་མི་བཅངས་ཤིང་། གལ་ཏེ་རང་ཉིད་ཉམས་རྒུད་དུ་ གྱུར་འདོད་ན་རང་བྱུང་ཁམས་ཀྱིས་དེར་བཀག་འགོག་རྩ་བ་ནས་མི་བྱེད་ཅེས་གསུངས་ཡོད། དེ་འདྲ་བོད་ཀྱི་སྔོན་བྱོན་མཁས་པ་དག་གིས་

ཀྱང་རང་རིགས་རང་གི་ལོ་རྒྱུས་མ་ཤེས་ན་ནགས་ཀྱི་སྤྲེའུ་འདྲ་ཞེས་སྨྲས་ཡོད་པ་མིན་ནམ། རྒྱུ་མཚན་ནགས་ཀྱི་སྤྲེའུས་གཞན་ལ་བལྟས་ཏེ་

ལད་མོ་བྱེད་ཤེས་པ་མ་གཏོགས་རང་ཚུགས་ཀྱིས་བསམ་གཞིག་བཏང་ནས་རང་ཉིད་མི་རུ་ཇི་ལྟར་བསྒྱུར་བའི་ཕྱོགས་སུ་བསམ་བློའི་བཅུད་ ཀྱིས་དབེན་པས་ཡིན། དེའི་ཕྱིར་ལོ་རྒྱུས་བསྐྱར་གསོན་བྱེད་དགོས་ན་ཐོག་མར་བསམ་བློ་སད་རྟོགས་བྱུང་དགོས་པ་ཡིན་ནོ།།

གཉིས། ལྔ་བཞིའི་ལས་འགུལ་ནི་རྒྱལ་གཅེས་རང་བཞིན་གྱི་ལས་འགུལ་ཁོ་ན་ཞིག་མིན།

དེང་སྐབས་རྒྱ་ནག་ལ་མཚོན་ན། ལྔ་བཞི་ཞེས་གླེང་ཚེ་མཐོ་དཔོན་པོ་ནས་བར་སློབ་མ་དང་དམའ་མི་སེར་བར་དུ་མི་ཤེས་མཁན་ཕལ་

ཆེར་མེད་ལ། ང་ཚོའི་བོད་ཁུལ་ལ་མཚོན་ནའང་གཞི་རིམ་མང་ཚོགས་ཕུད་སློབ་གྲྭ་འགྲིམས་མྱོང་མཁན་དང་མཐོང་རྒྱ་ཤེས་རྒྱ་ཆེ་བའི་མི་དག་

གིས་ཀྱང་ཕལ་ཆེར་གོ་ཡོད་གཤིས། ཡིན་ནའང་ང་ཚོའི་བསླབ་དེབ་དང་བྱེད་སྒོ་གང་རུང་དུ་ལྔ་བཞི་ཞེས་པ་༼དོན་རྐྱེན་༽ཅིག་ཏུ་བརྩི་བ་ནི་དེ་ འདྲའི་མིང་དོན་མཚུངས་པ་ཞིག་མིན་ཏེ། དུས་དེར་རྒྱུ་འབྲས་བློ་མིག་དང་དཔྱོད་ཤེས་ཀྱི་ཤེད་མོང་ཆེ་བའི་ཤེས་ཡོན་ཅན་སྐོར་ཞིག་གི་འབད་

བརྩོན་ལ་བརྟེན་ནུབ་གླིང་གི་རང་དབང་དང་དམངས་གཙོ། འདྲ་མཉམ། འགྲོ་མིའི་ཁེ་དབང་སོགས་འགྲོ་མིའི་ཡོངས་ཁྱབ་ཀྱི་རིན་ཐང་དང་ ལེན་གྱིས་ཚུར་ངོ་སྤྲོད་དང་རྒྱུད་སྒྲོག་བྱས་མཐར་དེང་གི་རྒྱ་ནག་ལའང་བསམ་བློའི་རིག་གནས་ཀྱི་ཐོན་ཁུངས་གསར་བ་ཞིག་སྔོག་འདོན་

བྱས་ཡོད་པ་ནི་བསྙོན་དུ་མེད། ཡིན་ཡང་དེང་སྐབས་ལྔ་བཞི་ཞེས་ཚེ་དེའི་རིན་ཐང་དང་དོན་སྙིང་ལ་རྩ་བའི་ཆ་ནས་ངོས་ཟིན་ཐོབ་མཁན་ཉུང་ སྟེ། ཁོ་ཚོས་དེ་ནི་དུས་དེབ་དང་ཚགས་ཤོག བསླབ་དེབ་གང་རུང་དུ་མཐོང་བའི་འུར་འུར་ཟིང་ཟིང་གི་ཁྲོམ་སྐོར་གྱི་རྣམ་པ་དང་། ཀྲའོ་ཚང་ གི་ཐོག་ཁང་མེར་བསྲེགས་པའི་སྣང་ཚུལ། ཡང་ན་སྤྲོ་སྐྱིད་གཏོང་བའི་དུས་ཆེན་ཞིག་ཏུ་བལྟ་བ་ནི། དོན་དངོས་ཀྱིས་རིག་གནས་གསར་

བའི་བློ་འབྱེད་ལས་འགུལ་གྱི་གོ་རིམ་འདི་མཇུག་རྫོགས་ལ་ཉེ་བའི་སྔ་ལྟས་ཤིག་ཅི་ལ་མིན། ཡང་གཅིག་བཤད་ན། ཁོ་ཚོས་ལྔ་བཞིའི་ལས་ འགུལ་དེ་ལོ་རྒྱུས་སྟེང་གི་༼དོན་རྐྱེན་༽ཁོ་ནར་བལྟས་པས།

གསར་བརྗེ་ཡིས་མི་གསོན་དུ་འཇུག་པ་མ་གཏོགས་མི་གསོད་ཆེད་མིན་༽པའི་

བློ་འབྱེད་ཀྱི་རྩ་དོན་དང་རྒྱ་ནག་གི་སྤྱི་ཚོགས་དེང་རབས་ཅན་དུ་འགྱུར་བ་གཏོང་བའི་གོ་རིམ་ལ་ཚད་ངེས་ཅན་གྱི་སྟེང་ནས་ཤན་ཤུགས་

ཐེབས་ཡོད་པ་མ་ཤེས་ཤིང་། དེང་རབས་སྤྱི་ཚོགས་སུ་རྒྱུ་འབྲས་བློ་མིག་དང་དཔྱོད་ཤེས་ཀྱི་ནུས་སྟོབས་མངའ་བའི་ཤེས་ཡོན་ཅན་དང་དེ་ དག་གི་བསམ་བློ་མུ་ནས་རྒྱུད་འཛིན་བྱས་སོང་བ་དེའང་ལྔ་བཞི་ལྟ་བུའི་ལས་འགུལ་གྱི་བརྩོན་ལེན་ལས་བྱུང་བ་ཡང་མ་ཤེས་པ་རེད།

ལར་ལྔ་བཞིའི་རིག་གནས་གསར་བའི་ལས་འགུལ་ནི་ཤེས་ཡོན་ཅན་གྱིས་ཕྱེས་པའི་༼ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་༽ཞིག་གམ་དུས་

རབས་གསར་བ་ཞིག་ཡིན་མོད། མིག་སྔར་ད་དུང་ཁོ་ཚོས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སུ་༼རྒྱབ་གཏོད་པའི་༽རིག་པའི་དཔའ་བོ་དེ་

དག་གི་རྣམ་ཐར་ལ་ཡིན་འཇོག་མི་བྱེད་ཁར། རིན་ཐང་གསར་བའི་མ་ལག་ཡོངས་སུ་མ་ཆགས་གོང་དམར་གསོད་བཏང་ཞིང་། ཆབ་སྲིད་

པའི་མིག་ནང་དུ་ལྔ་བཞིའི་ལས་འགུལ་ནི་ཏང་ཁག་ག་གེ་མོའི་མགོ་ཁྲིད་འོག་གི་ལས་འགུལ་ཅིག་ཏུ་བཞག་པས་ན། གསོན་ཤུགས་དང་ 71

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

རང་དབང་ལྡན་པའི་ལྔ་བཞིའི་བསམ་བློའི་རིག་གནས་ཀྱི་གསར་བརྗེ་དེ་མཐར་ཐུག་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་དུ་གྱུར་ཚར་བ་ རེད།

དེ་འདྲ་ཡིན་ཙང་། ལྔ་བཞིའི་ལས་འགུལ་གྱི་ངོ་བོའི་སྟེང་ནས་བཤད་ན་༼དེ་ནི་བློ་འབྱེད་ལས་འགུལ་ཐེངས་ཤིག་སྟེ། སྒེར་སྡོམ་རིང་

ལུགས་དང་རྨོངས་འཐོམ་རིང་ལུགས་ལ་རྒོལ་བའི་སྦྱོར་བ་ཞིག་ཡིན་པ་མ་གཏོགས། དོན་ཆིག་རྐྱང་བའི་ངོས་ཀྱི་བཙན་རྒྱལ་རིང་ལུགས་

ཁོ་ནར་རྒོལ་བའི་རྒྱལ་གཅེས་ལས་འགུལ་ཞིག་རྩ་བ་ནས་མིན་༽ལ། གལ་ཏེ་ལས་འགུལ་འདི་ཉིད་རྒྱལ་གཅེས་རིང་ལུགས་ཀྱི་ལས་འགུལ་ ཞིག་ཏུ་ངོས་འཛིན་ན་དེ་ནི་ཕྱིས་ཀྱི་ཆབ་སྲིད་འཕོ་འགྱུར་གྱི་ངོ་བོ་དང་བསྟུན་ཏེ་བཤད་པ་ཙམ་དུ་ཟད་དེ། ལས་འགུལ་གྱི་སྤྱིའི་བརྒྱུད་རིམ་

དང་དེའི་ཁྲོད་ཀྱི་སྒེར་མི་རིང་ལུགས་དང་རང་དབང་རིང་ལུགས་ཀྱི་བརྗོད་བྱས་ཕྱུག་པའི་༼དེང་རབས་ཅན་༽ཞེས་པའི་རྩ་བའི་ཁྱད་ཆོས་འདི་ དམར་གསོད་བཏང་ཏེ། དེ་ཤེད་དུ་མི་རིགས་རིང་ལུགས་དང་རྒྱལ་ཁབ་རིང་ལུགས། ཐུན་མོང་རིང་ལུགས། སྒེར་དབང་རིང་ལུགས་སོགས་

བླ་རུ་གཏད་པ་དེའོ།། དེ་བས་ལར་ཡིན་ན་བློ་འབྱེད་ལས་འགུལ་གྱི་དམིགས་བྱ་རྒྱ་ཆེའི་མང་ཚོགས་ཡིན་ནའང་མཇུག་འབྲས་སུ་བློ་འབྱེད་ མཁན་དང་ཤེ ས་ཡོན་ཅན་མཐའ་དག་༼བཅོས་བསྒྱུར་༽བྱ་ཡུལ་དུ་གྱུར་བའི་ལོ་རྒྱུས་ཀྱི་སྐྱོ་གར་བྱུང་བ་རེད།

དོན་དངོས་ཀྱིས་དུས་དེའི་ལྔ་བཞིའི་ལས་འགུལ་གྱིས་ནུབ་གླིང་གི་དམངས་གཙོ་དང་ཚན་རིག རང་དབང་། འགྲོ་མིའི་ཁེ་དབང་རྒྱང་

འབོད་ཀྱིས་དུས་སྐབས་དེའི་ཙི་ནའི་རྒྱལ་ཁམས་དེ་གཉའ་གནོན་དང་བྲན་གཡོག་མེད་པའི་༼མིའི་༽རྒྱལ་ཁམས་ཤིག་ཏུ་བསྒྱུར་བའི་རེ་ལྟོས་

འཆང་མོད། རྟིང་སོར་གོ་མན་ཏང་གི་༼སྲིད་དབང་སྒེར་འཛིན་༽དང་༼ཏང་གིས་རྒྱལ་ཁབ་སྐྱོང་བའི་༽མུན་ནག་གི་གཡང་དུ་ལྷུང་བར་བྱས།

དེར་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་དུས་སྐབས་དེའི་ཤེས་ཡོན་ཅན་ཕལ་ཆེ་བར་སྤྱི་ཚོགས་བཅོས་བསྒྱུར་གྱི་བསམ་བློའི་ནུས་སྟོབས་

དང་དེའི་རྒྱབ་རྟེན་གྱི་གཞུང་ལུགས་ལ་ཚད་བཀག་ཡོད་པར་གྱུར་ཞིང་། གཉིས་ནས་ཆབ་སྲིད་ཀྱི་བཙན་དབང་མིན་པར་ཤེས་ཡོན་པ་རང་ ངོས་ནས་སྤྱི་ཚོགས་བཅོས་བསྒྱུར་དང་རིན་ཐང་གསར་བ། བསམ་བློའི་གསར་བརྗེ་སོགས་ཀྱི་འགན་འཁྲི་དང་ཁེ་དབང་ཡོངས་སུ་དོར་བས་ ཡིན། རྒྱུ་མཚན་དེ་དག་གིས་སྐུ་ཞབས་ལུའུ་ཞུན་གྱིས་༼གྲིབ་གཟུགས་ལ་གྱེས་ཕྱག་འབུལ་བ་༽ཞེས་པའི་བརྩམས་ཆོས་སུ། གྲོགས་པོ། ང་རང་ཁྱོད་ཀྱི་རྗེས་སུ་འབྲངས་འདོད་མི་འདུག་ཅེས་དང་། དེའི་སྔོན་གྱི་ན་གཞོན་རྣམས་གང་དུ་ཡོད་ཅེས་པ་སོགས་ཀྱི་སྐད་འབོད་བརྒྱབ་ མྱོང་བའོ།།

གསུམ།

ལྔ་བཞི་སྟེ་ཤེས་ཡོན་ཅན་གྱི་རང་སྐྱོང་ལས་འགུལ།

ལྔ་བཞིའི་ཡར་སྔོན་གྱི་ལོ་རྒྱུས་རྒྱབ་ལྗོངས།

དུས་ད་ལྟ་ད་དུང་མི་མང་པོ་ཞིག་གི་སེམས་སུ། ལྔ་བཞིའི་ལས་འགུལ་ནི་དུས་དེའི་རྒྱལ་འཚོང་མཁན་དང་ནང་རུལ་པ། ཕྱིའི་རྒྱལ་

ཁབ་བར་འདྲ་མཉམ་མིན་པའི་ཆིངས་ཡིག་བཞག་པ་ལས་ད་གཟོད་ཁྲོམ་སྐོར་གྱི་རྣམ་པའི་ཕྱིའི་བཙན་གནོད་ལ་ངོ་རྒོལ་བྱེད་པའི་ལས་

འགུལ་ཞིག་ཡིན་པར་འདོད་པ་དེ་རེད། ཡིན་ནའང་དུས་སྐབས་དེའི་ལོ་རྒྱུས་རིང་མོ་ཡུན་གྱིས་བཀླགས་ཤིང་ཞིབ་ཀྱིས་བསམ་གཞིག་བཏང་ ན། ལྔ་བཞིའི་ལས་འགུལ་ནི་སྟེས་དབང་དང་དུས་དེའི་༼དོན་རྐྱེན་༽ཁོ་ནར་གཞིར་བྱས་བྱུང་བ་ཞིག་གཏན་ནས་མིན་ཏེ། དེའི་ཡར་སྔོན་གྱི་ ལོ་རྒྱུས་རབ་དང་རིམ་པ་ཞིག་ལ་འབྲེལ་བ་ཡོད་ཁར། སྒོས་སུ་ནུབ་གླིང་དང་འཇར་པན་སོགས་ནས་བསམ་བློ་གསར་བའི་རིག་གནས་ཚུར་

ལེན་བྱས་པར་འབྲེལ་བ་དམ་ཟབ་ཡོད་པ་ཡིན། དེ་བས་ལྔ་བཞིའི་ལས་འགུལ་ནི་རྒྱ་ནག་ལ་མཚོན་ན་དུས་རབས་གསར་བ་ཞིག་གི་མགོ་ བརྩམས་པ་ཡིན་པར་སྐད།

དེ་ཡང་དུས་རབས་བཅུ་དགུའི་སྨད་ནས་བཟུང་རྒྱ་ནག་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་ཇེ་དལ་དང་ཆིང་སྲིད་

གཞུང་གི་༼རྔམ་བརྗིད་༽དེ་ལས་ཉམས་དམས་སུ་གྱུར་ཞིང་། ཕྱི་གླིང་བའི་སྒྱོགས་མདེལ་དང་དེང་རབས་ཀྱི་མཚོན་ཆ་སྣ་ཚོགས་ཀྱིས་རྒྱ་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

72


ཚུར་ལེན་དང་བློ་དཔྱོད།

ནག་གོང་མའི་གསེར་ཁྲི་ཡོམ་ཡོམ་སྒུལ་བའི་འོག་བཅོས་བསྒྱུར་བཙན་གྱིས་བྱེད་དགོས་པར་གྱུར་བ་ལ། དུས་དེའི་གོང་མའི་སྲིད་གཞུང་གི་ ཆབ་སྲིད་མིག་རྒྱང་ཡོད་མཁན་ཚོས་༼ཕྱིའི་རྒྱལ་ཁབ་ཀྱི་ལག་རྩལ་སྦྱངས་ཤིང་ལག་རྩལ་དེས་ཕྱིའི་རྒྱལ་ཁབ་འགོག་པའི་༽ལྟ་ཚུལ་བཏོན་ ཏེ། ཐོག་མར་ཕྱི་ནས་མཚོན་ཆ་འབོར་འདྲེན་དང་དེ་ནས་གཏེར་ཁ་སྔོག་འདོན། ལྕགས་ལམ་བཟོ་བ། སློབ་གྲྭ་གསར་འཛུགས། ཕྱི་འགྲིམ་ སློབ་མ་མངགས་པ། ཕྱིའི་རྒྱལ་ཁབ་ལ་ལྟ་ཞིབ་བྱེད་པ་སོགས་ལས་ཀ་སྣ་མང་ལས་ཏེ་ཆིང་སྲིད་གཞུང་གི་མངའ་ཐང་སྲུང་ཅི་ནུས་བྱས། འོན་

ཀྱང་བཅོས་བསྒྱུར་འདིའི་གོམ་ཁ་ཤིན་ཏུ་དལ་ཞིང་རྒྱལ་ཁབ་སྲུང་སྐྱོང་དང་ཕྱིའི་བཙན་དགྲ་འགོག་པར་ཡང་རྔོ་མི་ཐོགས་པར་གོ་ནས། ཆབ་

སྲིད་སྒྲིག་གཞིར་བཅོས་བསྒྱུར་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་འགག་ཅིག་ཏུ་རེ་ནས་༼ཉིན་བརྒྱའི་བཅོས་བསྒྱུར་༽གྱི་ལས་འགུལ་

སྤེལ། དེ་ཡང་ཡོལ་བའི་རྒྱབ་ནས་དབང་བཀོལ་བར་གོམས་པའི་རྒྱ་ནག་རྒྱལ་མོ་ཚི་ཞིས་ལས་འགུལ་འདིས་རང་ཉིད་ལྟེ་བའི་སྒེར་སྡོམ་ དབང་ཆ་ཡོད་ཚད་མེད་བརླག་ཏུ་འགྱུར་ཉེན་ཆེ་བར་བསམ་ཏེ། ལས་འགུལ་འདིའི་༼བྱེད་གཏེ་༽གོང་མ་ཀོང་ཞི་བཙོན་དུ་བཅུག་ཅིང་༼དམ་པ་ བདུན་༽སྲོག་ཁྲིམས་ལ་སྦྱར་ནས་ལས་འགུལ་འདི་མཇུག་སྒྲིལ་བར་བྱས། དེ་བས་གཅིག་ནས་༼ཉིན་བརྒྱའི་བཅོས་བསྒྱུར་༽ལྟ་བུའི་ཞི་བའི་

ལས་འགུལ་སྤེལ་བ་ལས་བྱུང་བའི་སྐྱོ་གར་དང་། གཉིས་ནས་བཅོས་བསྒྱུར་འདིས་ཤུགས་རྐྱེན་ཐེབས་པའི་༼སྔོན་བསྐྱོད་པ་༽དག་གིས་སྔར་

ཡོད་ཀྱི་སྒྲིག་གཞི་རྙིང་བར་བསྟེན་ནས་ད་ལྟའི་སྤྱི་ཚོགས་བཅོས་བསྒྱུར་བྱ་མི་ནུས་པའི་བསླབ་བྱ་ཕྱོགས་སྡོམ་བྱས་ཤིང་། གསུམ་ནས་ཧྥ་ རན་སེའི་གསར་བརྗེ་ཆེན་མོའི་རླུང་འཚུབ་ནུབ་ནས་ཤར་ཕྱོགས་ཀྱི་འཇར་པན་སོགས་སུ་མཆེད་པ་བཅས་ཀྱིས་བཅོས་བསྒྱུར་གཞི་རྩ་ཡིས་

ལྦུའུ་ཁྲང་ནས་དྲག་པའི་འོས་ལངས་ཐོག་མར་བྱས། ཁྲག་དྲི་བྲོ་བའི་འོས་ལངས་འདི་ཡིས་ལོ་སྟོང་ཕྲག་ཅིག་ལ་གཏོར་མ་ནུས་པའི་ཆིང་སྲིད་ གཞུང་མགོ་རྟིང་བསློགས་ཀྱང་། སྤྱི་ཚོགས་རྙིང་བའི་དབང་ཆ་སྒེར་སྡོམ་གྱི་བག་ཆགས་སྔར་ལྟར་གཏིང་ཟབ་པས་དུས་དེའི་གསར་བརྗེ་བ་

དག་རིམ་གྱིས་འཁྱོགས་འགྱུར་གྱི་ལམ་དུ་ཞུགས་པ་སྟེ། དཔེར་ན་ཡོན་ཧྲི་ཁེ་ལྟ་བུའི་གསར་བརྗེ་བ་དག་གིས་བཙུགས་པའི་སྲིད་གཞུང་ གིས་༼གསར་བརྗེ་༽ལ་ཁ་གཡར་ཏེ་རང་གནས་སོ་སོའི་དབང་ཆ་སྔར་ལས་ཇེ་བརྟན་ཇེ་དམ་གྱིས་ས་གནས་རང་བཞིན་གྱི་དམག་ཤེད་ཅན་དུ་

ཆགས་ཤིང་། དེས་དམག་ཤེད་ཅན་བར་དབང་ཆ་དང་མངའ་ཁོངས་འཕྲོག་རྩོད་ཀྱི་དམག་འཁྲུག་བསྟུད་མུར་ལངས་སུ་བཅུག་སྟབས། མི་ རྣམས་ཀྱི་སེམས་སུ་༼གསར་བརྗེའི་སྔོན་དུ་ང་ཚོ་བྲན་གཡོག་ཡིན་ལ། གསར་བརྗེའི་རྗེས་སུའང་ང་ཚོ་སྔར་བཞིན་བྲན་གཡོག་ཡིན་པས།

གསར་བརྗེ་ནི་འཕྲུལ་སྣང་འབའ་ཞིག་ལས་ཅི་ཡང་མ་ཡིན་༽པའི་ངོས་ཟིན་ཐོབ་པ་དང་། དེ་གཞིར་བྱས་ཏེ་ཡུན་རིང་བརྒྱུད་མཐར་སྤྱི་ལོ་ ༡༩༡༥ལོ་ནས་༡༩༡༩ལོའི་སྔ་གཞུག་ཏུ་ད་གཟོད་ཁྲིན་ཏུའུ་ཞིག་དང་ལུའུ་ཞུན། ཧུའུ་ཧྲི་ལྟ་བུ་གཙོ་བྱས་པའི་ཤེས་ཡོན་ཅན་ཚོས་རྒྱལ་ཁབ་

སྟོབས་ལྡན་དང་དམངས་རྣམས་ལ་དོན་དམ་གྱི་བདེ་སྐྱིད་ཅིག་དགོས་ན། ངེས་པར་དུ་སྒེར་སྡོམ་རིང་ལུགས་དང་རྒྱལ་ཁབ་ཉམས་དམས་

སུ་གྲུབ་བྱེད་ཀྱི་སྲོལ་རྒྱུན་རིག་གནས་འདི་ལ་༼སླར་ཡང་ཚད་འཇལ་༽དགོས་པའི་ལྟ་ཚུལ་ཐོག་མར་བཏོན་ཞིང་། དེ་ཡང་ཁོ་ཚོའི་ལྟ་ཚུལ་

ལྟར་ན་སྒེར་མིའི་ནང་གི་༼བསམ་བློ་གསར་བརྗེ་༽དང་༼རང་དབང་དང་དམངས་གཙོ། འདྲ་མཉམ། ཚན་རིག་༽སོགས་ཕྱིའི་རིག་གནས་ གསར་བའམ་རིན་ཐང་ལྟ་ཚུལ་གསར་བ་ནང་འདྲེན་བྱེད་དགོས་པ་དེ་རེད། དཔེར་ན་དུས་སྐབས་དེར་སྐུ་ཞབས་ལུའུ་ཞུན་གྱི་༼ཨ་ཁེ་འོའི་

གཏམ་རྒྱུད།༽དང་༼སྨན།༽ ༼

ཚུར་ལེན་རིང་ལུགས།༽

ཁྲིན་ཏུའུ་ཞིག་གིས་གཙོ་སྒྲུབ་མཛད་པའི་༼ན་གཞོན་གསར་བ།༽

རྒྱ་འགྱུར་མ་

བསམ་བློའི་སྙིང་སྟོབས་ཀྱི་རང་བཙན་བསྒྲགས་གཏམ་༽ལྟ་བུ་སོགས་ནི་ལྟ་ཚུལ་དེ་དག་ལྷུར་ལེན་པའམ་རྒྱང་འབོད་གཏོང་བའི་དུང་བརྡར་

ངོས་འཛིན་གྱིན་ཡོད། མཐར་ཐུག་བཤད་འདོད་པ་དེ། སྤྱི་ལོ་༡༩༡༩ལོར་བྱུང་བའི་ལྔ་བཞིའི་རྒྱལ་གཅེས་ལས་འགུལ་ཟེར་བ་ནི་ཆབ་སྲིད་

ཀྱི་ངོས་ནས་གོ་བ་བླངས་པ་ཞིག་ཡིན་པ་མ་གཏོགས་དོན་གྱི་ལྔ་བཞིའི་ལས་འགུལ་ནི་ཚོགས་པ་དང་རྩ་འཛུགས་གང་རུང་ལའང་མི་དབང་ བའི་སྒེར་མིའི་རང་དབང་གི་ལས་འགུལ་ཞིག་ཡིན་པས། ལྔ་བཞི་ནི་བསམ་བློའི་སྙིང་སྟོབས་ཤིག་ཡིན་ཞེས་དང་། ན་གཞོན་གསར་བ་ནི་ རང་དབང་གི་སྙིང་སྟོབས་ཤིག་ཡིན་ཟེར་བ་ཡང་དེར་རག་ལས་ཤིང་། གོ་བ་མི་ལོག་པའི་ཆེད་དུ་འདིར་གླེང་བའི་སྙིང་སྟོབས་ནི་བསམ་བློའི་ 73

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

ངོས་ཐད་ནས་བཤད་ཀྱི་མཐར་བཅད་ན་རིག་གནས་ཀྱི་སྙིང་སྟོབས་ཤིག་ལ་གོ་ཞེས་བཤད་ཀྱང་མི་ཆོག་པ་མི་འདུག ཡང་གཅིག་བཤད་ ན་ལྔ་བཞིའི་རིག་གནས་ལས་འགུལ་ནི་གློ་རྡེག་ཏུ་བྱུང་བ་ཞིག་ཀྱང་མིན་པར་ང་ཚོ་བོད་པའི་བཤད་སྲོལ་ལྟར་རྒྱུ་དང་འབྲས་བུའི་འབྲེལ་བ་

ཡོད་དེ། རགས་ཙམ་བཤད་ན་སྔར་བྱུང་གི་ལོ་རྒྱུས་བསླབ་བྱ་ལས་གསར་རྙེད་བྱུང་བ་ཡིན་ལ། གསར་རྙེད་ནི་སད་རྟོགས་ཀྱི་སྔོན་འགྲོ་ཡིན་ པས་བསམ་བློ་སད་རྟོགས་ཀྱི་གོ་རིམ་དེ་དུས་ངེས་ཅན་ཞིག་ཏུ་མངོན་འགྱུར་བྱས་པ་ཙམ་རེད། ཡིན་ཡང་འདིར་བཤད་བྱའི་ལྔ་བཞིའི་རིག་

གནས་གསར་བའི་ལས་འགུལ་དང་ཕྱིས་ཀྱི་རིག་གནས་གསར་བརྗེ་ཆེན་མོ་གཉིས་ལ་ངོ་བོའི་སྟེང་ནས་ཁྱད་པར་ཡོད་པ་ཤེས་དགོས་ཤིང་ །

སྔ་མ་ནི་རིག་གནས་བསམ་བློ་གཙོ་བྱས་པའི་རྒྱལ་དམངས་རང་བཞིན་གྱི་གོ་རྟོགས་སད་པའི་ལས་འགུལ་ཏེ། རང་དབང་དང་དམངས་

སྒེར་སྡོམ་རིང་ལུགས་༽གཙོ་བོའི་ཆབ་སྲིད་རང་བཞིན་གྱི་ལས་འགུལ་ཏེ། གྲལ་རིམ་འཐབ་རྩོད་དང་རྙིང་བཞི་གཏོར། གཡོན་ལྷུང་སོགས་

གཙོ། འདྲ་མཉམ། ཚན་རིག འགྲོ་མིའི་ཁེ་དབང་སོགས་ཡོངས་ཁྱབ་རིན་ཐང་གསར་འཛུགས་དང་ཕྱི་མ་ནི་༼དད་རྟོན་རིང་ལུགས་༽དང་ འགྲོ་མིའི་རྩིས་ཐང་དང་མི་གཞི། བསམ་བློ་འཁྱོག་བསྒྱུར་དང་དུ་བླངས་པ་ཞིག་རེད། ཡང་ན་སྔ་མར་འཕེལ་རྒྱས་དང་ཕྱི་མར་རྗེས་ལུས་ཀྱི་ ཁྱད་ཆོས་ཡོད་ཅིང་། དེ་བཞིན་ལྔ་བཞིའི་རྒྱལ་གཅེས་ལས་འགུལ་ཞེས་པའི་བར་ལའང་ཧེ་བག་ཆེན་པོ་ཡོད་པ་ཤེས་དགོས་སོ།། ༢

ཤེས་ཡོན་པའི་རང་བདག་རང་སྐྱོང་།

དེ་ལྟར་ཁོ་ཚོས་རྒྱལ་དམངས་ཀྱི་ནང་གི་བསམ་བློ་བཅོས་བསྒྱུར་བྱེད་པ་ནི་མིག་སྔར་རྒྱལ་ཁབ་སྐྱོབ་བྱེད་ཀྱི་ཐབས་ལམ་ཉག་གཅིག་

ཏུ་འདོད་པས།

རིག་གནས་གསར་བརྗེའམ་བསམ་བློ་གསར་བརྗེ་༽ཡི་ཁ་གཡང་སྒྲོག་ཅིང་སྐུལ་འབོད་ཀྱིས་སྤྱི་ལོ་༡༩༡༥ལོའི་ཡས་

མས་སུ་རིམ་བཞིན་སྲོལ་རྒྱུན་རིག་གནས་ལ་དོགས་སློང་དང་རིན་ཐང་ལྟ་བ་གསར་བ་ཚུར་ལེན་གྱི་རིག་གནས་ལས་འགུལ་སྤེལ་མོད། ༼

ལམ་ནི་མ་གཞི་ནས་ཚེར་མས་བཀང་ཞིང་དེའི་ཁྲོད་ལམ་བུ་གཤེགས་དགོས་པ་ཡིན་༽པས་སྐབས་དེར་སྔོན་གྱི་ལོ་རྒྱུས་བསླབ་བྱ་ལས་མི་

མང་པོ་ཞིག་གི་སེམས་སུ་༼གསར་བརྗེ་༽ཞེ་ན་ད་དུང་ཞེད་སྣང་དང་ཡིད་ཆད་ཀྱི་རྣམ་འགྱུར་སྟོན་བཞིན་ཡོད་པ་ལ།

སྐུ་ཞབས་ལུའུ་ཞུན་

གྱིས་༼གསར་བརྗེ་ནི་མི་གསོན་ཆེད་ཡིན་པ་ལས་མི་གསོད་ཆེད་མིན་༽པའི་བསྒྲགས་གཏམ་སྤེལ་ཏེ་རིག་གནས་གསར་བའི་ལས་འགུལ་གྱི་

ལངས་ཕྱོགས་བརྟན་པོར་བཟོས།

དེས་ན་ད་ལྟ་རྒྱ་ནག་ཏུ་རྒྱ་ཁྱབ་དུ་བེད་སྤྱོད་གནང་བཞིན་པའི་༼ཤེས་ཡོན་ཅན་༽ཞེས་པའི་ཐ་སྙད་གསར་བ་འདི་ཡང་ལོ་རབས་

ཉི་ཤུར་གསར་གཏོད་བྱས་པ་སྟེ། དམིགས་བྱ་ནི་རྒྱ་ནག་གི་སྲོལ་རྒྱུན་མཁས་པར་མེད་པའི་མི་གཞི་གསར་བའི་ཚབ་མཚོན་གྱི་མིང་ཡིན་ཞིང་ ། ཤེས་ཡོན་ཅན་འདི་དག་ལས་མང་ཆེ་བ་ཞིག་སྐུ་དྲག་གི་ཁྱིམ་རྒྱུད་དུ་སྐྱེས་པ་དང་ཆབས་ཅིག་དེ་འབྲེལ་གྱི་མི་ཚེའི་བརྒྱུད་རིམ་ཞིག་ཀྱང་ ཡོད་དེ། ཁོ་ཚོར་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཡོད་ཁར་ཕྱི་གླིང་འགྲིམས་ཏེ་ནུབ་གླིང་གི་རིག་གནས་གསར་བའི་ ཉིང་བཅུད་ཀྱང་གཞིབ་ཡོད་པས་ན། ཕྱི་རྒྱལ་གྱི་ཤེས་ཡོན་པ་ཚོའི་ཁྲོད་ནའང་འདི་འདྲའི་མི་འཇོན་ཐང་ཅན་ཧ་ཅང་དཀོན་པར་གྲགས། རྒྱུ་ མཚན་འདིས་དུས་དེའི་ཤེས་ཡོན་ཅན་ཏེ་དཔེར་ན། ཆིང་རྒྱལ་རབས་དུས་མཇུག་གི་ཁེང་ཡུག་བེ་དང་ལིང་ཆི་ཁྲའོ། ཡུན་ཧྥུ་ལྟ་བུ་དང་དེའི་

ཕྱིས་ཀྱི་ཁྲིན་ཏུའུ་ཞིག་དང་ལུའུ་ཞུན། ཧུའུ་ཧྲི་ལྟ་བུར་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བ། བློ་ཁོག་ཡངས་པའི་མི་གཞི་བརྟན་པོ་ཞིག་རྒྱུད་ལ་ ཆགས་ནུས་པར་གྱུར།

ཚན་འབྱེད་རྒྱུགས་ལེན་༽གྱི་ལམ་ལུགས་མེད་པར་བཟོས་པ་དེས་ཤེས་ཡོན་པ་དང་དབང་ཆའི་བར་གྱི་འབྲེལ་ཐག་

བཅད་ཅིང་། ཐ་ན་ཁོ་ཚོའི་ཐོབ་ཐང་ཡང་མེད་པར་བཟོས་པས་དོན་དམ་གྱི་རང་དབང་རང་ལུགས་ཀྱི་ལས་རིགས་གཉེར་མཁན་འབའ་ཞིག་ ཏུ་གྱུར། འདི་འདྲའི་གཞུང་ཕྱོགས་ཀྱིས་ཁས་ལེན་མི་དགོས་ཤིང་དངོས་པོའི་འཚོ་ཚིས་ཀྱི་དཀའ་ངལ་བྱུང་བའི་འཚོ་གནས་ཀྱི་རྣམ་པ་འདིས་

ཁོ་ཚོ་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ངང་གིས་ཐག་ཇེ་ཉེར་སོང་ཞིང་། སྐབས་འདིར་དེང་རབས་སློབ་གསོ་གཉེར་བའི་སློབ་ཆེན་སྐོར་ཞིག་ གསར་འཛུགས་བྱས་པ་དེས་ཁོ་ཚོར་འཚོ་བ་གསར་བའི་བར་སྟོང་ཆེན་པོ་ཞིག་མཁོ་སྤྲོད་བྱས་པས། རང་ཉིད་ཀྱི་སྐད་ཆ་གླེང་སའི་ཚགས་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

74


ཚུར་ལེན་དང་བློ་དཔྱོད།

ཤོག་དང་དུས་དེབ་སྣ་ཚོགས་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར། སྤྱི་ལོ་༡༩༡༩ལོ་ཁོ་ནར་རིགས་བཞི་བརྒྱ་ལྷག་སྤྱི་ཚོགས་སྟེང་བཀྲམ་ སྤེལ་བྱས་སོང་སྐད། དེས་པར་སྐྲུན་ལས་རིགས་ཀྱི་ལས་ཀ་སྔར་ལས་འཕེལ་རྒྱས་ཆེན་པོ་བྱུང་སྟེ། དགེ་རྒན་ཆེན་མོ་དང་མཁས་པ། རྩོམ་

སྒྲིག་པ། གསར་འགོད་པ། རིག་རྩལ་པ། ལོ་ཙ་བ་སོགས་འཇོན་མི་མང་པོ་ཞིག་སྐྱེད་སྲིང་བྱས་ཤིང་། དེ་ལྟར་དུས་ཡུན་ཐུང་ཐུང་ཞིག་གི་

ནང་དུ་ཤེས་ཡོན་པའི་འཕར་ཚད་ཆེ་རུ་སོང་ཏེ་རང་སྒེར་ནས་སྐད་ཆ་རང་དབང་གིས་གླེང་བའི་ཁོར་ཡུག་ཅིག་ཆགས་པར་གྱུར། དེ་བས་རིག་

གནས་གསར་བའི་ལས་འགུལ་གྱི་མགོ་ཁྲིད་མཁན་དང་དེར་ཞུགས་པའི་མི་རྣམས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་གསལ་བོར་ཤེས་ཡོད་དེ། རང་ ཉིད་ཚོགས་པ་དང་ཏང་ཁག་གང་ལའང་མི་གཏོགས་པའི་ཕྱིའི་༼ཁོར་ཡུག་༽ཅིག་ཏུ་རང་དབང་གིས་འཚོས་ཡོད་པས། དོགས་སློང་དང་དགག་

སྒྲུབ་ཀྱི་བསམ་བློའི་རྟུལ་ཞུགས་ལྷུར་ལེན་གྱིས་དབང་ཆ་དང་དབང་བསྒྱུར་སྲིད་གཞུང་དང་སྲོལ་རྒྱུན་རིག་གནས་ཀྱི་ཁ་གཏད་དུ་ལངས་

ཏེ་དེ་དག་ལ་རུང་བསྟུན་བྱེད་པ་ལས་ཐར་ཐབས་བྱས་ཤིང་། རྒྱལ་དམངས་ཀྱི་སྒེར་མིའི་རིན་ཐང་མཚོན་པའི་རང་དབང་དང་འདྲ་མཉམ། དམངས་གཙོ། ཚན་རིག མིའི་རིགས་བཅིངས་འགྲོལ་བྱེད་པའི་ཤེས་བྱ་དང་འདུ་ཤེས། ཆ་འཕྲིན་སོགས་རྒྱུད་སྒྲོག་ཤུགས་ཆེན་བྱས་པ་ རེད།

རེད་མོད། ལྔ་བཞིའི་དུས་སྐབས་ཀྱི་ཤེས་ཡོན་ཅན་ལ་གོ་སྐབས་ལེགས་པོ་ཞིག་འཕྲད་པ་ནི་སྒེར་སྡོམ་དྲགས་པའི་སྲིད་གཞུང་ཡ་མེད་

ཅིག་མེད་པའི་དུས་སུ་འཁེལ་བས། ནུབ་གླིང་གི་རིན་ཐང་གསར་བ་ཚུར་ལེན་དང་བློ་འབྱེད་ལས་འགུལ་སྤེལ་བར་གོ་སྐབས་ཡག་ཤོས ་ཤིག་

སྤྲད་ཅིང་། སྤྱི་ལོ་༡༩༡༩ལོ་ནས་བཟུང་རྒྱལ་ཡོངས་ཀྱི་རིག་གནས་གསར་བའི་ལས་འགུལ་དེ་ཁྲིན་ཏུའུ་ཞིག་གི་༼ན་གཞོན་གསར་བ༽འི་དུས་

དེབ་དང་ཚེ་ཡོན་ཕེས་བསྒྲུབ་པའི་པེ་ཅིང་སློབ་ཆེན་ནས་མགོ་ཚུགས་ཏེ་རྒྱ་ནག་གི་ས་གནས་སོ་སོར་རིམ་གྱིས་དར་ཁྱབ་དུ་སོང་ལ། དེ་ནི་

འཚོལ་རྟོག་༽གི་དུས་རབས་ཤིག་དང་མཁས་བརྒྱ་འགྲན་གླེང་གི་དུས་རབས་ཤིག་སྟེ། གང་དུ་ཤེས་ཡོན་ཅན་ཡོད་ན་དེ་རུ་ཁོ་ཚོའི་༼ཚོགས་

པ་༽དང་དུས་དེབ་ཡོད་ལ་ལྟ་ཚུལ་སྣ་མང་གི་བགྲོ་གླེང་ཡང་ཡོད་པ་ཡིན།

ལས་འགུལ་འདི་དང་ལྷན་དུ་སྤྱི་ལོ་༡༩༡༩ལོའི་ཟླ་༣པར་ཧྥ་རན་སེ་ནས་རོ་མན་རོ་ལུན་གཙོ་བྱས་པའི་ནུབ་གླིང་རྒྱལ་ཁབ་མང་པོའི་

ཤེས་ཡོན་ཅན་སྐོར་ཞིག་གིས་མཉམ་གཅིག་ཏུ་༼བསམ་བློའི་སྙིང་སྟོབས་ཀྱི་རང་བཙན་བསྒྲགས་གཏམ་༽ཞེས་པར་མིང་རྟགས་བཀོལ་ཏེ།

ཁོ་ཚོས ་ཤེས་ཡོན་ཅན་གྱིས་ཁེར་ཚུགས་ཀྱི་བསམ་བློའི་ཁེ་དབང་དང་ནུས་པ་སྤང་ནས་དྲག་ཤུགས་ལ་མགོ་སྒུར་ཞིང་། ཆབ་སྲིད་དང་ཏང་ ཁག མི་རིགས་དང་གྲལ་རིམ་གྱི་ཁེ་ཕན་ཆེད་ནག་ཉེས་བསགས་པའི་དམག་འཁྲུག་ཏུ་ཞུགས་པ་ལ་ནན་ཏན་གྱིས་དགག་སྒྲུབ་མཛད་པའི་

སྐོར་དེ། ལོ་དེ་རིང་དུ་རྒྱ་ཡིག་ཏུ་བསྒྱུར་ནས་༼ན་གཞོན་གསར་བའི་དུས་དེབ་ཀྱི་བསྒྲགས་གཏམ་༽དང་ལྷན་དུ་དཔར་ཏེ། ལྔ་བཞིའི་ཤེས་

ཡོན་ཅན་གྱི་ཤུགས་དྲགས་པའི་ཚོགས་པའི་འདུ་ཤེས་དང་རང་སྐྱོང་གི་སྙིང་སྟོབས་སྔར་ལས་མངོན་པར་བྱས། དཔེར་ན་སྐུ་ཞབས་ཀྲང་ ཐེ་ཡེན་གྱིས་དུས་དེའི་དམག་ཤེད་ཅན་ཡོན་ཧྲི་ཁེས་གོང་མའི་ལམ་ལུགས་བསྐྱར་གསོ་བྱས་པར་ངོ་རྒོལ་བྱས་མཐར་བཙོན་དུ་ཚུད་དུས། ཁོའི་ཕུལ་དུ་བྱུང་བའི་སློབ་མ་སྐོར་ཞིག་བཙོན་ཁང་དུ་ཁོང་ལ་བལྟ་རུ་སོང་ཞིང་། དེར་མཐུད་དེ་པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲི་ཞེ་

ཙོ་དང་མྰ་ཧྲོ་ལོན། ཧོ་རན་ཡོན་སོགས་ཀྱིས་དགེ་རྒན་གྱི་ལས་ཐོབ་བསྐྱུར་ཏེ་ངོ་རྒོལ་བྱས་ལ། ཚེ་ཡོན་ཕེ་པེ་དབྱང་སྲིད་གཞུང་གི་ཆབ་སྲིད་ གནོན་ཤུགས་ལ་ཚིག་པ་ཟོས་ཏེ་ཐིན་ཅིན་དུ་འགྲོ་སྐབས་ཀྱང་། པེ་ཅིན་གྱི་སློབ་ཆེན་མང་པོ་ཞིག་གི་སློབ་གཙོ་དང་དགེ་རྒན་སྐོར་ཞིག་གིས་

ལས་ཐོབ་བསྐྱུར་ནས་ངོ་རྒོལ་གྱིས་ཚེ་ཡོན་ཕེ་ལ་རྒྱབ་སྐྱོར་བྱས་པ་ལྟ་བུ་དང་། གཞན་ཡང་ཁྲིན་ཏུའུ་ཞིག་བཙོན་གྲོལ་ཐོབ་དུས་ཧུའུ་ཧྲི་དང་ ལེ་ཏ་ཀྲའོ། ལིག་པན་ནོན་སོགས་ཤེས་ཡོན་ཅན་གྱིས་ཆེད་དུ་ལེ་ཚན་བསྒྲིགས་ཏེ་༼ན་གཞོན་གསར་བའི་༽སྟེང་དུ་ཕལ་སྐད་ཀྱི་ལམ་ནས་

སྙན་ཚོམ་རིང་མོ་ཞིག་ཀྱང་བྲིས་མྱོང་བའི་ཤུགས་ལས་ལྟོས་མེད་ཀྱི་དབང་ཆར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་མཚོན་ཞིང་། འདི་ནི་ད་གཟོད་ ཤེས་ཡོན་ཅན་གྱི་བསམ་བློའི་སྙིང་སྟོབས་རེད།

75

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

ལྔ་བཞིའི་རིག་གནས་གསར་བའི་ལས་འགུལ་གྱི་སྔོན་བསྐྱོད་པ་ཚོས་རྒྱ་ནག་གི་གནའ་བོའི་རིག་གནས་ཀྱི་ཤུལ་བཞག་ཁྲོད་ཡེ་ཤུའི་

ཆོས་ལུགས་ཀྱིས་གསོ་སྐྱོང་བྱས་པ་ལྟ་བུའི་བརྟན་བརླིང་གི་དད་པ་དང་། ཀི་རི་སེའི་སྲོལ་རྒྱུན་ཁྲོད་མ་ཉམས་གསོན་པོར་གནས་པའི་འཐུས་ ཚང་གི་དཔྱོད་ཤེས་ལྟ་བུའི་རིག་གནས་མེད་པར་འདོད་པས། ཁོ་ཚོས་རིན་ཐང་དེ་དག་ཚུར་ལེན་གྱིས་རང་གི་སྲོལ་རྒྱུན་གྱི་འཇིག་རྟེན་ལྟ་ ཚུལ་རྙིང་བ་དང་ཕན་མེད་རྙོག་འཛིང་གི་ལུང་འཛིན་རིང་ལུགས་སོགས་ཀྱི་ཚབ་བྱས་ཤིང་། ཁོ་ཚོར་ཐུན་མིན་གྱི་ཁྱད་གཤིས་ཤིག་ཡོད་པ་ནི་ ཁོ་ཚོ་ཕྱིས་ཀྱི་དེང་རབས་ལ་དགག་པའི་ཤེས་ཡོན་ཅན་དེ་དག་དང་མི་འདྲ་བར།

ཚུར་ལེན་རིང་ལུགས་༽ཀྱི་བློ་ཁོག་ཆེས་ཆེར་ཕྱེས་ཏེ་ནུབ་

གླིང་གི་རིན་ཐང་མཆིས་པའི་རིག་གནས་གསར་བ་ནང་འདྲེན་བྱས་པ་དེ་རེད། ནང་འདྲེན་བྱས་པའི་རིག་གནས་དེ་ཡང་ལྔ་བཞིའི་སྔོན་གྱི་

མཚོན་ཆ་ལྟ་བུའི་དངོས་ཟོང་ཙམ་མིན་པར་དེའི་གཞི་ཁྱོན་རིག་གནས་ཁྱབ་ཁོངས་སུ་གཏད་དེ། རྩོམ་རིག་དང་མཚན་ཉིད་རིག་པ། མི་ཆོས། སྤྱི་ཚོགས་སྒྲིག་གཞི་མ་ཟད་ཡུལ་སྲོལ་གོམས་འདྲིས་སོགས་ཕྱོགས་སོ་སོར་བསྲིངས་ཡོད་འདུག ཁོ་ཚོའི་ངོས་ནས་ནུབ་གླིང་རིག་གནས་

ཀྱི་ངོ་བོ་ནི་ཚན་རིག་དང་དམངས་གཙོ་ཡིན་པར་འདོད་པས། ད་གཟོད་༼ན་གཞོན་གསར་བའི་༽སྟེང་སད་སྐུ་ཞབས་དང་བདེ་སྐུ་ཞབས་ གཉིས་ཀྱི་ཐ་སྙད་ཐོན་པར་གྱུར་ཏེ། ཁེར་ཚུགས་ཀྱི་མི་གཞི་དང་དབང་ཆ་འདྲ་མཉམ། བསམ་བློ་རང་དབང་སོགས་སྒེར་མིའི་རིན་ཐང་ཀུན་

ལས་མངོན་འགྱུར་བྱེད་དགོས་པའི་སྐད་འབོད་བྱས་ཤིང་། དེ་མངོན་འགྱུར་བྱེད་དགོས་ན་ཚན་རིག་ནི་བསམ་བློ་དང་ཤེ ས་བྱའི་ཁྲིམས་སྲོལ་ རིགས་ཤིག་ཡིན་པས་དམངས་གཙོ་དང་ལྷན་དུ་མེད་དུ་མི་རུང་བའི་ལྟ་ཚུལ་བཏོན་པ་རེད། དེ་ལྟ་བུའི་ལས་འགུལ་གྱིས་བྲན་གཤིས་ངོ་བོར་

ཡོད་པའི་རྒྱལ་དམངས་ཀྱི་སྒེར་གྱི་བསམ་བློར་སད་རྟོགས་ཐེབས་ཏེ་༼མི་གསར་རྙེད་༽བྱུང་ཞིང་། ལུའུ་ཞུན་གྱི་སྐད་ཆ་ལྟར་ན་༼མི་ཡར་སློང་

བ་༽འོ།།

མདོར་ན་ལྔ་བཞིའི་རིག་གནས་གསར་བའི་ལས་འགུལ་དུས་སྐབས་ནི་གསར་གཏོད་ཀྱི་སྒུལ་སྐྱོམས་ཆེས་དྲགས་པའི་དུས་རབས་

ཤིག་ཡིན་ཙ་ན། ལས་འགུལ་དེའི་ཁྲོད་འབུར་དུ་དོད་པའི་རྩེ་མོ་གཉིས་ཡོད་པ་ལས་གཅིག་ནི་༼རྩོམ་རིག་གསར་བརྗེ་༽སྟེ། གནའ་ཡིག་

བསྐྱུར་ཏེ་ཕལ་སྐད་ཀྱི་ལམ་ནས་རྩོམ་རིག་གསར་རྩོམ་དང་། གཉིས་ནི་༼བསམ་བློ་གསར་བརྗེ་༽སྟེ། བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་

རྨང་གཞི་བྱས་པའི་ལུང་འཛིན་རིང་ལུགས་དང་སྤྱི་འགྲོས་རིང་ལུགས། དབང་ངོམ་རིང་ལུགས། དད་རྟེན་ལ་གུས་པ་སོགས་གཏོར་བཤིག་ བྱས་པ་ཡིན་ལ། འདི་ནི་ཏག་ཏག་སྲོལ་རྒྱུན་རིག་གནས་ཀྱི་སྲོག ་ཤིང་དེ་ཡང་ཡིན། དེ་བས་སྤྱི་ལོ་༡༩༡༥ལོར་ན་གཞོན་གསར་བས་ཐོག་

མར་ཕལ་སྐད་ཀྱི་ལམ་ནས་རྩོམ་འབྲི་བའི་སྐད་འབོད་བྱས་མཐར་སྤྱི་ལོ་༡༩༡༩ལོར་རྒྱལ་ཡོངས་སུ་དུས་དེབ་དང་ཚགས་པར་རིགས་བཞི་

བརྒྱ་ལྷག་གིས་ཕལ་སྐད་ཀྱི་རྩོམ་འབྲི་དང་དུ་བླངས་ཤིང་། དེའི་ཤན་ཤུགས་ཀྱིས་སྤྱི་ལོ་༡༩༢༠ལོ་ནས་བཟུང་པེ་ཅིང་སྲིད་གཞུང་གིས་ཀྱང་ ཆུང་དམའ་འབྲིང་གི་བསླབ་དེབ་ཡོངས་སུ་ཕལ་སྐད་ཀྱི་བསླབ་དེབ་བེད་སྤྱོད་གཏོང་དགོས་པའི་ཐག་བཅད་པ་ལྟ་བུ་རེད།

ལྔ་བཞིའི་རིག་གནས་གསར་བའི་ལས་འགུལ་གྱི་མགོ་མཇུག་བར་གསུམ་གྱི་བརྒྱུད་རིམ་གང་དུ། དུས་དེའི་ཤེས་ཡོན་པ་ཚོས་རྒྱལ་

ཁབ་དང་མི་རིགས་ཀྱི་རིགས་ཞེན་གྱི་འདུ་ཤེས་ཡིན་ནའང་འདྲ། མི་དང་དང་སྒེར་མིའི་རང་དབང་འདྲ་མཉམ་གྱི་རིན་ཐང་བརྩོན་ལེན་བྱས་ པ་ཡིན་ནའང་རུང་། ཁོ་ཚོས་ཚོགས་པ་དང་རྩ་འཛུགས། སྲིད་གཞུང་ལས་ལོགས་སུ་ལངས་ཏེ་རང་སྐྱོང་རང་བདག་གིས་རང་རང་གི་ཕུགས་

བསམ་འཚོལ་བཞིན་ཡོད་དེ། འདི་ནི་ལྔ་བཞིའི་དུས་ཀྱི་ཤེས་ཡོན་པའི་རང་བདག་རང་སྐྱོང་གི་ལས་འགུལ་ཞིག་ཡིན། རྡིན་ཉིར་སྦེར་གྱི་ སྐད་ཆ་གཡར་ན། ལྔ་བཞིའི་དུས་སྐབས་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་ལོགས་སུ་ཁེར་ཚུགས་ཀྱིས་མཆིས་པའི་རིག་གནས་ཁྱབ་ཁོངས་ ཤིག་སྟེ། རང་གི་ལྟ་ཚུལ་ཕྱིར་འདོན་པ་དང་རང་ཡིད་ཚིམ་པའི་ལངས་ཕྱོགས་ལྟེ་བར་འཛིན་པའི་སྤྱི་ཚོགས་ཤིག་ཡིན་ཞེས་པའོ།།

དུས་དེའི་ཤེས་ཡོན་ཅན་གྱིས་འདི་འདྲའི་བསམ་བློའི་སྙིང་སྟོབས་གཞི་རྩ་ཡིས་རང་ཉིད་ནི་དོན་དམ་གྱི་རང་བདག་རང་སྐྱོང་གི་སྟོབས་

ཤུགས་ཀྱི་གསོས་སུ་གྱུར་དུ་བཅུག་ཅིང་། དེའི་གནས་བབ་འོག་ཚེ་ཡོན་ཕེ་སོགས་ཀྱིས་༼སློབ་ཆེན་རང་སྐྱོང་བྱེད་དགོས་ཏེ། སློབ་གསོ་ནི་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

76


ཚུར་ལེན་དང་བློ་དཔྱོད།

ཆབ་སྲིད་ཀྱི་བླ་རུ་གཏོད་དགོས་པ་ལས་ཆབ་སྲིད་ཀྱིས་ཚོད་འཛིན་བྱེད་མི་རུང་༽བའི་འདོད་ཚུལ་བཟུང་ནས་དགེ་རྒན་གྱིས་སློབ་ཆེན་སྐྱོང་

བ་དང་དགེ་སློབ་བར་སྒེར་མིའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། དགེ་རྒན་གྱིས་སྒེར་མིའི་ངོས་ནས་རང་གི་ལྟ་སྟངས་ལྷུག་པོར་བརྗོད་ཆོག་

པའི་འོས་ཐོབ་ཡོད་པའི་དགོངས་གཞི་བཏོན་ཞིང་། དེ་མིན་རིག་གནས་པའི་སྡེ་ལ་མཚོན་ནའང་དེ་བཞིན་ཏེ། རང་རང་ལ་སོ་སོའི་ལམ་དང་

ལངས་ཕྱོགས། རང་གིས་ཚོགས་པ་རྩ་འཛུགས་བྱེད་པ། རང་གིས་ཚགས་ཤོག་དང་དུས་དེབ་བསྒྲུབ་པ། གལ་ཏེ་ལྟ་ཚུལ་མི་མཐུན་པ་བྱུང་ ནའང་དེར་གཅིག་གྱུར་གྱི་ཚད་གཞི་མེད་པ་སོགས་ལུའུ་ཞུན་གྱི་སྐད་ཆས་བཤད་ན། ལག་ལེན་དུ་བསྟར་བ་དེ་རེད།༽

ཕྱིར་རྟོག

སྔར་བཞིན་རང་གིས་ཐག་གིས་བཅད་ཅིང་རང་གིས་

དེ་ལྟར་ན། རང་བདག་རང་སྐྱོང་ཟེར་བ་ནི་འགྲོ་མིས་རང་འགུལ་གྱིས་བསམ་བློ་གཏོང་བ་དང་རང་ཉིད་

རང་དོན་རང་གིས་ཐག་གཅོད་པ་ཞིག་ལ་གོ་ཆོག་འདུག

༣ ལྔ་བཞིའི་ཤེས་ཡོན་པའི་བསམ་བློའི་འབྱུང་ཁུངས།

གསར་བརྗེའི་དུས་རབས་འདིའི་ལྔ་བཞིའི་ལས་འགུལ་ནི་གཙང་པོ་ཞིག་ལ་ཆུ་ཕྲན་གྱི་ར་ལག་མང་པོ་འདུས་ཡོད་པ་ཇི་བཞིན་བསམ་

བློའི་འབྱུང་ཁུངས་སྣེ་མང་དང་ལྟ་ཚུལ་སྣ་ཚོགས་ཕྱོགས་གཅིག་ཏུ་འཛོམས་པར་ཕན་ཚུན་འདྲེས་བསྲེས་དང་གདོང་ཐུག སྐུལ་འདེད་ཀྱིས་

སྤྱི་ཚོགས་འཕེལ་རྒྱས་སུ་བཏང་ཞིང་། ལས་འགུལ་འདིའི་ཁྲོད་སྲོག་སྙིང་དུ་གྱུར་བ་ནི་དུས་དེའི་ཕྱི་འགྲིམས་སློབ་མ་དག་ཡིན་ཏེ། ཕལ་ཆེ་ བ་ཞིག་འཇར་པན་དང་ཨ་རི། ཧྥ་རན་སེའི་སློབ་ཆེན་འགྲིམས་ནས་ཕྱིར་ལོག་པ་ཡིན་པས། ཁོ་ཚོའི་བསམ་བློའི་གཏེར་མཛོད་དང་ལྟ་ཚུལ་ ཡང་མི་འདྲ་སྟེ། དཔེར་ན་ཨ་རིར་འགྲིམས་མྱོང་བའི་སློབ་མས་གཙོ་བོར་རིག་གནས་སློབ་གསོར་མཐོང་ཆེན་བྱེད་ལ། འཇར་པན་དང་ཧྥ་ རན་སེར་འགྲིམས་མྱོང་བའི་སློབ་མས་སོ་སོར་དམག་དོན་དང་ཆབ་སྲིད་ལ་དོ་སྣང་བྱེད་པ་ལྟ་བུ་རེད། དེ་ཡང་ཆབ་སྲིད་ཀྱི་ཕྱོགས་ནས་འཇར་

པན་གྱི་སློབ་ཆེན་འགྲིམས་པའི་སློབ་མར་སྤྱི་ཚོགས་རིང་ལུགས་དང་མི་རིགས་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་སླ་ཞིང་། ཧྥ་རན་སེའི་ སློབ་ཆེན་འགྲིམས་མྱོང་བའི་སློབ་མའམ་རྒྱལ་ཁབ་དེའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་པའི་ཤེས་ཡོན་པ་དམངས་གཙོ་དང་ཕུགས་བསམ་ རིང་ལུགས། སྲིད་གཞུང་མེད་པའི་རིང་ལུགས་ཀྱི་ཕྱོགས་སུ་གཞོལ་སླ་བ་སོགས་ཀྱིས་དུས་དེའི་རྒྱ་ནག་གི་རིག་གནས་གསར་བའི་མ་ལག་ འཛུགས་པར་ནུས་པ་མི་དམན་ཐོན་ཡོད་འདུག

གལ་ཏེ་དམངས་གཙོ་དང་རང་དབང་འདོད་ན་ཐོག་མར་རིག་གནས་དང་བསམ་བློ་སྣེ་མང་ཅན་ནི་སྔོན་འགྲོའི་ཆ་རྐྱེན་ཏེ། བོད་པའི་

མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་༽འི་དཔེ་ལྟར་རིག་གནས་དང་བསམ་བློ་སྣེ་མང་མཉམ་གནས་ཆོག་པའི་རང་

དབང་ཡོད་ཚེ་ད་གཟོད་ཕྱོགས་གང་ཅིའི་ཐད་ནས་འདྲ་མཉམ་དང་དམངས་གཙོའི་ལམ་བུར་འཇུག་པའི་སྲིད་པ་ཆེ་ལ། དེ་མིན་ལྡོག་སྟེ་རིག་

གནས་སྣ་གཅིག་དང་བསམ་བློ་སྣ་གཅིག་གི་ཁོར་ཡུག་ནས་རང་དབང་རྩ་ནས་འབྱུང་མི་ཐུབ་ལ་དམངས་གཙོ་དེ་བས་ཀྱང་ངོ་།། དེས་ན་

རིག་གནས་དང་བསམ་བློ་སྣེ་མང་ཅན་གྱི་འབྱུང་རྩ་དེ་མཐར་གཏུགས་ན་དོགས་སློང་དང་དགག་སྒྲུབ་གཉིས་ཀ་ཡིན་སྐད། འདི་ནི་ཏག་ཏག་

ལྔ་བཞིའི་ལས་འགུལ་གྱི་བསམ་བློའི་སྙིང་སྟོབས་ཀྱི་ནང་སྙིང་ཡང་སྟེ། སྤྱི་ལོ་༡༩༡༩ལོའི་ཟླ་༦པར་རྒྱ་ནག་ཏུ་སླེབས་པའི་ཏུའུ་ལྦེ་ཡིས་རང་ གི་བུ་མོའི་འཕྲིན་ཡིག་ཏུ། ཚགས་ཤོག་དང་དུས་དེབ་འདི་དག་ལ་སྤྱིའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་དྲི་རྟགས་རྒྱ་ཆེར་བཀོལ་བ་དེ་

དང་། གཉིས་ནས་སྨྲ་བརྗོད་རང་དབང་བརྩོན་ལེན་གྱིས་དྲི་བ་འདི་དག་གི་དྲིས་ལན་འཚོལ་བར་འབད་པ་དེ་རེད། འདི་འདྲའི་དོགས་སློང་ གི་ཚ་རླབས་འཕྱུར་བ་ནི་མི་འགྱངས་པར་དུས་རབས་གསར་བ་ཞིག་འབྱུང་བའི་སྔ་ལྟས་ཡིན་ཞེས་བྲིས་ཡོད་པ་ལྟར་རོ།། དེ་འདྲའི་དོགས་

སློང་དང་དགག་སྒྲུབ་ཀྱི་ཁོར་ཡུག་ནས་དུས་དེའི་སྔ་གཞུག་གི་ཆིང་རྒྱལ་རབས་དུས་མཇུག་གི་ཁེང་ཡུག་བེ་དང་ལིང་ཆི་ཁྲའོ། ཡན་ཧྥུ་ལྟ་

བུའི་དུས་སྐབས་ཀྱི་ཤེས་ཡོན་པར་༼རྒྱལ་ཁབ་དང་མི་རིགས་༽ཀྱི་བསམ་བློའི་སད་རྟོགས་བྱུང་ཞིང་། ཕྱིས་ཀྱི་ཁྲིན་ཏུའུ་ཞིག་དང་ལུའུ་ཞུན།

ཧུའུ་ཧྲི་ལྟ་བུའི་དུས་སྐབས་ཀྱི་ཤེས་ཡོན་པར་༼མི་དང་སྒེར་མི༽འི་བསམ་བློའི་གོ་རྟོགས་སད་པ་རེད། དེ་བས་སྒེར་མིའི་བསམ་བློའི་གོ་རྟོགས་ 77

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

སད་ན་ནི་གཞི་ནས་གཞན་དབང་ལས་ལྡོག་ནས་རང་གི་ཡོད་ཚད་རང་གིས་བདག་པོ་བྱེད་པའི་དུས་སུ་བབས་པ་ཡིན་ལ། དེའི་ཕྱིར་ད་ལྟའི་ བོད་པའི་ན་གཞོན་གྱི་གྲས་ནའང་རྒྱུགས་ཆེ་བའི་སྐད་ཆ་ཞིག་སྟེ།

རྟོགས་སད་པའི་ངེས་ཤེས་རྙེད་པ་ནི་ཧ་ཅང་གལ་ཆེ་བར་མཐོང་།

རང་ཉིད་ནས་མགོ་རྩོམ་དགོས་༽ན་ཐོག་མར་སྒེར་མིའི་བསམ་བློའི་གོ་

དེ་ཡང་བར་སྐབས་ཤིག་ཏུ་རང་དབང་དང་འདྲ་མཉམ། དམངས་གཙོའི་བསམ་བློ་དར་བས། རྒྱ་ནག་གི་ལྔ་བཞིའི་དུས་སུ་དེང་

རབས་ཅན་གྱི་ཤེས་ཡོན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་སོང་ལ། ཁོ་ཚོས་རང་གི་ལས་རིགས་དོན་དུ་གཉེར་ཞིང་སོ་སོའི་ལྟ་ཚུལ་མངོན་

དུ་བསྒྲགས་པས་རྫིང་བུའི་དཀྱིལ་དུ་རྡོ་འཕང་བ་ལྟར་སྔར་ཡོད་ཀྱི་ལྷིང་འཇགས་དང་ཁུ་སིམ་པོའི་སྤྱི་ཚོགས་ཀྱི་ཟ་ཟུར་གང་རུང་གཡོ་སྐྱོམས་ བཏང་ཏེ་རིག་གནས་གསར་བའི་གདོང་ལེན་པར་གྱུར་བ་སྟེ། དཔེར་ན་ཁྲིན་ཏུའུ་ཞིག་དང་ཧུའུ་ཧྲིས་ཕལ་སྐད་ཀྱི་ལམ་ནས་རྩོམ་རིག་གསར་

རྩོམ་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་ལུའུ་ཞུན་དང་ཀྲུག་ཙོ་རན་གྱིས་༼མི་ཡི་རྩོམ་རིག་༽ཅེས་པའི་མཚན་ཉིད་གདགས་ཏེ་དེང་

རབས་རྩོམ་རིག་གི་དབུ་ཁྱུད་བྲིས་པ་ལྟ་བུ་རེད། གཞན་ཡང་ཚེ་ཡོན་ཕེ་པེ་ཅིང་སློབ་ཆེན་གྱི་སློབ་གཙོར་སྡོད་རིང་ཁོས་༼རིག་གཞུང་རང་ དབང་༽གི་ལྟ་ཚུལ་ལག་བསྟར་གྱིས་སྐབས་དེའི་རིག་གནས་གསར་རྙིང་དང་བསམ་བློ་གསར་རྙིང་གི་དགེ་རྒན་འབོར་ཆེན་པེ་ཅིང་སློབ་ཆེན་ དུ་གདན་འདྲེན་བྱས་ཏེ་སློབ་ཁྲིད་བྱེད་དུ་བཅུག་ཅིང་། སློབ་མའི་ཁྲོད་དུའང་ལོ་ཅ་ལོན་ལྟ་བུའི་ཕུལ་བྱུང་སློབ་མ་བྱུང་ནས་༼རླབས་གསར་ ༽

ཞེས་པའི་དུས་དེབ་བསྒྲུབ་ཤིང་བསམ་བློའི་རིག་གནས་ཀྱི་ལྟ་ཚུལ་སྣ་ཚོགས་བགྲོ་གླེང་མང་དུ་གནང་སྐད། འདི་ལྟར་རང་ལ་༼ན་གཞོན་

གསར་བ་༽ཞེས་མིང་གདགས་མཁན་གྱི་ན་གཞོན་སྐོར་ཞིག་གིས་རྩ་བའི་ཆ་ནས་བྲན་གཤིས་རྒྱང་དུ་དོར་ནས་སྒེར་མིའི་རིན་ཐང་མངོན་ འགྱུར་བྱས་པ་ནི་། རིག་གནས་གསར་བའི་ལས་འགུལ་གྱི་རང་དབང་དམངས་གཙོ་རེད་ལ་བསམ་བློ་གསར་རྙིང་མཉམ་གནས་བྱས་པའི་

དཀྱེལ་ཡངས་ཀྱི་སྙིང་སྟོབས་ཀྱང་རེད། དེས་ན་༼ལྔ་བཞིའི་སྙིང་སྟོབས་༽ཞེས་པ་རང་དབང་གི་སྙིང་སྟོབས་ཤིག་དང་བཅིངས་འགྲོལ་གྱི་སྙིང་ སྟོབས་ཤིག གསར་གཏོད་ཀྱི་སྙིང་སྟོབས་ཤིག་ཡིན་ནོ།།

བཞི། ལྔ་བཞིའི་རིག་གནས་གསར་བའི་ལས་འགུལ་ཕམ་རྐྱེན།

ཏུའུ་ལྦེས་བཤད་པ་ལྟར་༼མི་འགྱངས་པར་དུས་རབས་གསར་བ་ཞིག་འབྱུང་བའི་སྔ་ལྟས་ཡིན་༽པའི་དུས་རབས་གསར་བ་དེ་མཐར་

ཐུག་སྦྲུམ་མ་མངལ་ཤོར་ལྟར་སྐྱོ་གར་གྱི་ངང་ནས་མཇུག་སྒྲིལ་སོང་། འདི་ལ་དེང་སྐབས་བཤད་ཕྱོགས་མང་དུ་མཆིས་ནའང་། དེབ་འདིའི་

རྩོམ་པ་པོས་འདི་ལྟར་བཤད་ཡོད་དེ། བློ་འབྱེད་བསམ་བློ་པའི་ཁ་གཏད་དུ་མཆིས་པ་ནི་སྔར་བཞིན་མུན་ནག་དང་རུལ་སུངས། རྗེས་ལུས།

དབུལ་ཕོངས་ཀྱི་སྤྱི་ཚོགས་ཤིག་ཡིན་པས་མིག་མདུན་དུ་ཐག་གཅོད་པའི་གནད་དོན་མང་དུ་ལྷགས་ཤིང་། དུས་ཚོད་ཀྱི་འགྲོས་དང་བསྟུན་ ༼

འདུ་ཤེས་༽ཀྱི་གནད་དོན་ལས་༼དངོས་ཡོད་༽ཀྱི་གནད་དོན་ཐག་གཅོད་པའི་ལྟ་སྟངས་ཁ་ཚ་དགོས་གཏུག་ཏུ་གོ་ནས་ཐོག་མར་ཤེས་ཡོན་

པ་རང་སྟེང་དུ་སྤྱི་ཚོགས་བཅོས་བསྒྱུར་གྱི་རེ་འདུན་སྔར་ལས་ཇེ་དྲགས་སུ་གྱུར་ལ། དེ་འདྲའི་འཚུབ་ནད་ཀྱི་རྟགས་འདི་དུས་སྐབས་དེར་

རྒྱུན་འབྱམས་སུ་གནས་ཡོད། སྐབས་དེར་སུའུ་ཨི་ཡིས་རྒྱ་ནག་དུ་གཡར་བའི་ས་ཆའི་བདག་དབང་ཕྱིར་སྤྲོད་པའི་གནས་ཚུལ་བསྟུད་མུར་ སྒྲོག་པས་ལྔ་བཞིའི་ཤེས་ཡོན་པའི་སེམས་སུ་དེ་མུར་རེ་བའི་མྱུ་གུ་འབུས་ཤིང་། གྲུབ་མཐའ་སྣ་ཚོགས་ཀྱིས་སྒེར་མིའི་རིན་ཐང་ཅི་ལྟར་

སྒྲོག་ནའང་སྒེར་མིས་སྤྱི་ཚོགས་ལ་འགན་འཁུར་དགོས་པའི་ལྟ་ཚུལ་ཡང་དེ་དང་ཆབས་ཅིག་སྒྲོག་བཞིན་ཡོད། དེ་དང་ལྷན་དུ་བསམ་བློ་

བཅོས་བསྒྱུར་གྱི་ལས་འགུལ་དེ་རིམ་བཞིན་རྒྱལ་གཅེས་རང་བཞིན་གྱི་ལས་འགུལ་དུ་གྱུར་ལ། རིག་གནས་ཐལ་དྲགས་རིང་ལུགས་དེ་ ཡང་སྤྱི་ཚོགས་ཐལ་དྲགས་རིང་ལུགས་སུ་འགྱུར་བའི་མགོ་བརྩམས་པ་རེད། མ་ཟད་སུའུ་ཨི་ཡིས་དུས་དེར་ནུབ་གླིང་གི་རིན་ཐང་ལྟ་ཚུལ་ ལ་དགག་པ་མཐིལ་ཕྱིན་བརྒྱབ་ཅིང་། གཉིས་ནས་གོ་མིན་ཏང་དང་གསར་དུ་བཙུགས་པའི་གུང་ཁྲན་ཏང་གི་ཐུན་མོང་འདུ་ཤེས་ཀྱི་དྲིལ་

བསྒྲགས་འོག་ཏུ་རིག་གནས་པའི་སྡེ་ཕྱོགས་གཅིག་ཏུ་ལོག་པའི་སྣང་ཚུལ་བྱུང་བས་ནུབ་གླིང་གི་རིན་ཐང་ལྟ་ཚུལ་མུ་མཐུད་དུ་རྒྱུད་སྒྲོག་བྱེད་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

78


ཚུར་ལེན་དང་བློ་དཔྱོད།

པའི་ཁྲོམ་རྭ་དོག་མོར་སོང་། ལར་རང་དབང་དང་ཕྱི་ཕྱོགས། རང་དབང་འགྲན་རྩོད། སྣེ་མང་འདྲེས་བསྲེས་ཀྱི་བསམ་བློ་དེ་ཕྱིས་ཀྱི་ཏང་ ཁག་གི་འཐབ་རྩོད་བརྒྱུད་རིམ་བཞིན་སྣ་གཅིག་ཏུ་གྲུབ་ཞིང་། དུས་ཡུན་རིང་པོར་བག་ལ་ཉལ་བའི་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཡར་

འཕགས་པ་དེ་ཡང་ལེ་ཉིན་རིང་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་དང་གྲལ་བསྡེབས་པས། སྔར་ཡོད་ཀྱི་སྒེར་མི་རིང་ལུགས་དང་རང་དབང་ རིང་ལུགས། སྲིད་གཞུང་མེད་པའི་རིང་ལུགས་ཀྱི་ཚབ་བྱས་ཏེ་ལོ་རབས་ཉི་ཤུའི་བསམ་བློའི་གཙོ་རྒྱུགས་སུ་གྱུར་ཚར་བ་རེད་ཅེས་སོ།།

རིག་གནས་གསར་བའི་བློ་འབྱེད་ལས་འགུལ་གཞན་དབང་གིས་མཇུག་སྒྲིལ་བ་དོན་དངོས་ཡིན་ལ། ཆབས་ཅིག་ལྔ་བཞིའི་དུས་

སྐབས་ཀྱི་ཤེས་ཡོན་པའི་རབས་དེའི་བསམ་བློའི་སྙིང་སྟོབས་སུ་གྱོང་གུད་ཐེབས་པའང་དོན་དངོས་ཏེ། ཕྱིས་སུ་ཧུའུ་ཧྲིས་དེ་ལ་༼ང་ཚོས་གླེང་

བཞིན་པའི་ཀྲུང་གོའི་རིག་གནས་བསྐྱར་དར་ཞེས་པ་འདི་རིག་གནས་ལས་འགུལ་གྱི་ལྟ་ཚུལ་ངོས་ནས། རེབས་དེར་པེ་ཅིང་སློབ་མས་སྤེལ་

བར་རྒྱལ་ཡོངས་ནས་རྒྱབ་སྐྱོར་གནང་བཞིན་ཡོད་ཀྱང་། སྤྱི་ལོ་༡༩༡༩ལོར་བྱུང་བའི་ལྔ་བཞིའི་ལས་འགུལ་ནི་དོན་གྱིས་རིག་གནས་ལས་ འགུལ་ཁྲོད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཆབ་སྲིད་ཐེ་གཏོགས་ཤིག་སྟེ། དེས་རིག་གནས་ལས་འགུལ་དེ་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཏུ་ བསྒྱུར་སོང་༽ཞེས་སྤྱི་བསྡོམས་བྱས་ཡོད་པ་ལྟར་དང་། ཡང་ལེ་ཙི་ཧུ་ཡི་རྒྱུན་འབྱམས་ཀྱི་བཤད་སྲོལ་ལྟར་ན་༼ཉེན་སྐྱོབ་ཀྱིས་བློ་འབྱེད་གནོན་ པ༽འོ།།

གང་ལྟར་བཤད་སྲོལ་འདྲ་མིན་ཡོད་ཀྱང་ལྔ་བཞིའི་ལས་འགུལ་གྱིས་བཙས་པའི་ཁྱེའུ་ནར་མ་སོན་གོང་འཆི་ལམ་དུ་བཅུག་པ་དེ་གཙོ་

བོ་ཕྱིའི་༼ཐེ་གཏོགས་༽དང་༼གནོན་པ་༽མིན་པར། ཤེས་ཡོན་པའི་ནང་གི་བསམ་བློའི་ཚད་བཀག་དང་འགན་འཁྲི། ཁེ་དབང་ཡོངས་སུ་དོར་

བས་ཡིན། དེའི་མཇུག་འབྲས་སུ་ཁྲིན་ཏུའུ་ཞིག་ལྟ་བུའི་ཤེས་ཡོན་ཅན་གྱིས་ཆབ་སྲིད་ཀྱི་ཚོགས་པ་བཙུགས་ཏེ་གཞན་དབང་དུ་གྱུར་ཞིང་ ཧུའུ་ཧྲི་ལྟ་བུའི་ཤེས་ཡོན་ཅན་གྱིས་༼ལོ་ཉི་ཤུར་ཆབ་སྲིད་ལ་མི་ཞུགས་པའི་༽དམ་བཅའ་རྒྱ་ཡན་དུ་བསྐྱུར་ཏེ་རང་ཉིད་ཆབ་སྲིད་ཀྱི་ལག་ཆར་

བཏང་། དེ་ལས་ཀྱང་ཚབས་ཆེ་བ་ནི་༼ལྔ་བཞིའི་ཤེས་ཡོན་ཅན་༽དག་ཕྱིས་སུ་ཆབ་སྲིད་༼བཅོས་བསྒྱུར་༽གྱི་དམིགས་ཡུལ་དུ་གཏོགས་པའི་ ལོ་རྒྱུས་ཀྱི་སྐྱོ་གར་རབ་དང་རིམ་པར་བྱུང་བ་དེ་རེད། རེད་དེ་མཚམས་འདི་ནས་ཡུས་ཅེ་ཡི་སྐད་ཆ་ཞིག་གིས་མཇུག་བསྡུ་བར་བྱ་སྟེ།

མོ་

གསར་བྱེད་པར་མི་མོས ་ཤིང་སྨད་འཚོང་མ་བྱེད་པར་ཡང་ངོ་གནོང་། འདི་ནི་ལོ་རབས་ཉི་ཤུ་བའི་ཤེས་ཡོན་ཅན་གྱི་ཅི་བྱ་གཏོལ་མེད་ཀྱི་གནས་ བབ་རེད་༽ཅེས་པའོ།།

༢༠༡༡ལོའི་ཟླ་༥བར་ཟིན་བྲིས་སུ་བཏབ་པ་དགེ།

79

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

གཞན་ལ་སྡུག་བསྔལ་བཟོ་བའི་གཏམ་བརྗོད་ལ་སྲུང་འགེབས་བྱེད་ཨེ་དགོས། རྩོམ་པ་པོ/ཁྲང་ཆིང་། བྱང་སྐར་གྱིས་བསྒྱུར།

གལ་ཏེ་གཏམ་བརྗོད་རིགས་ཤིག་གིས་གཞན་ལ་སྡུག་བསྔལ་བཟོས་པ་སྟེ། གཤིན་པོ་དུར་འཇུག་གི་སྐབས་སུ། གཤིན་པོ་དང་དེའི་

ནང་མི་ཚོར་སྙིང་ཚིམ་བརྒྱབ། ཚིག་མཚོན་བཏབ། དམོད་མོ་བོར་ན། དེ་ནི་གཞན་ལ“རྐང་བཙུགས་ཏེ་སྡུག་བསྔལ་བཟོས་པའི”ནག་ཉེས་ བསགས་པ་ཨེ་རེད། དེ་ཁྲིམས་ཁང་ལ་གཏུགས་ན་ཉེས་ཆད་གཅོད་རྒྱུ་ཨེ་རེད།

ཨ་མེ་རི་ཁ་རུ་ཏག་ཏག་དོན་རྐྱེན་དེ་འདྲ་ཞིག་བྱུང་བར། དུས་ཡུན་ལོ་ངོ་ལྔའི་རིང་། དམའ་བ་ས་གནས་ཁྲིམས་ཁང་ནས། མཐོ་བ་

མངའ་སྡེ་མཉམ་འབྲེལ2གྱི་ཆེས་མཐོའི་ཁྲིམས་ཁང་བར་དུ་ཁ་མཆུ་བརྒྱབ་པའི་མཐའ་མར། ཁ་སང་སྟེ་ཚེས་པ་༢་ཉིན། (༢༠༡༡།༣།༢) ཨ་

རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་དགུ་བོས་ཁྲུན་ཐག་བཅད3སོང་བ་རེད། གྱོད་དོན་དེ་གཏམ་བརྗོད་རང་དབང་གི་གཞི་

རྩའི་རྩ་དོན་ལ་ཐུག་ཡོད་པའི་རྐྱེན་གྱིས། ཨ་རིའི་གསར་ཤོག་ཆེ་གྲས་ཁག་གི་དེ་རིང་གི་པར་ངོས་དང་པོའི་གསར་འགྱུར་གལ་ཆེན་དུ་བཀོད་ འདུག་ལ། བརྙན་འཕྲིན་གསར་འགྱུར་གྱི་དཔྱད་བསྡུར་བྱ་གཞི་གཙོ་གྲས་སུའང་གྱུར་ཡོད་པ་རེད།

གྱོད་གཞི་དེའི་འབྱུང་རྩ་འདི་ལྟ་སྟེ། ཨ་རིའི་དམག་མི་ཞིག་ཨི་རག་གི་གཡུལ་ངོ་རུ་སྐུ་བཀྲོངས་པ། རང་གི་ནང་མི་ཚོ ས ་དུར་

འཇུག་བྱེད་པའི་དུས་སུ། དུར་ས་དེའི་ལོགས་ཤིག་ཏུ། ཆོས་ཚོགས་ཤིག་གི་དད་ལྡན་པ་འགས་ལག་ཏུ་ཡིག་བྱང་ཞིག་བཟུང་ནས་ཁོ་ཚོར་

དམིགས་པའི་རྔམ་སྟོན་བྱས་ཤིང་། ཡིག་བྱང་དེ་རུ། ཨ་རི་ལ་བཀའ་ཆད་བཏང་སོང་། རྟགས་མཚུངས་གཉེན་སྡེབ་ལ་དཀོན་མཆོག་གིས་ བཀྱོན་འབེབ་བོ།། ཞེས་བྲིས་ཡོད་པ་རེད། ཆོས་ཚོགས་དེའི་རྗེས་འཇུག་ཚོས། ཨ་རི་ཡིས། རྟགས་མཚུངས་གཉེན་སྡེབ་ལ་ཤོང་ཡངས་

བྱས་པ་དང་། ཡེ་ཤུ་གནམ་བདག་པའི་དད་ལྡན་པ་གཉེན་འཐོར་ལ་ཤོང་ཡངས་བྱས་པས། དཀོན་མཆོག་གིས་ཨ་རི་ལ་བཀའ་ཆད་གཏོང་ གི་ཡོད་པར་འདོད་སྐད།

དམག་མི་དེའི་ཕ་རྒན་སོགས་ཀྱིས། དེ་ནི་ཁོ་ཚོར་རྐང་བཙུགས་ནས་སྡུག་བསྔལ་དྲག་པོ་བཟོས་པར་ཐག་བཅད་འདུག་སྟེ། རང་གི་

ནང་མིས་(རྒྱལ་ཁབ་ཀྱི་དོན་དུ)་ལུས་སྲོག་བཏང་སོང་བས། ཁྱིམ་མི་ཚང་མ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བསྡད་ཡོད། ཡ་ཆུང་ན་སེམས་

མེད་ཀྱང་ཡ་ཐོད་ན་མིག་ཡོད་པ་ཞིག་ཡིན་ཕྱིན། དུར་འཇུག་བྱེད་པའི་གཤིན་པོ་དང་ཁོའི་ནང་མི་ཚོར་དམོད་མོ་བྱེད་ག་ལ་སྲིད། དེ་ནི་བསམ་ ངན་བཅངས་ནས་གཞན་ལ་སྡུག་བསྔལ་བཟོས་པ་ཡིན་ངེས་སྙམ་མོ།། དམག་མི་དེ་དང་དེའི་ནང་མི་སུ་ལའང་རྟགས་མཚུངས་གཉེན་སྡེབ་ ཀྱི་དྲི་ཙམ་ཡང་བྲོ་བ་མ་རེད།

དེ་ནས་དམག་མི་དེའི་ནང་མི་ཚོས། གྱོང་སེལ་དུ་ཨ་སྒོར་བྱེ་བ་༡་དགོས་པའི་གཏུག་ཡིག་དང་བཅས། ཆོས་ཚོགས་དེ་ཁྲིམས་སར་

གཏུགས་བཞག་པ་རེད། ཡུལ་སྦར་ཏེ་མོའི་ས་གནས་ཁྲིམས་ཁང་གིས་གྱོད་དོན་དེར་ཞིབ་གཅོད་4བྱེད་སྐབས་སུ། ཆོས་ཚོགས་དེས་གྱོང་

སེལ་དངུལ་སྤྲོད་དགོས་རྒྱུར་གཟུ་དཔང་ལྷན་ཚོགས5ཡིད་འཐད་བྱུང་འདུག མཐར། འདྲི་ཞིབ་བྱེད་མཁན་ཁྲིམས་དཔོན་གཙོ་བོས་གྱོང་ སེལ་གྱི་དངུལ་འབོར་ཨ་སྒོར་ས་ཡ་༥་རུ་མར་བཅག་ཅིང་། ཆོས་ཚོགས་ལ་ཁ་མཆུ་ཤོར་བའི6ཁྲིམས་ཐག་བཅད་འདུག་པ་རེད།

ཁྲིམས་བཅད་དེ་ལ་ཆོས་ཚོགས་ཡི་མ་རང་བར། གྱོད་གཞི་དེ་མངའ་སྡེ་མཉམ་འབྲེལ་གྱི་ཁྲིམས་ཁང་བཞི་པར་གོང་གཏུག7བྱས་པ་ན།

མངའ་སྡེ་མཉམ་འབྲེལ་གྱི་ཁྲིམས་ཁང་དེས་ས་གནས་ཁྲིམས་ཁང་གི་ཁྲུན་བཅད་ཁྲ་སློག8བརྒྱབ་སྟེ། གཏམ་བརྗོད་རང་དབང་གི་རྩ་དོན་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

80


ཚུར་ལེན་དང་བློ་དཔྱོད།

དཔང་བཅོལ་གྱིས། སྔར་གྱི་དཔྱད་མཚམས9ལས་ལྡོག་སྟེ། དམག་མིའི་ཁྱིམ་མི་ཚོར་ཁ་མཆུ་ཤོར་བའི་ཁྲིམས་ཐག་བཅད་འདུག་པ་རེད།

ཡང་དམག་མིའི་ཁྱིམ་མི་ཚོ་ཡི་མ་རང་བར། གྱོད་གཞི་དེ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་གོང་གཏུག་བྱས་པ་རེད། དེར་ཁྲིམས་

དཔོན་ཆེན་མོ་དགུ་བོ་ལས་བརྒྱད་ཀྱི་མང་ངོས་གཞིར་བཞག་ནས། ཆོས་ཚོགས་ལ་ཉེས་པ་མེད་པ་དང་། དམག་མིའི་ཁྱིམ་མི་ཚོར་ཁ་མཆུ་ ཤོར་བའི་མཐའ་མའི་ཁྲིམས་ཐག་བཅད་འདུག་པ་རེད།

ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་རྗོན་ར་སྦེར་ཚི་ཡིས་(མང་ཕྱོགས་པའི)་བཅད་ཁྲ་རུ། “གཏམ་བརྗོད་ལ་ཤན་སྟོབས་

ཧ་ལས་པ་ཞིག་ཡོད་པ་རེད། དེས་ང་ཚོའི་བསམ་སྤྱོད་ཉིས་ཆར་ཤུགས་རྐྱེན་ཐེབས་ནས། ང་ཚོར་དགའ་བའི་མིག་ཆུའམ་སྐྱོ་བའི་མིག་ཆུ་ འཆོར་དུ་འཇུག་ལ། ལན་རེར་དེ་ལས་ཀྱང་ཐལ་ཏེ། གྱོད་དོན་འདི་ནང་བཞིན་ང་ཚོར་སྡུག་བསྔལ་རབ་ཏུ་ལྕི་བ་བཟོ་ཡོང་བ་རེད།” དེ་ལྟར་

ཡང་། ཨ་རིའི་རྩ་ཁྲིམས་ཀྱི་བསྐྱར་བཅོས་ཁྲིམས་གཞི་དང་པོར་འཁོད་པའི་གཏམ་བརྗོད་རང་དབང་སྲུང་འགེབས་ཀྱི་རྩ་དོན་གཞིར་བྱས་ཚེ།

“གནས་ཚུལ་དེ་འདྲར་གདོང་གཏོད་དུས། ང་ཚོས་སོ་སོའི་སྡུག་བསྔལ་གྱི་ཟུག་རྔུ་གཅོག་ཐབས་སུ། གཏམ་བརྗོད་མཁན་ལ་ཆད་པ་གཅོད་ མི་རུང་ངོ་།། རྒྱལ་ཁབ་ཅིག་གི་ངོས་ནས། ང་ཚོས་འདམ་ག་འདི་འདྲ་ཞིག་བྱས་ཡོད་དེ། དེ་ཡང་། སྤྱི་པའི་གྲོས་དོན་ཞིག་རྩོད་བསྡུར་

སྐབས་སུ་གཞན་ལྟ་ཅི། ཐ་ན་རང་ཉིད་ལ་སྡུག་བསྔལ་བཟོ་ཡོང་བའི་གཏམ་བརྗོད་ཀྱང་སྲུང་འགེབས་བྱེད་རྒྱུ་དང་། དེས་གྲོས་དོན་དེ་མངོན་ ལྐོག་མེད་པར་རྩོད་བསྡུར་གྱི་ལམ་མི་ཁེགས་པར་ཁག་ཐེག་བྱས་ཡོད་དོ།།” ཞེས་བྲིས་འདུག་པ་རེད།

རྔམ་སྟོན་བྱེད་མཁན་དད་ལྡན་པ་དེ་ཚོའི་བྱ་བྱེད་ནི་ཐ་ཤལ་ལས་ཀྱང་ཐ་ཤལ་ཡིན་པ་སྨོས་མ་དགོས་ལ། བསམ་པ་ངན་པས་མི་ལ་

སྡུག་བསྔལ་བཟོས་པའི། ཁོ་ཚོའི་སྐད་ཆ་དེ་རིགས་ལ་འཚིག་པ་མི་ཟ་མཁན་ཡང་ཡོད་རེ་སྐན། རྟགས་མཚུངས་གཉེན་སྡེབ་ལ་འབྲེལ་བ་

མེད་པའི་དམག་མི་དེ་ཕར་ཟད། རྟགས་མཚུངས་གཉེན་སྡེབ་པ་ངོ་མ་ཞིག་ཡིན་ནའང་། དེར་དམག་ལ་ཞུགས་ནས་སོ་སོའི་རྒྱལ་ཁབ་ཀྱི་

དོན་དུ་ལུས་སྲོག་འབུལ་བའི་ཐོབ་ཐང་ཡོད་དང་ཡོད་པ་རེད། གཤིན་པོ་དུར་འཇུག་གི་སྐབས་སུ་དམོད་མོ་བོར་བ་དེས། ཚེ་འདས་དེའི་ནང་ མིར་སྡུག་བསྔལ་ལྷག་མ་ཞིག་བཟོས་པ་དང་། ཁོ་ཚོའི་སེམས་ཀྱི་རྨ་ ཁར་ཚྭ་བཏབ་པ་ག་ལ་མིན་ཏེ་ཡིན་ངེས་རེད། ཆོས་ཚོགས་དེར་ཁོངས་ མི་༡༡་འདུག་ལ། ཕལ་མོ་ཆེ་ནི་ཡེ་ཤུའི་དགེ་སྐུལ10རྣམ་པའི་ཉེ་དུ་རེད། རླངས་འཁོར་བཏང་ནས་སླེབས་ཐུབ་སའི། དམག་མིའི་དུར་ འཇུག་གང་ཞིག་ལའང་ཁོ་ཚོ་སོང་ནས་རྔམ་སྟོན་མ་བྱས་པ་མི་འདུག་སྟེ། (ད་ལྟ་བར་དུ་རྔམ་སྟོན་ཐེངས་༦༠༠་ལྷག་བྱས་འདུག) ཁོ་ཚོས་

དཀོན་མཆོག་ཁ་ལ་ཁྱེར་ནས་ཨ་རི་ལ་དམོད་མོ་བྱེད་པ་རེད་ལ། རྒྱལ་ཁབ་ཀྱི་དོན་དུ་ལུས་སྲོག་བཏང་བའི་དམག་མི་ལའང་དམོད་མོ་བྱེད་ པ་རེད། དེ་ལ། སྲུང་འཛིན་པའི11ཕྱོགས་སྐྱོར་ཡིན་པའི་ཧྥོལ་ཁི་སེ་བརྙན་འཕྲིན་གྱི་མདོ་འཛིན་པ་སྦིལ་ཨོ་རེ་ལི་སོགས་ཀྱིས། མི་དེ་ཚོ“སྨྱོན་

པ”རེད། “གླེན་ལྐུག”རེད། ཅེས་མཐའ་གཅིག་ཏུ་བཤུང་གིན་འདུག་ཅིང་། དེ་ཚོའི་ཚད་འདས་སྨྱོ་ཧམ་གྱི་བྱ་བྱེད་དེ་དད་ལྡན་གཞན་དག་ མང་ཤ ོས་ཀྱི་བློ་ངོར་འབབ་པ་ལྟ་ཞོག ཐ་ན་དེ་ཚོའི་ཐོག་ལ་ཞེ་སྡང་ལངས་ཀྱི་ཡོད་པ་རེད།

དེ་ལྟར་ཡང་། ཆོས་ཚོགས་དེར་ནག་ཉེས་མེད་པར་ཁྲུན་ཐག་བཅད་པ་ལ། དབུ་བཞུགས་ཁྲིམས་དཔོན་ཆེན་མོ་རྗོན་ར་སྦེར་ཚི་ཡིས་

བྱེ་བྲག་གི་རྒྱུ་མཚན་བཀོད་པ་གཤམ་གསལ་ལྟར། དེ་ཡང་།

དང་པོ། ཆོས་ཚོགས་དེས་རྒོལ་གཏམ་གཏོང་བའི་གནད་དོན་དེ་དག་ནི། མི་མང་སྤྱི་པའི་དོ་ཁུར་བྱ་གཞི་རང་རེད། ལར་ཁོ་ཚོའི་སྐད་

ཆ་བཤད་ཕྱོགས་ཚུལ་ལྡན་ཞིག་མ་ཡིན་ནའང་། ཁོ་པ་ཚོས་ནན་ཏན་དུ་བརྣན་པའི་གནད་དོན་དེ་དག ཨ་རི་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་དང་ ཨ་རིའི་མི་མང་གི་ཀུན་སྤྱོད་ལ་འབྲེལ་ཡོད་ཅིང་། མཐར་གཏུགས་ན་རང་རེའི་རྒྱལ་ཁབ་ཀྱི་ལས་སྐལ་དང་འབྲེལ་འདུག་སྟེ། ནང་སྒོས་སུ་

དམག་དཔུང་གི་དམག་མིའི་བར་འབྱུང་གིན་པའི་རྟགས་མཚུངས་དགའ་མགུའི་བྱ་བྱེད་དང་། ཡེ་ཤུ་གནམ་བདག་པའི་བླ་མ་རྣམ་པའི་ཚུལ་ ཁྲིམས་འཆལ་བའི་མངན་མཚང་སོགས་ནི། མི་མང་སྤྱི་པའི་གླེང་གཞི་རྐྱང་རྐྱང་རེད།

81

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

གཉིས་པ། ཆོས་ཚོགས་དེ་དང་དམག་མི་དེའི་ནང་མིའི་བར་བྱུང་བའི་དོན་དག་དེ། ཁོ་ཚོ་མི་སྒེར་བར་གྱི་གྱོད་ཅིག་མ་རེད།

གསུམ་པ། ཆོས་ཚོགས་དེའི་རྔམ་སྟོན་པ་ཚོར་ས་དེ་རུ་རྒོལ་གཏམ་གཏོང་བའི་ཐོབ་ཐང་ཡོད་པ་རེད། གང་ཡིན་ཞེ་ན། ཁོ་ཚོས་ཡིག་

བྱང་བཟུང་བསྡད་ས་ནས། དམག་མི་དེ་དུར་འཇུག་བྱེད་སའི་བར་དུ་སྨི་༣༣༠་ལྷག་ཡོད་(བར་ཐག་འདང་ངེས་ཡོད་འདུག)་ཅིང་། ཁོ་ཚོའི་ རྒོལ་གཏམ་དེ་ཡང་དྲག་ཤུགས་ཀྱི་བྱ་བྱེད་ཀྱིས་བཏང་བ་ཞིག་མིན་པའི་ཁར། ཉེན་རྟོག་ལས་ཁུངས་ཀྱི་གཏན་ཕབ་ལྟར་ཁྲིམས་དང་མཐུན་ པའི་ལམ་ནས་བཏང་བ་ཞིག་རེད་པས་སོ།།

སོ་སོའི་ལྟ་གྲུབ་ལྟར་ན། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ད་ལྟའི་ཁྲིམས་དཔོན་ཆེན་མོ་དགུ་བོའི་ནང་ནས། མི་ལྔ་ནི་སྲུང་འཛིན་

པའི་ཕྱོགས་སྐྱོར་རེད་ལ་གཞན་བཞི་ནི་རང་དབང་པའི12ཕྱོགས་སྐྱོར་རེད། དེ་ཡིན་ཀྱང་། ད་རེས་ཀྱི་གྱོད་གཞི་དེ་ཁྲུན་ཐག་གཅོད་སྐབས་སུ་

གཡས་གཡོན་འཐེན་འཁྱེར་གྱི་དབང་དུ་མ་གྱུར་པར། རང་དབང་པའི་ཕྱོགས་སྐྱོར་ཁྲིམས་འཛིན་བཞི་བོས་སྲུང་འཛིན་པའི་ཕྱོགས་སྐྱོར་དབུ་ བཞུགས་ཁྲིམས་དཔོན་ཆེན་མོའི་ཁྲུན་བཅད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་འདུག ལྡོག་སྟེ། སྐབས་སྔོན་མའི་ཨ་རིའི་སྲིད་འཛིན་སྦུ་

ཞི་ཡིས་མིང་འདོན13བྱས་པའི་སྲུང་འཛིན་པའི་ཕྱོགས་སྐྱོར་ཁྲིམས་དཔོན་གཉིས་(གཞན་གཅིག་དེ་དབུ་བཞུགས་ཁྲིམས་དཔོན་རྗོན་ར་སྦེར་

ཚི་རེད)་ལས། ས་མྱེལ་ཨ་ལིས་ཀྲོ་ཡིས་ད་རེས་ཁོ་ཚོ་དང་མི་མཐུན་པའི་བསམ་འཆར་བཏོན་འདུག་པས། ཁོ་ནི་མི་དགུ་བོའི་ནང་ནས་ངོ་ རྒོལ་བྱེད་མཁན་གཅིག་པུ་དེ་ཆགས་པ་རེད། ཁོས་ངོ་རྒོལ་གྱི་བསམ་འཆར་ཡི་གེ་རུ། མངོན་ལྐོག་མེད་ལ་འཁྲུག་ཆ་དོད་པོར་སྤྱི་པའི་གྲོས་

དོན་རྩོད་བསྡུར་ཐུབ་པའི་སྤྱི་ཚོགས་ཤིག་ཡོད་དགོས་ན། ཉེས་མེད་དུ་གནོད་འཚེ་ཕོག་པའི་མི་ལ་ཚིག་མཚོན་གདུག་པོ་འདེབས་པར་ལམ་ ཡངས་བྱེད་མི་རུང་ལ། ལམ་ཡངས་བྱེད་པའི་དགོས་པའང་མེད་དོ།། བཀག་ཆ་མེད་པར་རང་མོས་སུ་རྩོད་བསྡུར་ཐུབ་པ་ལ་ང་ཚོའི་རྒྱབ་སྐྱོར་

ཡོད། འོན་ཀྱང་དེ་ནི་ང་ཚོས་ཚིག་མཚོན་མ་རུངས་པ་ལ་ལམ་ཡིག་སྤྲོད་པ་ཡེ་མིན་ནོ།། ཞེས་བྲིས་འདུག མི་མང་གི་དགའ་བསུ་ཡོད་པའི་

སྲུང་འཛིན་པའི་ཕྱོགས་སྐྱོར་མཁན་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་ཟུར་པ། ཨ་ལ་སི་ཁ་མངའ་སྡེའི་སྤྱི་ཁྱབ་ཟུར་པ་ཕེ་ལེན་གྱིས་ཀྱང་ སོ་སོའི་ཀྲི་ཝ་ཀྲེར14དུ། ཆེས་མཐོའི་ཁྲིམས་ཁང་གི་དཔྱད་མཚམས་དེ་གནས་ལུགས་དང་ཡོངས་སུ་མཐུན་པ་ཞིག་མ་རེད། ཅེས་བཤད་

འདུག

……

ཨ་རི་པས་གཏམ་བརྗོད་རང་དབང་ལ་རྩིས་ཆེན་བྱེད་པ་དེ། གསར་ཤོག་ཆེ་གྲས་ཁག་གིས་གྱོད་དོན་དེར་དོ་ཁུར་བྱེད་པ་ལས་ཀྱང་

མཐོང་ཐུབ་པ་རེད། <<ནེའུ་ཡོག་དུས་བབ>>་སོགས་གཡོན་རུའི་གསར་ཤོག་དག་གིས། ནམ་རྒྱུན་ཆོས་ཚོགས་ལ་ཇི་མི་སྙམ་པར་དེ་ སྣང་མེད་དུ་སྐྱུར་ཅིང་། རྟགས་མཚུངས་གཉེན་སྡེབ་པའི་ཁེ་དབང་ལ་ནི་དེ་ལྟ་མ་ཡིན་པར་རྒྱབ་སྐྱོར་ཅུང་ཟད་རེ་བྱེད་ཀྱི་ཡོད་རུང་། ད་རེས།

གསར་ཤོག་ཆེ་གྲས་དེ་དག་ཚང་མ་ཁ་གཅིག་གྲགས་ཀྱིས་ཁྲིམས་དཔོན་ཆེན་མོ་མང་ཤ ོས་ཀྱི་ཁྲུན་བཅད་ལ་རྒྱབ་སྐྱོར་བྱས་འདུག གྱོད་གཞི་

དེ་ཁྲུན་ཐག་མ་བཅད་གོང་དུ། “གསར་འགྱུར་རང་དབང་གི་གསར་འགོད་པའི་མཐུན་ཚོགས”དང་། <<ནེའུ་ཡོག་དུས་བབ>>སོགས་ ཨ་རིའི་སྐད་གྲགས་ཅན་གྱི་གསར་འགོད་ལྷན་ཚོགས་༢༡་གིས་མིང་ཡིག་མཉམ་བཀོད་ཀྱི་གསལ་བསྒྲགས་ཤིག་སྤེལ་ཏེ། ཆོས་ཚོགས(ཀྱི་ གཏམ་བརྗོད་རང་དབང་)ལ་རྒྱབ་གཉེར་བྱས་འདུག་པ་རེད། ……

ཨ་རིའི་ཁྲིམས་ནི“གྱོད་དཔེ15གཞིར་འཛིན་གྱི་ཁྲིམས”རེད་དེ། ཁྲིམས་ཁང་གི་གྱོད་དཔེ་ནི་དེ་དང་རིགས་གཅིག་པའི་གྱོད་དོན་གཞན་

དག་ཁྲུན་གཅོད་ཀྱི་ཚད་གཞི་ཡིན་པ་རེད། དེར་གཞིགས་ན། ཨ་མེ་རི་ཁ་རུ་དབང་ཆ་ཆེ་ཤོས་ལྡན་པའི་མི་དེ་རྒྱལ་ཁབ་ཀྱི་སྲིད་འཛིན་མ་

ཡིན་པར། ཁྲིམས་དཔོན་ཆེན་མོ་དེ་དགུ་བོ་རེད། གང་ཡིན་ཞེ་ན། ཁོ་ཚོས་ཁྲུན་ཐག་བཅད་པ་ནི་མཐའ་མའི་དཔྱད་མཚམས་ཏེ། སུ་ལའང་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

82


ཚུར་ལེན་དང་བློ་དཔྱོད།

དེ་ཁྲ་སློག་གི་དབང་ཆ་མེད་པས་མི་ཚད། གང་དེ་ད་ཕྱིན་གྱི་གྱོད་དོན་དེ་རིགས་ཁྲུན་གཅོད་ཀྱི་ཚད་གཞིར་འགྱུར་འགྲོ་བས་རེད། གཞན་ད་ དུང་། ད་རེས་ཀྱི་ཁྲུན་བཅད་དེ། ཨ་རིས་གཏམ་བརྗོད་རང་དབང་ལ་སྲུང་འགེབས་བྱས་པའི་རྡོ་རིང་གཞན་ཞིག་ཏུ་ངོས་འཛིན་གྱི་འདུག 1.གསལ་བཤད། རྩོམ་ཡིག་འདིར་བྱུང་བའི་ཁྲིམས་ཀྱི་བརྡ་ཆད་དག་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༠༢་ལོར་དཔེ་སྐྲུན་བྱས་པའི།

མཛོད>>ལ་བསྟུན་ཡོད།

<<རྒྱ་བོད་ཁྲིམས་ལུགས་ཚིག་

2.མངའ་སྡེ་མཉམ་འབྲེལ། རྒྱ་ནག་སྐད་དུ་联邦་ཟེར། 3.ཁྲུན་གཅོད། རྒྱ་ནག་སྐད་དུ་裁决་ཟེར།

4.ཞིབ་གཅོད། རྒྱ་ནག་སྐད་དུ་审理་ཟེར།

5.གཟུ་དཔང་ལྷན་ཚོགས། རྒྱ་ནག་སྐད་དུ་陪审团་ཟེར།

6.ཁ་མཆུ་ཤོར་བ། རྒྱ་ནག་སྐད་དུ་败诉་ཟེར། ཁ་མཆུ་ཐོབ་པ། རྒྱ་ནག་སྐད་དུ་胜诉་ཟེར། 7.གོང་གཏུག རྒྱ་ནག་སྐད་དུ་上诉་ཟེར།

8.ཁྲ་སློག ཁྲིམས་ཀྱི་བརྡ་ཆད་དེ། རྒྱ་ནག་སྐད་དུ་推翻་ཟེར། དཔེར་ན། ཞུ་ཚིག་ཁྲ་སློག་ལ་推翻口供་ཟེར་བ་རེད། 9.དཔྱད་མཚམས། རྒྱ་ནག་སྐད་དུ་判决་ཟེར། 10.དགེ་སྐུལ། རྒྱ་ནག་སྐད་དུ牧师ཟེར།

11.སྲུང་འཛིན་པ། རྒྱ་ནག་སྐད་དུ་保守派་ཟེར། ཨ་རིའི་སྲུང་འཛིན་པས་སྲིད་དོན་ཐད་གཡས་རུའི་ལྟ་བ་འཛིན་ཞིང་། ཁོ་ཚོའི་སྲིད་ཚོགས་ལ་སྤྱི་མཐུན་ཚོགས་པ་སྟེ། རྒྱ་ནག་སྐད་དུ་ 共和党་ཟེར་བ་རེད། 12.རང་དབང་པ། རྒྱ་ནག་སྐད་དུ་自由派་ཟེར། ཨ་རིའི་རང་དབང་པས་སྲིད་དོན་ཐད་གཡོན་རུའི་ལྟ་བ་འཛིན་ཞིང་། ཁོ་ཚོའི་སྲིད་ཚོགས་ལ་དམངས་གཙོ་ཚོགས་པ་སྟེ། རྒྱ་ནག་སྐད་ དུ་民主党་ཟེར་བ་རེད།

13.མིང་འདོན། རྒྱ་ནག་སྐད་དུ་提名་ཟེར།

14.ཀྲི་ཝ་ཀྲེར། དབྱིན་ཇིའི་སྐད་དུ་twitter་ཟེར་ལ། རྒྱ་ནག་སྐད་དུ་推特་ཞེས་སྒྲ་བསྒྱུར་བྱས་འདུག 15.གྱོད་དཔེ། རྒྱ་ནག་སྐད་དུ་案例་ཟེར།

83

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

མི་རིགས་སློབ་གསོའི་དུམ་ཚན་ཁོལ་བྱུང་མ།

སྨན་བླ་སྐྱབས་ཀྱིས་བསྒྱུར།

རྩ་གནད།

2010-2020ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་

༢༠༡༠-༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་

གནད༽ཅེས་པའི་ཡིག་ཆའི་ནང་གི་མི་རིགས་སློབ་གསོའི་དུམ་ཚན་ཁོལ་དུ་ཕྱུང་བ་གཤམ་གསལ།

11. མི་རིགས་སློབ་གསོ། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་སྒྲིག་

ཁྲིམས་ལག་བསྟར་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་མི་རིགས་སློབ་གསོའི་བྱ་བར་ཤུགས་སྣོན་དང་། རང་ཞིང་གི་གྲངས་ཉུང་མི་རིགས་

དང་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་བར་འཕྲད་པའི་དམིགས་བསལ་དཀའ་ཁག་དང་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་ཀྱིས་

སྒྲིག་གཞི་བཅོས་བསྒྱུར་དང་སྒྲིག་བཀོད་ལེགས་སྒྱུར། སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས། སློབ་གྲྭའི་དོ་དམ་ཆུ་ཚད་མཐོར་འདེགས། སློབ་

སྒྲུབ་ཕན་འབྲས་ལ་ཤུགས་སྣོན་བཅས་བྱ་དགོས། ནུས་ཤུགས་ཆེན་པོས“སྐད་གཉིས”སློབ་ཁྲིད་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་

འདེད་བྱེད་དགོས། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེས་སློབ་ཁྲིད་བྱེད་པ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་ ། དེའི་མཚུངས་སུ་མི་རིགས་ཀྱི་སྐད་ཡིག་བསླབ་རྒྱུ། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་དེ་སློབ་ཁྲིད་གྱི་སྐད་ཆར་བཞག་ སྟེ། གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཐུན་མོང་གིས་སྤྱོད་པའི་སྐད་དང་ཡི་གེ་དང་མི་རིགས་རང་གི་སྐད་དང་ཡི་གེ་གཉིས་ལ་ ཅུང་བྱང་ཆ་ཡོད་པར་བྱེད་དགོས། མི་རིགས་ས་གནས་ཁག་ཏུ་སློབ་ལོ་མ་རན་གོང་གི༼སྐད་གཉིས༽ཅན་གྱི་བུ་བཅོལ་ཁང་འཛུགས་པར་

རྒྱབ་སྐྱོར་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་ཀྱི་བུ་བཅོལ་ཁང་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་

ཀྱི་བྱིས་པ་མཉམ་བསྲེས་འཛིན་གྲྭ་འཛུགས་རྒྱུ་སྐུལ་སྤེལ་བྱ་རྒྱུ། རོགས་སྐྱོར་ཡོད་པའི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་རོགས་

བརྩོན་ལེན་གྱིས༼སྐད་གཉིས༽བུ་བཅོལ་ཁང་གི་མ་དཔེ་སྐོར་ཞིག་གསར་འཛུགས་བྱ་རྒྱུ། མི་རིགས་སློབ་འབྲིང་དང་སྤྱིར་བཏང་གི་སློབ་གྲྭ་

ཆུང་འབྲིང་རྣམས་ཀྱིས་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་དང་རྒྱ་རིགས་སློབ་གྲྭ་མཉམ་ བསྲེས་བྱེད་རྒྱུ་ལག་བསྟར་དང་། སློབ་ཁྲིད་ཁོར་ཡུག་བསྒྱུར་བཅོས་དང་། གསོ་སྐྱོང་གི་རྣམ་པ་ཇེ་ལེགས་སུ་གཏོང་དགོས།

སྐད་གཉིས༽

བསླབ་གཞི་དང་དགེ་རྒན་གསོ་སྐྱོང་ཟབ་སྦྱོང་གི་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ། 2015ལོའི་བར་དུ། སློབ་ཆུང་ཁག་ཏུ་རྒྱལ་

ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་གཙོ་བོ་དང་མི་རིགས་རང་གི་སྐད་དང་ཡི་གེ་ཕལ་བ་ཡིན་པའི༼སྐད་གཉིས༽སློབ་ཁྲིད་མངོན་

འགྱུར་བྱ་རྒྱུ་དང་། དེ་དང་མཉམ་དུ་གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང་སློབ་མར་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེས་སློབ་

ཁྲིད་བྱ་རྒྱུ་དང༌། དེའི་ཁར་མི་རིགས་རང་གི་སྐད་དང་ཡི་གེ་སློབ་ཁྲིད་བྱ་རྒྱུའི༼སྐད་གཉིས༽སློབ་གསོའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ དགོས། མི་རིགས་ཆེད་སྦྱོང་སློབ་གསོར་ཤུགས་སྣོན་བྱེད་པ། གཞི་རྒྱ་ཅན་དང་། ཚད་ལྡན་ཅན་གྱི་ཐབས་ལམ་སྤྱད་དེ། རང་ཞིང་གི་ཆེད་

སྦྱོང་སློབ་གསོའི་ཐོན་ཁུངས་ལ་བསྟུན་ནས་གྲངས་ཉུང་མི་རིགས་ཀྱི་ཚད་མཐོའི་ཤེས་ཡོན་ཅན་གསོ་སྐྱོང་སྤུས་ཚད་མཐོར་འདེགས་བྱེད་ དགོས། དམིགས་བསལ་སྲིད་ཇུས་གཏན་འབེབ་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གྲངས་ཉུང་མི་རིགས་ས་ཁུལ་དུ་སོང་ནས་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

84


བདག་དབང་དང་སྲིད་ཇུས།

དགེ་རྒན་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ། གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་རྒྱང་ཁྲིད་སློབ་གསོར་རྒྱབ་སྐྱོར་དང་།

སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཁྱབ་ཚད་རྒྱ་བསྐྱེད་གཏོང་རྒྱུ། ཞིང་ཆེན་ཕྱི་ནང་གི་ས་ཆ་གཞན་དུ་སློབ་གྲྭ་བསྒྲུབས་ཚད་དང་། འཛིན་ གྲྭ་བསྒྲུབས་ཚད་ཇེ་རྒྱས་སུ་བཏང་སྟེ། ཟི་ལིང་ས་ཁུལ་དུ་ཆུ་ཚད་མཐོ་བའི་མི་རིགས་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭ་བསྒྲུབ་ རྒྱུ། རོགས་སྐྱོར་ཡོད་པའི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དུ་རང་ཞིང་གི་མི་རིགས་སློབ་འབྲིང་དཀྱུས་མའི་འཛིན་གྲྭ་དང་མི་རིགས་སློབ་

འབྲིང་ལས་རིགས་འཛིན་གྲྭ་བསྒྲུབ་རྒྱུ། 2015ལོའི་བར་དུ། ཞིང་ཆེན་ཕྱིའི་ས་ཆ་གཞན་དུ་སློབ་གྲྭར་ཞུགས་ཚད་ཀྱི་མི་གྲངས་བསྡོམས་

པས 6000 ཡན་ལ་སླེབས་ཐུབ་པ་བྱ་རྒྱུ་དང་། 2020ལོའི་བར་དུ། ཞིང་ཆེན་ཕྱིའི་ས་ཆ་གཞན་དུ་སློབ་གྲྭར་ཞུགས་ཚད་ཀྱི་མི་གྲངས་ བསྡོམས་པས12000ཡན་ལ་་སླེབས་ཐུབ་པ་བྱ་རྒྱུ། །

མདོ་སྨད་པ་སྨན་བླ་སྐྱབས་ཀྱིས་དེང་གི་ཡིག་ཆ་འགྱུར་སྟངས་སྟབས་བསྒྱུར་བྱས་པ་སྟེ། རྒྱ་ཡིག་ཤེས་མཁན་ཚོ་གཤམ་གྱི་དྲ་གནས་སུ་ཕེབས་

ཏེ་མ་ཕྱི་ལ་གཟིགས་རོགས།

http://www.qhnews.com/index/system/2010/09/17/010199743_03.shtml

ན་གཞོན་གསར་བའི་དྲ་བ་ལས་བཤུས།

85

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

བདག་དབང་ཤ ོར་བའི་བདག་པོ།

རྩོམ་པ་པོ/ཞོགས་ལྗང་།

དང་པོ། སྐད་ཡིག་དང་མི་རིགས།

ཁ་སང་དེ་རིང་བོད་ཁུལ་གྱི་ས་ཆ་སོ་སོའི་བོད་རིགས་སེར་སྐྱ་ཚང་མར་སེམས་ཁུར་ཆེན་པོ་ཞིག་གམ། ན་ཟུག་བཟོད་མེད་ཅིག་ཡོད་

པ་ནི“སྐད་གཉིས་སློབ་གསོ”ཞེས་པའི་སྲིད་ཇུས་གསར་བ་འདི་རེད། སྲིད་ཇུས་འདི་ནི་སྲིད་གཞུང་གི་འགོ་བ་ཆེ་གེ་མོས་ཆེད་དུ་བཟོས་པ་ ཞིག་ཡིན་པར་སྒྲོག་ཅིང་། དེ་ཡང་མི་སྒེར་གྱི་ཁེ་ཕན་དང་དམིགས་ཡུལ་གྱི་ཆེད་དུའམ། ཡང་ན། སྔ་མོ་ནས་གྲ་སྒྲིག་བྱས་པའི་མངོན་སུམ་ གྱི་མདའ་མོ་གཟས་ཐག་ཆོད་པ་ཞིག་ཡིན་མིན་བདག་གིས་ཁ་ཚོན་མི་ཆོད་མོད། དེ་ཡི་རྒྱུད་ལ་ཞིབ་ཀྱིས་བལྟས་ན། ཤིན་ཏུ་ནས་ལྟས་ ལེགས་པོ་ཞིག་མིན་པ་མངོན་སུམ་གསལ་རྗེན་རེད།

ཏག་ཏག་བཤད་ན། སྐད་ཡིག་ནི་མི་རིགས་ཤིག་གི་སྙིང་ཁར་ཟུག་པའི་དབང་རྩ་ཞིག་ཡིན་ཞིང་། དབང་རྩ་གང་དེར་གནོད་སྐྱོན་ཅི་

རིགས་བྱུང་ན་མི་རིགས་དེའི་ཚེ་སྲོག་ལ་གནོད་སྐྱོན་དེ་རིགས་འབྱུང་ངེས་རེད། གནའ་ནས་ད་ལྟའི་བར་དུ་རིག་གནས་མིའི་རིགས་རིག་པ་

མཁན་དག་གིས་སྐད་ཡིག་ལ་ཞིབ་འཇུག་བྱས་པའི་རྒྱུ་རྐྱེན་གཙོ་བོ་ཡང་འདི་ཉིད་ཡིན་ངེས་ཏེ། སྐད་ཡིག་གིས་མི་རིགས་གང་དེའི་ཁྱད་ཆོས་

གཙོ་བོ་སྟོན་ཐུབ་པས་སོ། ། སྤྱིར་བཏང་དུ། མི་རིགས་རེ་རེ་ལ་ཐུན་མོང་མ་ཡིན་པའི་སྐད་ཡིག་རེ་རེ་ཡོད་པས། ཚད་ངེས་ཅན་ཞིག་གི་ སྟེང་ནས་བཤད་ན། སྐད་ཡིག་ནི་མི་རིགས་ཀྱི་ཚབ་རྟགས་རེད་ཅེས་བརྗོད་ཀྱང་འགལ་ཆ་ཆེར་མེད་པར་འདོད། ཀྲུང་གོའི་སྲིད་གཞུང་གིས་

དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བ་ནས་བཟུང”མི་རིགས་དབྱེ་འབྱེད”ཀྱི་ལས་ཀའི་ཁྲོད་ནས་སྐད་ཡིག་གི་ཁྱད་རྟགས་དེ་གཙོ་བོར་བཟུང་ ཞིང་། ཐ་ན་མི་རིགས་མང་བོ་ཞིག་གི་རིག་གནས་འདྲ་མཚུངས་སུ་སྣང་ཡང་སྐད་ཆར་བརྟེན་ནས་མི་རིགས་སོ་སོ་བར་བཀར་བ་ནི་ང་ཚོའི་

གསོན་དཔེ་ཞིག་རེད། རིག་གནས་མིའི་རིགས་རིག་པའི་ཞིབ་འཇུག་པ་དག་གི་བཤད་ཚུལ་ལྟར་ན། མི་རིགས་ཤིག་ལ་ཞིབ་འཇུག་བྱ་

དགོས་ཚེ། དེའི་སྐད་ཡིག་ནི་ཆེས་མེད་དུ་མི་རུང་བའི་ལག་ཆ་འབའ་ཞིག་རེད་ཟེར། གལ་ཏེ་དེ་ལྟར་ཡིན་ན། ད་ལྟ་འཛམ་གླིང་ཡུལ་གྲུ་སོ་ སོར་བོད་རིག་པར་ཞིབ་འཇུག་བྱེད་མཁན་མང་དུ་འགྲོ་ཞིང་། ང་ཚོ་ཡང“གནའ་རྫས”བཟང་གྲས་ཤིག་ཏུ་བརྩི་བཞིན་འདུག་པས། ང་ཚོའི་

སྐད་ཡིག་ནི་འཛམ་གླིང་རིག་གནས་ཞིབ་འཇུག་གི་ཁྱབ་ཁོངས་སུ་བཞག་ནས་བཤད་ན། ཇི་འདྲའི་རིན་ཐང་རྨད་དུ་བྱུང་བའི་ནོར་བུ་རིན་

པོ་ཆེ་ཞིག་རེད་ཨང་། འདི་ལྟ་བུའི་ནོར་བུ་ཞིག་རྨེག་མེད་དུ་གཏོང་བར་རྩོམ་པ་ནི། དོན་ལ་འཛམ་གླིང་རིག་གནས་ལ་འཇབ་རྒོལ་བྱེད་པའི་ སྦྱོར་བ་བརྩམས་པ་ཁོ་ན་ཉིད་རེད། དུས་རབས་ཉེར་གཅིག་པར་འདི་ལྟ་བུའི་བླུན་རྨོངས་རྗེས་ལུས་ཀྱི་སྦྱོར་བ་ཞིག་ཡོད་རེ་སྐན།

འཛམ་བུ་གླིང་འདིར་སྐད་བརྡ་མི་གཅིག་པ་ཤིན་ཏུ་མང་བོ་ཞིག་ཡོད་མོད། རིག་གཞུང་ཁྱབ་ཁོངས་ནས་ད་ལྟ་ང་ཚོར་ཐག་ཆོད་ཀྱི་

བསྡོམས་ཚིག་ཅི་ཡང་ཐོབ་མི་འདུག ལ་ཤས་ཀྱིས་རིགས་སྟོང་ཕྲག་བརྒྱད་དགུ་ཙམ་ཡོད་པར་བཤད་ཅིང་། ལ་ཤས་ཀྱིས་རིགས་སྟོང་ཕྲག་

གཉིས་གསུམ་ཙམ་ཡོད་པར་བརྗོད། གང་ལྟར་སྐད་ཆ་དང་སྐད་བརྡ་གཉིས་ཀྱི་དབྱེ་མཚམས་གསལ་བོ་ཞིག་ཕྱེ་མ་ཐུབ་པས། དེ་ལ་གྲངས་ ཚོད་འཛིན་པ་ནི་དུས་ཡུན་ཐུང་ཐུང་ཞིག་དང་མི་སྒེར་རེ་འགའ་ཞིག་གིས་འགྲུབ་འགྲོ་བ་ཞིག་རྦད་དེ་མ་རེད་དོ། ། ཡིན་ན་ཡང་། ད་ལྟ་

འཛམ་གླིང་གི་སྐད་རིགས་ཇེ་ཉུང་དུ་འགྲོ་བཞིན་པར་མཁས་པ་མང་བོ་ཞལ་མཐུན་ཡིན་ཞིང་། བོད་སྐད་ཡིག་ཀྱང་འཛམ་གླིང་སྐད་ཡིག་གྲས་

ཀྱི་གཅིག་ཡིན་ན། ང་ཚོ་ཚང་མས་དེའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ནི་བོད་སྐད་ཡིག་ཙམ་གྱི་ཆེད་མ་རེད་ལ། དེ་ཉིད་རྨེག་མེད་དུ་བཟོས་ པ་ཡང་དེ་ག་ཙམ་ག་ལ་ཡིན།

ལྷག་པར་དུ། སྐད་བརྡ་ནི་བསམ་གཞིགས་ཀྱི་ལག་ཆ་ཞིག་རེད་ལ། བསམ་གཞིགས་ནི་ནམ་ཡང་སྐད་བརྡ་དང་འབྲལ་ཐབས་

སྤྱིའི་དེབ་གྲངས་ཉེར་གསུམ་པ།

86


བདག་དབང་དང་སྲིད་ཇུས།

མི་འདུག མི་རིགས་ཤིག་གི་སྐད་བརྡའི་སྟེང་ནས་མི་རིགས་དེའི་བསམ་གཞིགས་ཀྱི་མ་ལག་ཅིག་རྙེད་ཅིང་། མི་རིགས་ཤིག་གི་བསམ་

གཞིགས་ཀྱིས་མི་རིགས་དེའི་རིག་གནས་བསྐྲུན་པ་རེད། འདི་ནི་སྤྱིར་བཏང་གི་རིགས་རྟོག་ཙམ་རེད། ལར་རིག་གནས་དང་སྐད་བརྡའི་ དབར་གྱི་འབྲེལ་བ་ནི་རྩོད་སྒྲུབ་ཅིག་སྟེ། ཕྱོགས་གཅིག་ནས་རིག་གནས་ཀྱིས་སྐད་བརྡ་ལ་ཚོད་འཛིན་བྱེད་ཀྱིན་ཡོད་ཀྱང་། ཕྱོགས་གཞན་

ཞིག་ནས་སྐད་བརྡས་རིག་གནས་ལ་ལྡོག་པའི་ནུས་པ་ཐོན་གྱིན་འདུག དཔེར་ན། སྐད་བརྡ་ལ་བརྟེན་ནས་རིག་གནས་བརྒྱུད་སྒྲོག་དང་ གསར་འཛུགས་སོགས་བྱེད་ཐུབ། དེ་བས། མི་རིགས་གང་ཞིག་གི་སྐད་ཡིག་ལ་གས་ཆག་ཅུང་ཙམ་ཤོར་ཚེ། མི་རིགས་དེའི་རིག་གནས་

ལ་གས་ཆག་ཤོར་བ་ཡིན་ཞིང་། མི་རིགས་ཤིག་གི་རིག་གནས་ལ་གས་ཆག་ཤོར་བ་ནི་མི་རིགས་དེ་ཉིད་ཀྱི་འཇིག་ཉེན་དང་འབྲེལ་བའི་དོན་

དག་ཆེན་པོ་ཞིག་རེད། བལྟས་བལྟས་རིག་རིག་ལ་རང་མི་རིགས་འཇིག་པར་བྱེད་པའི་མི་ཞིག་སྤྱིར་བཏང་དུ་ཡོད་མི་སྲིད་ཅིང་། བརྒྱ་ལ་དེ་ ལྟ་བུ་རེ་གཉིས་ཡོད་ཀྱང་ཀླད་རྩ་གང་ལ་སྐྱོན་ཤོར་ཡོད་པ་ཞིག་ལོས་ཡིན་ཨང་།

ཉེ་སྔོན་ལག་བསྟར་བྱེད་འགོ་བརྩམས་པའི་སྲིད་ཇུས་དེས་ནི་བསམ་བཞིན་དུ་ང་ཚོའི་མི་རིགས་ལ་འཇིག་ཉེན་བཟོས་པ་རེད་དེ། བོད་

རིགས་ས་ཁུལ་དུ་བོད་ཀྱི་སྐད་ཡིག་ཕལ་བར་འཇོག་དགོས་ཟེར་ན་དེ་ལྟ་བུའི་ཀླད་རྩ་མ་ཚང་བའི་སྦྱོར་བ་ཞིག་གང་དུ་ཡོད་དམ། འགྲོ་བ་ མིའི་རིགས་ཀྱི་ལོ་རྒྱུས་ལས་གསལ་བོར་མཐོང་བ་ནི། མི་རིགས་ཤིག་ལ་རིག་གནས་གང་ཞིག་བརྒྱུད་སྒྲོག་བྱེད་དགོས་ན་ཐོག་མར་མི་

རིགས་དེའི་སྐད་ཡིག་ལ་བརྟེན་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དེའི་གསོན་དཔེ་ང་ཚོར་ཡོད་པ་རེད། སྔོན་ཐུབ་བསྟན་བོད་དུ་འདྲེན་སྐབས་ནུབ་ བོད་ལོ་ཙཱ་མང་བོས་ཐུབ་བསྟན་བོད་སྐད་དུ་བསྒྱུར་བ་ནི་གཞི་འདི་ཉིད་གསལ་རྗེན་དུ་གཟིགས་པས་རེད། གལ་ཏེ། ཁོ་ཚོས་གནས་ལུགས་

འདི་ཉིད་ཡན་གར་དུ་དོར་ནས། རྒྱ་གར་བའི་སྐད་ཀྱི་སྟེང་ནས་བརྒྱུད་བསྒྲགས་བྱས་ཡོད་ཚེ། རིག་གནས་འདི་ཉིད་བོད་དུ་དར་ཐུབ་མིན་ནི་ ང་ཚོའི་བློ་ཡིས་དཔོགས་ནུས་པ་དེ་རེད། དེ་བཞིན་དུ། “མི་རིགས་གང་ཞིག་རྨེག་མེད་དུ་བཟོ་དགོས་ན་ཐོག་མར་དེའི་སྐད་དང་ཡི་གེ་རྨེག་ མེད་དུ་བཟོ་དགོས”ཞེས་པའི་གཏམ་དེ་ད་ལྟ་ས་ཁྱབ་རྡོ་ཁྱབ་ཡིན་པ་དེ་བཞིན་རེད། འདི་ལས་ང་ཚོས་སྐད་ཡིག་གི་གལ་ཆེན་རང་བཞིན་

གསལ་བོར་མཐོང་འོང་བ་རེད། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་དེ་ཉིད་ཀྱི་སྐད་ཡིག་ཕལ་བར་ཞོག་ཟེར་ན། གནས་སྐབས་སུ་མི་

རིགས་དེ་ཉིད་བསམ་བཞིན་དུ་རྗེས་ལུས་བཟོས་པ་རེད་དེ། སྐད་རིགས་གཞན་ཞིག་ལ་བརྟེན་ནས་སྲིད་ཇུས་གང་ཞིག་སྤེལ་དགོས་ཚེ། དེ་ ནི་དུས་ཚོད་དལ་འགོར་བྱས་པ་ཙམ་ལས་མ་འདས་ཤིང་། ཕུགས་སུ་མི་རིགས་དེ་ཉིད་རྩ་ནས་མེད་པར་བཟོས་པ་རང་ཡིན་པས། དེ་ལྟ་བུའི་ སྲིད་ཇུས་ནི་ཉིས་སྟོང་བརྒྱད་ཀྱི་སྐད་ཆ་ཞིག་གཡར་ན“རྡུང་གཅོག་འཕྲོག་བསྲེག”དངོས་མ་ཞིག་རེད།

འུ་ཚོས་སྐད་གདངས་མཐོན་པོས་བོད་མི་རིགས་ཞེས་བཤད་དགོས་མི་འདུག་སྟེ། བོད་སྐད་ཡིག་གི་ཚེ་སྲོག་ཁོ་ནའི་སྟེང་ནས་ཀྱང་

ང་ཚོར་བཟོད་དཀའ་བའི་སྡུག་བསྔལ་ཞིག་ལོས་ཡོད་ཨང་། ང་རང་མི་རིགས་ལ་དགའ་ཞེས་མ་བཤད་ཀྱང་། སྐད་ཡིག་ལ་བཟུང་བའི་རྣམ་ འགྱུར་གྱི་སྟེང་ནས་ཁྱོད་ཉིད་མི་རིགས་ལ་དགའ་མིན་དེ་གསལ་བོར་མཐོང་ཐུབ། དེ་བཞིན་དུ། “ང་ཚོས་བོད་རིགས་ལ་བདེ་སྐྱིད་སྐྲུན་གྱིན་

ཡོད”ཅེས་མ་བཤད་ཀྱང་ཆོག་སྟེ། བོད་སྐད་ཡིག་གི་སྲིད་ཇུས་སྟེང་ནས་ཀྱང་གསལ་བོར་མངོན་ཐུབ་བོ། ། དེ་འདྲ་ཡིན་པས། མི་རིགས་ ཤིག་གི་སྐད་ཡིག་ལ་རྡུང་རྡེག་བཏང་བ་ནི་དོན་ལ་མི་རིགས་དེ་ལ་རྡུང་རྡེག་བཏང་བ་འབའ་ཞིག་ལས་མ་འདས།

ཉེ་སྔོན་གྱི་སྲིད་ཇུས་དེའི་སྟེང་ནས་མང་བོ་ཞིག་གིས་མཇུག་མ་རང་ཤུ གས་ཀྱིས་བསྟན་སོང་། དེའི་ནང་དུ་མཁས་རློམ་པ་དང་དགེ་

རྒན་ཆེན་མོ། འགོ་བ། སློབ་མ་སོགས་མང་དུ་ཡོད་པ་རེད། གཤམ་ནས་ཁོ་བོས་སློབ་མ་དག་གི་ཁྲོད་ནས་དཔེ་མཚོན་ཞིག་འགོད་པར་བྱེད་ ཅིང་། དེ་ཡང་། དཔེ་མཚོན་འདི་ཉིད་ཉེ་སྔོན་མཚོ་སྔོན་བོད་ཡིག་ཟིན་བྲིས་སུ་ལེགས་འདེམ་བྱས་པའི་བརྩམས་ཆོས་ཡ་མ་ཟུང་ཞིག་ཡིན་ པས་སོ། །

87

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

གཉིས་པ། འབག་བཙོག་གི་ངོ་གདོང་།

“སྐད་གཉིས”སློབ་གསོ་ཡིས་ང་ཚོར་འཕུར་སྐྱོད་ཀྱི་གཤོགས༼གཤོག༽­­­­­ རྩལ་རྒྱས་སུ་བཅུག

འདི་ནི་འཆར་གཞི་ཅན་གྱི་རྩོམ་ཡིག་ཅིག་རེད་ལ། ཁ་བྱང་འདི་ཉིད་དྲ་ཚིགས་ལས་མཐོང་མ་ཐག བདག་སེམས་བློང་བློང་བོར་བཏང་

ཞིང་། བར་སྐབས་ཤིག་ལ་ཅི་ཡིན་འདི་ཡིན་མེད་པར་ཧད་དེ་ལུས། སྤྱིར་སྐད་གཉིས་སློབ་གསོ་ཞེས་པ་ནི་བསམ་གཞིགས་རྣལ་དུ་གཏོང་ དགོས་པའི་སློབ་གསོ་ཞིག་རེད་ལ། སློབ་གསོ་དེས་ང་ཚོར་ནུས་པ་ག་འདྲ་ཞིག་ཐོན་རྒྱུ་ཡིན་མིན་ནི་དེ་ལས་ཀྱང་སྔོན་དཔག་ལེགས་པོ་བྱ་

དགོས་པའི་དོན་ཞིག་རེད། འོ་ན་སྐད་གཉིས་སློབ་གསོ་ཡིས་ནུས་པ་ལེགས་པོ་ཞིག་ཐོན་རྒྱུ་རེད་དམ་ཟེར་ན། འདི་ལྟར་བསམ་དགོས་ འདུག ཉེ་བའི་ལོ་ངོ་མང་བོའི་རིང་དུ་ང་ཚོས་བོད་སྐད་གཙོ་བོའི་སྒང་ནས་སློབ་གསོ་བཏང་ཞིང་འོང་བ་རེད། ང་ཚོའི་སློབ་མ་རྣམས་ཀྱི་རྟོགས་ པ་ནང་ནས་སད་ཡོད་ཀྱང་རུང་ལ་མེད་ཀྱང་བླ། གང་ལྟར། བོད་སྐད་ཡིག་ཅེས་པའི་མིང་ཡིག་གསོན་ཙམ་ཞིག་ཡོད་པ་ནི་སློབ་གསོ་འདིའི་

ནུས་པ་མ་རེད་ཅེས་སུས་ཀྱང་བསྙད་དཀའ་བ་རེད། བོད་ཀྱི་སློབ་མ་རྣམས་ལ་ཤེས་བྱའི་ངོ་ཙམ་འཕྲོད་ཡོད་པ་འདི་ཡང་འདི་ཡི་བཀའ་དྲིན་ ཡིན་པ་གསལ་བོ་རེད། དེ་འདྲ་ཡིན་ཙང་། འདི་ཡི་བཀའ་དྲིན་ལ་བསམ་གཞིགས་ཨེན་ཙམ་མི་གཏོང་བར། “མཆོངས་སྐྱོད་ཆེན་པོའི”ལམ་ དུ་གོམ་ཁ་བསྒྱུར་རྒྱུ་ཟེར་བ་ནི་ལོ་རྒྱུས་ཀྱི་བསླབ་བྱ་རྒྱུད་ལ་མ་ངེས་པའི་རྟགས་ཤིག་མ་རེད་དམ།

ཁྱོད་ཀྱིས་བོད་སྐད་ཡིག་གི་ལམ་ནས་སློབ་གསོ་བཏང་བའི་འབྲས་བུ་འདི་འདྲ་ཞིག་སྟེ། བོད་ཀྱི་སློབ་མ་རྣམས་ཀྱི་རྟོགས་པ་སད་པར་

རོགས་རམ་བྱེད་ཐུབ་ཀྱིན་མི་འདུག་ཟེར་ན། འོ་ན། ད་ལྟའི་རྒྱའི་སློབ་མ་རྣམས་ཀྱི་རྟོགས་པ་སད་ཚད་ག་འདྲ་ཡིན་ནམ། འདི་ཡི་བརྒྱ་ཆའི་

གྲངས་ཚད་ཀྱང་གསལ་བོ་ཞིག་ངེས་པ་དགོས་པ་ནི་མ་མཐའི་སྔོན་འགྲོ་རེད་སྙམ། མ་གཏོགས། རྒྱའི་སྐད་ཡིག་གི་སྒང་ནས་སློབ་གསོ་ གཏོང་རྐྱང་བྱེད་པ་ནི་སློབ་གསོ་མ་ཤེས་པའི་ནག་ཉེས་ཆེན་པོ་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་ལོ་རྒྱུས་སྟེང་དུ་བཟོས་པའི་ནག་ཐིག་

བསུབ་ཏུ་མེད་པ་ཞིག་ཀྱང་ཅི་ལ་མིན། འུ་ཚོས་མཐོང་ཚོད་དུ། ད་ལྟ་ཨ་རི་སོགས་སྔོན་ཐོན་རྒྱལ་ཁབ་རེད། དེ་ན་ཁྱོད་ཀྱིས་དེ་དག་ལ་དཔེ་

བལྟས་ཏེ་རྒྱ་ཡིག་ཕལ་བར་བཞག་ནས་དབྱིན་ཡིག་གཙོ་བོར་བྱེད་དགོས་ཟེར་ན། རྒྱའི་སློབ་མ་དེ་དག་གི་མདུན་ལམ་ག་འདྲ་ཆགས་རྒྱུ་རེད་ དམ། རྒྱའི་མི་རིགས་འདི་ཉིད་མ་འོངས་པར་ག་འདྲ་ཆགས་རྒྱུ་རེད་དམ། འདི་འདྲའི་མཚུངས་དཔེ་ཞིག་ལ་བསམ་གཞིགས་མི་བྱེད་པར། རང་གི་ཤིང་ཕོར་ཙམ་པོ་བའི་དོན་དུ་ཟིན་ཚད་ལག་ཆ་བྱེད་པ་ནི་ཤེས་རྒྱུད་མ་ཐུལ་བའི་གསོན་དཔེ་ཞིག་རེད།

ཁ་བྱང་འདིར་བལྟས་ན་སྐད་གཉིས་སློབ་གསོ་ལ་མཐོང་ཆེན་བླ་ལྷག་བྱེད་ཀྱིན་པ་གསལ་བོ་རེད། ལར་སྐད་ཆ་དེ་ལྟར་བཤད་ལོས་

ཆོག་སྟེ། འགྲོ་བ་མི་ཞིག་ཡིན་ཕྱིན་དེ་ཡང་ཁྱོད་ཀྱི་རང་དབང་རེད་ཅེས་བསྙད་ན་མི་འགྲིག་པ་ཡོད་པ་མ་རེད། (སྒེར་གཅོད་སྲིད་གཞུང་གི་

མངའ་འོག་ནས།) རེད་མོད་ཀྱང་། འུ་ཅག་ནི་སློབ་གསོ་མྱོང་མཁན་ཞིག་དང་། མ་འོངས་པའི་བདག་པོ་ཞིག་ཡིན་ཆ་ནས། མི་རིགས་

ཤིག་གི་མ་འོངས་པའི་ལས་དབང་ལ་ཡང་འགན་ཁུར་ངེས་ཅན་ཡོད་པ་ཤེས་དགོས། འགན་ཁུར་འདིར་བསམ་གཞིགས་ཨེན་ཙམ་མི་གཏོང་ བར། སྐད་ཆ་མདའ་འདྲ་བ་རེ་མི་རིགས་ཉམ་ཐག་པ་ཞིག་གི་སྟེང་དུ་འཕེན་རྐྱང་བྱེད་པ་ནི་ཤེས་བྱ་སྦྱོང་མཁན་ཞིག་གི་སྦྱོར་བ་ག་ལ་ཡིན། དེ་འདྲ་ཡིན་ཟེར་ན། དེ་ནི་ཁྱོད་ཀྱིས་སྐད་གཉིས་སློབ་གསོ་མྱངས་པའི་ནག་ཉེས་ཏེ། སྐད་གཉིས་སློབ་གསོས་ཁྱོད་རང་ར་མ་ལུག་དང་ཡ་

མ་བརླ་རུ་བཏང་བཞག་པ་རེད། ཡང་གཅིག་བཤད་ན། སྐད་གཉིས་སློབ་གསོ་ཡིས་ཁྱོད་ཀྱི་རྟོགས་པ་ནང་ནས་སད་པར་རོགས་རམ་བྱེད་ པ་ཕར་ཞོག དེ་ལ་བཙིར་གནོན་དང་འགག་གསོད་བྱས་པ་རེད། ཁྱོད་ཀྱིས་བཤད་པ་ལྟར། སྐད་ཡིག་གཉིས་ནི་ཁྱོད་ཀྱི་གཤོག་ཟུང་ཡིན་ ན། ཁྱོད་རང་ནི་གཤོག་པ་ཆ་མི་འགྲིག་པའི་བྱ་ཞིག་རེད་དེ། དེ་ལྟ་བུའི་བྱ་ཞིག་འཛམ་གླིང་སྟེང་དུ་བྱུང་མྱོང་ཚོད་མི་འདུག་པས། ནམ་ཞིག་

ཁྱོད་རང་འཛམ་གླིང་སྲུང་སྐྱོབ་ཀྱི་བྱ་རིགས་གྲས་སུ་ཚུད་ཀྱང་སྲིད་མོད། དེ་དུས་ཁྱོད་རང་གཞི་ནས་འཇིག་སོང་བ་ཡིན་པས། འུ་ཅག་གི་ཁ་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

88


བདག་དབང་དང་སྲིད་ཇུས།

དཔེར། དཔྱད་པ་སྔོན་ལ་བཏང་ན་མཁས་པ་ཡིན། འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཡིན་ཟེར་བ་ལྟར་རོ། །

ཉེ་བའི་དུས་སྐབས་ཤིག་ལ། ཞིང་ཆེན་ཡོངས་ཀྱི་སློབ་གསོ་ཚོགས་ཆེན་དང་སློབ་གསོ་འཆར་འགོད་རྩ་གནད་ཀྱི་དགོངས་དོན་དྲིལ་

སྒྲོག་གཏིང་ཟབ་ཏུ་སྤེལ་བ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་བསྟུན་ནས། རང་ཞིང་གི་སློབ་གྲྭ་ཆེན་མོ་བ་རྣམས་ཀྱིས་“སྐད་གཉིས”སློབ་ གསོ་བཅོས་སྒྱུར་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པས། སློབ་རའི་ནང་དུ་སློབ་མ་ཚོས་གླེང་བ་ཆེས་མང་བ་ནི་“སྐད་གཉིས”སློབ་གསོ་ལ་ཤུགས་ སྣོན་བྱེད་པ་དང་བཅོས་སྒྱུར་བྱེད་པའི་སྐོར་ཡིན།

ཆེས་ཐོག་མའི་ཚན་པ་འདི་ཉིད་མཐོང་དུས། བདག་གིས་རྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང་ཞེས་པ་དྲན་འོང་ཞིང་། དྲན་པའི་ཞོར་ནས་

འདི་ལྟར་བསམས། འདི་ཡིས་རྔ་མ་ཡེ་ནས་འགེབ་ཤེས་ཀྱིན་མི་འདུག་སྙམ། ཁོས“རྩོམ་མཁན”རྩ་གནད་དེ་ཉིད་བཟང་དུ་རྩིས་ཤིང་ ལེགས་སུ་མཐོང་ནས་བཤད་འདུག དོན་གྱིས་དེ་ཉིད་བཟང་ངན་གྱི་དབྱེ་བ་ཤིན་ཏུ་གསལ། བདེན་དེ། སློབ་གསོ་དེ་ཉིད་དྲིལ་བསྒྲགས་ དང་ལག་ལེན་གཏིང་ཟབ་ཏུ་བཏང་མ་ཐག བོད་ཁུལ་གྱི་སློབ་གྲྭ་མང་བོ་ཞིག་གི་དགེ་སློབ་ཡོངས་ཀྱིས་ཁྲོམ་སྐོར་དང་སྐད་འབོད་བཏང་སྟེ། མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཡིན་པ་བརྗོད། མ་ཟད། ལོ་ངོ་མང་བོའི་རིང་དུ་ཏང་གི་བྱ་བ་བསྒྲུབས་པའི་ལས་བྱེད་རྒན་

གཞོན་ཡོངས་ཀྱིས་ངོ་རྒོལ་བྱས་ཤིང་། ཐ་ན། ཀ་ངོ་ཡིག་ངོ་མི་ཆོད་པའི་མང་ཚོགས་མང་བོས་ཀྱང་སྐད་ཆ་འདྲ་མིན་ལབ་ཀྱིན་འདུག འདི་ ཡིས་ཅི་ཞིག་མཚོན་ནམ། བསམ་གཞིགས་གཏོང་དགོས་པའི་གནད་ཅིག་མ་རེད་དམ།

ཁྱོད་ཀྱིས་བཤད་པ་ལྟར། བོད་ཀྱི་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ཀྱིས་སྐད་གཉིས་སློབ་གསོར་མཐོང་ཆེན་བྱེད་ཀྱིན་ཡོད་པ་བདེན་

ན། ཉེ་སྔོན་བོད་ཀྱི་སློབ་གྲྭ་ཆེན་མོ་བ་མང་བོ་ཞིག་གིས་སྐད་གཉིས་སློབ་གསོར་ངོ་རྒོལ་གྱིས་ཁྲོམ་སྐོར་དང་བརྩམས་ཆོས་མང་བོ་སྤེལ་བ་ཅི་

ཞིག་ཡིན་ནམ། ཐ་ན། མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཀྱང་སློབ་མ་མང་བོས་ངོ་རྒོལ་བྱས་པ་དེས་ཅི་ཞིག་མཚོན་ནམ། ཁྱོད་ཀྱིས་བཤད་ པའི་མཐོང་ཆེན་དེ་འདི་ལ་ཟེར་རམ། འདི་ལྟ་བུའི་རྫུན་གཏམ་ཁོ་ན་ཉིད་བརྗོད་པ་ནི་ཤེས་ཡོན་པ་ཞིག་གི་བརྟུལ་ཞུགས་རེད་དམ། གལ་

ཏེ་ཡིན་ཟེར་ན། བདག་གིས་ལན་ཤིན་ཏུ་སླ་མོ་ཞིག་རྙེད་འོང་སྟེ། དེ་ནི་ཁྱོད་རང་སྐད་གཉིས་སློབ་གསོས་བརྐྱངས་པའི་མཇུག་འབྲས་ཁོ་ ན་ཉིད་རེད། སྐད་གཉིས་སློབ་གསོས་འདི་ལྟ་བུའི་མི་བརྫུས་མ་སྐོར་ཞིག་གསོ་སྐྱོང་བྱེད་ཀྱིན་ཡོད་ན། སྤུས་ཚད་སློབ་གསོ་ཞེས་པ་ཇི་ལྟར་ གོང་མཐོང་གཏོང་དགོས་སམ། སྤུས་ཚད་དང་བརྫུས་མ་གཉིས་ནི་ལྡོག་ཟླ་རྐྱང་རྐྱང་དུ་གྲུབ་པས། ཁྱོད་ཀྱིས་སྤུས་ཚད་སློབ་གསོ་ཞེས་པའི་ འཛམ་གླིང་རང་བཞིན་གྱི་སློབ་གསོ་དང་ལོ་ངོ་འདི་དག་ལ་ཀྲུང་གོའི་སྲིད་གཞུང་གིས་གང་སར་བསྒྲགས་པའི་སློབ་གསོའི་སྲིད་ཇུས་འདིར་

མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་མ་རེད་དམ། གསལ་བོར་བཤད་ན། བོད་ཀྱི་སློབ་ཆེན་སློབ་མ་རྣམས་ཀྱིས་སྐད་གཉིས་སློབ་གསོ་ལ་མཐོང་ ཆེན་བྱེད་ཀྱིན་འདུག་ཟེར་བ་ནི་བསམ་བཞིན་དུ་བསྒྲིགས་པའི་རྫུན་གཏམ་འབའ་ཞིག་དང་། དམིགས་ཡུལ་ཡོད་པའི་ལག་ཆ་ཞིག་ལས་མ་

འདས་ཤིང་། འདི་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀི་ཡིན། བདེན་དོན་ནི་སློབ་མ་ཚོས་སྐད་གཉིས་སློབ་གསོར་བཅོས་བསྒྱུར་གཏོང་ དགོས་པའི་སྐོར་གླེང་བ་དེ་ཡིན་ཞིང་། དེ་ནི་བདག་གིས་གསལ་བརྗོད་འཕར་མ་ཞིག་བྱེད་སྙིང་མི་འདུག་པ་འཛམ་གླིང་གསར་འགྱུར་མང་བོ་ ལས་མཐོང་ངོ་། །

ཕན་ཚུན་གོ་བརྡ་འཕྲོད་པ་ནི་འཕེལ་རྒྱས་ཀྱི་མགོ་རྩོམ་ས་ཡིན་ལ། ལེགས་འགྲུབ་འབྱུང་བའི་གོ་སྐབས་དང་པོ་ཡང་ཡིན། དེའི་

སྟབས་ཀྱིས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་མི་རིགས་དགེ་འོས་སློབ་གླིང་གི་རྩིས་རིག་སྡེ་ཁག་གི་2008ལོའི་སློབ་མ་ཡེ་ཤེས་མཚོ་མོ་

དང་རྩིས་འཁོར་སྡེ་ཁག་གི་2008ལོའི་སློབ་མ་ལིག་ཅིན་ཧུའུ་སོགས་ལ་ངེས་ཤེས་ཅུང་ཟབ་མོ་ཡོད། ཡེ་ཤེས་མཚོ་མོ་ནི་ཡུས་ཧྲུའུ་བོད་ རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་བོད་རིགས་སློབ་མ་ཞིག་ཡིན་ཞིང་། ཁོ་མོས་ཆུང་དུས་ནས་“སྐད་གཉིས”སློབ་གསོའི་ཁྲོད་ནས་ནར་ སོན་པ་ཡིན། ཁོ་མོས་བཤད་རྒྱུར། “སློབ་གྲྭའི་ནང་དུ་དགེ་རྒན་ཚོས་རྒྱ་སྐད་ལ་བརྟེན་ནས་རྩིས་རིག་དང་དངོས་ལུགས། རྫས་འགྱུར་ 89

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

སོགས་སློབ་ཁྲིད་བྱས་པ་ལས་ང་ཚོར་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ད་ལྟ་ང་རང་གིས་སློབ་གྲྭ་ཆེན་མོའི་རྩིས་རིག་སྡེ་ཁག་ཏུ་སློབ་

སྦྱོང་བྱེད་ཐུབ་པ་ནི་“སྐད་གཉིས”སློབ་གསོའི་དྲིན་ཡིན། འདས་པའི་ལོ་བཅུ་ལྷག་རིང་གི་“སྐད་གཉིས”སློབ་སྦྱོང་དེས་ང་ལ་རོགས་རམ་ ཆེན་པོ་ཐོབ་ནས། ངས་སློབ་གྲོགས་དང་གྲོགས་པོ་སྔར་ལས་མང་པོ་ཞིག་དང་མཉམ་དུ་ཐོགས་པ་མེད་པར་བསམ་བློ་བརྗེ་རེས་བྱེད་ཐུབ།”

ལིག་ཅིན་ཧུའུ་ཡིས་ཀྱང་“སྐད་གཉིས”སློབ་གསོའི་རྣམ་པའི་འོག་ནས་ངས་རང་མི་རིགས་ཀྱི་སྐད་ཆ་ཐོགས་པ་མེད་པར་བཀོལ་སྤྱོད་བྱེད་ཐུབ་ པར་མ་ཟད། རྒྱ་སྐད་ཀྱིས་དགེ་རྒན་དང་སློབ་གྲོགས་རྣམས་དང་བསམ་བློ་བརྗེ་རེས་བྱེད་ཐུབ། “མཚོ་ལྷོ་ཁུལ་ནས་ཞིང་ཆེན་གྱི་ལྟེ་གནས་

གྲོང་ཁྱེར་ལ་ཐོན་ཏེ་ངས་རྒྱ་སྐད་ལ་བརྟེན་ནས་མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་སློབ་གྲོགས་དང་གྲོགས་པོ་མང་པོ་ཞིག་ངོ་ཤེ ས་ པས། རྒྱ་སྐད་དེ་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་འདིས་ང་ལ་ཕྱི་རོལ་གྱི་འཇིག་རྟེན་ལའང་རྒྱུས་ལོན་བཟང་བོ་བྱེད་དུ་འཇུག་ཐུབ་སོང་།”

ས་ཆ་གང་དུ་ཡོད་ཀྱང་སེམས་ལ་ཕ་ཡུལ་ཐོགས་ཡོད། མཚོ་སྔོན་སློབ་ཆེན་ནོར་སྲིད་དངུལ་ལོར་སྡེ་ཁག་གི་2008ལོའི་སློབ་མ་ཚེ་རིང་དོན་

འགྲུབ་དང་བོད་ལུགས་གསོ་རིག་སློབ་གླིང་གི་2008ལོའི་བོད་སྨན་ཚན་ཁག་གི་འཕྲིན་ལས་མཚོ་མོ་སོགས་སློབ་གྲོགས་ཚོས་ཀྱང་རང་ཉིད་ ཀྱི་ད་ལྟའི་སློབ་སྦྱོང་བྱེད་པ་འདི་མ་འོངས་བར་ཕ་ཡུལ་འཕེལ་རྒྱས་སུ་གཏོང་བ་དང་ཕ་ཡུལ་ལ་ཞབས་འདེགས་ཞུ་བའི་སྔོན་འགྲོའི་བྱ་བར་ བརྩི་བཞིན་ཡོད། ཚེ་རིང་དོན་འགྲུབ་གིས་བཤད་རྒྱུར། “ང་རང་མཚོ་ལྷོ་ཁུལ་ནས་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་དུ་ཡོང་བ་ནི་མ་འོངས་

པར་ཕ་ཡུལ་གྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུའི་ཆེད་དུ་ཡིན། གྲངས་ཉུང་མི་རིགས་ཀྱི་སློབ་མ་ཞིག་ཡིན་པའི་ཆ་ནས་ ངས་སློབ་གྲྭ་ཆེན་མོ་ནས་སློབ་སྦྱོང་བྱེད་པའི་ཐོབ་དཀའ་བའི་གོ་སྐབས་འདིར་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད། རྗེས་ཕྱོགས་སུ་ངས་ནམ་ རྒྱུན་དང་འདྲ་བར་སློབ་སྦྱོང་ལ་འབད་པ་བྱས་ཏེ། རང་མི་རིགས་ཀྱི་སྐད་ཆ་བཟང་བོར་སློབ་པའི་དུས་མཚུངས་སུ། ཕུན་སུམ་ཚོགས་པའི་ རྒྱ་ཡིག་གི་ཤེས་བྱ་ལ་བརྟེན་ནས་རང་ཉིད་ཀྱི་ཀླད་པར་དྲག་ཆས་སྤྲས་ཏེ། ཕྱིན་ཆད་ཕ་ཡུལ་ལ་ཞབས་འདེགས་བཟང་བོ་ཞུ་རྒྱུ་ཡིན།”ཟེར། སློབ་གྲོགས་འཕྲིན་ལས་མཚོ་མོ་ཡིས་བཤད་རྒྱུར། བོད་སྨན་ལས་རིགས་དེ་རིམ་བཞིན་རྒྱལ་ཡོངས་དང་འཛམ་གླིང་ལ་མཆེད་པ་དང་བསྟུན་ ནས། ཁོ་མོས་རྒྱ་ཡིག་ལ་སློབ་སྦྱོང་བཟང་བོ་བྱེད་རྒྱུ་མ་ཟད། ད་རུང་དབྱིན་ཡིག་ལ་སློབ་སྦྱོང་བྱས་ནས། རྒྱལ་སྤྱིའི་སྤྱི་སྐད་ལ་ཐོགས་པ་ མེད་པར་བྱས་ནས། བོད་ལུགས་གསོ་རིག་དར་སྤེལ་བྱེད་པར་སྔར་ལས་བཟང་བའི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

དེ་ལས་གཞན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་2008ལོའི་ཆབ་སྲིད་དང་ལོ་རྒྱུས། ས་རྒྱུས་ཀྱི་དགེ་

འོས་འཛིན་གྲྭའི་སློབ་མ་ཆོས་དར་རྒྱ་མཚོ་དང་རྩིས་འཁོར་སློབ་གླིང་གི་2010ལོའི་སློབ་མ་སྐལ་བཟང་རྡོ་རྗེ་གཉིས་ཀྱིས་“སྐད་གཉིས”སློབ་ གསོའི་བཅོས་སྒྱུར་དེས་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོ་དེང་རབས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཞུགས་པར་ཕན་པ་དང་། སློབ་མ་ཚོ་ ལས་ཞུགས་བྱེད་པར་ཕན་པ། གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོས་སྤུས་ལེགས་སློབ་གསོ་ཆེན་པོ་མྱོང་བར་ཕན་པ་ཡོད་ཟེར། ཁོ་ཚོས་ སེམས་བདེ་མོས་སློབ་སྦྱོང་བྱས་ནས་ཤེས་བྱ་སྣ་ཚོགས་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་སུ་བཏང་ནས་ མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

གོང་གི་སློབ་གྲོགས་འདི་དག་གི་བྱང་ཚད་ག་འདྲ་ཡིན་མིན་འདིར་བཤམས་ནས་འདུག་པས་རེ་རེ་བཞིན་འགྲེལ་དགོས་མི་འདུག

ཡིན་ན་ཡང་། མི་གླེང་ཐུ་མེད་ཅིག་ཡོད་པ་ནི་སློབ་གྲོགས་འདི་དག་གིས་སྐད་གཉིས་སློབ་གསོ་ཞེས་པའི་རྩ་བ་དང་ངོ་བོ་ཡེ་ནས་མཐོང་གིན་

མི་འདུག ཁོ་ཚོས་རྒྱ་སྐད་ཙམ་པོ་བའི་ནུས་པ་བྱེ་བྲག་པ་ཞིག་བཤད་ཀྱིན་ཡོད་པ་ལས། སློབ་གསོ་ཞེས་པའི་བྱེད་ནུས་དེ་ཁྱོན་ནས་མཐོང་

གིན་མི་འདུག འདི་ཡང་སྐད་གཉིས་སློབ་གསོའི་ནག་ཉེས་མ་རེད་ཅེས་སུ་ཡིས་བསྙོན་ཐུབ། ཁོ་ཚོས་རྒྱ་ཡིག་སྦྱང་ན་རྒྱ་མི་རིགས་དང་ འབྲེལ་འདྲིས་བྱེད་ཐུབ་པ་བརྗོད་འདུག རྒྱ་རིགས་དང་འབྲེལ་འདྲིས་བྱེད་ཐུབ་པ་ཙམ་པོ་དེ་སློབ་གསོའི་དམིགས་ཡུལ་ཡིན་ཚེ། ང་ཚོས་ སློབ་གསོ་ཞེས་པའི་ཐ་སྙད་ལྗིད་ཏིག་ཏིག་འདིའི་ངོ་བོ་བྱེད་ནུས་སོགས་རྦད་དེ་ཤེས་ཀྱིན་མི་འདུག སྐད་ཡིག་ཅིག་ཤེས་པ་ནི་སློབ་གསོའི་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

90


བདག་དབང་དང་སྲིད་ཇུས།

དམིགས་ཡུལ་དང་བྱེད་ནུས་གཙོ་བོ་ག་ལ་ཡིན། ཡང་གཅིག་བཤད་ན། འབྲེལ་འདྲིས་བྱེད་པར་སྐད་གཉིས་སློབ་གསོ་བེད་སྤྱོད་གཏོང་ དགོས་ཁྱོན་ནས་མི་འདུག་སྟེ། བོད་ཡིག་གཙོར་བཟུང་གི་སློབ་གསོ་མྱངས་པའི་སློབ་མ་དག་གིས་ཀྱང་ད་ལྟ་རྒྱ་མིར་འབྲེལ་འདྲིས་བྱེད་མི་

ཐུབ་མཁན་ཞེ་དྲག་ཉུང་། བརྒྱ་ལ་དེ་འདྲ་ཡོད་སྲིད་ཀྱང་། ཉུང་ཤ ོས་དེ་ལ་ལྟོས་ནས་སྐད་གཉིས་སློབ་གསོ་ལག་བསྟར་བྱ་དགོས་ཟེར་ན་ངེས་ པ་དོན་གྱི་བཙན་འཛུལ་ཞིག་མ་རེད་དམ། སློབ་གྲོགས་ཡེ་ཤེས་མཚོ་མོས་བཤད་པ་བཞིན། སློབ་གྲྭ་ཆེན་མོ་ནས་རྩིས་དངོས་རྫས་གསུམ་

སྦྱོང་ཐུབ་པ་དེ་རྒྱ་ཡིག་གི་དྲིན་ཡིན་ཟེར་ན། ད་ལྟ་བོད་སྐད་ཡིག་གི་སྟེང་ནས་སློབ་སྦྱོང་བྱས་ཏེ་སློབ་གྲྭ་ཆེན་མོའི་རྩིས་དངོས་རྫས་གསུམ་ སྦྱོང་བའི་གོ་སྐབས་ཅན་མི་ཉུང་བས་དེ་ག་གང་འདྲ་ཡིན་ནམ། རང་གི་སློབ་སྦྱོང་གི་གོ་སྐབས་ཙམ་པོ་བ་དེ་ཉིད་སྐད་ཡིག་ཅིག་གི་བཟང་ངན་

དང་སློབ་གསོ་ཞིག་གི་ལེགས་ཉེས་ཀྱི་སྟེང་དུ་བབས་ན་འདི་ལས་དགོད་བྲོ་བའི་རྨོངས་གཏམ་ཞིག་སྲིད་ན་དཀོན་ཨང་། ཡང་ཕྱོགས་གཞན་

ཞིག་ནས་བཤད་ན། རྩིས་དངོས་རྫས་གསུམ་རྒྱ་ཡིག་གི་སྟེང་ནས་སྦྱངས་ན་སློབ་ཆེན་གཞན་ལ་འགྲོ་ཐུབ་པའི་དམིགས་བསལ“ཁེ་

དབང”འདི་ནི་སྲིད་གཞུང་གི་སློབ་གསོའི་བྱེད་ཐབས་བྱེ་བྲག་པ་ཞིག་རེད། གལ་ཏེ། ཁོ་ཚོས་ངེས་པ་དོན་གྱིས་བོད་རིགས་སློབ་མ་རྣམས་

ལ་སེམས་ཁུར་བླ་ལྷག་དང་། མི་རིགས་འཆམ་མཐུན་ལ་ནུས་པ་སེམས་ཀྱིས་འདོན་གྱིན་ཡོད་ན། ནང་ལོགས་ཀྱི་སློབ་ཆེན་སོ་སོ་ནས་ཀྱང་ བོད་སྐད་ཡིག་ལ་བརྟེན་ནས་རྩིས་དངོས་རྫས་གསུམ་སོགས་རིག་ཚན་གཞན་པར་སྦྱང་ཆོག་པའི་གོ་སྐབས་དང་མཐུན་རྐྱེན་བསྐྲུན་ཚེ། ང་ཚོ་ དེ་ལ་མི་དགའ་གང་ལ་དགའ། ཡིན་ན་ཡང་། ད་ལྟ། བོད་རིགས་སློབ་མ་དག་མི་རིགས་སློབ་ཆེན་སོ་སོ(སློབ་ཆེན་དེ་དག་ནས་ཀྱང་རྩིས་ དངོས་རྫས་གསུམ་སོགས་རྒྱ་ཡིག་ཁོ་ནས་བརྟེན་རྒྱུ་ལས་འོས་མེད།)ལས་འགྲིམས་ཐུབ་ཀྱིན་མེད་པ་ནི། དེ་དག་ལ་དེར་མཐུན་གྱི་ཁོར་

ཡུག་དང་མཐུན་རྐྱེན་མ་འཛོམས་པ་ལས། རྣམ་རིག་གྲུང་གྲུང་གི་ན་གཞོན་དེ་དག་གི་བློ་རྨོངས་པས་ག་ལ་ཡིན་ལ། བོད་ཡུལ“མཐའ་ འཁོབ”ཡིན་པས་ཀྱང་གཞར་ཡང་མིན།

ཡང་ཚེ་རིང་དོན་གྲུབ་སོགས་ཀྱིས་བཤད་པ་བཞིན། རྒྱ་སྐད་རྒྱ་ཡིག་ནི་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་ལག་ཆ་རུ་བསམ་

གྱིན་ཡོད་ན། དེ་ལ་ཡང་འུ་ཚོས་འདི་ལྟར་བསམ་གཞིགས་གཏང་དགོས་འདུག ཁྱོད་ཀྱིས་རྒྱ་ཡིག་རྒྱ་སྐད་ཀྱི་སྟེང་ནས་ཤེས་བྱ་མང་ཙམ་ བླངས་ཤིང་། ཕྱིར་རང་གི་ཕ་ཡུལ་དུ་སོང་ནས་དེ་དག་ལ་བརྟེན་ནས་ཕ་ཡུལ་ལ་ཞབས་འདེགས་ཞུ་རྒྱུ་ཟེར་ན་བཤད་སྲོལ་ཞིག་རེད་མོད། ཕ་ཡུལ་ལ་ཞབས་འདེགས་ཞུ་སྐབས། ཐོག་མར་རང་གི་སྐད་ཡིག་བྱང་ཆུབ་པ་ཞིག་ཤེས་དགོས་རྒྱུ་ནི་རྩ་བ་རེད། ཕ་ཡུལ་མང་ཚོགས་ལ་ མཚོན་ན་རང་གི་ཕ་སྐད་ཁོ་ན་བེད་སྤྱོད་གཏོང་གིན་འདུག་ཅིང་། ཁྱོད་ཀྱིས་དེ་རུ་སོང་ནས་རྒྱ་ཡིག་རྒྱ་སྐད་ཀྱིས་ཞབས་འདེགས་ཞུ་རྒྱུ་ཟེར་ན་

དེ་ལྟ་བུའི་ཡ་མ་ཟུང་གི་སྦྱོར་བས་དགོས་ཕན་ཅི་ཡང་མི་འབྱུང་ངོ་། ། ད་ལྟ་བོད་ཁུལ་གྱི་ས་ཆ་མང་བོ་ཞིག་ཏུ་ཁྲིམས་ལུགས་ལྟ་ཞོག ཐ་ན་

སྲིད་ཇུས་ལེགས་པོ་ཞིག་ཀྱང་ཤེ ས་ཀྱིན་མེད་པ་ནི་བྱ་བ་སྒྲུབ་མཁན་དག་གི་གྲས་སུ་བོད་ཡིག་བོད་སྐད་ཤེས་མཁན་ཉུང་བ་དང་དེའི་སྟེང་ནས་ སྲིད་ཇུས་སྤེལ་གྱིན་པ་མེད་པས་རེད། མི་རིགས་གང་དང་གང་ཞིག་ཡིན་རུང་། མི་རིགས་དེ་ཉིད་ཀྱི་སྐད་ཡིག་སྟེང་ནས་ཞབས་འདེགས་

ཞུས་ཚེ་གཞི་ནས་ནུས་པ་ལེགས་པོ་ཐོན་པ་མ་གཏོགས། སྐད་རིགས་གཞན་གྱི་སྟེང་ནས་སྲིད་ཇུས་སྤེལ་བར་སྙམ་པ་ནི་དངོས་གཙོ་རིང་ ལུགས་པ་གང་ཞིག་གི་འདུ་བྱེད་ག་ལ་ཡིན། ཡང་གཅིག་བཤད་ན། བོད་རིགས་ས་ཁུལ་དག་ལྟོས་བཅས་ཀྱིས་རྗེས་ལུས་ཆེན་པོ་ཆགས་པ་ ཡང་དོན་གྱིས་གནད་དོན་འདིར་འབྲེལ་བ་དམ་ཟབ་ཡོད་པར་སུ་ཡིས་བསྙོན།

ད་དུང་སློབ་གྲོགས་སྐལ་བཟང་རྡོ་རྗེ་སོགས་ཀྱིས་རྒྱའི་སྐད་ཡིག་ལེགས་པོར་བསླབས་ནས་ཕྱིར་ཕ་ཡུལ་དུ་སོང་ན་སྲིད་གཞུང་གི་བྱ་བ་

རེག་སླ་བར་བརྗོད་པ་ནི་དྲང་ལྡོག་གཉིས་འདུས་ཀྱི་སྐད་ཆ་ཞིག་སྟེ། འདི་ལ་འུ་ཚོས་དོ་སྣང་ཆེན་པོ་བྱེད་རི། ག་རེ་ཟེར་ན། ད་ལྟ་བོད་སྐད་ ཡིག་གཙོར་བཟུང་གི་སློབ་མ་རྣམས་ཀྱིས་གཞུང་ཞབས་པར་རྒྱུགས་སྤྲོད་སྐབས་རྒྱུགས་ཡིག་རྒྱ་ཡིག་གིས་ཡིན་ཞིང་། དེར་རྒྱ་རིགས་སློབ་

མ་ཞིག་དང་འགྲན་རྩོད་བྱ་དགོས་ན་ལྟོས་བཅས་ཀྱིས་བོད་ཀྱི་སློབ་མ་དག་རྗེས་ལུས་ཆགས་ཀྱིན་འདུག ན་ཟུག་འདི་ཉིད་བོད་རིགས་སློབ་ 91

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

མ་དག་ལ་ཇེ་རུ་ཆགས་པ་དང་བསྟུན་ནས། ཐབས་ཟད་འུ་ཅག་གི་སློབ་མ་ངན་ཤོས་རེ་གཉིས་ཀྱིས་འདི་ལྟར་བསམས་པ་ནི་དཔེ་མི་སྲིད་པ་

ཞིག་ག་ལ་ཡིན། ཁོ་ཚོས་རང་གིས་ལོ་ངོ་དེ་འདྲའི་མང་བོ་ཞིག་གི་རིང་དུ་སློབ་སྦྱོང་བྱས་པའི་དམིགས་ཡུལ་ནི་སྲིད་གཞུང་གི་བྱ་བ་རེག་རྒྱུ་ ཁོ་ནར་སེམས་ཤིང་། ཡུལ་མི་དག་གིས་ཀྱང་དེ་ལྟར་ལེ་བདའ་བྱས་པས། མཐར་སེམས་ཁམས་སྐྱོ་ལྷང་ངེ་བ་དེ་ཉིད་ཆགས་པ་རེད། ལྡོག་ ཕྱོགས་ནས་བཤད་ན། སློབ་མ་དེ་དག་གི་སེམས་ཁམས་དེས་སྲིད་གཞུང་གི་སྲིད་ཇུས་ཤིག་དམར་རྗེན་དུ་མཚོན་ཏེ། སྤྱིར་བོད་རིགས་ ས་ཁུལ་དུ་བོད་ཡིག་བོད་སྐད་བཀོལ་དགོས་པ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་རེད་ལ། དེ་ལྟར་བྱ་བ་སྒྲུབ་མཁན་ཡང་བོད་ཡིག་བོད་སྐད་ཤེས་

མཁན་དག་ཡིན་ན་ཤིན་ཏུ་འཚམ་ཞིང་བསྟོད་འོས་པ་ཞིག་རེད་མོད། དངོས་ཡོད་གནས་ཚུལ་དེ་དང་ཡོངས་སུ་ལྡོག་པས་སློབ་མ་དེ་དག་གི་ སྐད་ཆ་དེ་ཡང་ལྡོག་ཕྱོགས་ཀྱི་མཚང་འབྱིན་ཐེངས་ཤིག་ཅི་ལ་མིན།

ད་དུང་གོང་གི་སློབ་མ་དག་ལས་མང་ཆེ་བས། རྒྱ་ཡིག་རྒྱ་སྐད་ཤེས་ན་རྒྱ་རིགས་གྲོགས་པོ་མང་པོ་བསྒྲིགས་ཐུབ་ཟེར་བ་ལོས་བདེན་

མོད། ད་ལྟ་རྒྱ་ཡིག་རྒྱ་སྐད་ཙམ་ནི་བོད་རིགས་སློབ་མ་དག་གི་ཁྲོད་དུ་མི་ཤེས་མཁན་ཞེ་དྲག་ཉུང་བས། དེར་སྐད་གཉིས་སློབ་གསོ་དགོས་

དོན་མི་འདུག་སྙམ། ཟུར་ངོས་གཞན་ཞིག་བལྟས་ན། སྐད་ཆ་འདི་ཉིད་ལས་བདེན་དོན་རྗེན་པ་ཞིག་མངོན་འདུག་སྟེ། ཁོ་ཚོས་རྒྱ་ཡིག་རྒྱ་ སྐད་ལ་བརྟེན་ནས་རྒྱ་རིགས་གྲོགས་པོ་མང་པོ་རེག་ཐུབ་མིན་གླེང་བ་ནི། མདོར་དེད་ན། རང་གི་ཁེ་ཕན་ཉི་ཚེ་བ་ཞིག་བརྗོད་པ་ཡིན་ཞིང་།

ཁེ་ཕན་ཉི་ཚེ་བ་དེས་མི་རིགས་སྐད་ཡིག་གི་ལོ་རྒྱུས་སྟེང་ལ་ནག་ཐིག་བསུབ་ཏུ་མེད་པ་ཞིག་ཕབ་སྲིད་པ་ནི་ག་ལ་ཤེས། ལར། རྒྱ་ཡིག་རྒྱ་ སྐད་ལ་བརྟེན་ནས་མི་རིགས་ཕན་ཚུན་དབར་བརྩེ་དུང་ཕྲན་ཙམ་ཆགས་ཐུབ་ན་ནི་རིན་ཐང་རྨད་དུ་བྱུང་བ་སྟེ། ཞི་བདེ་དང་རང་དབང་གི་འཚོ་

བ་ལོངས་སུ་སྤྱོད་པའི་གྲོགས་སུ་འགྱུར་མོད། དེ་ལྟ་མིན་པར། ཕན་ཚུན་ལག་ཆ་རུ་བེད་སྤྱོད་གཏོང་རེས་བྱས་ཏེ། ཞེ་འཁོན་དང་འགྲན་རྩོད་ ཇེ་ཆེར་གྱུར་ན་ནི། འཐབ་འཁྲུག་དང་ཟིང་ཟིང་མུ་རུ་འབྱུང་ངེས་པས། ང་ཚོས་རྒྱ་ཡིག་རྒྱ་སྐད་སྦྱོང་བར་ཡང་གོ་བ་ལེགས་ཤོས་ལེན་དགོས་ པ་རེད། ཡང་གཅིག་བཤད་ན། ནང་ལོགས་ནས། རྒྱ་མི་རིགས་དེ་ཉིད་མི་རིགས་ཆེན་པོ་ཆགས་ཀྱིན་འདུག་མོད། མི་རིགས་ས་ཁུལ་ནས་

ཀྱང་ད་དུང་གཞན་ལ་གྲངས་ཉུང་མི་རིགས་ཞེས་འབོད་པ་ནི་ཅུང་ཙམ་དགོད་བྲོ་བའི་གནས་སུ་འགྱུར། དེ་བས། མི་རིགས་ས་ཁུལ་ནས་མི་ རིགས་དེ་ཉིད་མི་རིགས་ཆེན་པོ་རེད་པས། འཆམ་མཐུན་དང་ཞི་བདེ་འདོད་ན་ཨེན་ཙམ་ས་ཁུལ་དེའི་མི་རིགས་སྐད་ཡིག་དང་རིག་གནས་

ལ་བརྟེན་དགོས་པའི་རྒྱུ་མཚན་མི་འདུག་གམ། དེ་ལྟ་མིན་པར། ནམ་ཞར་ཡང་། ང་ནི་ཆེན་པོ་དང་ཚོན་པོའོ་སྙམ་པ་ནི་འཆམ་མཐུན་དང་ ཞི་བདེ་ལ་གཏོར་བརླག་བཏང་བའི་མངོན་རྟགས་ཤིག་མ་རེད་དམ། (གོང་གི་རྩོམ་ཐུང་དེ་ནི་མཚོ་སྔོན་བོད་ཡིག་ཟིན་བྲིས་ཀྱི་ཙོང་ཁའི་རྒྱལ་སྲས་ ཞེས་པའི་ཟིན་བྲིས་ལས་དྲངས་པ་ཡིན་ཞིང་། རྗེས་སུ། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ་སོགས་ལས་ཀྱང་མཐོང་སོང་།)

གསུམ་པ། རྒྱ་བཀྲ་དང་ཀློས་རྒྱུག

སྐད་གཉིས་སློབ་གསོ་སྟེ། མདོར་དེད་ན། བོད་ཡིག་གི་སྲོག་རྒྱུན་གཅོད་གྲབས་བྱེད་པའི་ཐབས་ཇུས་དེ་ཉིད་ལག་བསྟར་བྱས་མ་

ཐག རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་སྙན་པའི་གྲགས་པ་ཕྱོགས་སུ་མཆེད་པའི་ས་ཆ་དེ་ནས། བོད་རིགས་སློབ་མ་རྣམས་ཀྱིས་

སྐད་ཡིག་གི་བདག་དབང་ཆེད་དུ་གཅེས་པའི་ཚེ་སྲོག་འབེན་དུ་བཞག་ནས་ཁྲོམ་སྐོར་བྱས་པ་རེད། ཁོ་ཚོས་སྐད་གསེང་ལྷང་ལྷང་གིས“མི་ རིགས་རང་སྐྱོང་ས་ཁུལ་ནས་མི་རིགས་སྐད་ཡིག་རང་དབང་ཡིན་པའི”བདེན་པར་འབོད་སྐད་བཏང་བ་རེད། ལོ་ཚོད་མ་སྨིན་པའི་སློབ་མ་ འདི་དག་གིས་སྐད་ཡིག་འདྲ་མཉམ་གྱི་དར་ཆ་འཕྱར་ནས། སྐད་ཡིག་རང་བདག་གི་སྐད་གསེང་བསྒྲགས་པ་རེད། ཁོ་ཚོས་མིག་ཆུ་ཤམ་

ཤམ་གྱིས། སྐད་ངག་འདར་འདར་གྱིས། ང་ཡི་སྐད་ཡིག་ཅེས་ཁྲོམ་སྐོར་བྱས་པ་རེད། ཁོ་ཚོར”གྲ་སྒྲིག”དང”འཆར་གཞི”གང་ཡང་མེད་

པར། མ་བསྡུས་རང་འདུས་ཀྱིས་སློབ་ཆུང་ནས་སློབ་འབྲིང་བར་གྱི་སློབ་མ་སྟོང་ཕྲག་མང་པོས་མཉམ་གཅིག་ཏུ་མི་རིགས་སྐད་ཡིག་རང་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

92


བདག་དབང་དང་སྲིད་ཇུས།

དབང་གི་དར་ཆ་མཐོ་རུ་འཕྱར་བ་རེད།

དེ་དང་མཐུད་ནས། བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ནས་སློབ་མ་ཁྲི་སྟོང་མང་པོས་གཅིག་རྗེས་གཉིས་མཐུད་ཀྱིས་སྐད་ཡིག་གི་དོན་

དུ་གཅེས་པའི་ཚེ་སྲོག་འབེན་ལ་བཞག་ནས་ཁྲོམ་སྐོར་བྱས་པ་རེད། ཁོ་ཚོ་ལོ་ཚོད་མ་སྨིན་པས་ཚེ་སྲོག་ལ་གཅེས་སྤྲས་བྱེད་མ་ཤེས་པ་

ག་ལ་ཡིན་ཏེ། ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་ནས་བཟུང་། ཆེ་ཆུང་རྒན་གཞོན་ཚང་མར་ངོས་ཟིན་ཞིག་ཡོད་པ་ནི། དམར་པོའི་སྲིད་

གཞུང་གི་མེ་མདའི་ཁ་ན་ཚེ་སྲོག་ལ་ཆེ་ཆུང་མེད་པ་དེ་རེད། ཡིན་ན་ཡང་། དེ་ཙམ་གྱིས་ན་ཆུང་སློབ་མ་འདི་དག་གི་བདེན་པ་བསྲུང་བའི་སྙིང་ སྟོབས་ག་ལ་ཁོགས་ཏེ། ཁོ་ཚོ་བྲག་གཟར་རྦབ་ཆུ་བརྡོལ་བ་བཞིན་འོང་ཞིང་། ང་ཡི་སྐད་ཡིག་ཅེས་སྐད་ཡིག་རང་དབང་དང་འདྲ་མཉམ་གྱི་ སྐད་འབོད་གསེང་མཐོན་པོས་བྱས་པ་རེད། ཁོ་ཚོའི་གྲས་སུ་སློབ་ཆེན་སློབ་མ་དང་སློབ་འབྲིང་སློབ་མ་སོགས་འདུག་ལ། ཐ་ན། “སློབ་ལོ་ མ་རན་པའི་བྱིས་པ”ལོ་བཞི་ལྔ་ཅན་ཏེ། ཁྱིམ་བདག་རྣམས་ཀྱིས་གྲ་སྒྲིག་འཛིན་གྲྭ་རུ་སྦྱོང་བརྡར་བྱེད་དུ་མངགས་པའི་བྱིས་པ་སྙིང་རྗེ་བོ ་ཤིན་

ཏུ་མང་། ཁོ་ཚོ་ཚང་མས་མིག་ཆུ་ཤམ་ཤམ་གྱིས་ཚེ་སྲོག་གི་འཇིགས་དངངས་ཡོད་ཚད་གཏིང་བརྗེད་དུ་སོང་ནས། སྐད་ཡིག་གི་ལས་དབང་ ལ་བདེན་པ་རྩོད་སྟངས་དེས། ཁྱིམ་བདག་དང་དགེ་རྒན་དག་བཤད་ཅི་དགོས་ཏེ། ཐ་ན། དྲ་ཐོག་གསར་འགྱུར་ལས་འདྲ་པར་ཙམ་ཡང་ མ་མཐོང་བའི་ཁོ་བོར་ཡང་རང་དབང་མེད་པར་མིག་ཆུ་ཁྲོམ་ཁྲོམ་དུ་ལྷུང་ཞིང་། གྲལ་འགྲིག་པའི་རུ་དཔུང་གསར་བ་ཨང་ཞེས་རང་དབང་མེད་ པར་ཐལ་ལ། ཤ་གསེང་རུས་གསེང་དུ་ཟུག་གཟེར་སྨྲ་བརྗོད་ལས་འདས་པ་ཞིག་བརྒྱུགས་བྱུང་། འདི་འདྲའི་ཚོར་བ་ནི་ང་ཁོ་ན་ག་ལ་ཡིན་ཏེ། བོད་མི་ས་ཡ་དྲུག་པོ་མ་ཟད། བདེན་པ་མཐོང་བའི་རྒྱ་རིགས་དགེ་རྒན་དང་ཤེ ས་ཡོན་ཅན་དག་གིས་ཀྱང་རང་དབང་མེད་པར་མིག་ཆུ་འཐོར་ གྱིན་པའི་གནས་ཚུལ་ག་ས་གང་ནས་ཐོས་ཐུབ།

གནས་ཚུལ་འདི་ཉིད་འཛམ་གླིང་གི་ཡུལ་གྲུ་སོ་སོར་གར་ཁྱབ་ཏུ་གྱུར་དུས། རང་དབང་དམངས་གཙོའི་རྒྱལ་དམངས་དག་བཤད་ཅི་

དགོས་ཏེ། ཐ་ན། སྒེར་གཅོད་རྒྱལ་ཁབ་མང་པོ་ཞིག་གི་མི་དམངས་ཀྱིས་ཀྱང་སྙིང་རྗེ་བའི་ངོ་གདོང་དེ་དག་ལ་བལྟས་ནས། དབུགས་རིང་

ཤུར་ཤུར་དུ་འཐེན་གྱིན་འདུག་སྐད། ལྷག་པར་དུ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་བའི་དེ་རིང་ལ་ཐུག་གི་བར་དུ། འདི་ལྟའི་ལོ་ཆུང་ བྱིས་པ་དག་གིས་སྐད་ཡིག་རང་དབང་གི་ཆེད་དུ་འབོད་སྐད་བཏང་བའི་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱུང་མེད་ཚོད་སྐད།

སྐབས་འདིར། འཆར་གཞི་ཡོད་ཚད་འཆོལ་སོང་བའི་མི་ཆེན་དག་ལ་བྲེལ་ཤ་ཆེན་པོ་ལངས་བྱུང་། ས་བྱི་ལོ་བཞིན་དུ། འཆར་གཞི་

ལྡན་པའི་ངང་ཚེ་སྲོག་ཡོད་ཚད་མེ་མདའི་ཁ་རུ་བསྒོས་ཚེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩོད་ལེན་བྱེད་མཁན་དག་དང་མཉམ་འབྲེལ་

རྒྱལ་ཚོགས་ཀྱི་གནོན་ཤུགས་ལ་འཇིགས་པ་དང་། དེ་ལྟ་མ་བྱས་ཚེ། འཆར་གཞི་ཡོད་ཚད་ལ་བསམ་ཡུལ་ལས་འདས་པའི་ལྡོག་འབྲས་

བྱུང་རྐྱེན། ག་བྱེད་འདི་བྱེད་མེད་པའི་གནས་སུ་གྱར་ཞིང་། ཚོ་སྐོར་དང་ཚོ་སྐོར་བགོས་ནས་ཁྱི་སྤྱང་ངན་འབྲེལ་གྱིས་ལམ་ལ་ཆས་པ་རེད། སྐབས་དེར། མཁས་ཆེན་སྐོར་ཞིག་གི་ངོ་གདོང་གསལ་བོར་མངོན་བྱུང་སྟེ།

དཔེར་ན། མཚོ ་ སྔོན་ས་ཆའི་འགོ་བ་ཆེ་གེ་མོ ་ མཚོ ་ ལྷོ ་ ཕྱོ ག ས་སུ་འགྲོ་ཁར། མཚོ ་ སྔོན་མི་རིགས་དགེ་ཐོ ན་སློ བ ་ཆེན་གྱི་དགེ་

རྒན“ཆེན་མོ”རྒྱ་བཀྲ་ལ་ཐུག་ཅིང་། རྒྱ་སྐད་ཀྱི“游行”ཟེར་བ་དེ་བོད་སྐད་དུ་ཇི་ལྟར་བསྒྱུར་དགོས་སམ་ཞེས་དྲིས་དུས། ཁོང་གིས་ ཀློས་རྒྱུག་ཟེར་བ་རེད་ཅེས་ལན་བསློགས་སྐད། འགོ་བ་ཆེ་གེ་མོ་ནི་བོད་སྐད་མི་ཤེས་པའི་བོད་ཁུལ་གྱི་ལས་བྱེད་ཅིག་ཡིན་ཚོད་འདུག་ལ།

ཁོ་དམིགས་ཡུལ་ས་ཆ་དེར་བསླེབས་ནས་དགེ་རྒན་དག་ལ“བཀའ་བཀྱོན”འབེབ་སྐབས། དེ་གའི་དགེ་རྒན་ཞིག་ལ་རྒྱ་སྐད་ཀྱི“游

行”ཟེར་བ་དེ་བོད་སྐད་ཀྱིས་ཇི་ལྟར་བསྒྱུར་དགོས་པ་རེད་ཅེས་རྫིགས་རྔམ་གྱིས་དྲིས་པར། དགེ་རྒན་དེས། དེ་ལ་ཁྲོམ་སྐོར་ཟེར་བ་

རེད་ཅེས་དྲང་བཤད་བྱས་ཤིང། རྒྱ་བཀྲའི་ཨོང་ཤ ་ཡོངས་སུ་མངོན་བྱུང་སྟེ། འགོ་བ་ཆེ་གེ་མོས། དེ་ལ་ཁྲོམ་སྐོར་ཟེར་བ་མ་རེད། དགེ་

རྒན”ཆེན་མོ”རྒྱ་བཀྲ་ལགས་ཀྱིས་དེ་ལ་ཀློས་རྒྱུག་ཟེར། ཞེས་ལན་བསློགས་ཤིང་། ཁྱོད་ཚོས་ཀློས་རྒྱུག་བྱོས་དང་ལྟད་མོ་ག་ལེར་མཐོང་འོང་ 93

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

ཞེས་འཇིགས་སྐུལ་བྱས་རབས་སྐད། གསར་འགྱུར་འདི་ག་ས་གང་དུ་ཁྱབ་རྗེས། བོད་རིགས་དགེ་སློབ་ཡོངས་བཤད་ཅི་དགོས་ཏེ། བོད་ མིང་ཅན་གྱི་བོད་མི་རུས་ཞེན་ཅན་དག་ལ་ན་ཟུག་བཟོད་དུ་མེད་པ་ཞིག་བཟོས་ཡོད་འདུག ཡིན་ན་ཡང་། ད་དུང་རྒྱ་བཀྲ་དང་རྒྱ་བཀྲའི་རྗེས་ འཇུག་པ་དག་གིས། ཟློས་གར་མུ་མཐུད་དུ་འཁྲབ་རྩིས་འདུག་ཅིང་། ཁོ་ཚོར་མཚོན་ན། ལུས་ཡོངས་གཅེར་རྗེན་དུ་ཕུད་ཀྱང་ཁེ་ཕན་ཏིལ་ འབྲུ་ཙམ་ཡོད་ཚེ། རྩིས་ཐང་ཡོད་ཚད་རྨེག་མེད་དུ་གྱུར་རུང་མི་སྐྱོན་ནོ། །

རྒྱ་བཀྲ་ནི་རྒྱ་བཀྲ་རང་རེད་དེ། ཁོའི་རྩིས་ཐང་ཡོད་ཚད་ཀྱང་དེ་ལྟར་རེད་པས་བཤད་སྙིང་མི་འདུག་མོད། རྒྱ་བཀྲ་དག་གིས་བོད་

རིགས་ན་ཆུང་བྱིས་པ་ཚོས་གཅེས་པའི་སྲོག་ལ་བབས་ཀྱང་བདེན་པ་བརྩད་པའི་དཔའ་སྙིང་དང་རྩིས་ཐང་ཡོད་ཚད་ལ་རྡོག་བརྫིས་བཏང་བ་

ནི་རྒྱུ་འབྲས་སྲུང་བའི་མི་དག་གིས་ཇི་ལྟར་བཟོད་དམ། “བོད་སྐད་རྣལ་མ”སྟེ། ཁྲོམ་སྐོར་ཞེས་པ་སྐད་ཅིག་དེ་ཉིད་ལ་རྒྱ་བཀྲ་དག་གི་ཀློས་ རྒྱུག་ཏུ་གྱུར་བའི་རྒྱུ་མཚན་ག་རེ་ཡིན་ནམ། མི་རིགས་རང་གི་སྐད་ཡིག་རང་དབང་དང་འདྲ་མཉམ་གྱི་ཆེད་དུ། གཅེས་པའི་སྲོག་ལ་བབས་

ཀྱང་བདེན་པའི་སོ་མཚམས་སྲུང་བའི་སྙིང་སྟོབས་འདི་ལྟ་བུ། འཛམ་གླིང་འགྲོ་མིའི་ལོ་རྒྱུས་སུ་མཐོན་དུ་དཀོན་ཞིང་། ད་ལྟ་འཛམ་གླིང་ཡོད་

ཚད་ཧང་སངས་པའི་ཚོད་དུ་ཡོད་ན། རྒྱ་བཀྲ་སོགས་ཀྱི་མིག་ལམ་ནས་ཀློས་རྒྱུག་ཡིན་པའི་གནད་དོན་གང་དུ་ཡོད་དམ། སྒེར་གཅོད་སྲིད་ གཞུང་ལས་གཞན། འཛམ་གླིང་གི་གསར་ལམ་སོ་སོ་ན་འདི་ལ་བསྟོད་མཐེབ་དབང་མེད་དུ་སྒྲེང་གིན་འདུག་ཅིང་། རྒྱབ་སྐྱོར་ཚད་མེད་དུ་

གནང་གིན་ཡོད་ན། རྒྱ་བཀྲ་སོགས་ཀྱིས་དམའ་འབེབ་དང་རྡོག་བརྫིས་གཏོང་དགོས་པའི་ཉིང་སྒོས་ཅི་ཞིག་ཡིན་ནམ། རྒྱ་བཀྲ་སོགས་ཀྱིས་ བོད་ཡིག་བོད་སྐད་ལ་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་དུ་འདུར་གྱིན་ཡོད་ན། ཡ་མཚར་བའི་ན་ཆུང་སློབ་མ་དག་གི་སྙིང་སྟོབས་ལ་

མཐའ་གཅིག་ཏུ་རྩིས་མེད་གཏོང་དོན་ག་རེ་ཡིན་ནམ། བསམས་ཤིང་བསམ་ན། དྲི་བ་གཅིག་ཐོག་གཉིས་བརྩེགས་སུ་འཁོར་བའི་གནད་ དོན་འདི་ཉིད། དོན་དངོས་སུ་སུ་ཞིག་ལ་གནད་དོན་ཡོད་པ་ཡིན་ནམ།

རྒྱ་བཀྲ་དང་བཅས་པ་བོད་ཡིག་བོད་སྐད་ལ་མི་དགའ་ན་གཡུགས་ཀྱང་ཆོག་སྟེ། དེ་ལ་བཙན་དང་སྟོབས་ཀྱིས་ཨུ་ཚུགས་བྱེད་མཁན་

རྩ་ནས་ཡོད་པ་མ་རེད། ཁྱོད་རང་བོད་ཡིག་བོད་སྐད་ལ་མི་དགའ་བ་དེ་ནི་ཁྱོད་ཀྱི་རང་དབང་དུ་བརྩིས་ནས་འཇོག་པ་ལས། ང་ཚོས་སྒེར་

གཅོད་སྲིད་གཞུང་གི་ཁྱད་ཆོས་དག་ལག་བསྟར་བྱ་མི་སྲིད། ཡིན་ན་ཡང་། ཁྱོད་ཀྱིས་བོད་ཡིག་བོད་སྐད་ལ་འབད་པའི་མི་དག་གི་ཁེ་ཕན་

དང་རྩིས་ཐང་ལ་རྡོག་རོལ་བཏང་མི་ཆོག་སྟེ། འདི་ནི་རྒྱལ་སྤྱིའི་འགྲོ་མིའི་ཡོངས་ཁྱབ་རིན་ཐང་གི་རྩ་དོན་རེད། འདི་ཉིད་ལ་སྒེར་གཅོད་སྲིད་ གཞུང་གིས་ཀྱང་ཁས་ལེན་དམ་བཅའ་བྱས་ཡོད་པ་རེད། བོད་རིགས་སློབ་མ་དེ་དག་གི་ཤ་གསེང་རུས་གསེང་ན་ལྷོག་ལྷོག་དུ་འཁོལ་གྱིན་པ་ དེ་ནི། མི་རིགས་དང་མི་རིགས་སྐད་ཡིག་གི་རང་དབང་དང་འདྲ་མཉམ་རེད། ཁོ་རང་ཚོ་ནི་བདེན་པའི་ཆེད་དུ་ལུས་སྲོག་འབུལ་བར་སྤོབས་

པའི་སྙིང་སྟོབས་ཤིག་རེད། ནུབ་གླིང་རྒྱལ་ཁབ་དག་གི་རང་དབང་དང་དམངས་གཙོ་ནི་སྙིང་སྟོབས་འདི་ལྟ་བུ་རེ་གཉིས་ཀྱིས་དར་སྤེལ་

བཏང་བ་རེད། འུ་ཅག་ལྟ་བུའི་ལུང་པ་ཁ་རུབ་ཅིག་ལ་ཡང་། འདི་ལྟ་བུའི་སྙིང་སྟོབས་ཤིག་ཡོད་པ་ནི་སྤྲོ་བ་རབ་ཏུ་འཕེལ་བའི་གནས་ཅི་ལ་ མིན་མོད། བདེན་པ་དེ་དག་ནི་རྒྱ་བཀྲ་ལྟ་བུ་དག་གིས་མཐོང་མི་སྲིད་དོ། །

ཡིན་ན་ཡང་། རྒྱ་བཀྲ་དང་བཅས་པར་འདི་ལྟར་བཤད་འདོད་དེ། པན་ཆེན་བཅུ་བ་མཆོག་ནས་གསུངས་པ་ལྟར། ཁྱོད་ཀྱིས་བོད་ལྭ་

གྱོན་མི་འདོད་ཚེ་མ་གྱོན་ན་ཆོག་ལ། ཁྱོད་ཀྱིས་བོད་ཡིག་བོད་སྐད་སྦྱངས་མི་འདོད་ན་མ་སྦྱངས་ཀྱང་ཆོག ཁྱོད་ཀྱི་རྩ་ལམ་ན་རྒྱུ་བཞིན་པའི་ འགྱུར་མེད་ཁྲག་རྒྱུན་དེ་ཡང་བོད་ལ་མ་བརྩིས་ཀྱང་ཆོག འོན་ཀྱང་། ཁྱོད་ཀྱིས་ངེས་པར་དུ་རང་ཉིད་བོད་མིན་ཞེས་པའི་བསྒྲགས་གཏམ་

ཞིག་སྤེལ་དགོས་འདུག དེ་ལྟ་ནི་མི་ནུས་པར། ལྗང་བུ་དང་འདྲ་བར། ཁེ་ཕན་ཅུང་ཙམ་ཡོད་ན་བོད་ཡིན་ཁུལ་དང་། རེ་བ་གཞན་ཞིག་ ཡོད་ན་བོད་མིན་ཁུལ་གྱི་སྨྱོ་གར་འཁྲབ་མཚམས་མ་བཞག་ན། ཁྱོད་ཀྱིས་མི་སྒེར་སྐོར་ཁག་ཅིག་ལ་རྡོག་བརྫིས་བཏང་བ་མ་ཡིན་པར། མི་

རིགས་ཧྲིལ་བོར་རྡོག་བརྫིས་བཏང་བ་ཡིན་པས། ནམ་ཞིག ཁྱོད་ཀྱི་ཉེ་འཁོར་དང་བཅས་པ་འཛམ་གླིང་མི་དམངས་ཀྱི་བདེན་ལུགས་ཀྱིས་ སྤྱིའི་དེབ་གྲངས་ཉེར་གསུམ་པ།

94


བདག་དབང་དང་སྲིད་ཇུས།

མཐར་སྐྲོད་གཏང་ངེས་སོ། །

བཞི་བ། བདེན་པའི་སོ་མཚམས།

སྤྱིར་སྐད་ཡིག་ཅིག་མེད་པར་གཏོང་བ་ལ་ཐབས་སྣ་ཚོགས་ཡོད་ན་ཡང་། ཅུང་རྒྱུགས་ཆེ་བར་ཆབ་སྲིད་དང་དཔལ་འབྱོར། རིག་

གནས་སོགས་ཡོད་པ་རེད། ད་ལྟ་འུ་ཅག་གི་སྐད་ཡིག་གི་སྟེང་དུ་བབས་པ་ནི་ཆབ་སྲིད་རེད། ཁོ་ཚོས་ཆབ་སྲིད་ལ་བརྟེན་ནས་འུ་ཅག་གི་

སྐད་ཡིག་འགག་གསོད་གཏོང་རྩིས་བྱེད་ཀྱིན་ཡོད་པ་རེད། འདི་ནི་ཤིན་ཏུ་ནས་འཇིགས་སུ་རུང་བ་ཞིག་ལགས་ཏེ། སྔོན་བཀས་བཀོད་རྒྱུད་ འཛིན་སོགས་མུན་ནག་སྤྱི་ཚོགས་ཀྱི་སྐབས་སུ་འདི་ལྟ་བུའི་དཔེ་མཚོན་ཤིན་ཏུ་མང་བ་རེད། དཔེར་ན། དབྱིན་བཙན་རྒྱལ་རིང་ལུགས་པས་ ཨེ་ཨར་ལན་དང་ཨོ་སི་ཐྲ་ལི་ཡའི་མི་རིགས་ལ་བཙན་གྱིས་དབྱིན་སྐད་བཤད་དུ་བཅུག་པ་དང་། རོ་མ་བཙན་རྒྱལ་རིང་ལུགས་པ་སོགས་

ཀྱིས་མི་རིགས་གཞན་ལ་སྐད་ཡིག་བཙན་གནོན་གྱི་སྲིད་ཇུས་སྤེལ་མྱོང་བ་རེད། དུས་རབས་བཅུ་དགུ་བའི་ནང་དུ་ཝེར་སིའི་ཡུལ་དུ་ཕ་སྐད་ སྨྲ་མི་ཆོག་པའི་བཀག་རྒྱ་འདི་ལྟར་བྱས་པ་སྟེ། ཤིང་གི་བྱང་བུ་ཞིག་གི་སྟེང་དུ་ཝེར་སིའི་སྐད་སྨྲ་མི་ཆོག་ཅེས་པའི་དབྱིན་ཡིག་གི་ཡིག་འབྲུ་

གཉིས་བརྐོས་ཏེ་སློབ་གྲྭའི་ནང་གི་སློབ་མ་སུ་ཞིག་གིས་ཝེར་སིའི་ཕ་སྐད་བཤད་ན་དེའི་སྐེར་འདོགས། དེས་སློབ་གྲོགས་གཞན་གྱིས་ཕ་སྐད་ སྨྲས་པ་ཐོས་ན་བཟུང་སྟེ་དེའི་སྐེ་ལ་སྤོ་བར་བྱེད། སློབ་མཚམས་འཇོག་སྐབས་བྱང་བུ་དེ་སུའི་སྐེ་རུ་ཡོད་ན་དེ་ལ་ཆད་པ་གཅོད་དོ། ། ཡུལ་

གཞན་དག་ཏུ་སློབ་གྲྭའི་ནང་ཕ་སྐད་བཤད་ཤོར་ན་འདག་ཆལ་གྱི་ཆུས་ཁ་བཀྲུ་བར་བྱ་དགོས་པ་དང་། འཕོངས་ལ་ཤིང་ལྕག་གིས་ཐེངས་ གསུམ་མམ་ལྔ་གཞུ་བ་དང་། ལྕགས་ཀྱི་བྱང་བུ་ཞིག་གི་ཐོག་ཏུ་ང་བླུན་པོ་ཡིན་ཞེས་པའམ། ང་བོང་བུ་བླུན་པོ་ཞིག་ཡིན་ཞེས་པའི་ཡི་གེ་

བྲིས་པ་སྐེ་ལ་འདོགས་པར་བྱེད། རི་བྲག་གི་སྐད་ཅེས་པའི་ཟློས་གར་ཞིག་གི་ནང་དུ་འདི་ལྟར་ཡོད་དེ། དམག་དཔོན་ཞིག་གིས་བུད་མེད་ སྐོར་ཞིག་ལ་འདི་སྐད་དུ་བཤད། ལེགས་པར་ཉོན་ཅིག ཁྱོད་ཚོ་རི་བྲག་གི་མི་རེད། གོ་ཨེ་བྱུང་། ཁྱོད་ཚོས་སྨྲ་བའི་སྐད་དེ་ཤི་ཚར་བ་རེད། ད་ཕན་ཆད་སྨྲ་མི་ཆོག ས་འདིར་ཁྱོད་ཚོ་རི་བྲག་པའི་སྐད་དེ་བཤད་མི་ཆོག ཁྱོད་ཚོས་ཁྱོད་ཚོའི་རི་བྲག་གི་མི་ལའང་ཁྱོད་ཚོའི་སྐད་དེ་སྨྲ་མི་

ཆོག མི་ཆོག གོ་ཨེ་བྱུང་། གཏན་ནས་བཤད་མི་རུང་། ཁྲིམས་འགལ་ཡིན། ཁྱོད་ཚོས་གྲོང་ཁྱེར་ནང་གི་སྐད་ཁོ་ན་བཤད་ཆོག ས་འདིར་

གྲོང་ཁྱེར་གྱི་སྐད་རྐྱང་བ་བཤད་ཆོག འདིར་སུས་རི་བྲག་གི་སྐད་ཚིག་གཅིག་བཤད་མཁན་ཡོད་ན་ཆད་པ་ལྕི་མོ་གཅོད་ངེས་ཡིན། འདི་ དམག་གི་བཀའ་ཡིན། འདི་བཅའ་ཁྲིམས་ཡིན། ཁྱོད་ཚོའི་སྐད་དེ་དེ་བས་བཤད་མི་ཆོག་པར་གྱུར་བ་རེད། ཁྱོད་ཚོའི་སྐད་ཤི་ཚར་བ་རེད།

མི་སུ་ཞིག་ཡིན་རུང་ཁྱོད་ཚོའི་སྐད་བཤད་མི་ཆོག ཁྱོད་ཚོའི་སྐད་དེ་མེད་པར་གྱུར་ཚར་བ་རེད། ཅེས་ཟེར། འདི་ལྟ་བུའི་སྦྱོར་བ་ནི་སྔོན་ཆད་ མི་སེར་སྤེལ་ཡུལ་གྱི་ས་གནས་སུ་ལག་བསྟར་བྱས་པའི་དཔེ་མཚོན་རེད་མོད། འདི་ཉིད་ད་ལྟ་ཡང་མི་འབྱུང་བའི་ངེས་པ་རྦད་དེ་མི་འདུག

སྤྱི་ཚོགས་འདི་ཉིད་ཇི་ལྟར་མུན་ནག་ཏུ་གྱུར་ན་དེ་ལྟར་སྦྱོར་རྩུབ་ལག་ཏུ་བསྟར་བ་བཞིན། ཞེན་ལོག་ཅན་གྱི་བསམ་ཚུལ་དང་ཧམ་སེམས་

ཁ་བོས་ནམ་ཡང་མུན་ནག་གི་སྤྱི་ཚོགས་བསུ་བཞིན་ཡོད་པས། སུ་ཞིག་གིས་རང་ཉིད་ཁོ་ན་མ་གཏོགས་གཞན་གྱི་ཁེ་ཕན་ལ་རྩིས་མེད་བྱེད་ ན། མུན་ནག་གི་སྤྱི་ཚོགས་དང་གཉིས་སུ་མ་མཆིས་སོ། ། ཡང་ཆབ་སྲིད་པ་རེ་འགས། ཆབ་སྲིད་པ་རང་ཉིད་ཀྱི་སྐད་ཡིག་དང་རིག་གནས་

མི་ཤེས་པའི་མི་ལ་བླུན་རྨོངས་དང་རྗེས་ལུས། ལེ་ལོ། དམུ་རྒོད་སོགས་ཀྱི་མིང་གིས་འབོད་ཅིང་། དེ་དག་གི་སྐད་ཡིག་དང་རིག་གནས་ལ་ རྗེས་ལུས་དང་འཕེལ་རྒྱས་ཀྱི་བཀག་རྡོ་དང་མ་སྨིན་པ་དང་མི་ལེགས་པ་སོགས་ཀྱིས་བསྙད་པར་བྱེད། དཔེར་ན། དུས་རབས་བཅུ་དགུ་

བའི་ནང་དུ་ཨ་རིའི་མགོ་དཔོན་ཨིན་དིའི་མིའི་གནད་དོན་ཐག་གཅོད་བྱེད་མཁན་ཞིག་གིས་སྨྲས་པ། ཨིན་དིའི་མི་རྣམས་ལ་ཁོ་ཚོའི་ཕ་སྐད་

བསླབས་པ་དེ་ཁོ་ཚོར་བེད་སྤྱོད་མེད་པར་མ་ཟད། ཁོ་ཚོའི་སློབ་གསོ་དང་ཤེ ས་རིག་ལ་གནོད་པ་འོང་རྒྱུ་རེད་ཅེས་ཟེར་བ་ལྟ་བུའོ། ། ཡང་ དཔེར་ན། ད་ལྟ་ཨ་ཧྥེ་རི་ཁ་གླིང་དུ་སྐད་རིགས༡༢༠༠ཙམ་ཡོད་ཀྱང་། སློབ་ཆུང་ཡན་ཆད་ཀྱི་བསླབ་གཞིའི་ནང་དུ་གཅིག་ཀྱང་མེད་པ་ལྟ་

བུའོ། ། འདི་ལྟ་བུའི་འཇིགས་རུང་གི་སྲིད་ཇུས་ལ་དིང་སང་མཚུངས་སྒྱུར་སྲིད་ཇུས་ཀྱང་ཟེར། མཚུངས་སྒྱུར་སྲིད་ཇུས་ཀྱི་དམིགས་ཡུལ་ནི་ 95

སྤྱིའི་དེབ་གྲངས་ཉེར་གསུམ་པ།


ཤར་དུང་རི།

མི་རིགས་གང་དེ་རྨེག་མེད་དུ་བཟོ་ཆེད་ཁོ་ན་ཉིད་རེད་བཞག

(གོང་གི་ཚན་པ་གསུམ་པའི་ནང་གི་དྲངས་དཔེ་དེ་དག་ནི་སྤྱིར་བཏང་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་ཤེས་བྱ་ཞིག་རེད་མོད། ཁོ་བོས་འདིར་ཚུལ་

ཁྲིམས་བློ་གྲོས་ལགས་ཀྱི་བརྩམས་ཆོས<<འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་བཞུགས་སོ>>ཞེས་ པ་ལས་བསྡུས་ཏེ་བསྒྲིགས་པ་ཡིན་ལགས། གལ་ཏེ་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སྦྱངས་མྱོང་བའི་མི་ཞིག་ཡིན་ན་འདི་དག་ཕལ་ཆེར་ཤེས་ ཀི་རེད་མོད། གཞན་རྣམས་ལ་མཚོན་ན་འདི་དག་ནི་ཐོས་མ་མྱོང་བའི་ཤེས་བྱ་གསར་བ་འབའ་ཞིག་རེད། གང་ལྟར། མཁས་པ་ཁོང་གིས་སྒྲིག་རྩོམ་ མཛད་པའི་བརྩམས་ཆོས་དེ་ནི་ང་ཚོས་མ་བཀླག་ཐུ་མེད་ཅིག་རེད་པས་རྣམ་པ་ཚོར་ཡང་དང་བསྐྱར་དུ་གསལ་བཏབ་པ་ཡིན།)

སྤྱིའི་དེབ་གྲངས་ཉེར་གསུམ་པ།

96


ལངས་ཕྱོགས།

གོད་ཆག་གནམ་ལྷུང་སྐབས་ཀྱི་གསལ་འདེབས།

གོད་ཆག་གནམ་ལྷུང་འོག་ཡོད་པ་དང་དེ་ལ་དོ་ཁུར་བྱེད་མཁན་གྱི་མི་རྣམས་ལ།

སྤྱི་ལོ2010ལོའི་ཟླ4པའི་ཚེས14ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང་། ཁམས་ཡུལ་ཤུལ་རྫོང་དུ་ཚད་རིམ7.1ཡིན་ཟེར་

བའི་ས་ཡོམ་དྲག་པོ་བརྒྱབ། གསར་འགྱུར་ལས་ཐོས་པ་ལྟར་ན། མི་བུའི་ཚེ་སྲོག་ཁྲི་ཁར་ལོངས་པ་ཤི་རྨས་སུ་སོང་ཡོད་རབས་ཀྱང་། ཚོད་དཔག་གིས་ བལྟས་ན། གྲངས་ཀ་དེ་ཙམ་གྱིས་ག་ལ་ཚད་སྙམ། དུས་མཚུངས་དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་དང་དཔལ་ཡུལ་རྫོང་སོགས་ལའང་ས་ཡོམ་དེའི་ ཤུགས་རྐྱེན་ཐེབས་པ་རྦད་དེ་ཚབས་ཆེན་ཡིན་པར་བཤད།

སྤྱིར་ཞི་བདེ་ལ་མོས ་ཤིང་གཉོམ་ཆུང་ལ་གནས་པའི་ང་ཚོའི་མགོ་ཐོག་ལ། བཙན་དྲག་གཏུམ་གསུམ་གྱིས་བརྙས་པའི་ཁར་གནམ་རྒན་མའི་འདྲེ་

ལག་ཀྱང་བཞག་ཚར་བས། ད་ནི་སྡུག་དུས་མཆི་མ་མི་གཏོང་བ་སོ་སྐྱེས་དཔའ་བོའི་ངང་ཚུལ་ཡིན་པའི་ཁུལ་བྱས་ཏེ་རྐང་གཉིས་ས་རུ་ཚུགས་ཏེ་ཡར་

ལངས། འདུ་ཞིང་འབྲལ་བ་སྲིད་པའི་ཆོས་ཉིད་ཡིན་པའི་ཟོལ་བྱས་ཏེ་མཁུར་མགོའི་མཆི་མ་ནར་མོ་ལོགས་སུ་འབྱིད་ལ། ཤི་བོ་བཞུད་ཀྱང་གསོན་པོ་འཚོ་ དགོས་པའི་གཏན་ཚིགས་ཡིད་ལ་བཅགས་ཏེ་མགྲིན་གྱི་ངུ་ངག་དེའང་ཧར་གྱིས་གཅོད།

ཡང་སྡུག་ཚོད་གང་དུ་བརྒྱབ་ནའང་། འུ་ཅག་ཁྲག་འདྲེས་ནང་མི་རྣམས་ཀྱི་གོང་བུ་གཅིག་སྒྲིལ་གྱི་འདུན་པ་དེ་ནམ་ཡང་གསོན་པོ་ལུ་གུ་ལྡིང་

སྟངས་སུ་ཡོད་པ་འདྲ་ལ། རལ་གྲིས་མི་ཆོད་ཅིང་གསེར་གྱིས་མི་ཁུགས་པའི་རིགས་ཞེན་ཁོལ་མ་འདི་འབའ་ཞིག་ཡོད་པའི་སྟོབས་ཀྱིས། འདི་ནའང་ ངེད་ཚོ་ཟི་ལིང་གི་ཡི་གེ་པ་འགས་ཀྱང་ཡུལ་ཤུལ་གྱི་ཕུ་ནུ་མིང་སྲིང་རྣམས་ལ་གཤིན་སྐྱེལ་དང་སྙུན་འདྲི་དང་སེམས་གསོའི་རྣམ་འགྱུར་སོགས་བཅོས་མིན་

ལྷད་མེད་དུ་སྟོན་གྱིན་ཡོད་ལ། སོ་སོའི་ནང་གི་དམར་པོ་དེ་ཉིད་མཚོན་བྱེད་དུ་དངུལ་སྒོར་སིལ་མ་འགའ་རེའང་ཕྱོགས་གཅིག་སྦྲེས་བསྡུ་བྱེད་གྲབས་ཀྱིས་ ཁྱེད་ཚོའི་ཕྱོགས་སུ་གཏོང་རྩིས་ཡོད། རྒྱུ་མཚན་ནི། ཚོགས་པའི་མགྲིན་ངག་ཏུ་གྱུར་པའི་གསར་འགྱུར་ལ་ཡིད་རྟོན་མི་རུང་བ་ཇི་བཞིན་ཚོགས་པའི་རྩ་

འཛུགས་ལའང་ཡིད་རྟོན་ཆེར་མི་རུང་སྟེ། ད་ཚོད་ཡིད་རྟོན་རུང་བ་གཅིག་འདུག་པ་ནི་ཆབ་སྲིད་དགོས་དབང་ལོས་ཡིན་སྙམ་པའི་བབ་ཀྱིས་འགྲིམ་འགྲུལ་ འགྲོ་ལམ་རྒྱ་བསྡམས་པའི་ཚུལ་དེ་རེད། དེ་བས། ང་ཚོས་ཐག་རིང་གི་ཟི་ལིང་ནས་ཁྱེད་ཚོའི་བདེ་སྡུག་ཡིད་ལ་བཅགས་ཏེ་མྱ་ངན་སྐད་བསྐུར་འདི་ཙམ་ ལས་ཅི་ཡང་མ་ནུས། ལྷག་བསམ་ཟོལ་མེད་ཀྱིས་སོ།།

མཐར་གསལ་འདེབས་སམ་དྲན་སྐུལ་གྱི་ཚུལ་དུ་བརྣན་རྒྱུ་ཞིག་ཡོད་པ་ནི། གནས་སོ་སོའི་ཡོན་ཏན་པ་དང་ལས་བྱེད་པ་རྣམས་ཀྱིས་ཡུལ་ཤུལ་

གྱི་སྡུག་འོག་ཏུ་ཡོད་པའི་ནང་མིའི་ཚོགས་ལ་གདུང་སེམས་མཉམ་སྐྱེད་ཀྱིས། ཟས་གོས་སྨན་གསུམ་གྱི་རོགས་འདེགས་གང་ནུས་བྱེད་རྒྱུ་ནི་བདག་ཅག་ རྣམས་ཀྱི་སྙིང་གི་རེ་འབོད་ཉག་གཅིག་པོ་ཡིན་ལ། དེའང་ག་གེ་མོའི་རྩ་འཛུགས་དང་ཆེ་གེ་མོའི་ཚན་ཆུང་སོགས་ཀྱི་དངུལ་བྱང་གང་རུང་དུ་དཔྱ་ཁྲལ་

བཞིན་སྤྲད་རྐྱང་བྱས་པས་མི་འགབ་སྟེ། རང་ཉིད་དངོས་སུ་གནས་ཡུལ་དེ་གར་གོམ་ཁ་བསྒྱུར་མི་ནུས་ཀྱང་། དུས་ད་ལྟ་ཉིད་ལ་མཁོ་བའི་མར་ཆུར་རྩམ་ པ་དང་གོ་རེ་བག་ལེབ། འཐུང་ཆུ་སོགས་གཅིག་བསྡུས་ཀྱིས་མི་བུ་སོ་སོ་བློས་འཁེལ་ཡོད་པའི་གྲོགས་པོ་སུ་ཞིག་བརྒྱུད་དེ་ཐད་ཀར་སྤྲོད་རྒྱུ་ནི་འགངས་ ཆེན་པོ་སྟེ། དེ་ལྟར་བཤད་པའི་སྙིང་དོན་ནི། ཧམ་ཆེན་ཕོ་དབོས་དང་ལྐོག་གཡོ་སྤྱང་ཇུས་ཀྱི་ཐག་དྲ་ནི་འདི་ན་ཡོད་དང་དེ་ན་མེད་ཅེས་རྣམ་ཀུན་ཤོད་པར་ དཀའ་བས་སོ།།

ཞེས་ཟི་ལིང་དུ་སྡུག་གི་ཁུར་བོ་ཐེག་མེད་དུ་སྡོད་པའི་ཡི་གེ་པ་སྨིན་དྲུག་དང་། ཞོགས་དུང་། བྱང་སྐར། ཉི་གཞོན། སེང་རྡོར། འགྱན་སངས་

རྒྱས་དོན་གྲུབ། འབར་རྡེའུ། མེ་ལྕེ་བཅས་ཀྱིས།

97

སྤྱིའི་དེབ་གྲངས་ཉེར་གསུམ་པ།


Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.