Layjang 14

Page 28

ཕྱག་བཞི་པའི་ཚོགས་འདི་ལྟར་སྔར་ནས་ཚོགས་ཐུབ་

ན་དགོངས་པའི་དགོངས་གཞི་ཡོད་མུས་ཀྱང། ༸རྒྱལ་དབང་

མགོན་པོ་དང་། མགོན་པོ་ལ་ཡང་མགོན་པོ་ཕྱག་བཞི་པ་དང་།

སྐབས་ཁོ་ན་ལས་བཀའ་དགོན་གྱི་འདུས་སྡེ་ཐམས་ཅད་ལྷན་

འཁོར་ལོ་སོགས་མགོན་པོ་བདུན་ཅུ་རྩ་ལྔར་མཆིས་པ་ལས།

མཆོག་མཛད་འཕྲིན་ཆེ་ཁར་བཀའ་བརྒྱུད་སྨོན་ལམ་གྱི་དུས་ དུ་འཛོམས་ཐབས་བྲལ་བས་ལོ་ཤས་ལུས། མགོན་པོ་ཕྱག་

བཞི་པའི་གཏོར་ཟློག་དེ་བཞིན་ཚུགས་ཐུབ་ཚེ་རྒྱལ་བསྟན་སྤྱི་

དང་། བྱེ་བྲག་ཏུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ། ཁྱད་ པར་དུ་དཔལ་༸རྒྱལ་དབང་མཆོག་གི་གསང་གསུམ་མཛད་ འཕྲིན་ལ་མཆོག་ཏུ་སྨན་པས་སྨོན་ལམ་ལས་བྱེད་དང་ཞབས་

འབྲིང་དུ་མ་ནས་སྨོན་ལམ་སྐབས་ལེགས་ལུགས་སྙན་བསྐུལ་ ཞུས་པར་མགོན་པོ་མཆོག་ནས་དེ་དོན་འཐུས་པར་བཀའ་

སྩལ་ཕེབས་པ་བཞིན། རྒྱ་བལ་འབྲུག་གསུམ་དུ་མཆིས་པའི་ ཀཾ་ཚང་དགོན་སྡེ་ཁག་ལ་དགོན་སྡེ་སོ་སོའི་ཚོགས་རྣམས་

སྔ་བསྣུར་ཕྱི་བསྣུར་ཅི་རིགས་ཀྱིས་བོད་ཟླ་བཅུ་གཉིས་པའི་

ཟླ་མཇུག་ནང་ངེས་ཕེབས་དགོས་པའི་སྔོན་བརྡའི་ཕྱག་བྲིས་

ཕུལ་བ་ལྟར་ཀུན་གྱིས་བཀའ་གསུང་དང་ལེན་གྱིས་དུས་ཐོག་ ཏུ་འཛོམས།

28

ཆོས་སྐྱོང་ལ་རིགས་དུ་མར་མཆིས་པ་ལས་གཙོ་བོ་

ཕྱག་དྲུག་པ། མགོན་པོ་བེང་། མགོན་དཀར་ཡིད་བཞིན་

ཕྱག་བཞི་པ་དེ་ཉིད་ཆོས་སྐྱོང་ཐམས་ཅད་ཀྱི་རྗེ་བོའམ་རྒྱལ་པོ་ ལྟ་བུ་ཡིན། དེ་ཡང་ཀར་འབྲུག་འབྲི་སྟག་ཐམས་ཅད་ཀྱི་ཐུན་ མོང་གི་ཆོས་སྐྱོང་ཡིན། མགོན་པོ་འདི་ཉིད་ཀྱི་གདམས་པ་

ཞུ་ཡུལ་དཔལ་ཆེན་རྒ་ལོ་ལས་རྗེ་དུས་གསུམ་མཁྱེན་པས་

ཞུས་ཤིང་། དཔལ་ཆེན་རྒ་ལོ་འདི་ཉིད་འཕགས་ཡུལ་གྱི་ཡུལ་ དབུས་སུ་ཕེབས་ཏེ་ཙཱ་མི་ལོ་ཙཱ་སངས་རྒྱས་གྲགས་ཀྱི་དྲུང་ ནས་མགོན་པོ་དང་འབྲེལ་བའི་ཕྱག་ལེན་རྣམས་གསན། ཙཱ་ མི་ལོ་ཙཱ་ཁོང་ཁམས་མི་ཉག་ཏུ་སྐུ་བལྟམས་ཤིང་རྒྱ་གར་དུ་

ཕེབས་ཏེ་གསན་བསམ་དཔྱིས་ཕྱིན་པར་མཛད་དེ་དཔལ་ནཱ་ ལནྡཱའི་མཁན་པོ་མཛད་པའི་ལོ་རྒྱུས་མངའ། དཔལ་ཆེན་རྒ་

ལོས་སློབ་དཔོན་ཆེན་པོ་དེ་ཉིད་ཀྱི་སྐུ་མདུན་དང་། རྒྱ་གར་གྱི་

སློབ་དཔོན་ཨ་བྷྱཱ་ཀ་རའམ་འཇིགས་མེད་འབྱུང་གནས་ཀྱི་དྲུང་ ནས་ཀྱང་གསན་ཚུལ་ཡོད། སྒྲུབ་བརྒྱུད་ཀྱི་བླ་མ་གཞན་རྣམས་


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.