Layjang 4

Page 17

Layjang Bulletin Jan-Jun, 2012 པས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གསང་ཆེན་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ།།

༄༅།།

མགོན་པོ་འཁོར་བཅས་ཀྱི་གདངས་དབྱངས་དྲ་མིག་གི་ཕྱག་དཔེའི་གླེང་བརྗོད། གླེང་སློང་བའི་གཏམ།

དཔལ་མ་མགོན་འཁོར་བཅས་ཀྱི་དབྱངས་གདངས་དྲྭ་མིག་འདི་ཉིད་ཕྱག་བྲིས་མཛད་པ་པོ་རྒྱལ་བའི་དབང་པོ་

དཔལ་ཀརྨ་པའི་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེ་༼༡༥༥༦།༡༦༠༣༽ནི་རྗེ་གོང་མ་མི་བསྐྱོད་རྡོ་རྗེ་དགུང་ལོ་ཉེར་བརྒྱད་པའི་

དུས་མ་འོངས་ལུང་བསྟན་གསུང་མགུར་དུ་མཛད་པ་ལྟར་མདོ་ཁམས་ཏྲེ་བོའ་ི ཡུལ་གྱི་མཐའ་སྨད་ཁ་བ་གླང་རིའི་ཞོལ་སྟག་ བཟང་ཞེས་བྱ་བར་ཡབ་ཨ་རྡོར་དང་།

ཡུམ་ཨ་ལོད་གཉིས་ཀྱི་སྲས་སུ་མེ་ཕོ་འབྲུག་ལོ་ཟླ་བ་བདུན་པའི་ཚེས་བདུན་གྱི་ཉི་

ཤར་ལ་སྐུ་བལྟམས། རྗེ་ཞྭ་དམར་ཐམས་ཅད་མཁྱེན་པ་ལྔ་པའི་དྲུང་ནས་རྗེ་ཉིད་དགུང་ལོ་བཅུ་གཅིག་བཞེས་སྐབས་ལྷོ་བྲག་

སྲས་མཁར་དུ་རབ་བྱུང་དང་དགེ་ཚུལ་མཛད་ཅིང་། ཉེར་བཞི་ལ་གདན་ས་མཚུར་ཕུར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྔ་ ཕྱིར་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་སོགས་མདོ་སྔགས་ཀྱི་དབང་བཀའ་རྗེས་གནང་ཁྲིད་ལུང་སོགས་གསན་བཞེས་

མཐའ་ཡས་པ་མཛད། དགུང་ལོ་བཅུ་བཞིའི་ཐོག་སློབ་དཔོན་མཁས་པའི་དབང་པོ་རྣམ་རྒྱལ་གྲགས་པ་ལས་ཕར་ཚད་མངོན་ པ་སོགས་མདོ་ཕྱོགས་ཀྱི་གསན་སྦྱོང་གནང་།

གསུང་ལས་སྐྱེས་པའི་སློབ་མའི་གྲངས་ཀྱང་དོན་བརྒྱུད་འཛིན་པ་ཞྭ་དམར་

དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་དང་། སྒམ་པོ་སྤྱན་སྔ་བཀྲ་རྣམ་གྱི་སྐུ་སྐྱེ། རྗེ་བཙུན་གློ་བོའ་ི སྤྲུལ་སྐུ་དང་། དཔའ་བོ་

གཙུག་ལག་རྒྱ་མཚོ། སི་ཏུ་ཆོས་ཀྱི་རྒྱལ་མཚན་ཕྱི་མ། འབྲི་གུང་ཆོས་རྗེ་རིན་ཆེན་རྣམ་རྒྱལ། སྟག་ལུང་ཆོས་རྗེ་ཀུན་དགའ་

བཀྲ་ཤིས་སོགས་ཁྲི་གདན་ཟུར་རྣམས་དང་། རི་བོ་ཆེ་པའི་ཆོས་རྗེ་མཚོ་སྐྱེས་རྡོ་རྗེ། སྐུ་སྐྱེ་ཀརྨ་གྲགས་པ་རྣམ་རྒྱལ། ཏྲེ་བོའ་ི སྐུ་སྐྱེ་ཀརྨ་བསླབ་གསུམ་རྒྱ་མཚོ། ཟུར་མང་ཆོས་རྗེ་ཀརྨ་ལེགས་བཤད་སྒྲ་དབྱངས་སོགས་མང་དུ་བྱུང་། དབུས་གཙང་། ལྷོ་

ཁ། མོན། ཁམས། ཀོང་པོ། སྤོ་བོ་སོགས་སུ་ཞབས་ཀྱིས་བཅགས་ཤིང་། འཁྲུགས་རྩོད་འདུམ་པ་དང་། གདན་ས་མཚུར་ཕུའི་ ཆོས་ཁང་གོང་འོག་གིས་མཚོན་དགོན་སྡེ་རྙིང་གསོ་གསར་འཛུགས་སོགས་མཐའ་ཡས་པ་མཛད།

འབྲས་སྤུངས་སྤྲུལ་སྐུ་

ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་ཐུགས་སྣང་གཤིན་པ་བྱུང་། གཞན་འགྲེལ་དང་རང་གཞུང་དུ་མཛད་པའི་ བསྟན་བཅོས་ཀྱི་གྲངས་ཀྱང་ཚད་མའི་འགྲེལ་པ་རིགས་གཞུང་སྙིང་པོ། འཇུག་འགྲེལ་སྐལ་བཟང་དགའ་སྟོན། མཛོད་ཀྱི་ འགྲེལ་པ་གཞོན་ནུའི་རྣམ་རོལ།

ཟབ་ཆོས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་རྒྱས་འབྲིང་བསྡུས་གསུམ་

སོགས་གླེགས་བམ་བཅུ་ཙམ་གྱི་བཞུགས་བྱང་ད་ལྟའང་མཇལ་དུ་ཡོད། དགུང་ལོ་ཞེ་བརྒྱད་པ་ཆུ་མོ་ཡོས་ལོ་ཟླ་བ་དང་པོའ་ི

ཉེར་བརྒྱད་ཀྱི་ཐོ་རངས་ཀྱི་ཁར་དགོངས་པ་ཞི་བར་གཤེགས། དབྱངས་ཡིག་འདི་ཁོ་བོ་ཅག་བོད་ལ་ཡོད་སྐབས་ལག་ཏུ་སོན་

ཅིང་། སྲིད་ན་རྙེད་དཀའ་བའི་རྟེན་མཆོག་འདི་བཞིན་ལོ་ཟླ་ཇི་སྙེད་ཀྱི་རིང་ག་ཤེད་དུ་འཁྱར་ཏེ་སླར་བསམ་ཡུལ་ལ་མེད་

པར་ནོར་བུ་རང་ལག་ཏུ་ལོན་པ་ནི་སྐལ་པ་རེ་བཟང་སྙམ་པ་བྱུང་། དབྱངས་ཡིག་འདིའི་ཞལ་ཤོག་ཏུ་འདིའི་དབྱངས་ཡིག་ གི་རི་མོ་རྣམས་དང་ཞལ་ཡིག་ནས་བརྩམས་ཇི་སྲིད་མ་རྫོགས་བར་གྱི་ཡི་གེ་ཆེ་ཆུང་ཅི་མཆིས་པ་ཐམས་ཅད་དང་། དཔེའུ་ རིས་གཟུགས་བརྙན་སོགས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀརྨ་པ་དགུ་པའི་ཕྱག་བྲིས་ལྷད་མེད་ཁོ་ནའོ།

།ཞེས་འཁོད་

འདུག་པ་དེས་དབྱངས་ཡིག་འདིའི་རྩ་ཆེའི་རིན་ཐང་ཡོངས་སུ་མངོན་ཅིང་སེམས་ལ་ངོ་མཚར་དང་སྤྲོ་བ་སྟེར་བ་སྨོས་ཅི་

དགོས། ད་དུང་དཔེ་རིས་གཟུགས་བརྙན་རྣམས་ཀྱང་རི་མོ་དེ་ཙམ་མི་ལེགས་མོད་སྙིང་དུ་འཇེབས་ཤིང་བརྗོད་དཀའ་བའི་ ཚོར་སྣང་ཞིག་སྟེར་བ་དེས་རྗེ་དགུ་པ་ལྷ་བྲིས་ལ་ཆེར་མཁས་པ་མི་བཞུགས་པས།

སྐུ་འཁོར་ལྷ་བྲིས་མཁས་པ་སྤྲུལ་སྐུ་བ་ མཛད་འཕྲིན་དུས་ཀྱི་སྦྲང་ཆར། 17


Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.