2017 Year in Review (བོད་ཡིག Tibetan)

Page 1

ཕྱི་ལོ་༢༠༡༧ ལོའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་

ལས་དོན་བསྐྱར་ཞིབ། སྤྱི་ཁྱབ་འགན་འཛིན་གསར་པ་ངོ་སྤྲོད།

ཕྱི་ལོ་༢༠༡༧ ལོའི་ཟླ་༨ པའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས། རྡོ་རྗེ་ཚེ་བརྟན་ལགས་ཚོགས་པའི་སྤྱི་ཁྱབ་འགན་ འཛིན་དུ་བསྐོ་གཞག་གནང་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། ཁོང་གིས་ཐོག་མར་ཕྱི་ལོ་༢༠༡༠ ལོར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་ འགུལ་འགན་འཛིན་གྱི་འགན་ཁུར། རྗེས་སུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་དང་། ཕྱི་ལོ་༢༠༡༣ ལོར་ཨེ་ཤི་ཡའི་བོད་རང་བཙན་ སློབ་ཕྲུག་ཚོགས་པའི་འགན་འཛིན་གྱི་འགན་ཁུར། རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་ཁོངས་སུ་བསྐོ་གཞག་བྱུང་བ་དང་། ཕྱི་ལོ་༢༠༡༦ ལོར་རྡོ་རྗེ་ཚེ་བརྟན་ལགས་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་།

ཁོང་ནི་འཆར་སྣང་གསར་པ་དང་འཇོན་ནུས་ཐབས་རྩལ་སྣ་མང་ལྡན་ཞིང་། དེ་བཞིན་བོད་ཀྱི་རང་དབང་འཐབ་རྩོད་ལ་ཆོད་སེམས་བརྟན་པོ་ཡོད་མཁན་ཞིག་ ཡིན་པ་དང་། རྒྱ་གར་དུ་བོད་མིའི་གཞིས་སྒར་ཞིག་ཏུ་སྐྱེས་ནས། རྒྱ་གར་གྱི་མངའ་སྡེ་གྷུ་ཇུ་ར་ཌེ་ནས་མཐོ་སློབ་ཐོན། ཁོང་གི་བོད་དོན་ལ་ལས་འགུལ་སྤེལ་བའི་ བརྒྱུད་རིམ་ཁྲོད། འཛམ་གླིང་གང་སར་བསྐྱོད་ནས་གཏམ་བཤད་སྤེལ་ཡོད་པ་དང་ལས་འགུལ་སྦྱོང་བརྡར་སྤྲད་ཡོད་པ་མ་ཟད། འཛམ་གླིང་གི་འགོ་ཁྲིད་ལ་ཐུག་ འཕྲད་དང་། འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་མྱོང་ཡོད་པ་རེད།

བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྦྱོང་བརྡར།

ཕྱི་ལོ་༢༠༡༧ ལོར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཡུ་རོབ་འཇར་མན་གྱི་རྡུ་སེལ་ཌོར་ ཧྥེ་དང་། རྒྱ་གར་དྷ་རམ་ས་ལར། བདུན་ཕྲག་རེའི་རིང་བོད་རང་དབང་འཐབ་རྩོད་ཀྱི་ལས་ འགུལ་སྦྱོང་བརྡར་གོ་སྒྲིག་བྱས་པ་དང་། དུས་སྐབས་དེ་གཉིས་རིང་རྒྱལ་ཁབ་མི་འདྲ་བ་༡༠ སྟེ། བྷེལ་རྗེམ་དང་ཁེ་ན་ཌ། ཌེན་མག རྒྱ་གར། ཧྥེན་ལེན་ཌ། ཧྥ་རན་སི། འཇར་མན། བལ་ ཡུལ། ཧོ་ལེན་ཌ། སུད་སི། ཨ་རི་བཅས་ནས། འཐབ་རྩོད་ཀྱི་འགོ་ཁྲིད་ཁག་དང་། སྦྱོང་བརྡར་ སྤྲོད་མཁན་རྣམ་པ། གདན་དྲངས་པའི་གཏམ་བཤད་པ། སྒྱུ་རྩལ་པ། དང་བླངས་པ། དེ་བཞིན་ ཤེས་འཇོན་ལྡན་པའི་མཉམ་ཞུགས་པ་སོགས་ཕེབས་ཐུབ་པ་བྱུང་ཡོད། སྦྱོང་བརྡར་སྐབས་སུ་ ང་ཚོས་མཉམ་ཞུགས་པ་ཚོ་དང་མཉམ་དུ་གྲོས་བསྡུར་དང་སྦྱོང་བརྡར་སྤྲད་པ་བརྒྱུད། རང་ གནས་སུ་བོད་དོན་འཐབ་རྩོད་པ་ནུས་ལྡན་ཞིག་ལ་མཁོ་བའི་ཐབས་བྱུས་དང་ཐབས་རྩལ་ ཐོག་ལ་གོ་རྟོགས་དང་སྦྱོང་བརྡར་སྤྲད་ཐུབ་པ་བྱུང་། དེ་བཞིན་མཉམ་ཞུགས་པ་སྒེར་རེ་རེ་

Students for a Free Tibet International

བཞིན་གྲོས་བསྡུར་རྒྱུས་ལོན་བྱས་ཡོད་པ་དང་། དེ་ནི་ང་ཚོའི་ཚོགས་པའི་ནུས་པ་དང་ཆིག་ སྒྲིལ། ཞུམ་པ་མེད་པའི་སེམས་ཤུགས་བཅས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ ཆགས་ཡོད།

ཞི་ཅིན་ཕིང་གི་གདུག་རྩུབ་ཅན་གྱི་སྲིད་དབང་ལ་ངོ་རྒོལ།

རྒྱ་ནག་འཐུས་མི་ཚོགས་ཆེན་ཐེངས་༡༩ པའི་ཡར་སྔོན་གྱི་ཉིན་ལ། ཁེ་ན་ཌ་དང་རྒྱ་གར། འཇར་མན། ཨ་རི། དབྱིན་ཡུལ་སོགས་འཛམ་གླིང་གང་སར་གནས་པའི་བོད་མི་དང་རྒྱབ་ སྐྱོར་བ་ཚོས། ཞི་ཅིན་ཕིང་གི་ལོ་ལྔའི་སྲིད་དབང་ རིང་བོད་ནང་ལ་བཙན་གནོན་གྱི་དབང་སྒྱུར་བྱས་ པར་ངོ་རྒོལ་བྱས་ཡོད་པ་རེད། རྒྱ་གར་དྷ་རམ་ས་ ལར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གཞུང་ འབྲེལ་མིན་པའི་ཚོགས་པ་གཞན་ལ་མཉམ་སྦྲེལ་ ཐོག བསྒྲགས་གཏམ་ཞིག་སྤེལ་ནས་ཞི་ཅིན་ཕིང་ གི་སྒེར་གཅོད་སྲིད་དབང་འོག བོད་ནང་དུ་གནས་ སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་གསལ་སྟོན་ བྱས། ཨ་རིའི་ནིའུ་ཡོག་ཏུ་བོད་རང་བཙན་སློབ་ཕྲུག་ ཚོགས་པའི་ལས་འགུལ་བ་ཚོས། རྒྱ་ནག་གི་གཞུང་ཚབ་མདུན་དུ། ཁྲག་ཕོན་ཆེན་འཁྱིལ་ བའི་དཀྱིལ་དུ་ཕུང་པོ་ལུས་པའི་སྲང་ལམ་འཁྲབ་སྟོན་བྱས་ཏེ། ཞི་ཅིན་ཕིང་གི་ལོ་ལྔའི་སྲིད་ དབང་རིང་ངོ་ཚ་ཁྲེལ་གཞུང་མེད་པའི་ཐོག་ནས་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་ རོལ་བཏང་བའི་རྣམ་པ་མཚོན་པར་བྱས་ཡོད། ལས་འགུལ་དེའི་རིགས་བརྒྱུད་ནས་རྒྱལ་སྤྱིའི་ ཚོགས་སྡེ་ཁག་ལ། ཞི་ཅིན་ཕིང་ནི་རང་དབང་ཅན་གྱི་ཚོགས་སྡེ་ཁག་གི་མགོན་སྐྱབས་མིན་ པར། རང་དབང་མེད་པའི་ཚོགས་སྡེ་ཁག་གི་སྒེར་གཅོད་རིང་ལུགས་པ་ཡིན་པས། བོད་ནང་ དྲག་གནོན་གདུག་རྩུབ་ཅན་གྱི་ལས་འགུལ་ཚབས་ཆེན་སྤེལ་བའི་ཉེས་པ་ཡོད་པར་ངོས་ འཛིན་བྱེད་དགོས་པའི་བརྡ་ལན་གསལ་པོ་སྤྲད་ཐུབ་པ་བྱུང་ཡོད།

602 East 14th Street, 2nd Floor NYC, NY 10009

www.studentsforafreetibet.org


པོ་ཏ་ལ་དྲན་གསོ།

བོད་ཀྱི་རྒྱལ་དར་འཕྱར་ཆོག་པའི་ཐོབ་ཐང་།

ཕྱི་ལོ་༢༠༡༧ ལོའི་ཟླ་༢ པའི་ཚེས་༡༣ ཉིན་འཛམ་གླིང་གི་གྲོང་ཁྱེར་༡༥ ཡི་ནང་། པོ་ཏ་ལ་ དྲན་གསོ་ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་རང་བཙན་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད། ཐེངས་འདིའི་བརྗོད་གཞི་ཡིས་ལོ་རྒྱུས་ནང་ཕོ་བྲང་པོ་ཏ་ལ་གལ་གནད་ཆེན་པོ་ཡིན་པ་དང་ བོད་མི་རྣམས་ཀྱི་རང་དབང་དང་མང་གཙོའི་མངོན་འདོད་དང་འཆར་སྣང་གསལ་སྟོན་བྱས། ཕྱི་ལོ་༡༩༥༩ ལར་རྒྱ་ནག་གིས་བཙན་འཛུལ་མ་བྱས་པའི་སྔོན། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་ བྱོན་གྱི་བཞུགས་གནས་དང་བོད་རང་བཙན་རྒྱལ་ཁབ་ཀྱི་གཞུང་གི་བསྟི་གནས་ཡིན་པའི་ཕོ་ བྲང་པོ་ཏ་ལ་ནི། བོད་ཀྱི་མཚོན་དོན་གལ་ཆེན་ཞིག་རེད། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ ཁྲོད་ཀྱི་གལ་ཆེའི་ཅ་དངོས་རྙིང་པ་དང་གནས་གལ་ཆེན་རྣམས་རང་ཉིད་ཀྱི་ཁེ་ཕན་ཆེད། ཆེ་ མཐོང་གང་ཡང་མི་བྱེད་པར་ཅ་དངོས་ཀྱི་ངོ་བོའི་ཐོག་ནས་བེད་སྤྱད་བཞིན་པ་ཡོད་པ་ལྟར།

དེང་སང་རྒྱ་ནག་གིས་ཕོ་བྲང་འདི་ཉིད་ཀྱང་རང་ཉིད་ལ་དཔལ་འབྱོར་ཡོང་འབབ་ཐོབ་ཆེད་ དུ། ཡུལ་སྐོར་སྤྲོ་འཆམ་འགུག་ཆེད་ཀྱི་ལས་འགུལ་ནང་བེད་སྤྱད་བཞིན་ཡོད་པ་མ་ཟད། བེད་ སྤྱོད་གཏོང་བྱེད་ཀྱི་ཅ་དངོས་རྙིང་པ་དང་གནས་གལ་ཆེན་དེ་དག་ཡོང་ཁུངས་ཀྱི་མི་རིགས་ དེར། འཆར་གཞི་ལྡན་པའི་ཐོག་ནས་རྩ་གཏོར་དང་བཙན་གནོན་བྱེད་བཞིན་ཡོད་པ་རེད།

ཀུ་ཤུ་ཚོང་ལས་ཁང་གི་ཞིབ་བཤེར།

ཀུ་ཤུ་ཚོང་ལས་ཁང་གིས་བོད་མིའི་ཚེ་སྲོག་ལ་ཉེན་ ཚབས་བཟོ་ཡི་ཡོད་པའི་བསམ་ཚུལ་ཡོད་མཁན་ ང་ཚོ་གཅིག་པུ་མ་རེད། ཀུ་ཤུ་ཚོང་ལས་ཁང་གི་རྒྱ་ ནག་ནང་གི་ཀུ་ཤུ་ཁ་པར་ནང་གི་མཉེན་ཆས་ཕབ་ ལེན་ཁང་ནས་གསང་བའི་དྲ་ཚིགས་ཕྱིར་འཐེན་བྱ་ རྒྱུའི་ཡིད་ཆེས་བྱེད་དཀའ་བའི་ཐག་གཅོད་ལ། ང་ ཚོས་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་ནས་ ཟླ་བ་གཅིག་མ་གཏོགས་ཕྱིན་མེད་པའི་རྗེས་ལ། ཨ་ རིའི་གྲོས་ཚོགས་གོང་མའི་འཐུས་མི་པེ་ཀྲེག་ལི་ཧེ་ དང་ཀྲེ་ཌ་ཁུ་རུ་ཛེ་གཉིས་ཟུང་སྦྲེལ་ཐོག་ནས། ཀུ་ཤུ་ ཚོང་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་ཡོངས་ ཁྱབ་འཕྲིན་ཡིག་བསྐུར་བ་རེད། ཡི་གེ་དེའི་ནང་ དམིགས་སུ་བཀར་ནས་རྒྱ་ནག་གི་བོད་མི་ཚོར་ཞིབ་ བཤེར་དང་དོ་དམ་སྟངས་འཛིན་བྱེད་པའི་ལས་ འགུལ་ལ། ཀུ་ཤུ་ཚོང་ལས་ཁང་གི་ཐག་གཅོད་ཀྱིས་ རྒྱབ་སྐྱོར་གང་འདྲ་ཆགས་སྲིད་ཀྱི་ཡོད་པའི་ཐོག་ ལ་སེམས་འཚབ་ཡོད་སྐོར་གླེང་སློང་བྱས་འདུག དེ་ བཞིན་ཀུ་ཤུ་ཚོང་ལས་ཁང་གིས་ད་བར་བོད་མི་རྣམས་ལ་རྒྱབ་སྐྱོར་གྱི་ཆེད་དུ་ལས་ཀ་བྱེད་ མྱོང་ཡོད་མེད་ཚུད་པའི་དམིགས་བཀར་དྲི་བ་༡༠ དྲིས་ཏེ་ལན་འདེབས་དགོས་པའི་དགོས་ འདུན་བཏོན་ཡོད་པ་རེད། ཕྱི་ལོ་༢༠༡༧ ལོའི་Newseums འགྲེམས་སྟོན་ཁང་གི་སྨྲ་བརྗོད་ རང་དབང་གི་གཟེངས་རྟགས་དེ་ཀུ་ཤུ་ཚོང་ལས་ཁང་ལ་ཐོབ་སྐབས། ཚོང་ལས་ཁང་དེས་“ང་ ཚོས་མི་གཞན་ལ་རང་གི་བསམ་ཚུལ་འཆད་པར་རམ་འདེམས་བྱེད་ཀྱི་ཡོད་པ་མ་ཟད། ང་ ཚོས་ཀྱང་དེ་ལྟར་བྱེད་ཀྱི་ཡོད།”ཅེས་བསྒྲགས་ཡོད། གྲོས་ཚོགས་གོང་མའི་འཐུས་མི་གཉིས་ ཀྱིས། ཀུ་ཤུ་ཚོང་ལས་ཁང་གིས་རྒྱ་ནག་ནང་དུ་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་དང་རྒྱ་ ནག་གཞུང་གི་ཞིབ་བཤེར་དང་དོ་དམ་སྟངས་འཛིན་གྱི་བྱེད་ལས་མ་ལག་ལ་སྐྱོན་བརྗོད་བྱས་ པའི་བསྒྲགས་གཏམ་གང་སྤེལ་ཡོད་པའི་འདྲ་བཤུས་མཁོ་སྤྲོད་བྱེད་དགོས་སྐོར་བརྗོད་ཡོད་པ་ རེད། ཁོང་རྣམ་པ་གཉིས་ཀྱིས་འཛེམས་ཟོན་མེད་པའི་བྱ་སྤྱོད་དང་། རྒྱ་ནག་གཞུང་གིས་ཆབ་ སྲིད་ཀྱི་ཁ་གཏད་ལ་དྲག་གནོན་དང་བོད་མི་གཙོས་པའི་ཉེས་མེད་མི་མང་མང་པོ་ཞིག་གིས། དྲ་ཐོག་ནས་གནས་ཚུལ་རག་ཐབས་དང་རང་གི་བསམ་ཚུལ་སྤེལ་ཐབས་བྱེད་པར། བཙོན་ འཇུག་དང་གར་སོང་ཆ་མེད་བཟོ་བའི་འབད་བརྩོན་དེ་ལ། ཀུ་ཤུ་ཚོང་ལས་ཁང་གི་བྱེད་ལས་ དེས་རམ་འདེམས་བྱེད་པའི་འགན་ཡོད་པ་ངོས་འཛིན་བྱས་པར་རྗེས་སུ་ཡི་རངས་ཞུ་ཡི་ཡོད། Students for a Free Tibet International

ནང་པ་སྐལ་བཟང་ནི་ཨ་རིའི་གཙུག་ལག་སློབ་ གཉེར་ཁང་( UMass Amherst) དུ་ཡོད་པའི་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ གི་ཚོགས་གཙོ་ཡིན་པ་དང་། ཁོང་ཕྱི་ལོ་༢༠༡༧ ལོའི་ཟླ་༤ པའི་ནང་སློབ་མཐར་ཕྱིན་ཡོད་པ་རེད། སློབ་མཐར་མཛད་སྒོའི་སྐབས་སློབ་ཕྲུག་ཚོའི་རང་ རྒྱལ་ཁབ་ཀྱི་རྒྱལ་དར་འཕྱར་ནས་རུ་སྒྲིག་གཏོང་ བའི་ལས་རིམ་ནང་། ཁོང་གིས་དགོས་མཁོའི་སྙན་ ཞུ་བརྒྱབ་ནས། བོད་ཀྱི་རྒྱལ་དར་འཕྱར་ནས་རུ་ སྒྲིག་གཏོང་རྒྱུ་གྲ་སྒྲིག་བྱས་པ་རེད་དེ། རྗེས་སུ་ཁོང་ ལ་བོད་དེ་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ བྱེད་ཀྱི་མེད་པས། བོད་ཀྱི་རྒྱལ་དར་རུ་སྒྲིག་སྐབས་འཕྱར་ཆོག་གི་མེད་པའི་ལན་འབྱོར་བས། ཁོང་གིས་ལས་འགུལ་ཞིག་སྤེལ་ཏེ་སློབ་གཉེར་ཁང་གི་སྡེ་ཚན་འདྲ་མིན་དང་། ནིའུ་ཡོག་ཏུ་ ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་ལ་རྒྱབ་སྐྱོར་ཡོང་ཆེད་ འབྲེལ་བ་བྱས་བྱུང་བས། ང་ཚོས་ཁོང་ལ་བརྒྱུད་ལམ་ཁག་ལ་གནས་ཚུལ་དེ་ཁྱབ་སྤེལ་བྱེད་ པའི་ལས་འགུལ་ལ་ལམ་སྟོན་དང་རོགས་པ་བྱས་པས། བདུན་ཕྲག་ཁ་ཤས་ནང་རྒྱལ་ནང་དང་ ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་མང་པོའི་གནས་ཚུལ་དེ་ཁྱབ་སྤེལ་བྱས་སོང་། མཐའ་ མཇུག་དེར་ཁོང་ལ་རུ་སྒྲིག་སྐབས་བོད་ཀྱི་རྒྱལ་དར་འཕྱར་ནས་མཉམ་ཞུགས་བྱ་རྒྱུ་བྱུང་མེད་ ཀྱང་། མཛད་སྒོའི་སྐབས་ལག་ཁྱེར་ལེན་དུ་འགྲོ་སྐབས་རྒྱལ་དར་འཁྱེར་རྒྱུ་བྱུང་ཡོད་པ་དང་ ། མང་ཚོགས་ནང་ནང་མི་དང་བོད་པ། རྒྱབ་སྐྱོར་བ་བཅས་ཀྱིས་བོད་ཀྱི་རྒྱལ་དར་ཁྱེར་ནས་ གཡུག་གཡུག་བྱེད་ཐུབ་པ་བྱུང་ཡོད།།

རྒྱ་ནག་གི་དྲིལ་བསྒྲགས་ལ་ཁ་གཏད་ལས་འགུལ།

ཀྲོ་རོན་ཀྲོ་གྲོང་ཁྱེར་འགྲིམ་འགྲུལ་ལས་ཁང་གིས་རྒྱ་ནག་གཞུང་གི་འགྲོ་སོང་བཏང་བ་ལ་ བརྟེན་ནས། ས་འོག་གི་མེ་འཁོར་འབབ་ཚུགས་སུ་རྒྱ་ནག་ལ་རྒྱབ་སྐྱོར་གྱི་དྲིལ་བསྒྲགས་སྤེལ་ ཡོད་པར། ཁེ་ན་ཌ་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲིལ་བསྒྲགས་དེ་དག་མར་ལེན་ དགོས་པའི་དགོས་འདུན་ལས་འགུལ་སྤེལ་བ་རེད། ཀྲོ་རོན་ཀྲོ་གྲོང་ཁྱེར་གྱི་མེ་འཁོར་འབབ་ ཚུགས་ཁག་ཏུ། རྒྱ་ནག་གིས་རྗེས་ལུས་ཐེབས་པའི་བོད་དེ་འཛུགས་སྐྲུན་བྱས་པ་ཡིན་པའི་ རྣམ་པ་སྟོན་ཆེད་དུ། རིག་གཞུང་རྙིང་པ། བོད་གསར་པ་ཞེས་པའི་རྒྱ་ནག་གི་དྲིལ་བསྒྲགས་ ཀྱི་པར་རིས་མང་པོ་བཞག་ཡོད་པས། བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་ལས་ འགུལ་དང་ཁ་པར་གཏོང་བའི་ལས་འགུལ། དེ་བཞིན་འགྲིམ་འགྲུལ་ལས་ཁང་དང་ཚོགས་ འདུ་འཚོགས་པ་སོགས་བརྒྱུད། རྒྱ་ནག་གཞུང་གིས་ཀྲོ་རོན་ཀྲོ་གྲོང་ཁྱེར་གྱི་མེ་འཁོར་འབབ་ ཚུགས་མ་ལག་ཚང་མར་དྲིལ་བསྒྲགས་སྤེལ་ཐབས་བྱེད་ཀྱི་ཡོད་པ་གསལ་སྟོན་བྱེད་ཐུབ་པ་ མ་ཟད། གྲོང་ཁྱེར་ཡོངས་སུ་བརྒྱུད་ལམ་ཁག་དང་མི་མང་གི་དོ་སྣང་སླེབས་ཐུབ་པ་བཟོས་པས། འགྲིམ་འགྲུལ་ལས་ཁང་ལ་ཁྱབ་བསྒྲགས་གང་སྤེལ་གྱི་འགན་ལེན་དགོས་པ་བཟོས་ནས། ཁོ་ ཚོས་ཁྱབ་བསྒྲགས་ཀྱི་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པའི་ གྲུབ་འབྲས་ཐོན་ཡོད་པ་རེད།.

མཉམ་འབྲེལ་རྒྱལ་ཁབ་ལ་བོད་དོན་ཞུ་གཏུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་དོན་ཞུ་གཏུག་ལས་འགུལ་གྱི་མཐུན་ཕྱོགས་ནང་ ཆ་ཤས་བླངས་ཏེ། བཙོན་འོག་ཏུ་ཡོད་པ་རྣམས་སྲུང་སྐྱོབ་ཅེས་པའི་ལས་རིམ་གོ་སྒྲིག་བྱེད་ རོགས་བྱས་ནས། དེ་གར་བཙོན་འོག་ཏུ་ཡོད་པའི་བོད་དོན་ལས་འགུལ་བ་རྣམས་ཀྱི་སྤུན་ མཆེད་ཚོས་གཏམ་བཤད་བྱས་ཡོད་པ་རེད། འདས་གྲོངས་སོང་བའི་སྤྲུལ་སྐུལ་བསྟན་འཛིན་ བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོས། ལིའུ་ཞའི་པོའི་མཛད་རྗེས་དྲན་གསོ་ཞེས་པའི་ ལས་རིམ་ཐོག་གཏམ་བཤད་བྱས་ཡོད་པ་དང་། དེ་གར་རྒྱ་ནག་ལས་དོན་ཁང་གཙོས་པའི་ རྒྱལ་ཁབ་ཆེ་ཁག་རྣམས་ཀྱི་ལས་དོན་ཁང་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ ཐང་གི་ཆེས་མཐོའི་སྐུ་ཚབ་ལས་ཁང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་

602 East 14th Street, 2nd Floor NYC, NY 10009

www.studentsforafreetibet.org


སོགས་མཉམ་ཞུགས་བྱས་སོང་། ལོ་འདིའི་ནང་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་སུད་སིའི་ གྲོང་ཁྱེར་ཇེ་ནི་ཝར་ཐེངས་གསུམ་བཅར་ནས། བོད་ནང་གི་ཆབ་སྲིད་བཙོན་པ་འདས་གྲོངས་ སོང་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་ པོ་ཆེ་དང་། བཙོན་འོག་ཏུ་ཡོད་པའི་བཀྲ་ཤིས་ དབང་ཕྱུག་སོགས་ཀྱི་གནས་སྟངས་ཐད། རྒྱ་ནག་ གཞུང་ལ་ཁ་གཏད་སྐྱོན་བརྗོད་དང། ཁོང་རྣམ་ པའི་གནས་སྟངས་གསལ་སྟོན་བྱས་ཡོད། ང་ཚོས་ མཉམ་འབྲེལ་རྒྱལ་ཁབ་ལ་བོད་དོན་ཞུ་གཏུག་ གི་ལས་འགུལ་གྱི་གྲུབ་འབྲས་སུ། འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་རྒྱལ་སྲས་ཛཱེ་ ཌེ་ཡིས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཤེད་ཤུགས་ཆེ་བའི་གཏམ་བཤད་གནང་ཡོད་ པ་རེད། ཁོང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་ལིའུ་ཞའི་པོ་གཉིས་སྐུ་ གྲོངས་པ་དེས། འཛམ་གླིང་གང་སར་མི་མང་པོར་བློ་ཡུལ་ལ་ཤོང་དཀའ་བའི་ཚོར་བ་བྱུང་ ཡོད་པ་དང་།རྒྱ་ནག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་མང་པོ་ ཞིག་ཐོབ་ཀྱི་མེད་པས། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་མི་རིགས་བོད་དང་ཡུ་གུར་ ལ། འཕེལ་རྒྱས་ཀྱི་ལས་གཞིའི་ནང་སེམས་ཁུར་ཆེ་ཙམ་གནང་དགོས་སྐོར་གསུངས་ཡོད་པ་ རེད། ཁོང་གི་གཏམ་བཤད་དེ་ནི་ང་ཚོས་དཀའ་ལས་བརྒྱབ་པའི་དམིགས་ཡུལ་ཏེ།འཛེམས་ ཟོན་མེད་པའི་ཐོག་ནས་བོད་ནང་གི་གནས་སྟངས་ལ་དམིགས་པའི་རྒྱབ་སྐྱོར་གྱི་གཏམ་ བཤད་སྤེལ་བ་དེ་རང་རེད།

ཞི་ཅིན་ཕིང་ལ་འགན་འཛོལ་ཡོད་པའི་ངོས་འཛིན་དགོས་ པའི་ལས་འགུལ།

ཟླ་༤ པའི་ནང་རྒྱ་ནག་གི་སྲིད་འཛིན་ ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ ཌོ་ནལ་ཊོམ་གཉིས་ཐུག་འཕྲད་ཐེངས་ དང་པོ་བྱེད་སྐབས། ཐུག་འཕྲད་བྱ་ཡུལ་ ཧྥེ་ལོ་ར་ཌའི་པཱམ་མཚོ་ཁར། བོད་རང་ བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་ འོག བོད་མི་ལས་འགུལ་བ་ཉུང་ཤས་ ཤིག་བསྐྱོད་ནས། ཞི་ཅིན་ཕིང་གིས་ འཆར་གཞི་ལྡན་པའི་ཐོག་ནས། བོད་ ནང་གི་བཙན་གནོན་བྱས་ཡོད་པ་གསལ་སྟོན་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། ཞི་ཅིན་ཕིང་ལ་ཕེབས་བསུ་གཟབ་རྒྱས་ཞུ་བཞིན་པའི་སྐབས། བོད་ནང་གི་བོད་མི་རྣམས་ སྡུག་བསྔལ་མྱངས་བཞིན་ཡོད་པས། བོད་མི་ལས་འགུལ་བ་ཚོས་འཆར་གཞི་དང་སེམས་ ཤུགས་ཀྱི་ཐོག་ནས། སྐད་འབོད་དང་འཕྲེད་དར་འཕྱར་བ། དེ་བཞིན་མི་ཚོའི་དོ་སྣང་འགུག་ པའི་ཞི་ཅིན་ཕིང་ལ་ཟུར་ཟ་བྱེད་ཆེད་ཀྱི་ཁོའི་འགྱིག་མགོ་བཀོལ་སྤྱོད་བྱས་པའི་ལས་འགུལ་ སོགས་སྤེལ་རྐྱེན། བརྒྱུད་ལམ་ཁག་གི་དོ་སྣང་དང་མི་མང་གི་རྒྱབ་སྐྱོར་ཐོབ་ཡོད། མཁས་ དབང་མར་གྷེ་རེ་ཌ་ཡིས། བློ་ལྡན་གྱི་མི་སེར་ཉུང་ཤས་ཤིག་གིས་འཛམ་གླིང་འགྱུར་བ་གཏོང་ ཐུབ་ཀྱི་ཡོད་པར་དོགས་པ་མ་བྱེད། དངོས་ཡོད་བྱས་ནས་ད་བར་དེ་ལྟར་བྱུང་བ་རེད་ཅེས་ གསུངས་བ་ལྟར། བོད་མི་ཉུང་ཤས་ཤིག་གིས་ཤུགས་རྐྱེན་སྤྲད་ཐུབ་པ་བྱུང་ཡོད།

བོད་ཀྱི་དཔའ་བོའི་ཉིན་མོ། སྤྲུལ་སྐུ་བསྟན་འཛིན་བདེ་ ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས།

ལོ་ལྟར་ཕུལ་བཞིན་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་ རྟགས་དེ། བོད་མིའི་རང་དབང་དང་ཐོབ་ཐང་ལ་རང་དོན་བློས་གཏོང་གིས། ཉེན་ཁ་ལ་ འཛེམས་མེད་ཐོག་ནས་ལས་ཀ་བྱེད་མཁན། བོད་ མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་ལ་ སྤྲོད་ཀྱི་ཡོད། དེའི་དམིགས་ཡུལ་ནི་དོ་བདག་ དེ་རིགས་ལ་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་ གདེངས་འཇོག་ཐོབ་པའི་ཐོག་ནས་སྲུང་སྐྱོབ་ ཐོབ་ཆེད་རེད། འདི་ལོའི་ཟླ་༧ པའི་ཚེས་༡༢ ཉིན་གཟེངས་རྟགས་དེ་བཀྲ་ཤིས་དབང་ཕྱུག་ལ་ ཕུལ་བ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པར་རྒྱལ་སྤྱིའི་ བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱབ་སྐྱོར་

Students for a Free Tibet International

འོག འདི་ལོའི་མཛད་སྒོ་དེ་ཨ་རིའི་རྒྱལ་ས་ཝ་ཤིན་ ཀྲོན་དུ་ཡོད་པའི་ཨ་རིའི་མང་གཙོ་གོང་འཕེལ་ ཐེབས་རྩའི་ཚོགས་ཁང་དུ་གོ་སྒྲིག་བྱེད་ཐུབ་པ་བྱུང་ ། དེ་གར་གྲོས་ཚོགས་འཐུས་མི་ཇཱིམ་མེག་གྷོ་ཝེན་ དང་། མང་གཙོ་གོང་འཕེལ་ཐེབས་རྩའི་ཚོགས་ གཙོ་ཀལ་གྷེར་ཤེ་མན་སོགས་གནད་ཡོད་མི་སྣ་མང་ པོ་ཞིག་མཉམ་ཞུགས་བྱས་སོང་། སྤྲུལ་སྐུ་བསྟན་ འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོས་ མཛད་སྒོ་དེར། “དེ་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ་ བཀྲ་ཤིས་དབང་ཕྱུག་ལ་ཕུལ་བར་ང་རང་དགའ་ སྤོབས་ཆེན་པོ་བྱུང་། ངས་ཁོང་འཕྲལ་དུ་གློད་གྲོལ་གཏོང་བའི་དགོས་འདུན་འདོན་གྱི་ཡོད། རྒྱ་ནག་གཞུང་གིས་རྒྱུན་རིང་ནས་ཉེས་སྐྱོན་ཡོད་པའི་རང་ཉིད་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་ བྱེད་མཁན་ཚོར། བཙན་གནོན་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༡༥ ལོར་ངའི་ཨ་ཞང་རྒྱ་ནག་ གིས་དྲང་བདེན་མེད་པའི་ཐོག་ནས་བཙོན་འཇུག་བྱས་ཏེ། ལོ་༡༣ འཁོར་ནས་བཙོན་དུ་ འདས་གྲོངས་སོང་ཡོད་པ་རེད། ང་ཚོས་དེ་སྔོན་ནས་སྨན་བཅོས་ཀྱི་གློད་གྲོལ་ཡོང་ཐབས་ ཞུ་གཏུག་བྱས་ཡོད་ཀྱང་ངོས་ལེན་བྱས་སོང་། ད་ལྟའི་ཆར་རྒྱ་ནག་གིས་ནོ་སྦེལ་ཞི་བདེའི་ གཟེངས་རྟགས་ཐོབ་མྱོང་མཁན་ལིའུ་ཞའོ་པོ་ལ་གུས་བརྩི་བྱེད་ཀྱི་མེད་པ་འཛམ་གླིང་ཡོངས་ ཀྱི་མཐོང་གསལ་རེད། གནད་དོན་དེ་ལས་རྒྱ་ནག་གིས་ངའི་ཞང་འདས་གྲོངས་སོང་བའི་ སེམས་སྡུག་གི་གནད་དོན་ལས། ཡར་རྒྱས་གཏོང་བའི་བསམ་བློ་སྐྱེས་མེད་པ་གསལ་པོ་རེད་ པེ། རྒྱལ་སྤྱི​ིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གིས་རང་ཉིད་ལ་ཁ་གཏད་སྐྱོན་བརྗོད་བྱེད་མཁན་ རྣམས་ལ། ལྟ་སྤྱོད་འཛིན་སྟངས་ཐད་འགལ་འཛོལ་ངོས་འཛིན་བྱེད་པའི་རེ་སྐུལ་ཞུ་ཡི་ཡོད་ ”ཅེས་བརྗོད་སོང་།

རང་དབང་དང་མང་གཙོ། རང་ཐག་རང་གཅོད་བཅས་ཀྱི་ མཐུན་ཕྱོགས།

བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་ མཐུད་ཁང་གི་རྒྱབ་སྐྱོར་འོག ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ལ་ཟླ་༤ པའི་ཚེས་༧ ནས་༩ བར་ ཐེངས་དང་པོར་བོད་དང་ཧོང་ཀོང་། ཐའེ་ཝན་བཅས་བར་གྲོས་བསྡུར་ཐེངས་དང་པོ་གོ་སྒྲིག་ བྱས་ཡིན། གྲོས་བསྡུར་འདིར་བོད་དང་ཐའེ་ཝན། ཧོང་ཀོང་བཅས་ཀྱི་ལས་འགུལ་འགོ་ཁྲིད་ དང་ན་གཞོན་ལས་འགུལ་བ་༣༠ མཉམ་འཛོམས་ཀྱིས་ཐབས་ཇུས་ལྡན་པའི་ཐོག་ནས་ནུས་ པ་མཉམ་སྤུངས་ཀྱིས། རང་དབང་དང་མང་གཙོ། རང་ཐག་རང་གཅོད་བཅས་ཀྱི་འཐབ་རྩོད་ བྱེད་ཐབས་སྐོར་ལ་གྲོས་བསྡུར་བྱས་པ་ཡིན། རྒྱ་ནག་ནང་གི་ཆབ་སྲིད་འགྱུར་འགྲོས་དང་། མངའ་ཁུལ་གྱི་ཆབ་སྲིད་འགྱུར་འགྲོས་ལ་བསྟུན་ནས། ཉེན་ཁ་དང་གོ་སྐབས་གསར་པ་ཡོང་ བཞིན་ཡོད་པས། འཐབ་རྩོད་མི་འདྲ་བའི་འགོ་ཁྲིད་རྣམས་ཀྱིས་ནུས་པ་མཉམ་སྤུངས་ཐོག་ ནས། གདོང་ལེན་བྱེད་ཡུལ་གཅིག་པ་ཡིན་པའི་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ང་ཚོས་གལ་ ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད། གྲོས་བསྡུར་དེས་འཐབ་རྩོད་མི་འདྲ་གསུམ་གྱི་ལས་འགུལ་ བའི་བར་ལ། འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་ཐོག་ཐབས་ཇུས་དང་ཉམས་མྱོང་ བརྗེ་རེས་བྱེད་པའི་སྡིངས་ཆ་ཞིག་བསྐྲུན་ཐུབ་ཡོད། ང་ཚོས་འབྱུང་འགྱུར་གྱི་དུས་སྐབས་རིང་ པོར། འཐབ་རྩོད་གསུམ་པོའི་བར་མཉམ་ལས་བྱས་ནས། རྒྱ་ནག་གིས་རྡོག་རོལ་དང་གཉའ་ གནོན་བྱེད་བཞིན་པའི་རང་དབང་དང་མང་གཙོ། རང་ཐག་རང་གཅོད་བཅས་ལ་སྲུང་སྐྱོབ་ བྱེད་པའི་ཐབས་ཇུས་གཤོམ་པའི་འཆར་གཞི་ཡོད།

རང་དབང་གི་ཆེད་དུ་འཕྲིན་ཡིག

འདི་ལོའི་ཟླ་༡ པོ་ལ་བོད་མི་ཚོང་པ་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་བཀྲ་ཤིས་ དབང་ཕྱུག་གིས། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་མེད་པར། ཁྲིམས་ ཐོག་ནས་ཞུ་གཏུག་གི་ལས་འགུལ་འགོ་བཙུགས་ནས། རྒྱ་གཞུང་གིས་བཙོན་ཇུག་བྱས་ནས་ ལོ་གཅིག་འཁོར་ཡོད་པ་རེད། ང་ཚོས་ཁོང་གློད་གྲོལ་ཡོང་ཆེད་མཉམ་འབྲེལ་རྒྱལ་ཁབ་

602 East 14th Street, 2nd Floor NYC, NY 10009

www.studentsforafreetibet.org


དང་གྲོས་ཚོགས་འདྲ་མིན་ལ་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ་དེ་འཐུས་སྒོ་ཇེ་ཚང་ དུ་གཏོང་ཆེད། སྦྲགས་ཡིག་ལྷེབ་མའི་ལས་འགུལ་སྤེལ་བ་ཡིན། བོད་རང་བཙན་སློབ་ཕྲུག་ ཚོགས་པས་གཟའ་མཇུག་བོད་ཀྱི་སྐད་ཡིག་སློབ་གྲྭ་ཁག་ཏུ་བཅར་ནས། རང་དབང་གི་ཆེད་ དུ་འཕྲིན་ཡིག་ཅེས་པའི་ལས་འགུལ་ཆེད། བཀྲ་ཤིས་དབང་ཕྱུག་ལ་འཕྲིན་ཡིག་འབྲི་བའི་རེ་ སྐུལ་བྱས་ནས། མི་མང་གི་ཁྲོད་དུ་རྒྱབ་སྐྱོར་གྱི་ལས་འགུལ་ཁྱབ་སྤེལ་བྱེད་ཐུབ་བྱུང་། མཉམ་ འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༣༦ པའི་སྐབས། འགྲོ་བ་མིའི་ ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་རྒྱལ་སྲས་ཛཱེ་ཌ་ཡིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ ཐོག་ལ་སྤེལ་བའི་བསྒྲགས་གཏམ་ནང་། བཀྲ་ཤིས་དབང་ཕྱུག་གི་གནས་སྟངས་ལ་སེམས་ འཚབ་ཡོད་སྐོར་བརྗོད་ཡོད་པས། ཁོང་གི་གློད་གྲོལ་ལ་སྐུ་ངལ་བསྐྱོན་མཁན་ཚང་མའི་ ཤུགས་སྣོན་ལ་བརྟེན་ནས། ཁོང་གི་གནད་དོན་དེ་རྒྱལ་སྤྱིའི་ནང་གི་ཞུ་གཏུག་ལས་ཁང་དང་། ལྷན་ཚོགས་འདྲ་མིན། རྒྱལ་ཁབ་ཁག་གི་དོན་ཁང་སོགས་ལ་ཁྱབ་སྤེལ་ཆེན་པོ་བྱུང་ཡོད།།

ཉི་མ་ལྷ་མོའི་ཨ་རིར་གཏམ་བཤད་སྐོར་སྐྱོད།

བོད་རང་བཙན་སློབ་ཕྲུག་ཚོ​ོགས་པས་ཨ་རིའི་མངའ་སྡེ་བདུན་ནང་དུ། ཉི་མོ་ལྷ་མོར་རོགས་ པ་བྱེད་ཆེད་ཁོང་གི་གཏམ་བཤད་སྐོར་སྐྱོད་ཁག་ཏུ་ཕྱིན་ཡོད། ལས་རིམ་དེ་དག་བོད་རང་ བཙན་སློབ་ཕྲུག་ཚོགས་པས། ཨ་རིའི་གྲོང་ཁྱེར་ཁག་ནང་ཡོད་པའི་བོད་རིགས་སྤྱི་མཐུན་ ཚོགས་པ་ཁག་དང་མཉམ་ལས་ཐོག་གོ་སྒྲིག་བྱས། གཏམ་བཤད་དེ་དག་ལ་མི་མང་ཕོན་ཆེན་ མཉམ་ཞུགས་དང་སེམས་འགུལ་ཆེན་པོ་ཐེབས་པ་བྱུང་ཡོད། ཁོང་གིས་རང་ཉིད་དང་ནང་ མི། བོད་མི་རྣམ་པ་བཅས་ལ་སྤྲུལ་སྐུལ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ། ལོ་༡༣ རིང་ བཙོན་འཇུག་བྱས་པ་དང་རྗེས་སུ་འདས་གྲོངས་སོང་བའི་དུས་སྐབས་རིང་། དངོས་སུ་དཀའ་ སྡུག་གང་འདྲ་མྱངས་ཡོད་པའི་ཉམས་མྱོང་བཤད་ཡོད་པ་དང་། རྒྱ་ནག་གིས་ཆབ་སྲིད་ལས་ འགུལ་བ་རྣམས་བཙོན་འཇུག་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ། དེ་བཞིན་ བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་འགན་འཛོལ་དེ་རྒྱ་ནག་གཞུང་ལ་ཡོད་པ་ངོས་ འཛིན་ཡོང་ཆེད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་གཞུང་ལ་ཞུ་གཏུག་དང་། རྒྱལ་སྤྱིའི་མི་མང་གི་ མིག་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པ་ནན་བརྗོད་གནང་སོང་། གཏམ་ བཤད་ལས་རིམ་དེ་དག་གིས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས། རྒྱ་ནག་གི་དྲང་ བདེན་མིན་པའི་བྱ་སྤྱོད་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་འདས་གྲོངས་ སོང་བར་འགལ་འཛོལ་ཡོད་པ་བསྐྱར་དུ་ནན་བརྗོད་བྱེད་ཐུབ་པ་བྱུང་ཡོད།།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྤྱི་སྤྱོད་རླངས་འཁོར་ལ་ ཞུགས་པའི་ལས་འགུལ། སྤྱི་སྤྱོད་རླངས་འཁོར་ལ་ཞུགས་ཞེས་པའི་ལས་ འགུལ་འདི་ནི་ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་ཐོག་ ཤེས་ཡོན་དང་ལས་འགུལ་སྤེལ་བའི་ཉིན་མོ་ཞིག་ རེད། འདི་ལོར་ཉིན་མོ་འདི་སྲུང་བརྩི་བྱས་པ་ཐེངས་ ༢༢ ཡིན་པ་དང་། མཉམ་ཞུགས་པ་༡༢༠༠ ལས་ མང་བས་སྤྱི་སྤྱོད་རླངས་འཁོར་དང་། མེ་འཁོར་དང་ རླངས་འཁོར་སོགས་བསྡད་ནས། ནིའུ་ཡོག་གྲོང་ ཁྱེར་དུ་གཞུང་ཚབ་ཁང་དང་དོན་གཅོད་ཁང་། ཚོང་

ལས་ཁང་ཁག་གི་སྤྱི་ཁྱབ་ལས་ཁང་བཅས་ཀྱི་མདུན་དུ། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ ཆེད་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བར་ཡོང་གི་ཡོད་པ་རེད། འདི་ལོར་ལས་འགུལ་དང་ གཏམ་བཤད་རྣམས་སིང་གྷ་ལ་དང་སུ་ཌན། ཧོན་ཌུ་ར་སི། ཨ་རི་དང་བོད་བཅས་ཀྱི་ཐོག་ལ་ ཡིན་པ་རེད། ལོ་སྔོན་མར་མི་མང་པོ་ཞིག་འདི་གར་མཁན་པོ་དཀར་ཚེའི་གནད་དོན་ལ་ཞུ་ གཏུག་བྱེད་པར་སླེབས་ཡོད་པས། འདི་ལོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་ ལམ་འགན་འཛིན་བསོད་ནམས་མཚོས། མི་མང་ལ་མཁན་པོ་དཀར་ཚེ་གློད་གྲོལ་བྱུང་བར་ དགའ་བསུ་དང་། བླ་རུང་སྒར་གཏོར་བཤིག་དང་ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ སྐོར་གཏམ་བཤད་བྱས་ཡོད། དེ་བཞིན་དེ་གར་བོད་དོན་གཏམ་བཤད་སྤེལ་མཁན་ཆབ་སྲིད་ བཙོན་ཟུར་དོན་གྲུབ་དབང་ཆེན་གྱི་བུ་མོ་ཆུང་ཤོས་དང་བོད་རང་བཙན་སློབ་ཕྲུག་ཚོགས་ པའི་ཚོགས་མི་ལྷ་མོ་སྒྲོལ་མས་རང་ཉིད་ཀྱི་ལོ་རྒྱུས་དང་ཉམས་མྱོང་སྐོར་གཏམ་བཤད་བྱས་ ཡོད་པ་རེད། མཉམ་ཞུགས་པ་རྣམས་ལོ་ལྟར་དོ་སྣང་ཆེན་པོ་འདུག་པ་མ་ཟད། ན་གཞོན་ རྒན་གྲས་རྣམས་ལ་ད་ལྟའི་བོད་ཀྱི་གནས་བབས་དང་། རྗེས་སུ་བོད་དོན་ལ་ལས་འགུལ་སྤེལ་ ཐབས་སྐོར་གོ་རྟོགས་ཐོབ་ཡོད།

མོག་མོག་གི་དུས་ཆེན།

ཕྱི་ལོ་༢༠༡༧ ལོར་བོད་རང་བཙན་སློབ་ཕྲུག་ཚོགས་པས། ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་མོག་མོག་གི་དུས་ཆེན་གོ་སྒྲིག་བྱེད་ཐུབ་ཡོད། བྱང་ཨ་ རིའི་གྲོང་ཁྱེར་དེ་གཉིས་ལ་བོད་མི་དང་ཧི་མ་ལ་ཡའི་མི་རིགས་སྡོད་མཁན་མང་ཤོས་ཡོད་ པ་ཙམ་མ་ཟད། ཁ་ལག་ལ་སྤྲོ་བ་ཡོད་པའི་མི་རིགས་འདྲ་མིན་ཕོན་ཆེན་འཛོམས་ཡོད་པས། དེའིསྐབས་ང་ཚོས་མི་མང་སྟོང་ཕྲག་མང་པོར་བོད་ཀྱི་རིག་གཞུང་ཕྱུག་པོ་ངོ་སྤྲོད་བྱེད་པའི་ གོ་སྐབས་དང་། བོད་ཀྱི་ལོ་རྒྱུས་དང་ད་ལྟའི་ཆར་འཛམ་གླིང་ནང་རང་དབང་མེད་པའི་ལུང་ པ་གནས་སྟངས་ཚབས་ཆེ་ཤོས་ཡིན་པའི་གནས་བབས་ཐོག་ལ་གྲོས་བསྡུར་བྱེད་ཐུབ་པ་བྱུང་ སོང་།

བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ མཉམ་ལས་བྱེད་ཐབས་གསུམ།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་གློག་འཕྲིན་ ལེན་པ། ང་ཚོའི་གློག་འཕྲིན་ལེན་ཆེད་ཐོ་འགོད་བྱེད་ཡུལ་ནི། www.studentsforafreetibet.org

ང་ཚོའི་ཡན་ལག་གི་ཚོགས་མིར་ཞུགས་པའམ་ཡན་ ལག་གསར་པ་འགོ་འཛུགས་བྱས་ནས། རྒྱལ་སྤྱིའི་ཐོག་བོད་དོན་ལས་འགུལ་བའི་ཁོངས་སུ་ཞུགས།

ལས་རིམ་གོ་སྒྲིག

རང་ཉིད་ཀྱི་གྲོགས་པོ་དང་ནང་མི་རྣམས་ལ་བོད་དོན་གོ་རྟོགས་སྤེལ་ ནས། བོད་དོན་ཐད་ལས་འགུལ་སྤེལ་བའི་བློ་སྤོབས་སྤེལ།

བོད་རང་བཙན་སློབ་ཕྲུག་ཚོགས་པར་ཞལ་འདེབས་ཕུལ་ཡུལ།

www.studentsforafreetibet.org

602 East 14th Street, 2nd Floor New York, NY 10009 USA (212) 358-0071 // info@studentsforafreetibet.org


Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.