ལ་དྭགས་གསར་འགྱུར།
རབ་བྱུང་༡༧་པ།
ས་མོ་ཁྱི་ལོ།
ལ་དྭགས་གསར་འགྱུར།
ལ་དྭགས་ནང་ཚོགས་གཞོན་ནུ་ཡན་ལག ཀམ་པེ་ལེཀས། གླེ་་ཇོ་བོའི་གཙུག་ལག་ཁང་། གླེ་ལ་དྭགས།
ཇམྨུ་ཀཤྨིར། ༡༩༤༡༠༡ ༠༡༩༨༢-༢༥༥༥༦༣
བོད་ཟླ་ ༡༢ ་ཚེས་ ༢༦། སྤྱི་ལོ་ ༢༠༡༨།
Ladakh Sargyur
LBA, Youth Wing Office Complex Chowkhang Vihara Leh Ladakh 194101 Jammu & Kashmir Phone No. 01982 255563 ladakhsargyur@gmail.com
January 31st 2019
#O82
Monthly Newsletter
Free Distribution Bodyig Editor/Reporter Sechoe Palmo Layout Designer Chamspa Rinchen Dorje Owned and Published Ladakh Buddhist Association Youth Wing Leh, Ladakh
གླེའི་ནང་རྒྱ་གར་དམངས་གཞུང་དགའ་སྟོན་ཐེངས་ ༧༠ པ་རྒྱས་པའི་ཐོག་སྲུང་བརྩི་ཞུས།
༄༅།། སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་རྒྱལ་ ཡོངས་ཀྱི་ནང་དུ་དམངས་ གཞུང་དགའ་སྟོན་ཐེངས་ ༧༠ པ་རྒྱས་པ་དང་མཉམ་པོ་སྲུང་ བརྩི་ཞུས། དེ་ཡང་གླེ་རྫོང་ གི་རྫོང་ཁག་སོ་སོའི་ནང་དུ་ དམངས་གཞུང་དགའ་སྟོན་ སྲུང་བརྩི་ཞུས་མཛད་སྒོ་ཆེ་ ཤོས་ནི་གླེ་རྒྱལ་རབས་ཀྱི་པོ་ ལོའི་ཐང་དུ་སྔ་ཐོག་ཆུ་ཚོད་ བཅུ་གཅིག་ཐོག་སྐུ་མགྲོན་གཙོ་ བོ་རང་སྐྱོང་ཚོགས་ཆེན་གྱི་སྡེ་ དཔོན་དཔལ་འཇམ་དབྱངས་ ཚེ་རིང་རྣམ་རྒྱལ་གྱིས་མདོག་ གསུམ་ལྡན་གྱི་རྒྱལ་དར་སྤར་ བ་དང་མཛད་སྒོར་ཕེབས་པའི་ལྷན་རྒྱས་ནས་ དབྱངས་གཅིག་མགྲིན་གཅིག་དང་མཉམ་པོ་ རྒྱལ་གླུ་ལེན་ཏེ་མཛད་སྒོ་འགོ་འཛུགས་མཛད། དེ་རྗེས་སྐུ་མགྲོན་གཙོ་བོ་ལ་དྭགས་རི་ལྗོངས་ ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་དཔལ་འཇམ་ དབྱངས་ཚེ་རིང་རྣམ་རྒྱལ་གྱིས་གསུང་བཤད་ མཛད། དེའི་རྗེས་སུ་རོལ་དབྱངས་དང་མཉམ་ པོ་དམག་མི་དང་། སྐོར་སྲུང་བ། སློབ་གྲྭ་ཁང་སོ་ སོའི་སློབ་ཕྲུག་ཀུན་ནས་སྒྲིག་ཆས་གྱོན་ཏེ་རུ་ སྒྲིག་དང་མཉམ་པོ་གུས་བཀུར་ཆེན་པོའི་ཐོག་
༄༅།། ཆོས་སྡེ་ཆེན་པོ་དཔེ་ ཐུབ་དགའ་ལྡན་དར་རྒྱས་གླིང་ འབོད་པ་འདི་ནི། བདག་ཅག་ གི་སྟོན་པ་ཐུབ་པའི་དབང་པོའི་ ཉན་ཐོས་ཆེན་པོ་ཀུན་དགའ་བོ་ ལས་བསྙེན་པར་རྫོགས་ནས་ དགྲ་བཅོམ་པ་ཐོབ་པའི་དགྲ་ བཅོམ་ཆེན་པོ་ཉི་མ་གུང་པ་ ཞེས་ཡོངས་སུ་གྲགས་པ། ཁ་ ཆེར་བྱོན་ནས་སངས་རྒྱས་ ཀྱི་བསྟན་པ་རིང་དུ་བསྐྱངས། རྫུ་འཕྲུལ་དང་ལྡན་པའི་དགྲ་ བཅོམ་ཉི་མ་གུང་པ་མར་ཡུལ་ ལ་དྭགས་ཀྱི་ལྗོངས་འདིར་རྫུ་ འཕྲུལ་གྱིས་ཕེབས་ནས། ས་ གནས་མང་པོ་ཞིག་བྱིན་གྱིས་
མདོག་གསུམ་ཆ་དར་ལ་ཕྱག་ཕུལ་ཞུས། རུ་ སྒྲིག་གི་མཛད་སྒོ་མ་གྲོལ་བའི་སྔོན་དུ། སྡེ་དཔོན་ གྱི་ཕྱག་ནས་སྤྱི་ཚོགས་ལ་ཞབས་ཏོག་འགངས་ ཆེན་ཞུ་མཁན་དང་། དགེ་རྒན་དང་ལྷག་བསམ་ ཅན་གྱི་མི་སྣ་རྣམས་ལ་བསྟོད་པའི་གཟེངས་ རྟགས་དང་མཇུག་ཏུ་མཛད་སྒོའི་ནང་ཁག་ལེན་ མཁན་གྱི་སློབ་གྲྭ་ཁང་གི་རུ་སྒྲིག་དང་གར་རྩེད་ གླུ་དབྱངས་དམིགས་བསལ་གྱི་ཨང་ལོན་མཁན་ ཀུན་ལ་གསོལ་རས་བགོས་ཏེ་སྩལ། དེ་སྐབས་ གནམ་གཤིས་གྲང་མོ་ཡོད་ཀྱང་མཛད་སྒོ་ནི་
རྒྱས་རྒྱས་ངང་མཇུག་བསྡུས། ཉིན་མོ་འདི་ལ་ བརྩི་བཀུར་ཞུ་བཞིན། ལ་དྭགས་ནང་ཚོགས་ གཞོན་ནུའི་ཡན་ལག་གིས་ལ་དྭགས་ནང་ ཚོགས་ཀྱི་དབུ་སྐྱོང་གཞོན་པ་དཔལ་རིན་ཆེན་ རྣམ་རྒྱལ་གདན་ཞུས་ཏེ་སྔ་དྲོ་ཆུ་ཚོད་བརྒྱད་ དང་ཕྱེད་ཐོག་ལ་དྭགས་ནང་ཚོགས་གཞོན་ ནུའི་ཡིག་ཚང་གི་སྟེང་དུ་རྒྱ་གར་རྒྱལ་ཁབ་གྱི་ རྒྱལ་དར་སྤར། དུས་བཟང་སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༦ རྒྱ་གར་དམངས་གཞུང་དགའ་སྟོན་ ཐེངས་ ༧༠ པའི་ཐོག་ལ་དྭགས་ནང་པའི་ཚོགས་
དུས་མཆོད་དཔེ་ཐུབ་དགུ་གཏོར།
འདུ་དང་། ནང་ཚོགས་གཞོན་ ནུའི་ཡན་ལག། ནང་ཚོགས་ བུ་མོའི་ཡན་ལག་ཀུན་གྱི་ ཕྱོགས་ནས་རྒྱ་གར་གྱི་མི་ མང་། དམིགས་བསལ་གྱི་ ལ་དྭགས་ཀྱི་མི་མང་ཀུན་ལ་ བཀྲ་ཤིས་བདེ་ལེགས་དང་། དུས་བཟང་གི་ཉིན་མོར་ཌག་ ཊར་ཚེ་རིང་ནོར་བུ་མཆོག་ ལ་རྒྱལ་ཁབ་ཀྱི་པདྨ་ཤི་ རིའི་གཟེངས་རྟགས་ཀྱི་ཁྱབ་ བསྒྲགས་བྱས། ལ་དྭགས་ ཀྱི་སྐད་ཡིག་ཐོག་ཞབས་ འདེགས་ཞུ་བ་ལ་དཔལ་ཚེ་ རིང་དབང་འདུ། བལ་ཏི་གླུ་ དབྱངས་ལ་མཁས་པ་ཤ་རིན་ ཕ་ཏི་མ། གླེ་བུ་མོའི་ཨ་ཡེས་ཧོ་གིའི་སྡེ་ཀུན་ལ་ མངའ་སྡེ་གཟེངས་རྟགས་བསྣམས་བྱས་ལ། ལ་ དྭགས་ནང་པའི་ཚོགས་འདུ་དང་། ནང་ཚོགས་ གཞོན་ནུ་ཚོགས་པ། ནང་ཚོགས་བུ་མོའི་ཡན་ ལག་ཀུན་གྱི་ཕྱོགས་ནས་ལ་དྭགས་པའི་མི་མང་ གི་ཚབ་ཞུས་ཏེ་སྙིང་ནས་བཀྲ་ཤིས་བདེ་ལེགས་ ཞུས་སོ།།
བརླབས་པར་མཛད། དེ་དུས་ ད་ལྟའི་དཔེ་ཐུབ་དགོན་པ་ ཆགས་པའི་གནས་འདི་ཡང་ བྱིན་གྱིས་བརླབས། གནས་ འདིར་མ་འོངས་པ་ཆོས་སྡེ་ ཚུགས་ཤིང་། དགེ་འདུན་གྱི་ སྡེ་འཕེལ་བ་དང་སངས་རྒྱས་ ཀྱི་བསྟན་པ་འཛིན་སྐྱོང་སྤེལ་ གསུམ་གྱིས་དར་བར་ཐུགས་ སྨོན་མཛད། མར་ཡུལ་ལ་ དྭགས་ཀྱི་ལྗོངས་འདིར་བླ་མ་ ལོ་ཙཱ་བ་རིན་ཆེན་བཟང་པོ་ དང་། ལྷ་བཙུན་བྱང་ཆུབ་འོད་ ཀྱི་ཨ་ཇོ་འོད་ལྡེ་གཉིས་ཀྱིས་ སྐུ་དུས་སུ་ལྷ་ཁང་དང་མཆོད་ རྟེན་མང་པོ་ཞིག་བཞེངས་
(འཕྲོས་ཤོག་ལྷེ་༢་པར་གཟིགས་)
1