སྐྱ་རེངས་བཞི་པ།་Kyareng 4

Page 1

འདོན་ཐེངས་བཞི་པ། ༢༠༡༢

རྩོམ་སྒྲིག་པའི་གཏམ།

༄། ། དེ་ཡང་གངས་ཅན་པའི་མེས་པོ་དམ་པ་རྣམས་ཀྱིས་ངལ་བ་བརྒྱ་ཕྲག་གིས་ཤུལ་དུ་འཇོག་གནང་མཛད་པའི་སྒང་པ་བོད་ཀྱི་ རིག་གཞུང་བླ་ན་མེད་པ་འདི་ཉིད་ནི་།ཆོས་ལ་དུག་ཏུ་འཁྲུལ་བའི་རྒྱ་མི་དམར་ཕྱོགས་པའི་གདུག་རྩུབ་མི་བཟད་པའི་འོག་རྩ་ འཇིག་ལ་རབ་ཏུ་ཉེ་བའི་ཚེ་། འཕགས་མཆོག་མིག་མི་འཛུམ་པ་མིའི་གཟུགས་སུ་འཕོས་པ་ ༧རྒྱལ་དབང་བཅུ་བཞི་པ་ ཆེན་པོ་མཆོག་གི་མཛད་རླབས་འབའ་ཞིག་གི་མཐུ་ལས་འཕགས་པའི་ཡུལ་དུ་གངས་ཅན་པའི་རིག་གཞུང་གི་རྩ་བ་ཚུགས་ ཤིང་ཡལ་ག་རབ་ཏུ་རྒྱས་བཞིན་པ་ལགས་།དེང་གི་ཆར་གོ་ལའི་ཡུལ་གྲུ་མཐའ་ཀླས་པ་ནས་གཟུར་གནས་ཀྱི་མཁས་པ་དཔག་ ཏུ་མེད་པས་ས་ཆེན་པོ་འདི་ཞི་བདེའི་གླིང་ཁར་སྒྱུར་བའི་ཐབས་ལམ་གཅིག་པུ་ནི་ཁ་བ་རི་པའི་རིག་གཞུང་འདི་ཁོ་ནར་མཐོང་ནས་ རྟག་ཏུ་འགྲམ་ཆུ་ལྡང་ཞིང་། ས་ཆེན་འདིའི་ཐོག་གི་བླ་ན་འབར་བའི་རིག་པའི་གཞུང་ལུགས་ཤིག་ཏུ་བརྩི་། དེ་ལྟ་ན་ཡང་ རང་རེ་སྤྲེལ་རིགས་བྱེས་འཁོད་བྱིངས་གི་ཁྲོད་ན་རང་གི་རིག་གཞུང་ཟབ་མོའི་ལྕི་ཡང་ཤེས་པ་ནི་ཉིན་མོའི་རྒྱུ་སྐར་བཞིན་དུ་གྱུར་པས་ གཞན་གྱི་རིག་པའི་གཞུང་ལུགས་ལ་སེམས་ཀྱི་གཏིང་ནས་དགའ་ཞིང་དང་དུ་བླངས་པའི་ལེ་ལན་འདི་ནི་ཆེས་འཇིགས་སུ་རུང་བའི་རང་ གི་རིག་གཞུང་འཇོམས་པའི་ཐོ་བ་དེ་བས་ལྷག་པ་མེད་།འོན་ཀྱང་སྔོན་གྱི་དཔའ་བོ་འབུམ་ཕྲག་དུ་མས་མི་རིགས་རིག་གཞུང་གི་ དོན་དུ་གཅེས་པའི་སྲོག་གི་འགྲོ་གྲོན་ཡང་བཏང་། ལྷག་པར་དེང་སྐབས་དཔའ་བོ་བུ་དང་བུ་མོ་མང་པོས་རིག་གཞུང་མི་རིགས་ཀྱི་ཆེད་དུ་ཤིན་ཏུ་བྱ་དཀའ་བའི་རང་ལུས་མེ་ལྕེའི་ངོ་བོར་ བསྒྱུར་ཏེ་དམུ་རྒོད་འཁྲེགས་འཛིན་པ་རྒྱ་རྒན་ཚོའི་སྙིང་ལ་ཟུག་ངུ་བསང་ཏུ་མེད་པར་བཟོས་།བོད་མི་ཡོད་རྒུར་རྒྱའི་གཉའ་ གནོན་གདུག་རྩུབ་ཤིན་ཏུ་ཆེ་བའི་འོག་ཏུ་སྡུག་བསྔལ་མི་བཟོད་པ་མྱངས་དང་མྱོང་བཞིན་པ་འདི་འཛམ་གླིང་སྤྱིའི་མིག་སྔར་ མངོན་སུམ་གྱིས་བདེན་པའི་རྡོ་རིང་བསླངས་།བོད་མི་ཀུན་གྱི་སེམས་ངོགས་ན་རང་གི་རིག་གཞུང་དང་མི་རིགས་ཀྱི་ལ་རྒྱ་ལ་འཁྱུད་ པའི་དམ་བཅའ་ནི་ཤིན་ཏུ་བརྟན་པར་བྱས་།འཛམ་གླིང་གི་ལོ་རྒྱུས་ཁྲོད་ན་འབུར་དུ་ཐོན་པའི་བསུབ་མེད་གསེར་གྱི་ཡི་གེ་བཀོད་པ་ འདི་རྣམས་ཀྱི་མཛད་རྗེས་ལ་རྟག་ཏུ་གུས་འདུད་དང་།ཁོང་ཚོའི་རེ་བ་ཆུད་ཟོས་མི་འགྲོ་བ་སོགས་ཀྱི་སླད་དུ་བོད་རིགས་ཡོངས་ཀྱིས་ སྙིང་ལ་རུས་པ་བཅུག་སྟེ་རང་རེའི་མི་རིགས་རིག་གཞུང་བཅས་ཀྱི་དོན་དུ་རང་རང་གང་ནུས་ཀྱིས་བྱ་བ་བསྒྲུབ་གནང་འཚལ་ཞེས་ལག་ ཟུང་ཐལ་མོ་སྦྱར་ཏེ་ཞུ་།རང་རེའི་རིག་གཞུང་གི་རིན་ཐང་ཤེས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་མཐོང་ནས་ངེད་གདན་སའི་སློབ་ གཉེར་བ་འགའ་ཞིག་གིས་ལྷག་བསམ་བསྐྱེད་པའི་ཁུལ་གྱིས་ སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་ ཅེས་པའི་དུས་དེབ་འདི་བཏོན་ ནས་ལོ་འགའ་ཕྱིན་སོང་།གཙོ་བོར་སློབ་གྲྭ་བ་ཚོ་ལ་དམིགས་ནས་བརྗོད་བྱ་དང་རྗོད་བྱེད་རྣམས་བྱིས་པའམ་ན་གཞོན་དག་གི་ བློར་བབ་པ་གཙོ་བཟུང་བྱས་ནས་སློབ་གྲྭ་ཁག་ལ་རིན་མེད་ཐོག་འགྲེམས་སྤེལ་ཡང་བྱས་ཏེ་ཕན་པ་ཅུང་ཙམ་འོང་བའི་རེ་བ་ཡང་ཡོད་།འོན་ཀྱང་ངེད་ ཚོ་ཤེས་ཚད་དང་ཉམས་མྱོང་གིས་ཕོངས་པས་ནོར་འཁྲུལ་གང་ཅིའི་ཐད་ཡོད་ངེས་སྟབས་རང་གི་རིགས་ལ་ཞེན་པ་དཀར་བའི་མཁས་པ་དག་ ལ་སྙིང་ནས་བཟོད་གསོལ་དང་ཆབས་ཅིག་དགོངས་འཆར་ལྷུག་པོར་གནང་བའི་འབོད་སྐུལ་ཡང་ཞུ་། སྐྱ་རེངས་རྩོམ་སྒྲིག་པས་།

1


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

དཀར་ཆག་།

༸གོང་ས་མཆོག་གི་བཀའ་སློབ།

མདུན་ཤོག་ནང་མ།

དངོས་བྱུང་།

ནང་ཆོས་གལ་ཆེ་བའི་ཚུལ།

བཞད་གད།

ཆོས་ཉན་པའི་ཚུལ།

༤༨

ནང་ཆོས་ངོ་སྤྲོད།

སྐྱབས་འགྲོའི་རྣམ་གཞག

སྐྱེ་བ་སྔ་ཕྱིའི་སྐོར།

༡༦ ༥༠

ཧ་ཆི་ཀོ

༥༤

སྐྱེས་བུ་དམ་པའི་རྗེས་འཇུག

༡༩

དགེ་རྒན་དང་དགེ་ཕྲུག

༣༦

མེ་ཤོར་བ།

སྐུ་ལུས་མཆོད་མེར་སྒྲོན་པའི་དཔའ་བོའི་རྗེས་དྲན། ( དམིགས་བསལ་ལེ་ཚན། )

སྦུར་པས་མགོར་བརྡུང་བ།

ལས་ཀ་འཚོལ་བ།

རྗེས་སུ་དྲན་པའི་དབྱངས།

༢༠

རང་དོན་དོར་ནས་སྤྱི་དོན་བསམ་པ།

༢༡

བསླབ་བྱ།

མེ་ལྕེ་དེས་ང་རང་དག་ཞིང་དུ་ཁྲིད།

སྐྱེས་བུ་དམ་པའི་བསླབ་བྱ།

༢༠

༢༦

ཚན་རིག

ཁ་པར་ཚོང་པ་དང་ཉོ་མཁན་ཨུ་ཚུགས་ཅན།

ཉི་མའི་ཁྱིམ་རྒྱུད།

འཛམ་གླིང་ཕྱི་རོལ་གྱི་སྲོག་ཆགས།

འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲང་བའི་སྙིང་གཏམ། ༣༢

མདོ་ལས་བྱུང་བའི་གཏམ་རྒྱུད།

བོད་ཀྱི་རྒྱལ་རབས་བྱིས་པའི་དགའ་སྟོན། ( མུ་འགོད། ) ༢༢

རིག་རྩལ།

གངས་ཕྲུག་གི་གད་རྒྱངས།

ཤེས་རབ་ཀྱིས་ནམ་མཁར་ཕྱོགས་པ།

རྒྱལ་རབས།

སྙན་རྩོམ་དབྱངས་ཅན་དགའ་བའི་བཞད་སྒྲ།

བརྩེ་བའི་དབྱངས་འགྲོས།

སྙན་ངག་གི་ཟིལ་གྱིས་བགྲེང་བ། ཨི་ཊ་ལིར་ཐེངས་དང་པོར་བསྐྱོད་པ། ཞེད་སྣང་འོག་གི་ཀ་ཕྲེང་།

༢༩

༣༢

༤༡ ༤༡

༤༧

དཔའ་བོའི་སྙིང་སྟོབས།

༦༣

སྤྲེའུ་དང་ཆུ་སྲིན།

༢༤

བྱིས་སྒྲུང་།

མིང་ཆུང་དང་མཐའ་ཡས་ཀྱི་སྟག་གྲུ་ཆུང་ཆུང་། ༦༨

མུ་འབྲེལ་སྒྲུང་གཏམ།

སྒྲུང་རྩོམ།

ཐབས་ལ་མཁས་པའི་སྦྱིན་བདག རིག་རྩལ་འགྲན་པ།

༤༣

༦༠

ལྷ་གཡག་གི་རྣམ་ཤེས།

འབུ་ཕྲའི་སྡུག་སྐད།

༣༤

2

གདོན་འདྲེ་ལ་སྐྲག་མི་དགོས།

༢༧

བུ་མོ་བསོད་ནམས་ཅན་སྐྱེས་པ། ( རོ་སྒྲུང་། ) ༣༨ གླན་པ་གཉིས་ཀྱི་སྒྲུང་།

ལེ་ལོ་ཅན་གྱི་ཇཱེཀ ( སྒྱུར་སྒྲུང་། )

ཨ་ཁུ་རབ་གསལ།

༥༧

༥༩

༧༡

༣༢

༤༩

༥༣ ༦༦

༢༣

༧༥

ཁྱི་མོ་དུད་འགྲོའི་སྐྱེ་གནས་ལས་འཕོས་པ། ༥༨

གྲགས་ཅན་མི་སྣ་ངོ་སྤྲོད།

༦༦

མཁས་པའི་དབང་པོ་བྲ་ཏི་རིན་ཆེན་དོན་གྲུབ། ༦

སྲས་མོ་ཌ་ཡ་ན།

བཀའ་བློན་བླ་མ་བྱམས་པ་བསྟན་དར། ༣༠

༣༣

རྒྱ་གར་གྱི་དགེ་རྒན་ཉིན་མོ། ༥༥

དབེན་ས་པ་བློ་བཟང་དོན་གྲུབ། ༦༢

བསྒྱུར་རྩོམ།

རྒྱ་གར་གྲོས་ཚོགས།

༣༧

བོད་ཀྱི་གཅན་ཟན། གྲུམ་པ།

བོད་ཀྱི་ཁྱི་ཡི་མིང་འདོགས་ཚུལ།

༡༨

ཆེད་རྩོམ།

ཧྱེ་ཏི་སྤྱི་མཐུན་རྒྱལ་ཁབ་ངོ་སྤྲོད། སྦུར་པ། འབུ་སྲིན་གྱི་རིགས་ཤིག ( Muskox ) གླ་གླང་།

༡༥ ༢༢

༢༦

གངས་ཅན་བོད་ཀྱི་བྱ་རིགས།

༦༤

བྱ་འཕུར།

༦༧

རྡོ་དེ།

ལྷུག་རྩོམ།

ཝཡེ་ར་སེ་གང་ཡིན་ནམ། སྡོམ་འཐག

སྐྱ་རེངས་ཀྱིས་ཁྱེད་ལ་ཅི་ཞིག་བརྗོད་ཐུབ་བམ། འདྲ་དཔར་སྒྱུ་རྩལ། ( རྒྱབ་ཤོག་ནང་མ། )

༦༥ ༧༢

༤༢

༧༣


འདོན་ཐེངས་བཞི་པ། ༢༠༡༢

ནང་ཆོས་གལ་ཆེ་བའི་ཚུལ། ༡ ཚེ་འདིར་ལྟོས་ཀྱང་ཆོས་དགོས་པ།

༸གོང་ས་མཆོག་གི་གསུང་རྩོམ།

རང་རེས་ཆོས་བྱེད་དགོས་པའི་རྒྱུ་མཚན་ནི། ཚེ་འདིའི་དངོས་པོ་ཡར་རྒྱས་ཇི་ཙམ་ཡོད་ཀྱང། དེ་གཅིག་པུས་གཏན་གྱི་བདེ་བ་ལྡེང་ངེས་སྐྱེད་མི་ ཐུབ་ཅིང། ཡར་རྒྱས་ཀྱི་འཕེལ་བ་ཇི་ཙམ་བྱུང་བ་དེ་ཙམ་མི་རྣམས་དངངས་སྐྲག་དང། འཇིགས་སྣང་གིས་ཉིན་མཚན་སྦྲེལ་ཏེ་སྡོད་དགོས་པ་འདི་ རང་རེད། རིག་གསར་གྱི་ཤེས་ཡོན་ཡར་རྒྱས་ཀྱིས་སྔ་རབས་ཀྱི་མི་རྣམས་ནས་སྐྱབས་གནས་སུ་འཛིན་པའི་ཟླ་བའི་ཁང་བཟང་སོགས་སུ་བསྐྱོད་པ་ དང། ཟླ་བའི་རང་བྱུང་གི་ནུས་པ་རྣམས་འགྲོ་བ་མིའི་རིགས་ལ་ཚུར་ཞབས་འདེགས་ཞུ་བའི་ཡོ་བྱད་དུ་བསྒྱུར་བ་ཡོང་སྲིད་ཀྱང། དེ་དག་གི་མཐའ་ མ་འཛམ་གླིང་གི་དགྲ་གཉིས་པ་ཞིག་ཡོང་བཟོ་ཡོད་པ་རེད། གང་ལྟར་འདི་འདྲའི་ལས་ཐབས་ཀྱིས་མི་རྣམས་ལ་གཏན་གྱི་བདེ་བ་མཐར་ཕྱིན་པ་ཞིག་ དང། གཏན་ཆགས་པ་ཞིག་ཡོང་ཐབས་ནམ་ཡང་མེད། དེ་དག་ནི་ཕྱི་ལུས་ཀྱི་ཚོར་བ་བདེ་བ་འདྲེན་བྱེད་ཙམ་ཡིན་པས་དེའི་རྐྱེན་གྱིས་སེམས་བདེ་ ཕྲན་བུ་རེ་སྐབས་རེ་འབྱུང་ཡང། གཏན་ཆགས་པར་གནས་མི་ཐུབ། དེས་སེམས་ཁོ་རང་གི་སྟེང་དུ་བདེ་བ་ཞིག་བཙལ་རྒྱུ་བྱུང་ན་ལུས་པོའ་ི ངལ་དུབ་ རྒྱན་དུ་འགྲོ་བའང་ཡོད་པ་མཐོང་ཆོས་ལྟར་རེད། དེ་ལྟ་བུ་འབྱུང་བ་ནི་ཆོས་ཀྱི་ཐབས་ཤེས་ལག་ལེན་བཀལ་ཏེ་སེམས་ལ་གཟོད་བཟོ་རྒྱུ་འདི་རང་ཡིན། ལར་ཚེ་འདིའི་བདེ་བ་གདེངས་འཁེལ་བ་ཞིག་འབྱུང་བའང་ཆོས་ལ་བརྟེན་ནས་ཡོང་དགོས། དེ་ཡང། བདེ་སྡུག་ཆེ་ཆུང་ཇི་འདྲ་ཞིག་ཡིན་ཀྱང། འཕྲལ་གྱི་ཕྱིའི་རྐྱེན་དེ་གཅིག་པུ་མིན་པར་ནང་དུ་ཡང་རྒྱུ་ཞིག་ཡོད་དགོས། དེ་ནི་སེམས་སྟེང་དུ་དགེ་མི་དགེའི་ལས་ཀྱི་ནུས་པའམ་བག་ཆགས་ཤིག་ ཡོད་པ་དེ་ཡིན། དེ་ནུས་ཅན་དུ་ཡོད་ཙ་ན་ཕྱིའི་རྐྱེན་དེ་འཕྲད་མ་ཐག་ཏུ་ནུས་པ་དེ་སད་དེ་བདེ་སྡུག་གི་ཚོར་བ་འབྱུ​ུང་བ་ཡིན། ནུས་པ་དེ་མེད་ན་ ཕྱིའི་རྐྱེན་མང་བ་གང་འདྲ་ཞིག་ཡོད་ཀྱང་བདེ་སྡུག་འཕར་འབུབ་འགྲོ་ཤེས་ཐབས་མེད། དེ་འདྲའི་ནུས་པ་དེ་སྔར་བསགས་པའི་ལས་ཀྱིས་བཞག་པ་ ཡིན། དེས་ན། འབྲས་བུ་སྡུག་བསྔལ་ཅི་འདྲ་ཞིག་ཡིན་ཀྱང་ཐོག་མར་རང་གི་སེམས་མ་དུལ་བས་བྱ་བ་ངན་པ་ཞིག་བྱས་ཏེ་ལས་ཤིག་བསགས། དེའི་ ནུས་པ་སེམས་སྟེང་དུ་བཞག་པ་སླར་རྐྱེན་དང་འཕྲད་དུས་སྡུག་བསྔལ་མྱོང་བ་སྟེ། མཐར་གཏུགས་ན་སེམས་ལ་ཐུག་ཡོད། རྒྱུ་མཚན་དེས་ཀྱང་ཆོས་ མེད་པར་སེམས་མི་དུལ། དེ་མ་དུལ་བས་ལས་ངན་པ་གསོག། དེས་རྒྱུད་སྟེང་དུ་ནུས་པ་བཞག་པ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་བསྐྱེད་ཡོང་བ་ དེ་འདྲ་ཡིན་ནོ།།

༢ ཚེ་ཕྱི་མར་ལྟོས་ཀྱང་ཆོས་དགོས་པ།

སེམས་ཅན་ཕལ་ཆེ་བར་ལུས་རྟེན་ཡོད་ཅིང། འགའ་ཞིག་ལ་སེམས་ཁོ་ན་ལས་མེད། ལུས་སེམས་དེ་གཉིས་ཀར་ཉེར་ལེན་གྱི་རྒྱུ་རེ་ཡོད་པའི་ལུས་ ཀྱི་ཉེར་ལེན་གྱི་རྒྱུ་མངལ་སྐྱེས་ལ་མཚོན་ན་ཕ་མའི་ཁུ་ཁྲག་ལ་ཐུག། དེ་བཞིན་སེམས་ལ་ཡང་ཉེར་ལེན་དང་རིགས་འདྲའི་རྒྱུ་ཡོད། ཚེ་འདིའི་སེམས་ ཀྱི་རིགས་འདྲའི་རྒྱུན་གྱི་ཐོག་མ་ནི་ཕ་མའི་ཁུ་ཁྲག་དབུས་སུ་ཉིང་མཚམས་སྦྱར་མ་ཐག་པའི་སེམས་དེ་ཡིན་ལ། དེའི་རྫས་རྒྱུན་སྔོན་མ་ཞིག་ནི་ངེས་ པར་ཡོད་དགོས། རྒྱུ་མཚན་ནི་ཕྱིའི་དངོས་པོ་སེམས་སུ་འགྱུར་མི་སྲིད་ལ། སེམས་ཕྱིའི་དངོས་པོར་འགྱུར་མི་སྲིད། སེམས་དེའི་རྫས་རྒྱུན་ཡོད་དགོས་ ན་ངེས་པར་ཉིང་མཚམས་མ་སྦྱར་གོང་གི་སེམས་དེ་ཡིན་དགོས། དེས་སྐྱེ་བ་སྔོན་མ་འགྲུབ། དེ་འདྲའི་སེམས་དེ་རྒྱུན་གཅིག་ཡིན་པའི་རྒྱུ་མཚན་གྱིས་ མཐུན་རྐྱེན་ཚང་བའི་མི་དང། བུ་ཕྲུག་འགའ་ཤས་ནས་སྐྱེ་བ་སྔོན་མ་དྲན་པ་དེང་དུས་ཀྱང་ཡོད། སྔར་གྱི་ལོ་རྒྱུས་ཁུངས་མའི་ནང་ཡང་སྐྱེ་བ་སྔོན་མ་ དྲན་པ་མང་དུ་བྱུང། རྒྱུ་འབྲས་ཞེས་པ་ཐ་དད་ཡིན་ཀྱང། ངེས་པར་ཆ་མཐུན་གྱི་འབྲེལ་བ་ཡོང་དགོས། དཔེར་ན། ལུས་ནི་རེག་བྱ། དབྱིབས། ཁ་དོག་ ཅན་ཞིག་ཡིན་པས་དེའི་ཉེར་ལེན་གྱི་རྒྱུ་ཡང་དེ་འདྲ་ཞིག་ཡོད་དགོས། སེམས་ལ་དབྱིབས་སོགས་མེད་པས་ཉེར་ལེན་གྱི་རྒྱུ་ཡང་དེ་ལྟ་བུ་དགོས། ས་ བོན་རོ་མངར་བ་ལས། འབྲས་བུ་དེ་མཐུན་འབྱུང་བ་ལྟ་བུ། དེས་ན་གཟུགས་མེད་སེམས་ཀྱི་ཉེར་ལེན་གྱི་རྒྱུར་གཟུགས་ཅན་ཕ་མའི་ཁུ་ཁྲག་འཇོག་མི་ ཐུབ། རིག་པ་འདི་སོགས་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ངེས་པར་འགྲུབ། དེས་ན་སྐྱེ་བ་ཕྱི་མ་ཞིག་ཡོད་ཕྱིན་དེར་ཕན་པ་ཆོས་ཁོ་ན་ལས་མེད་པ་ཤིན་ཏུ་ གསལ་པོ་རེད། དེ་རྣམས་ཆོས་དགོས་པའི་རྒྱུ་མཚན་ཡིན།

༣ ཆོས་སུ་གྲགས་པ་མང་པོ་ཡོད་པའི་ནང་གི་ནང་ཆོས་ཏེ་དེའི་སྟོན་པའི་སྐོར།

འཛམ་གླིང་འདིར། ནད་སྣ་གཅིག་ལ་སྨན་སྣ་མང་པོ་ཡོད་པ་བཞིན། མིའི་རིགས་སོགས་འགྲོ་བ་ཀུན་གྱི་བདེ་བ་སྒྲུབ་པའི་ཐབས་སུ་ཆོས་ལུགས་མང་ པོ་ཡོད། དེ་དག་རང་རང་ལ་ཆོས་ལུགས་ཀྱི་ཚུལ་དང། བརྗོད་ཚུལ་མི་མཐུན་པ་ཡོད་ཀྱང། དེ་རྣམས་ཀྱིས་སྒྲུབ་པ་པོ་རང་ཉིད་ཀྱི་སྒོ་གསུམ་ཡ་རབས་ 3


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

བཟང་པོར་བསྒྱུར་བ་དང། དམིགས་ཡུལ་བཟང་པོར་དམིགས་པ་ནི་གཅིག་མཐུན་རེད་བསམ་གྱི་འདུག། རྫུན་དང་ཕྲ་མ་སོགས་ངག་གི་ལས་དང། རྐུ་གསོད་སོགས་ལུས་ཀྱི་སྤྱོད་པ་ངན་པ་རྣམས་བྱེད་མི་རུང་བར་སྟོན་པ་སོགས་ཀུན་མཐུན། བློ་ཕམ་པ་ཞིག་ལ། ལོ་རྒྱུས་ནང་སྐབས་རེ་ཆོས་ལུགས་ པ་ཕན་ཚུན་སྡང་རྩོད་ཀྱི་གནས་ཚུལ་བྱུང་བ་དེ་སླར་མི་འོང་བའི་འདས་པ་ཡིན་ན་ལེགས། ཆོས་ལུགས་པ་ཚོ་མཐུན་པོ་བྱེད་རྒྱུ་ངེས་པར་ཐུབ་པ་ཡིན། སྤྱིར་དེང་དུས་ཆོས་ཙམ་ཡོད་མེད་ཀྱི་ཕྱོགས་གཉིས་ཡོད་དུས་འདིར་རིས་མེད་ཀྱི་ཆོས་པ་ཚོ་མཉམ་མཐུན་བྱེད་གལ་ཆེ། དེ་ཡང་སྡང་སེམས་ཀྱིས་མ་ ཡིན་ཏེ། མཉམ་མཐུན་བྱེད་པ་དེས་ཆོས་ལུགས་པ་ཚོར་ཕན་ཐོགས་ཡོད་པ་མ་ཟད། ཆོས་མེད་པ་ཚོར་ཡང་འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་ཆེད་ཡིན་ ཏེ། ཁོང་ཚོའི་བླང་དོར་གནས་ལ་རྨོངས་པའི་མི་ཤེས་པ་སེལ་ཏེ་གཏན་བདེའི་ལམ་དུ་འགོད་ཐབས་ཡིན། དེར་བརྟེན་ངས་ཆོས་ལུགས་ཚང་མར་དམ་ ཚིག་འོ་ཆུ་གཅིག་འདྲེས་ཡོང་བའི་རེ་གསོལ་ཞུ་རྒྱུ་ཡིན། ཆོས་ལུགས་པ་ཕན་ཚུན་གཅིག་སྒྲིལ་ཆེད་ཕན་ཚུན་གནས་ཚུལ་ཤེས་རྟོགས་ཐུབ་དགོས། དེའི་དོན་དུ། ཁོ་བོས་བོད་ཀྱི་ནང་པའི་ཆོས་སྐོར་གནས་ཚུལ་མདོར་བསྡུས་ཤིག་བརྗོད་རྒྱུ་ཡིན། དེ་ལ་གནས་ལུགས་བརྗོད་དགོས་པ་ཞིག་ནི། དེང་ དུས་བོད་ཡིག་ནང་གི་ཆོས་ཚིག་ཚང་མ་དབྱིན་ཡིག་ཏུ་ཐད་དོན་བསྒྱུར་བར་དཀའ། དབྱིན་བོད་གཉིས་ཀའི་ཤེས་ཡོན་ཚད་མཐོ་གཉིས་འཛོམས་ཅན་ ཡང་དཀོན་ཞིང། ཞིབ་གཏུགས་བྱེད་སའི་སྔོན་བསྒྱུར་བྲིས་བྱེད་པོ་དག་བསམ་སྦྱོར་གཉིས་དགེའི་ལག་རྗེས་གང་ལེགས་ཀྱང་ལམ་རོབ་ཙམ་ལས་གོ་ དོན་གཏིང་ཟབ་བསྒྱུར་བྲིས་མ་ཐུབ་པར་མངོན་ཞིང། འོན་ཀྱང། ཕྱིན་ཆད་དཀའ་ངལ་འདི་དག་རིམ་སེལ་གྱིས་ཁོ་བོ་ཅག་གི་ཆོས་ཀྱི་གོ་དོན་གཏིང་ ཟབ་རྣམས་དབྱིན་ཡིག་ཐོག་བདེ་བླག་ཏུ་བསྒྱུར་བྲིས་ཐུབ་པའི་རེ་བ་ཡོད། དེ་ལྟའི་གནས་ཚུལ་འོག་ཆོས་སྐོར་འདི་དག་ཀྱང་དབྱིན་ཡིག་ཏུ་བྲི་བསྒྱུར་ བདེ་ཆེད་གོ་སླ་རགས་བསྡུས་ཙམ་ཞིག་བརྗོད་རྒྱུ་ཡིན། ང་ཚོའི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ནི་བསྐལ་པ་འདིར་སངས་རྒྱས་སྟོང་རྩ་ཡོད་པའི་ ནང་ནས་གཅིག་ཡིན། སངས་རྒྱས་དེ་རྣམས་ཐོག་མ་ནས་སངས་རྒྱས་མིན་པར་ང་ཚོ་ལྟ་བུའི་སེམས་ཅན་ཡིན། ལུས་སེམས་གཉིས་ལས་སེམས་གཙོ་ ཆེ། ལུས་ངག་ནི་སེམས་ཀྱི་གཞན་དབང་ཅན་ཡིན། འདོད་ཆགས་ལ་སོགས་པའི་ཉོན་མོངས་རྣམས་སེམས་ཀྱི་རང་བཞིན་ལ་བསླད་པ་མེད། སེམས་ ཀྱི་རང་བཞིན་ནི་དྲི་མས་མ་བསླད་པ་དག་པ་ཞིག་ཡིན། ཉོན་མོངས་རྣམས་སེམས་ཀྱི་འཁོར་ཡིན། དེ་ལྟའི་ཉོན་མོངས་སོགས་སྐྱོན་གྱི་རིགས་རྣམས་ རིམ་བཞིན་བཅོས་ཏེ་གློ་བུར་བའི་དྲི་མ་རྣམས་རྫོགས་པར་ཟད་ནས་དག་པ་དེ་སངས་རྒྱས་ཡིན་པས། ཐོག་མ་ནས་སངས་རྒྱས་པའི་སངས་རྒྱས་ཤིག་ ནང་པས་ཁས་མི་ལེན། དེ་འདྲའི་སངས་རྒྱས་དེས་དུས་ཇི་སྲིད་བར་འགྲོ་བའི་དོན་མཛད། དེས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བྱེ་བ་ཐེར་འབུམ་མང་ པོས་ཆུ་ཚོད་སྐར་ཆ་རེ་རེར་ཡང་འགྲོ་བའི་དོན་མུ་མཐའ་མེད་པ་མཛད། བསྐལ་པ་འདིར་སངས་རྒྱས་མཆོག་གི་སྤྲུལ་སྐུའི་རྣམ་ཅན་དུ་བྱོན་པ་དེར་ ཆ་བཞག་སྟེ་སྟོང་རྩ་བྱུང། མཆོག་གི་སྤྲུལ་སྐུ་རེར་བསྟན་པ་གསར་པ་རེ་ཡོང། བསྐལ་པ་ནི་ལོ་ཤིན་ཏུ་མང་པོ་ཡོད་པའི་དུས་སྐབས་ཤིག་ཡིན། སངས་ རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་སངས་རྒྱས་གཞན་གྱི་བསྟན་པ་དང་མི་འདྲ་བར་འདིར་མདོ་སྔགས་ཟུང་འབྲེལ་ཡོད། གཞན་ཕལ་ཆེ་བར་སྔགས་ མེད། ཐུན་མོང་སྣང་ངོར་དགའ་ལྡན་གནས་ནས་འཕོ་བ་དང། ལྷུམས་སུ་ཞུགས་པ། སྐུ་བལྟམས་པ། བཟོ་ཡི་གནས་ལ་མཁས་པ། བཙུན་མོའ་ི འཁོར་ གྱིས་རོལ་པ། ངེས་པར་འབྱུང་བ། དཀའ་བ་སྤྱད་པ། བྱང་ཆུབ་སྙིང་པོར་གཤེགས་པ། བདུད་སྡེ་བཅོམ་པ། སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ། མྱ་ངན་ལས་འདས་པ་སྟེ་མཛད་པ་བཅུ་གཉིས་བསྟན། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི་འགྲོ་བའི་དོན་དུ་དང། དེ་ཡང་ཆོ་འཕྲུལ་གསུམ་ལས་ གསུང་གི་ཆོ་འཕྲུལ་གཙོ་བོ་ཡིན་སྟབས་ཆོས་འཁོར་བསྐོར་ཆེད་ཡིན་ལ། སྟོན་པ་ཤཱཀྱ་ཐུབ་པ་རྒྱལ་པོའ་ི ཪིགས་སུ་འཁྲུངས་ཏེ། སྐུ་ཚེ་སྟོད་ལ་རྒྱལ་སྲིད་ བསྐྱངས། དེ་ནས་སྲིད་པའི་ཕུན་ཚོགས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་གཟིགས་ཏེ་རྒྱལ་སྲིད་སྤངས་ནས་དཀའ་ཐུབ་ལ་ཞུགས། མཐར་རྡོར་ གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ཚུལ་བསྟན། དེ་ལ་དུས་དང་པོར་ཡུལ་ཝ་རཱ་ཎཱི་སིར་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྣམས་ལ་གཙོ་ བོར་དགོངས་ནས་འཕགས་པའི་བདེན་པ་བཞི་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་བསྐོར། དུས་བར་པར་བྱ་རྒོད་ཕུང་པོ་རིར་གདུལ་བྱ་ཐེག་ཆེན་ གྱི་རིགས་ཅན་དབང་རྣོན་རྣམས་ལ་གཙོ་བོར་དགོངས་ནས་རང་བཞིན་མེད་པའི་ཚུལ་ལས་བརྩམས་ཏེ་འཁོར་ལོ་བར་པ་གསུངས། དུས་མཐའ་མར་ ཡངས་པ་ཅན་དུ་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་པོ་འབྲིང་མཐའ་རྣམས་ལ་གཙོ་བོར་དགོངས་ནས་འཁོར་ལོ་ཐ་མ་གསུངས་ཏེ་སྙན་གྲགས་ ཅན་གྱི་ཆོ​ོས་འཁོར་རིམ་པ་གསུམ་བསྐོར། སྟོན་པ་སངས་རྒྱས་ཀྱིས་རྡོ་རྗེ་འཆང་གི་སྐུར་བཞེངས་ཏེ་སྔགས་ཀྱི་ཆོས་རྣམས་ཀྱང་གསུངས། ད་ལྟ་བོད་ དུ་བསྒྱུརད་བའི་བཀའ་འགྱུར་ཞེས་སྙན་གྲགས་ཅན་གྱི་པོད་རྣམས་སངས་རྒྱས་ཀྱིས་གསུངས་པ་ཤ་སྟག་ཡིན། བཅོམ་ལྡན་འདས་ཀྱི་བཀའ་མདོ་ཕྱོགས་ རྣམས་སྡེ་སྣོད་གསུམ་དང། སྔགས་ཀྱི་ཆོས་སྐོར་རྣམས་རྒྱུད་སྡེ་བཞིར་འདུ། ཡང་ན་རྒྱུད་སྡེ་བཞི་མདོ་སྡེའི་སྡེ་སྣོད་ནང་བསྡུས་ཀྱང་ཆོག། བརྗོད་བྱ་ ཚུལ་ཁྲིམས་དང། ཏིང་ངེ་འཛིན། ཤེས་རབ་སྟེ་བསླབ་པ་གསུམ་གྱི་སྒོ་ནས་འདུལ་བ། མདོ་སྡེ། མངོན་པ་བཅས་སྡེ་སྣོད་གསུམ་དུ་འཇོག།

༤ བོད་དུ་ནང་ཆོས་དར་ཚུལ།

ནང་པའི་ཆོས་བོད་དུ་ཇི་ལྟར་བྱུང་བ་ནི། ཞང་ཞུང་གི་ཡུལ་ནས་དར་བའི་བོན་ཆོས་ཆེས་སྔ་བར་བོད་དུ་དར་ཁྱབ་བྱུང་ཞིང། དུས་ད་ལྟའང་བཤད་ སྒྲུབ་བྱེད་པ་ཡོད། འདི་ཐོག་མར་ཧ་ཅང་རྒྱས་པ་ཞིག་མེད་འདྲ་ཡང། ཕྱིས་བོད་དུ་རྒྱ་གར་ནས་ནང་བསྟན་རྒྱ་ཆེར་དར་བའི་སྐབས་བོན་གྱི་ལྟ་སྒོམ་ སྤྱོད་པའི་བཞེད་སྲོལ་ལའང་ཟབ་རྒྱས་སུ་ཕྱིན་ཡོད་པར་མངོན། བོད་ཀྱི་ཆོས་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་ནང་བསྟན་ཐོག་མར་དར། དེ་ནས་ 4


འདོན་ཐེངས་བཞི་པ། ༢༠༡༢

རིམ་གྱིས་ཇེ་འཕེལ་དུ་སོང་ནས་རྒྱ་གར་གྱི་པཎྜི་ཏ་ཞི་བ་འཚོ་ཡབ་སྲས་སོགས་སྙན་གྲགས་ཅན་མང་པོས་མདོ་དང་བསྟན་བཅོས་དང། གྲུབ་དབང་ པདྨ་འབྱུང་གནས་སོགས་ཀྱིས་རྒྱུད་སྡེའི་སྐོར་ཡང་མང་པོ་བསྒྱུར་སྤེལ་མཛད། དེ་ནས་གླང་དར་སྐབས་ཉམས་ཏེ་ལོ་བཅུ་ཕྲག་འགའ་ཙམ་བར་གནས་ ཤིང། སླར་ཡང་བོད་སྨད་ཕྱོགས་དང། སྟོད་ཕྱོགས་ནས་བསྟན་པ་རིམ་གྱིས་གསོས་ཏེ་བསྟན་པ་ཕྱི་དར་གྱི་འགོ་ཚུགས། ལོ་ཙཱ་བ་རིན་ཆེན་བཟང་པོ་ སོགས་བོད་ཀྱི་བློ་ཅན་མང་པོས་རྒྱ་གར་གྱི་མཁས་གྲུབ་གྲགས་ཆེ་བ་མང་པོའ་ི ཞབས་ལ་གཏུགས་ཏེ་གསན་བསམ་སྒོམ་པས་རྒྱལ་བསྟན་འཛིན་སྤེལ་ མཛད་ཅིང། པཎྜི་ཏ་དཔལ་མར་མེ་མཛད་སོགས་མང་པོ་བོད་དུ་ཕེབས་ཏེ་མདོ་རྒྱུད་བསྟན་བཅོས་མང་པོ་བསྒྱུར་སྤེལ་མཛད། དུས་རབས་འདི་ཙམ་ ནས་བོད་རང་ཉིད་ཀྱི་མཁས་པ་མང་པོ་བྱུང་སྟེ་བོད་འགྲེལ་མང་པོ་མཛད་པའི་འགོ་ཚུགས་པ་ཡིན། དུས་གང་འཚམས་རྗེས་ནས་རྒྱ་གར་དང། བལ་ པོའ་ི མཁས་པ་གྲགས་ཆེ་བ་བོད་དུ་ཕེབས་པ་ཆེར་བྱུང་མི་འདུག། དེ་ལྟར་བོད་དུ་དར་ཁྱབ་ཀྱི་ནང་བསྟན་འདི་རྒྱ་གར་གྱི་ནང་བསྟན་དྲི་མ་མེད་པ་ འདི་རང་ལས། བོད་ཀྱི་བླ་མས་རྟོག་བཟོ་དང། ཆོས་གཞན་དང་བསྲེས་ལྷད་བཏང་བ་མེད་ཅིང། དཔེར་ན། བོད་འགྲེལ་དེ་ཚོའི་ནང་ཆོས་ཀྱི་འགྲེལ་ བཤད་ཆུང་ཆུང་ཞིག་ལའང་མཇུག་ཏུ་སངས་རྒྱས་རང་ཉིད་ཀྱི་གསུང་ངམ། དེ་མིན་རྒྱ་གར་མཁས་པའི་གསུང་དྲངས་ཏེ་གཏན་ལ་ཕབ་པ་ཤ་སྟག་ཡིན། ཆེས་ཤིན་ཏུ་ར་འཕྲོད་པ་གཅིག་ལ། དེང་སང་གི་རྒྱ་གར་བ་ཕྱི་ནང་གཉིས་ཀའི་ཁོངས་ཀྱི་མཁས་པ་རེ་ཟུང་དང་ཞིབ་གླེང་སྐབས་ཆོས་ཚིག་སྐད་བརྡ་ འཕྲོད་དཀའ་བའི་གནས་ཚུལ་འདི་གའི་འོག་ལའང་ལོ་བརྒྱ་ཕྲག་མང་པོའ་ི སྔོན་ནས་བསྒྱུར་བའི་བོད་ཡིག་ནང་གི་ཆོས་ཀྱི་བཤད་པ་འཁོད་ཡོད་པ་ དེ་ག་རང་ཁོང་ཚོས་བརྗོད་ཀྱི་འདུག། དེར་མ་ཟད། རྒྱ་གར་བ་མཁས་པ་འགས་བརྗོད་རིགས་སུ། དེང་སང་སཾ་སྐྲྀ་ཏའི་སྐད་ཐོག་ནས་གོ་བཀའ་བའི་ གཞུང་འགའ་ཤས་བོད་སྐད་ཐོག་ནས་བལྟས་ཏེ་གུང་བསྒྲིགས་སྐབས་གོ་བ་ཆེས་ཕུལ་དུ་བྱུང་བ་ཡོང་གི་འདུག་ཟེར། གནས་ཚུལ་དེའི་ཐོག་ནས་ངོས་ ཀྱི་བསམ་པར། བོད་ཀྱི་ཆོས་ལ་ཡུལ་དུས་གནས་ཚུལ་དབང་གིས་རྒྱ་གར་བ་དང་ཕྲན་བུ་ཁྱད་པར་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་བླ་མའི་ཆོས་ལུགས་ ཞེས་ནང་པ་བསྒྱུར་བཅོས་ཕྱིན་པ་ཞིག་ཏུ་ངོས་འཛིན་བྱེད་པ་དེ་རྩ་བ་ནས་ནོར་བ་རེད། ཡང་བརྗོད་རྒྱུར། གཅིག་བྱས་ན་ནོར་འཁྲུལ་ཡིན་སྲིད་པས་ དགོངས་འགལ་མེད་པ་ནས། ད་ལྟའི་དུས་རབས་འདིར། ནང་པའི་ཐེག་པ་ཆེ་ཆུང་གི་ལྟ་སྒོམ་སྤྱོད་གསུམ་ཆ་ཚང་བ་དཔྱིས་ཕྱིན་པ་ཞིག་ཤེས་དགོས་ ན། བོད་ཡིག་གི་གླེགས་བམ་རྣམས་རྒྱུན་རིང་བར་བརྟག་ཞིབ་ཟབ་ནན་གྱིས་གཟིགས་དགོས་པ་རེད་སྙམ་ལགས། རྒྱ་གར་དུ་སྔར་ན་ལེཎ་ཌའི་མཁས་ པའི་འཆད་སྲོལ་དང། བྲི་ཀ་མ་ཤི་ལའི་མཁས་པའི་འཆད་སྲོལ་ཞེས་རྩ་བའི་དོན་གཅིག་ཀྱང། མིང་འདོགས་དང། འཁྲིད་སྟངས་ཕྲན་བུའི་ཁྱད་པར་ ཡོང་གི་ཡོད་པ་བཞིན་དུ་བོད་དུའང་རྒྱ་གར་གྱི་པཎ་ཌི་ཏ་དང། དེའི་བོད་ཀྱི་སློབ་རྒྱུད་ཀྱི་མཚན་དང། ས་གནས། དུས་ཚོད་སོགས་ཀྱིས་མིང་འདྲ་ མིན་བྱུང་སྟེ། དེ་ཡང་གྲགས་ཆེ་བར་རྙིང་མ། བཀའ་རྒྱུད། ས་སྐྱ། དགེ་ལུགས་ཞེས་མིང་འདོགས་སོ་སོ་དང། རྩ་བ་གཅིག་ཀྱང་འཁྲིད་སྟངས་མི་འདྲ་བ་ ཐན་ཐུན་ཡོད་པ་རེད། ཐམས་ཅད་ཀྱང་མདོ་སྔགས་ཟུང་འབྲེལ་གྱི་༸ རྒྱལ་བའི་བསྟན་པ་ཤ་སྟག་ཡིན་ནོ།། (ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་ པའི་ཕྱག་དེབ་ལས་དྲངས།)

གངས་ཕྲུག་གི་གད་རྒྱངས།

བདེན་པའི་ལ་རྒྱའི་དཔུང་པ་ནམ་མཁའ་ལ་འགྲེང་སྟེ།། སྙིང་ཁམས་མྱོས་པའི་བདེན་གཏམ་མཁའ་མཐའ་ན་བསྒྲོགས་ནས།། སྙན་གྲགས་གཡུ་འབྲུག་སྟོང་གི་བཞད་གད་དེ་བསུ་བའི།། གླིང་འདིའི་མི་རྣམས་དགའ་བའི་འཛུམ་དཀར་དེ་སྤྲོ་དང་།། སྡོམ་པའི་མགོ་བོ་འདོད་ཆགས་ཟོར་བ་ཡིས་བཅད་ཀྱང་།། ལ་རྒྱའི་སྙིང་ཁྲག་གངས་དཀར་ལྷ་མོ་ལ་འཕུལ་ནས།། འཁྲུལ་མེད་གངས་ཅན་པ་ཡི་ཚ་རྒྱུད་ཀྱི་མ་ལ།། སྣ་ཚོགས་འདྲེས་པའི་རྒྱུད་དེ་གཙང་ཕྱིས་ཀྱི་བྱ་འདོད།།

འབྲས་སྤོམ་ར། དགེ་ལེགས་བསྟན་འཛིན།

ཤེས་དང་མ་ཤེས་སྦྱོང་བའི་དུས་ཚིགས་ལ་ཐུག་འདུག། བྱས་དང་མ་བྱས་སྟོབས་དང་ནུས་པ་ལ་འབྲེལ་འདུག། འགྲུབ་དང་མ་འགྲུབ་དུས་དང་རྟེན་འབྲེལ་ལ་རག་ལས།། བསམ་གཞིགས་ནུས་ལྡན་བྱས་ན་གྲུབ་དོན་དེ་མིན་ནམ།། རང་ཉིད་དཀར་དགོས་སེམས་ནས་འོ་མ་ཡི་ཁྲུས་དང་།། གཞན་ཞལ་ནག་པོ་བྱ་འདོད་སོལ་ཁུ་དེ་བྱུག་པ།། རྩ་བ་རང་བཞིན་བསྒྱུར་བའི་ཐབས་ལམ་ལ་རྨོངས་པ།། འཕྲལ་གྱི་མིག་དབང་སྒྲིབ་པའི་བྱེད་ཐབས་དེས་ཅི་བྱ།།

5


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

༄༅།། མཁས་པའི་དབང་པོ་བྲ་ཏི་རིན་ཆེན་དོན་གྲུབ།

ཆུང་ཚེ་རིང་།

༈ མཁས་དབང་འདི་ནི་རབ་བྱུང་བཅུ་གཅིག་པ། ཕྱི་ལོའ་ི དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་ལ་མདོ་སྨད་དཔའ་རིས་ཡུལ་གྱི་བྲ་ཏི་ཞེས་པའི་ཚོ་ བར་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་ཞོགས་དོན་ཡོད་མཁས་གྲུབ་(1)༼༡༦༧༡-༡༧༣༡༽ཀྱི་སྐུ་མདུན་ནས་རབ་ཏུ་བྱུང༌། སེ་རྭ་ཐེག་ཆེན་གླིང་གི་ བྱེས་པ་གྲྭ་ཚང་དུ་བཞུགས། ལྷོ་པ་ཁང་ཚན་གྱི་ཕུར་ལྕོག་རྗེ་བཙུན་ངག་དབང་བྱམས་པ་(2)༼༡༦༨༢-༡༧༦༢༽སོགས་ཡོངས་སུ་གྲགས་པའི་དགེ་བའི་ བཤེས་གཉེན་མང་དུ་བསྟེན་ཏེ། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་མཐར་དགེ་བཤེས་ཀྱི་མཚན་བཏགས་བཞེས་ཀྱང་ དེ་ཙམ་གྱིས་མཁས་པའི་ཡང་རྩེར་སོན་པ་མ་བྱུང་བས། ཕུར་ལྕོག་ངག་དབང་བྱམས་པའི་དྲུང་ནས་འཇམ་དབྱངས་དཀར་པོའ་ི སྒྲུབ་ཐབས་ཀྱི་མན་ ངག་ཞུས་ཏེ། སེ་རྭ་ནས་རྟ་ལམ་ཉིན་གཉིས་ཀྱི་ས་བྲག་ཡེར་པ་ཞེས་པར། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཁང་དུ་འཇམ་དབྱངས་དཀར་པོ་ཡུན་ རིང་བསྒྲུབས། འོན་ཀྱང་རྟགས་དང་མཚན་མ་གང་ཡང་མ་བྱུང་བས། ཐུགས་སྐྱོ་ནས་ཕྱིར་ཕེབས་ཏེ་གངས་སྟོད་དུ་འབྱོར་བ་ན། གནས་དེར་བྲག་ཕུག་ ཙོག་པུ་བའི་གནས་ལྟ་བུ་ཞིག་ཡོད་པ་དེར། ངལ་གསོས་ནས་བཞུགས་ཉིད་གཉིད་ཅུང་ཁུག་པ་ན། རྨི་ལམ་དུ་ཨ་ཡིག་དཀར་པོའ་ི ཆར་བབས་པ་དང༌། ཨ་ཡིག་རྣམས་གཅིག་ནས་གཅིག་ཏུ་འདུས་ཏེ་མཐར་ཨ་ཡིག་གཅིག་པུ་དེ་རང་ཉིད་ལ་ཐིམ་པ་རྨིས། གཉིད་ལས་སད་པ་ན། བྲག་དེར་ཨ་རང་བྱོན་ ཞིག་གཟིགས། ད་ལྟའང་བྲག་དེར་ཨ་ཡིག་མངོན་སུམ་དུ་མཇལ་རྒྱུ་ཡོད།

དེ་ནས་སེར་བྱེས་སུ་བྱོན་ནས་སླར་ཡང་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་དུ་བཅར་ཏེ། རྟགས་དང་མཚན་མ་སོགས་གང་ཡང་མ་བྱུང་བའི་ ལོ་རྒྱུས་བཅས་ཞུས་པར། ལན་དུ་སེམས་ཁྲལ་བྱེད་མི་དགོས། ཁྱེད་རང་གིས་བསྒྲུབས་ཡོད། སང་ཉིན་སྔ་དྲོ་ཇ་ཡག་པོ་ཞིག་བཟོས། དེ་བཏུང་ནས་ཕྱག་ དཔེར་གཟིགས་གསུངས་པས། ཞོགས་ཆོས་དམ་བཅའ་ཆེན་མོ་ཡོད་ཀྱང་མ་ཕེབས་པར་བླ་མའི་བཀའ་བཞིན་ཕྱག་དཔེ་གཟིགས་ནས་བཞུགས་པས། སྔར་དང་མི་འདྲ་བའི་མྱོང་བ་ཁྱད་པར་ཅན་སྐྱེས། དགོང་མོ་དམ་བཅའ་ཆེན་མོར་ཕེབས་ནས་རྟགས་བསལ་བཏང་གནང་བས། མཁས་དབང་སུས་ ཀྱང་གླགས་རྙེད་པ་མ་བྱུང་སྟབས། དེ་དག་གིས་བྲ་ཏི་དགེ་བཤེས་སྨྱོན་པས་རྟགས་བསལ་སྒྲིག་མ་བཟོས་འདུག་ཟེར་རོ།།

དེ་ནས་མདོ་སྔགས་ཡོངས་སུ་རྫོགས་པའི་གཞུང་གི་གནད་དོན་མཐའ་དག་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་གཟིགས་ཏེ་གང་ལའང་ཐོགས་པ་མེད་ པར་མངའ་བའི་ཆོས་ཀྱི་བདག་པོར་གྱུར། བྲ་ཏི་འཇམ་དབྱངས་དཀར་པོ་ཞེས་མཚན་སྙན་ཡོངས་སུ་གྲགས། ཁོང་གི་གསུང་རྩོམ་ནི། བླང་དོར་རྣམ་ པར་ཕྱེ་བའི་གཏམ་ཀུན་བཟང་ལམ་སྲོལ་དང༌། དྲང་ངེས་ཟིན་བྲིས། ཏིང་འཛིན་སྒྲུབ་ཐབས་ཏིང་འཛིན་རྒྱན་གྱི་སྣང་བ། བྱང་ཆུབ་ལམ་རིམ་གྱི་ཉམས་ ཁྲིད་བྱང་ཆུབ་རྒྱན་གྱི་ཕྲེང་བ། བྱ་དཀའ་བའི་སྙན་ཚིག་དབྱངས་ཅན་ངག་གི་རོལ་མཚོ། བསྟན་འབར་མའི་ཚིག་དོན་གསལ་བར་བྱེད་པའི་རྣམ་ བཤད་ཐེག་མཆོག་རྒྱན་གྱི་ཕྲེང་བ། བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པའི་འགྲེལ་བ་ཀུན་ཏུ་བཟང་པོའ་ི དགོངས་རྒྱན། རྟགས་འཇུག་བཤད་སྦྱར་ ཚིག་བཅད་མ། དག་ཡིག་སྨྲ་བའི་སྒྲོན་མེ། སྒྲའི་ང་རོ་འདྲེན་ཚུལ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན་བཅས་པོད་གཅིག་བཞུགས་སོ། །

ཞེས་མཉམ་འགྲོགས་རྣམས་ཀྱིས་ཁྱོད་རང་གིས་མཁས་དབང་འདིའི་ལོ་རྒྱུས་ཤིག་བྲིས་ཐུབ་ན། མ་འོངས་པའི་དགེ་ལུགས་རྒྱུགས་སྤྲོད་པ་རྣམས་ ལ་ཕན་པར་འདུག་ཅེས་བསྐུལ་བར་བརྟེན། ལོ་གྲངས་དུ་མའི་བར་དུ་བཙལ་ཀྱང་འདིའི་ལོ་རྒྱུས་ཤིན་ཏུ་བསྡུས་པ་ཞིག་མ་གཏོགས་མ་རྙེད། ད་ལྟ་ འཚོ་བཞིན་བཞུགས་པའི་སྐྱེས་ཆེན་དམ་པ་སེར་བྱེས་ལྷོ་པ་སྤྲུལ་སྐུ་ཆོས་ལྡན་རིན་པོ་ཆེ་དང༌། བྲ་ཏི་དགེ་བཤེས་བྱམས་པ་ཆོས་འཕེལ་རྣམ་གཉིས་ལ་ བཀའ་འདྲི་ཞུས་པ་དང༌། ཁྱད་པར་དུ་ཡང་ཆོས་ལྡན་རིན་པོ་ཆེས། སེར་བྱེས་ལྷོ་པ་ཁང་ཚན་དུ། འཇམ་དབྱངས་དཀར་པོའ་ི རྗེས་གནང་སྩོལ་སྐབས། རིན་པོ་ཆེ་རང་གི་བླ་བརྒྱུད་བྲ་ཏི་འཇམ་དབྱངས་དཀར་པོ་ནས་བར་མ་ཆད་པར་བརྒྱུད་པ་ཡིན་པ་དང༌། མཁས་དབང་འདི་ལ་འཇམ་དབྱངས་དཀར་ པོ་ཞེས་གྲགས་པའི་རྒྱུ་མཚན་བཅས་བཀའ་སྩལ་གནང་བ་རྣམས་རང་གི་རྣ་ལམ་དུ་ཐོས་པ་བཞིན་འདིར་བཀོད་པ་མ་གཏོགས་ཁོ་བོས་རང་བཟོ་བྱས་ པ་མ་ཡིན་ནོ།། །། ཟུར་མཆན། (1) འདིའི་གསུང་རྩོམ་ནང་བྲ་ཏི་དགེ་བཤེས་ཀྱི་ལྟ་བའི་སྐོར་དྲི་བ་དང༌། དེའི་དྲིས་ལན་ཡོད་འདུག (2) འདི་པ་དགུང་ལོ་བཅོ་ལྔར་དབུས་སུ་ཕེབས་ཏེ་སེར་བྱེས་སུ་ཆོས་ཞུགས་མཛད། དགུང་ལོ་བཅུ་བདུན་ལ་རིགས་ཆུང་ཚོགས་ལངས་དང༌། ཉེར་ གཅིག་ལ་གླིང་བསྲེའི་གྲྭ་སྐོར། དགུང་ལོ་ཉེར་གསུམ་ལ་བསྙེན་རྫོགས་དང་སྨོན་ལམ་ཆེ་མོར་གྲྭ་སྐོར། ཉེར་ལྔ་ལ་དབེན་གནས་སུ་གཞོལ་བ་སོགས་ལ་ བརྟེན་ནས་མཚན་སྙན་རྒྱས་པས། བྲ་ཏི་དགེ་བཤེས་དང་བླ་སློབ་ཀྱི་འབྲེལ་བ་དེའི་རྗེས་ཙམ་ནས་བྱུང་བར་སྙམ།

6


བོད་ཀྱི་གཅན་གཟན། གྲུམ་པ། (Badger) ༡ མིང་དང་གཟུགས་དབྱིབས། གྲུམ་པ། ཡང་ན་གྲུམ་རྒྱ་མོ། འོ་འཐུང་ཤ་གཟན་གྱི་རིགས་དང༌། སྲེ་མོང་དང༌། ཏི་ལོ་སོགས་ དང་རིགས་མཐུན་པར་བཤད། གཟུགས་པོ་ཅུང་ཆུང་ལ། མིག་ཀོང་ནག་པོ། གདོང་དང་ སྣའི་གཡས་གཡོན་གཉིས་ནས་གྭ་ཕྲ་མོ་ཅན། སྤུ་མཐུག་ཙམ་ཡོད་པ། རྐང་པ་ཐུང་ཞིང་ཕོ་ བ་སར་དྲུད་ལ་ཁད་པ། སྤུ་རྩེ་ནག་ལ་སྤུ་རྟིང་དཀར་པོ། སྤུ་འདིས་ཐང་ག་འབྲི་བྱེད་སོགས་ སུ་བཀོལ་རྒྱུའི་པིར་སྨྱུག་བཟོ་ཆོག ཨ་ཧྥི་རི་ཀ་སོགས་ཡུལ་ལུང་གཞན་གྱི་གྲུམ་པ་རྣམས་ ཅུང་ཙམ་ཆེ་བ་དང་། གདོང་གི་རི་མོ་རྣམས་ཀྱང་ཞིང་ཆེ་བ་ཡིན། བོད་ཀྱི་གྲུམ་པ་ནི། བོད་ ཡུལ་གྱི་ས་ཁད་ཅུང་དམའ་ས་དག་ན་མཐོང་རྒྱུ་ཡོད། རྒྱུན་དུ་ནགས་ཚལ་དང༌། གྲོག་རོང༌། བྲག་སྐྱིབས་སོགས་ལ་གནས་བཅའ། རི་བོང་དང་བྱི་བ་སོགས་སེམས་ཅན་ཆུང་ཙག་རིགས་ གསོད་པ་དང༌། འབུ་སྲིན་རིགས་ཀྱི་ཚང་སློགས་ནས་ཟ། ཕྲུ་གུ་བདུན་བརྒྱད་ཙམ་ཐེངས་ ཅིག་དུ་སྐྱེ་ཐུབ།

འདོན་ཐེངས་བཞི་པ། ༢༠༡༢

རག་ཤུལ་འཇིགས་མེད།

༢ གཤིས་ཀ གཟུགས་པོ་ཆུང་ཡང་ཞེ་སྡང་ཆེན་པོ་ཅན་ཞིག་ཡིན། སྒོ་ཁྱི་དཀྱུས་མ་རྣམས་དང་རྒོལ་ འཛིང་བྱེད། བོད་ཀྱི་གཏམ་དཔེར། “ཁྱི་གཅིག་གྲུམ་གཅིག་ཐུག་ན་གྲུམ། ཁྱི་གཉིས་གྲུམ་ གཅིག་ཐུག་ན་འདྲ། ཁྱི་གསུམ་གྲུམ་གཅིག་ཐུག་ན་ཁྱི།” ཞེས་ཁྱི་གསུམ་མེད་ན་ཡ་ལན་མི་ཐུབ་པའི་བཤད་རྒྱུན་ཡོད། ཁྱི་སྤྱང་སོགས་གནོད་པ་བྱེད་ མཁན་མཐོང་ན་ཕྱིར་བྲོས་མེད་ཅིང་འཆི་གསོན་ལ་མི་ལྟོས་པར་དམར་འཛིང་བྱེད་ནས་རང་སྲོག་བསྐྱལ་ཡོང༌། དངོས་སུ་དམར་འཛིང་སྐབས་ གཟུགས་པོ་ཆུང་བས་ཁོ་ལག་གིས་མི་འདངས་བར་ནམ་རྒྱུན་བོད་ཀྱི་ཡུལ་དུ་གྲུམ་པ་ཁྱི་ཡིས་བསད་པ་མཐོང་རྒྱུ་ཡོད་པ་ཡིན། མདོར་ན་ཁོ་ནི་གླེན་པ་ དཔའ་སྙིང་ཅན་ཞིག་རེད།

༣ དམིགས་བསལ་འཚོ་བ་སྤྱོད་སྟངས། དགུན་དུས་སུ་རྩྭ་སྟན་བཏིངས་ནས་ཉལ། དེའི་སྐབས་སུ་ཁོ་ལ་དཀའ་ངལ་ཞིག་ཡོད་པ་ནི། ཆུ་མཐུང་དུ་འགྲོ་བའི་གནས་ཚུལ་འདི་རེད། དགུན་དུས་ སུ་གྲུམ་པ་གང་འོས་ཞིག་ཚང་དེའི་ནང་ནས་ཆུ་ལེན་དུ་ཡོང་བ་ཡིན། ཁོ་རང་ཆུ་ཁར་སླེབས་རྗེས་ཆུ་ཡི་ནང་དུ་འགྲེ་ལྡོག་བྱེད། དགུན་དུས་སུ་གནམ་ གཤིས་ཧ་ཅང་གྲང་བས་ཅུང་ཙམ་ནས་ཁེངས་འགྲོ། དེ་ནས་ཁོ་རང་ཚང་དུ་ཕྱིར་ལོག་རྗེས་བཟའ་ཟླ་བུ་ཕྲུག་སོགས་ཀྱིས་ཁོ་ཡི་སྤུ་རྣམས་འཇིབ་ལྡག་ བྱེད་ནས་སྐོམ་དུ་བྱེད་སྲོལ་ཡོད་པར་བཤད། དེ་ལྟར་ཉིན་ཞག་ལྔ་དྲུག་གི་མཚམས་ནས་སླར་ཡང་ཆུ་ལེན་དུ་ཡོང་དགོས། ཁྱད་འཚར་བ་ཞིག་ལ་ཁོ་ རང་ལམ་བུ་གཅིག་ཁོ་ན་རྒྱུད་དེ་འགྲོ་བས་རྩྭ་རྣམས་འཇག་ནས་ཆུ་རྒྱུད་ནས་ཁོ་རང་ཚང་གི་བར་དུ་ལམ་ཐིག་སྐུད་འདྲ་བ་ཞིག་འཐེན་ཡོང༌། འདིས་ སྡུག་བསྔལ་ཤིན་ཏུ་མྱོང་རབས་ཡོད། བོད་ཀྱི་གཏམ་དཔེར། “དགུན་ཟླ་གསུམ་གྲུམ་པའི་ཆུ་ལེན་སྡུག དབྱར་ཟླ་གསུམ་གནའ་བའི་སོ་པ་སྡུག” ཅེས་ གྲགས་སོ།། ༤ མི་དང་འབྲེལ་བ། འདི་ཡི་པགས་པས་སྨན་ཁུག་སོགས་ཀྱི་ཁ་ཁེབས་དང༌། གྲུམ་དར་ཞེས་རྟ་ཡི་རྔོག་མ་ལ་དར་ཟབ་སོགས་ཀྱིས་བརྒྱན་ནས་གྲུམ་ལྤགས་དུམ་བུ་ བཏགས་སྲོལ་ཡོད། དགོས་པ་ནི། “གྲུམ་པ་རྒྱ་མོས་མྱི་ཁ་ཁེགས།” ཞེས་བཤད་སྲོལ་ཡོད་ཀྱང་དོན་ངོ་མ་ནི། བསིལ་བའི་རང་བཞིན་ཡིན་པས་རྟ་རྒྱུགས་ ཀྱི་སྐབས་སུ་ཚ་དྲོད་འཕར་ནས་འགྱེལ་འགྲོ་བ་དེ་འདྲ་མི་ཡོང་བའི་ཆེད་དུ་འདོགས་ཀྱི་ཡོད་པ་རེད། གཞན་ཡང༌། “གྲུམ་སྔས། དྲེད་བཏིངས།” ཞེས་ གྲུམ་ལྤགས་ནི་བསིལ་བའི་རང་བཞིན་ཡིན་པས་མགོ་སྔས་བྱས་ན་མིག་ནད་དང༌། མགོ་གཟེར་སོགས་ལ་ཕན་པར་བཤད་ཅིང་ལག་ལེན་དེ་ལྟར་ཡོད། འོན་ཀྱང་པགས་པ་འདི་ཉིད་ཀྱི་ཆེད་དུ་གྲུམ་པ་རྔོན་པའི་ལོ་རྒྱུས་མེད་ཅིང་། ཁོ་ནི་བོད་ཀྱི་སྒོ་ཁྱི་རྣམས་དང་རྒོལ་འཛིང་བྱེད་མཁན་ཞིག་ཡིན་པས་ རྒྱུན་དུ་གྲུམ་པ་ཁྱིས་བསད་པ་མཐོང་རྒྱུ་ཡོད་པས་གྲུམ་ལྤགས་ཀྱང་རྙེད་སླ་བ་ཡིན་ནོ།། 7


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ལྷ་གཡག་གི་རྣམ་ཤེས།

ཀླུ་སྨྱོན་ཧེ་རུ་ཀས་བརྩམས།

གཅིག ལོ་དེར། ཨ་ཕས་ང་ཁྲིད་ནས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའ་ི ཁ་རུ་མཚོ་སྐོར་ལ་སོང། མཚོ་སྐོར་དུ་འགྲོ་ཞོར་ཁོང་གིས་ང་ལ་སུན་སྣང་མེད་པར་མཚོ་མོ་ འདི་དང་འབྲེལ་བའི་ལྷ་སྒྲུང་མང་པོ་ཞིག་བཤད་ཀྱང་། དེ་དུས་ཀྱི་ལྷ་སྒྲུང་རེ་རེ་ནི་མཚོ་ངོགས་ཀྱི་ཐང་མར་བརྡལ་བའི་མགྲོན་བུ་དང་ཉ་ཕྱིས་ཀྱི་ཤུན་ ལྐོགས་རེ་རེ་དང་འདྲ་བར་ལོ་ཟླའི་ཆུ་གཉེར་གྱིས་དེད་ནས་གར་སོང་ཆ་མེད་དུ་གྱུར་སོང་མོད། སྐབས་དེར་འཕྲད་པའི་དངོས་ཡོད་ཀྱི་གནས་ཚུལ་ ཞིག་མཚོ་མོའ་ི ཁ་གཏད་དུ་འགྱིངས་པའི་བྲག་རྡོ་ཞིག་དང་མཚུངས་པར་ད་དུང་ངའི་དྲན་འཛིན་གྱི་ངོས་སུ་ལྷང་ངེར་འདུག

གཉིས། མཚོ་སྐོར་ཟིན་གྲབས་ཡོད་པའི་ཉིན་ཞིག་གི་དགོང་ཁར། ཨ་ཕ་དང་ངེད་གཉིས་ཀྱིས་མཚོ་འགྲམ་གྱི་བྲག་རྡོ་འགའི་གསེབ་ཏུ་དགོང་ཇ་སྐོལ་བཞིན་ ཡོད། སྐབས་ཤིག་ལ་ངའི་མིག་གི་ལྟ་ཕྱོགས་ཤིག་གིས་ངེད་གཉིས་དང་ཐག་མི་རིང་བའི་བྲག་རྩ་དེར་རྡོ་བརྩིགས་ཀྱི་ཁང་པ་ཆུང་ངུ་ཞིག་འདུག་ ཅིང་། དེ་དང་ཉེ་བའི་མཚོ་འགྲམ་དེར་མི་ཞིག་རྒྱབ་གཟུགས་ནག་ཡོར་རེར་འགྲེང་ནས་ནུབ་ཁའི་ཉི་འོད་ཕོག་པའི་གསེར་མདོག་གི་མཚོ་ངོས་སུ་ལྟ་ བཞིན་འདུག། ངས་དེ་འཕྲལ་ཐབ་རྡོའ་ི གསེབ་ཏུ་ཕུར་རྒྱག་བཞིན་པའི་ཨ་ཕར་ཁ་ཕྱོགས་ནས། ཨ་ཕ། ཕ་གིའི་མི་དེ་ཅི་ཞིག་རེད་ཅེས་དྲིས་པ་ན། ཁོང་ གིས་མགོ་ཡར་བཀྱགས་ནས་དེ་ཕྱོགས་སུ་ཡུད་ཙམ་བལྟས་རྗེས་ཕལ་ཆེར་ཉ་འཛིན་མཁན་ཞིག་ཡིན་པ་འདྲ་ཟེར། ངས་སྔོན་ཆད་ཉ་འཛིན་མཁན་གྱི་ ཚུགས་ཀ་མཐོང་མྱོང་མེད་པས་དེ་འཕྲལ་ཨ་ཕས་སྐད་བརྒྱབ་པར་མ་ཉན་པར་ཕར་ཕྱོགས་ཀྱི་ནག་ཡོར་རེ་བ་དེའི་འགྲམ་དུ་ཕྱིན་པ་ཡིན། ཨ་ཙི། ངའི་ གོམ་སྒྲ་དེ་གསལ་པོ་ཞིག་མིན་ནའང་མི་དེས་ཅི་ཞིག་ཐོས་པ་ལྟར་མགོ་བོ་ངའི་ཕྱོགས་སུ་འཁོར་ནས་ང་ལ་ཡུད་ཙམ་བལྟས་རྗེས་། ཅི་ཞིག་ལ་རེ་ སྒུག་བྱེད་པ་ལྟར་སླར་ཡང་དམར་སེར་གྱི་འོད་མདངས་འཕྱུར་བཞིན་པའི་མཚོ་ངོགས་སུ་ཅེར་སོང་། ཁོང་གི་ལག་ཏུ་ཉ་འཛིན་སྤྱད་ཨེ་ཡིན་སྙམ་པའི་ དངོས་པོ་ཅི་ཡང་མེད་པར་ལག་ཟུང་བཟོ་དབྱིབས་ངོ་མཚར་ཅན་གྱི་ལྭ་རིང་དེའི་ཁུག་མའི་ནང་བཅུག་འདུག་ལ། མགོ་རུ་རལ་པ་མེད་པར་དུམ་བུར་ གཏུབས་པའི་སྐྲ་སེ་བོ་དེ་གྱེན་དུ་ཤད་ཅིང་། ཨ་ཕའི་གཡག་རྩིད་ཀྱིས་བཟོས་པའི་མིག་ར་ལས་ཆེས་ལེགས་པའི་ཤེལ་མིག་དཀར་པོ་ཞིག་སྣ་མགོར་ བསྐྱོན་འདུག ངས་ཁོང་གི་གདོང་ལ་ཞིབ་ལྟ་བྱས་པ་དེས་ཁོང་ལ་འདས་དོན་ཞིག་དྲན་སྐུལ་བྱེད་དུ་བཅུག་པ་དང་འདྲ་བར་ངའི་མགོ་ལ་བྱིལ་བྱིལ་ 8


འདོན་ཐེངས་བཞི་པ། ༢༠༡༢

ཞིག་བྱས་རྗེས། བུ་ཆུང་། ཁྱོད་ཚོ་མཚོ་སྐོར་ལ་འགྲོ་མཁན་ཚོར་ང་མི་རྐྱང་ཞིག་གི་སེམས་ཁམས་རྟོགས་འདོད་མེད་ཀྱང་་་་་་ ་་་། ཁོང་གིས་མཚམས་ འདི་ནས་ཚིག་རྔ་ཕྱིར་ཁོག་ཏུ་མིད་སོང་། ངས་མི་ཆ་མེད་འདི་ལ་ཨ་ཕས་བཤད་པའི་གཏམ་རྒྱུད་ལས་སྙན་པའི་ལྷ་སྒྲུང་རེ་བཤད་རྒྱུ་ཡོད་ན་ཐང་སྙམ་ ནས་ཁོང་ལ། ཨ་ཁུ་ལགས། ཅི་རེད། ཁྱོད་ཀྱིས་གཏམ་རྒྱུད་གང་ཞིག་བཤད་ཀྱང་ངས་ཉན་འདོད། ཅེས་བཤད་པ་ཡིན། ཁོང་གིས་ཧ་ཅང་བྱམས་ བརྩེའི་ངང་། བུ་ཆུང་། ང་རང་ཁྱོད་ཀྱི་ལོ་ཐོག་འདི་ན་ཡོད་དུས་ཁྱོད་དང་འདྲ་བར་རང་གི་ཨ་ཕ་དང་མཉམ་དུ་མཚོ་མོ་འདི་ལ་སྐོར་བ་བྱེད་དུ་འོངས་ མྱོང་། འོན་ཀྱང་། དེ་ནས་བཟུང་ང་རང་གི་ཨ་ཕ་དང་ཁ་བྲལ་སོང་། ཁོང་གིས་འདང་ཞིག་བརྒྱབ་རྗེས་ངག་འདར་བཞིན་སྐྱོ་སྒྲུང་འདི་འདྲ་ཞིག་ བཤད་བྱུང་།

གསུམ། ངའི་ཕ་ཡུལ་ནི་འདི་ནས་རྟ་ཞོན་ཏེ་ཉིན་འགར་སོང་ན་སླེབ་ཐུབ་པའི་མང་ཡུལ་གསེར་གཞོང་རིང་མོ་ཞེས་པའི་ས་ཆ་དེ་ཡིན། ང་རང་ལོ་བཅུ་གཉིས་ ལ་སོན་དུས་མི་ཡུལ་གྱི་སྲིན་པོར་གྲགས་པའི་མ་ཇག་གི་དམག་དཔུང་ངེད་ཚོའི་ས་ཆར་སླེབས་ནས་མི་གསོད་མེ་རྒྱག་གི་བྱ་ངན་སྣ་ཚོགས་ལག་ལེན་ དུ་བསྟར་བ་རེད། སྐབས་དེར་ང་ནི་མང་ཆུ་སྔོན་མོའ་ི འགྲམ་ངོགས་སུ་ཆགས་པའི་ཀླུ་ཚང་དགོན་པ་རུ་མགོའ་ི སྐྲ་བྲེགས་ཤིང་ལུས་ལ་གཟན་ཤམ་ གྱོན་ནས་འཇིག་རྟེན་གྱི་བྱ་བཞག་དང་རེ་ཞིག་ཁ་བྲལ་ནས་གྲྭ་པ་ཆུང་ཆུང་ཞིག་བྱས་ཡོད། ཉིན་ཞིག་གི་ཕྱི་དྲོར། ང་རང་སྡོད་སའི་གྲྭ་ཤག་དེའི་ཕྱི་ སྒོའ་ི ལྕགས་ལུང་སིང་སིང་དུ་དཀྲོགས་སོང་བས། ང་རང་མྱུར་བར་སོང་ནས་རྒྱལ་སྒོ་ཕྱེ་བ་ན། ཨ་ཙི། ངའི་ཨ་ཕས་ལག་ཏུ་མེ་མདའ་ཞིག་ཐོགས་ ཤིང་ལུས་སྟེང་དུ་ཁྲག་ཤུལ་དམར་པོ་ཞིག་དྲུད་ནས་ངའི་ཁ་གཏད་དུ་འགྲེང་འདུག། ཨ་ཕ། ཁྱེད་རང་་་་་་་་་་་་། ངའི་ཚིག་རྔ་མ་རྫོགས་གོང་། ཁོང་ གིས་བྲེལ་འཚབས་ངང་ཕྱི་མིག་ཅིག་བལྟས་རྗེས་ནང་དུ་འཛུལ་ཡོང་ནས། སྒོ་རྒྱོབས་ཤིག ཅེས་བཤད་རྗེས་ཐད་ཀར་ངའི་དགེ་རྒན་བཞུགས་ཡོད་ པའི་མཆོད་ཁང་གི་ནང་དུ་འཛུལ་སོང་། ངས་ཚུལ་དེ་མཐོང་བ་ན་ཅི་ཡིན་གྱི་ཧ་མ་གོ་བར་ཨ་ཕའི་རྗེས་དེད་ནས་མཆོད་ཁང་དུ་ཕྱིན་པ་ཡིན། ཨ་ ཕ་དང་ངའི་དགེ་རྒན་གཉིས་ཀྱིས་ལྡབ་ལྡིབ་ཅིག་བཤད་ནས་མྱུར་དུ་ཤ་མར་ཕྲན་བུ་དང་རྩམ་པ་ཁུག་མ་གང་གྲ་སྒྲིག་བྱས་རྗེས། ཨ་ཕས་ང་ལ། འགྲོ། ངེད་ཕ་བུ་གཉིས་འདི་ནས་ཐར་ཐབས་ཤིག་བྱེད། ཟེར། ངས་ད་དུང་དོན་རྐྱེན་མི་ལེགས་པ་ཅི་ཞིག་བྱུང་བ་ཡང་ཤེས་མ་བྱུང་བས་དེས་ན་ཨ་མ་་་་ ་་་ ། ཞེས་དྲིས་པ་ན། ཁོང་གི་གདོང་མདོག་གློ་བུར་དུ་འགྱུར་ནས་སྐད་གདངས་འདར་ཀྱིན་ད་མང་པོ་མ་འདྲི། ཨ་ཕས་ཁྱོད་ལ་རྗེས་སུ་བཤད་ཟེར་བ་ དང་མཉམ་དུ་ངའི་ལག་མགོ་ནས་འཐེན་ཏེ་སྒོར་བུད་བྱུང་། ངས་ཁ་ཕྱིར་འཁོར་ནས་རང་ལ་བུ་ལྟར་གཅེས་པའི་དགེ་རྒན་ལ་ཐེངས་ཤིག་བལྟས་པ་ན། ཁོང་གིས་ཕྱག་གཡུག་ཙམ་བྱས་ནས་ང་ལ་སེམས་ཁུར་བྱེད་མི་དགོས། ཨ་ཕའི་ཁ་ལོངས། ཞེས་གསུངས་བྱུང་བས། ང་རང་སེམས་སྐྱོ་བའི་ངང་འགྲོ་ དགོས་སོང་། དེ་ནས་ཨ་ཕ་དང་ངེད་གཉིས་དགོན་པའི་གཡས་ཕྱོགས་ཀྱི་ལུང་ཤུར་ཞིག་གི་ནང་བརྒྱུད་ནས་ཆུ་ཚོད་གཉིས་ཙམ་ལ་སོང་བ་ན། ས་ རུབ་ནས་ཟླ་འོད་མག་མོག་ཅིག་དབེན་འཇགས་ཀྱི་ལུང་སྟོང་དུ་འཕྲོས་ཡོང་། ལུང་ཤུར་འདིའི་ཕུ་ནས་བྱང་ཕྱོགས་སུ་ཡུད་ཙམ་ཕྱིན་པ་ན་མང་རའི་ བྱེ་ཐང་ཞེས་པའི་སྐད་གྲགས་ཅན་གྱི་བྱེ་མའི་འཇིག་རྟེན་དེར་སླེབས་འདུག ད་ནི་བྱང་ཕྱོགས་ཀྱི་མཁའ་དབྱིངས་ན་འོད་འཚེར་རེར་ཡོད་པའི་སྐར་ མ་ཨ་བརྟན་ལ་གདོང་ཕྱོགས་ནས་འགྲོ་རྒྱུ་ལས། མི་ཕྱུགས་ཀྱི་འགྲུལ་ལམ་ཕྲ་བོ་དེ་ཡང་ལས་སླ་པོར་བརླགས་སོང་། ནག་ཡོར་ཡོར་གྱི་བྱེ་མའི་དེའུ་ འབུར་རེ་རེ་ཕྱི་བརྩེགས་ནང་བརྩེགས་སུ་ཡོད་ལ། གྱེན་དུ་འགྲོ་བའི་སྐབས་གོམ་པ་གང་ཡར་སྤོས་ན་གོམ་པ་གཉིས་ཐུར་དུ་འགྲིལ་ཡོང་བས་ངེད་ གཉིས་ཡུད་ཙམ་ལ་སོང་རྗེས་ངའི་ལུས་ཧྲིལ་བོ་རྔུལ་ཆུས་ཁྱབ་སོང་། སྐབས་དེར་ངའི་ཡིད་ལ་རང་དབང་མེད་པར་རང་གི་ཨ་མ་དྲན་བྱུང་བས། ཨ་ ཕ་ལ་ཨུ་ཚུགས་བྱས་ནས་ངོ་མ་དོན་རྐྱེན་ཅི་འདྲ་ཞིག་བྱུང་བ་རེད་ཅེས་ཡང་ཡང་དྲིས་པས། ཁོང་ཡང་ཐབས་ཟད་ནས་གནས་ཚུལ་ཆ་ཚང་ང་ལ་ གསུངས་བྱུང་། ཕྱི་དྲོ་དེར། ཨ་ཕས་ལུག་ཁྱུ་དེད་ནས་དལ་བུར་ཡུལ་ཕྱོགས་སྙེག་སྐབས། མདུན་ཕྱོགས་ཀྱི་རི་ཟུར་ནས་སྐྱ་མི་ཞིག་བྱ་འཕུར་བ་ལྟར་བརྒྱུགས་ཡོང་ ནས་ཁོའ་ི རྩར་སླེབས་པ་ན། དེ་ནི་ཨ་ཕའི་གྲོགས་པོ་འབྲུག་འབུམ་རེད། ཁོས་བྲེལ་འཚབ་ངང་ཇག་པ་ང་ཚོའི་ཚོ་བའི་ནང་ལ་སླེབས་ནས་རྒྱུ་ནོར་ མང་པོ་ཞིག་འཕྲོགས་སོང་། ད་དུང་ཁྱོད་ཀྱི་ཆུང་མ་ཡང་་་་་་་་་་་ ་་་། ཁོའ་ི ཚིག་རྔ་མ་རྫོགས་གོང་ཨ་ཕ་ཧ་ལས་ནས་མཆོངས་ཐེངས་གཅིག་གིས་རྟ་ ལ་ལྕག་གིས་བྲབས་ཏེ་ཡུལ་དུ་ཐོན་པ་ན། ངེད་ཚང་གི་སྦྲ་ནག་དེའི་ཕྱེད་ཀ་མེས་ཚིགས་ནས་གྲོག་མས་ཟོས་ཚར་བའི་འབུ་ནག་གི་ཤུན་ལྐོགས་དང་ མཚུངས་ཤིང་། གཡས་གཡོན་གྱི་ཁྱིམ་མཚེས་དག་གི་ཕྱོགས་ནས་ཀྱང་མི་ལ་སྡུག་སླེབས་པའི་ཉིན་མོ་མ་གཏོགས་ཐོས་རྒྱུ་དཀོན་པའི་ངུ་སྐད་སྙིང་ ལ་འཛེར་བ་མང་པོ་གྲག་ཡོང་། ཁོས་དེ་དག་མཐོང་མ་ཐག་བཟོད་ཐབས་མེད་པའི་ཁོང་ཁྲོ་ཞིག་སྐྱེས་ནས་ང་ཚོའི་ཚོ་བ་དང་བར་ཐག་ལེ་དབར་ལྔ་ ཙམ་ཡོད་པའི་མ་ཇག་གི་དམག་སྒར་དུ་བརྒྱུགས། ཡ་ང་བའི་འཐབ་འཛིང་ཞིག་གི་མཇུག་འབྲས་སུ་མ་ཇག་གི་དམག་མི་སྐོར་ཞིག་ལྔ་པའི་ལམ་དུ་ བརྫངས་མོད། མང་སྣེ་ཉུང་གིས་མ་བརྟན་པར་མཐར་ཨ་ཕ་ཡང་བྲོལ་བྱོལ་དུ་འགྲོ་དགོས་པ་བྱུང་འདུག་ལ། མ་ཇག་གི་དམག་མི་ཚོས་ཨ་ཕ་གར་ འགྲོའ་ི རྗེས་བསྙེགས་ནས་ཡུད་ཙམ་གྱི་སར་སླེབས། ངས་སྐད་ཆ་དེ་དག་ཐོས་རྗེས་རང་གི་བྱམས་ལྡན་གྱི་ཨ་མའི་ཤི་གསོན་ལ་སེམས་སྡུག་སྐྱེས་ནས་ སྨྱོ་ལ་ཁད་དུ་གྱུར། ཡིན་ན་ཡང་ཨ་ཕའི་སེམས་གསོ་ཕྱིར་སྐྱོ་གདུང་གི་བང་རིམ་མར་འཇགས་ཐབས་བྱས་པ་ཡིན། མཚམས་རེར་མུན་ཁྲོད་ནས་ བཀྲེས་ལྟོགས་ཀྱིས་གཟིར་བའི་འཕར་སྤྱང་གི་ངུ་སྐད་སྐྱི་གཡའ་བ་རེ་ཡང་རྣ་ལམ་དུ་འཛུལ་ཡོང་བས། ང་རང་ཨ་ཕའི་ལག་མགོར་འཇུས་ནས་རང་ 9


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

གི་ཤེས་ཚོད་ཀྱིས་དཀོན་མཆོག་ལ་གསོལ་བ་བཏབ་པ་ཡིན། བྱེ་ཐང་འདི་ནས་ཉི་མ་ཁ་དཀར་ངོ་དཀར་ལ་སྤྱང་ཀིས་མི་ཟོས་ཚུལ་དང་། ཇག་པས་ འགྲུལ་བ་བཅོམ་པའི་ལོ་རྒྱུས་རྟག་ཏུ་ཐོས་རྒྱུ་ཡོད་པས། ཨ་ཕས་ལག་གི་མེ་མདའ་བརྒྱབ་ཆོག་ཆོག་ཏུ་བཟུང་སྟེ་ང་ལ། ཨ་ཕའི་ལག་ཏུ་མེ་མདའ་ ཡོད་པས་ཁྱོད་རང་མ་སྐྲགས། ཞེས་བཤད་ན་ཡང་། གལ་སྲིད་སྤྱང་ཚོགས་ཤིག་དང་འཕྲད་པ་ཡིན་ན་མེ་མདའ་གཅིག་གིས་མི་གཉིས་ཀྱི་སྲོག་མགོ་ ཁེབས་རྒྱུ་དེ་མི་དཀའ་འམ། དེ་ལྟར་འཇིགས་སྐྲག་གི་མཚན་མོ་དེ་ཕར་བསྐྱལ་བ་ན། ཤར་ཕྱོགས་ནས་དྲོད་མེད་པའི་ཉི་འོད་སེར་པོ་ཞིག་ཐལ་མདོག་ གི་བྱེ་ཐང་འདིར་འཕྲོས་ཤིང་། ངེད་གཉིས་ཀྱིས་ཤ་སྐམ་ཅུང་ཟད་རེ་ཟོས་རྗེས་མུ་མཐུད་དུ་ལམ་ལ་ཆས་པ་ཡིན། ཉིན་གུང་དུ་སླེབས་པ་ན། ཉི་མའི་ ཚ་དྲོད་གློ་བུར་དུ་ཇེ་ཆེར་གྱུར་ནས་བྱེ་སྒང་གི་ལྡོག་འཕྲོས་ཚ་རླབས་ཀྱིས་མིག་ཀྱང་འབྱེད་མི་ཐུབ་པར་གྱུར། སྐབས་འདིར་ཤ་སྐམ་གྱི་ནུས་པ་ ཐོན་ཏེ་ངའི་ཁ་སྐོམ་ནས་བཟོད་མི་ཐུབ་པ་གྱུར་པས། ཨ་ཕ་ཉེ་འགྲམ་གྱི་བྱེ་མའི་གཤོང་བུ་ཡོད་ཚད་ཀྱི་འགྲམ་དུ་སོང་སྟེ་ཆུ་ཞིག་ཨེ་རྙེད་ཀྱི་རེ་བ་བྱས་ ཀྱང་། དབེན་འཇགས་ཀྱི་བྱེ་ཐང་འདི་ན་ངོ་མ་ཆུ་ཞིག་གི་རྗེས་ཤུལ་ཙམ་ཡང་མི་འདུག། ཨ་ཕ་ཐབས་ཟད་ནས་ཞྭ་མོ་ཕུད་དེ་ངའི་གདོང་ལ་གཡོབ་ བྱས་ནས་རླུང་བསིལ་མོ་ཞིག་ལྡང་པར་རེ་སྒུག་བྱས་ཀྱང་། ཉིན་གུང་གི་ཚ་གདུང་གིས་མཁའ་དབུགས་ཀྱང་ཧ་ཙང་ཚ་དྲོད་དང་ལྡན་པར་བྱས་ནས་ དེ་ཡང་ཕན་ཐོགས་མེད་པར་གྱུར། སྐབས་དེར་གློ་བུར་དུ་རྒྱང་རིང་ནས་གཡེར་དྲིལ་གྱི་སྒྲ་དབྱངས་ཤིག་ཤི་སོས་ཀྱི་རོལ་དབྱངས་ཤིག་དང་འདྲ་བར་ལྷང་ལྷང་དུ་གྲགས་འོངས་ཤིང་། ཡུད་ཙམ་གྱི་རྗེས་སུ་རྔ་མོང་ལ་ཞོན་པའི་མི་སྐོར་ཞིག་ཐལ་མདོག་གི་བྱེ་སྒང་བརྒྱུད་ནས་ངེད་གཉིས་ཀྱི་ཕྱོགས་སུ་སླེབས་སོང་། ཁོ་ཚོའི་ལྭ་བ་ནི་ སྔོན་ཆད་མཐོང་མ་མྱོང་པའི་བཟོ་དབྱིབས་སྣ་ཚོགས་འདུག་ཅིང་། རྔ་མོང་རེ་རེའི་རྒྱབ་ཏུ་ཧ་ལམ་ཚོང་རྫས་ལོས་ཡིན་བསམས་པའི་དོ་པོ་ལྗིད་མདོག་ ཆེ་བ་རེ་བཀལ་འདུག་ཅིང་། མི་འགའ་རེ་དགོ་རྭའི་རྭ་ཅོ་སྤྲས་པའི་མེ་མདའ་ཁུར་ནས་ངེད་གཉིས་ལ་ལྟ་བཞིན་ཧ་མི་གོ་བའི་སྐད་ཆ་ཞིག་བཤད་ བྱུང་། ཨ་ཕས་ཁོ་ཚོར་མཐེ་བོང་བསྟན་ནས་ཆུ་ཞེས་ལན་འགའ་བརྗོད་པ་ན། ཁོ་ཚོའི་ནང་ནས་མི་རྒན་སྨ་ར་ཡོངས་རྫོགས་སེ་བོར་གྱུར་འདུག་པ་ ཞིག་གིས་ཟངས་དམར་གྱིས་བཟོས་པའི་ཁོག་ལྡིར་ཆེན་པོ་ཞིག་གི་ནང་ནས་ཆུ་ཕོར་བ་གང་བླངས་ནས་ཨ་ཕའི་ལག་ཏུ་བཞག་བྱུང་བས། ངས་ཆུ་དེ་ དབུགས་ཐེངས་གཅིག་གིས་བཏུངས་པ་ན་འཆི་མེད་ཀྱི་བདུད་རྩི་ཞིག་མྱངས་པ་དང་འདྲ་བར་དྲན་པ་ཇེ་གསལ་དུ་སོང་བས། ཨ་ཕས་ཧ་ཅང་དགའ་ ནས་ཁོ་ཚོར་བཀའ་དྲིན་ཆེ་ཞེས་བརྗོད་སྐབས། མི་རྒན་དེ་རྔ་མོང་གི་རྒྱབ་ལས་སར་བབས་བྱུང་། མི་རྒན་དེའི་གདོང་ལ་བྱམས་བརྩེའི་མདངས་ ཤིག་ཤར་ནས་བོད་སྐད་ད་མ་དིག་གིས་རྔ་མོང་ལ་ཞོན་ཟེར་བཞིན་ལག་བརྡ་ཞིག་བྱས་བྱུང་བས། ང་རང་སྔོན་ཆད་རྔ་མོང་གི་རྒྱབ་ཏུ་བཞོན་མྱོང་ མེད་སྟབས་དང་པོར་སྐྲག་སྣང་ཞིག་སྐྱེས་བྱུང་མོད། ཨ་ཕས་ཐེ་ཚོམ་ཅི་ཡང་མི་བྱེད་པར་རྔ་མོང་གི་རྒྱབ་ཏུ་ཞོན་རྗེས་ང་ལ་ལག་པ་བསྲིངས་བྱུང་ བས། ངས་ཀྱང་ལམ་སེང་ལག་པ་ཡར་བསྲིངས་ནས་ཨ་ཕའི་ལག་པར་འཇུས་ཏེ་རྔ་མོང་གི་རྒྱབ་ཏུ་ཞོན་པ་ཡིན། ང་ཚོ་ལམ་དུ་ཆས་པ་ན། མི་རྒན་ མགོ་སེ་དེས་ཨ་ཕས་བཏོན་པའི་སྡུག་སྨོས་ལ་ཉན་རྗེས་སྒྲ་མི་དག་པའི་བོད་སྐད་ལ་བརྟེན་ནས་མ་ཇག་ཚང་གི་སྡུག་རྩུབ་ཀྱི་སྐོར་རིང་པོ་ཞིག་བཤད་ རྗེས། ཁོའ་ི རོགས་པ་ཞིག་དང་ལྷན་ཏུ་རྔ་མོང་གི་རྒྱབ་ཏུ་ཞོན་ཡོད་པའི་བུ་མོ་ཆུང་ཆུང་ཞིག་བསྟན་ནས་ཁོ་མོའ་ི ཕ་མ་ཡང་མ་ཇག་གིས་དམར་གསོད་ བཏང་བའི་སྐོར་ལབ་བྱུང་། ང་ཚོ་ལམ་དུ་ཆས་སྐབས་རྒྱང་རིང་ནས་རླུང་འཚུབ་དྲག་པོ་རེ་བྱེ་རྡུལ་དང་མཉམ་དུ་ཡོང་སྐབས། རྔ་མོང་རེ་རེ་བཞིན་ སུག་བཞི་བསྐུམས་ནས་སར་ཉལ་ཏེ་རླུང་འཚུབ་མ་འཇགས་བར་དུ་ཉལ་ནས་ཡར་མི་ལང་བ་དེས་ང་ལ་དགོད་ཁ་ཐེངས་འགར་བསླངས་བྱུང་། ཨ་ ཕ་དང་ངེད་གཉིས་ཁོ་ཚོར་འགྲོགས་ཏེ་ཉིན་ལྔའི་་རིང་འགྲུལ་བཞུད་བྱས་མཐར། མང་རའི་བྱེ་ཐང་དེ་སྐྱ་ཐག་གེར་ང་ཚོའི་རྒྱབ་ཏུ་ལུས་ཤིང་། ང་ཚོ་རྒྱ་ ལྕང་དང་མ་གལ་གྱི་ལྗོན་ཤིང་གི་གསེབ་ཏུ་ཆགས་པའི་གྲོང་ཚོ་ཞིག་ཏུ་འབྱོར་བྱུར་། ང་ཚོ་གྲོང་ཚོ་དེའི་འགྲམ་གྱི་རང་འཐག་ཁང་དེའི་ནང་དུ་ཞག་ འདུག་བྱས་ཤིང་། གྲོང་ཚོ་འདིའི་ཁྱིམ་ཚང་རེ་རེའི་ཁང་པའི་ཡང་ཐོག་ཏུ་ཚོས་གཞི་འདྲ་མིན་གྱི་དར་ལྕོག་སྣ་ཚོགས་རླུང་གིས་གཡོ་ཞིང་། རི་མགོར་ ཟུག་པའི་ལམ་ཕྲན་དེའི་སྟེང་གི་ནག་ཐིག་དེ་ཚོ་ཉེ་སར་སླེབས་པ་ན། ར་ཁྱུ་དང་ལུག་ཁྱུ་དེད་པའི་བྱིས་པ་སྣབས་ལུག་དང་བུད་མེད་རེ་གཉིས་ཀྱིས་ དགོད་སྒྲ་སྒྲོག་བཞིན་ངེད་ཚོར་ཡ་མཚན་པའི་མིག་གིས་ལྟ་ཞིང་། སྨན་ཤར་ཚོའི་རྒྱབ་ཀྱི་སླེ་བོའ་ི ནང་དུ་རི་སྐྱེས་ཤིང་ཏོག་དང་དྲི་ཞིམ་འཐུལ་བའི་ཤ་ མོ་ཆེན་པོས་ཡོངས་སུ་ཁེངས་འདུག། བཞི། དགོང་མོ་དེར། གྲོང་ཚོའི་མཁའ་དབུགས་ཀྱི་ཁྲོད་དུ་རི་སྐྱེས་ཤ་མོ་བརྔོས་པའི་དྲི་ཞིམ་གྱིས་ཁྱབ་ཅིང་། སྒོ་ཁྱི་རེ་གཉིས་ནམ་མཁའི་སྐར་མར་ཟུག་ པའི་སྒྲ་ཡང་རིམ་གྱིས་འཇགས་ནས་ཅུང་མ་འགོར་བར། གྲོང་ཚོ་ཡོངས་རྫོགས་གློ་བུར་དུ་འུར་ཆིལ་ལེར་གྱུར་ནས། མིའི་སྐད་དང་རྟ་ཕོའ་ི འཚེར་སྒྲ་་ སོགས་ཀྱིས་ལྷིང་འཇགས་ཀྱི་མཚན་ལྗོངས་འདི་ཚལ་བུར་གཏོར་སོང་། ངེད་ཚོས་ཅི་ཡིན་ཧ་མ་གོ་བར་གྲོང་ཚོའི་མི་ཚོགས་ཀྱི་ཁྲོད་དུ་ཨུ་ཚུགས་ཆེན་ པོའ་ི ངང་བཙངས་ནས་དོན་རྐྱེན་ཅི་བྱུང་གི་སྐད་ཆ་དྲིས་པ་ན། མུན་ཁྲོད་ནས་མི་ཞིག་གིས་ལྕགས་སྐད་སིང་སིང་གིས་ཅང་མ་འགོར་བའི་སྔོན་ལ་ གསེར་ཆེན་རི་སྒང་ནས་མེ་མདའི་སྐད་ཐེངས་གསུམ་ལ་གྲགས་སོང་། དེ་ནི་ང་ཚོའི་གྲོང་ཚོ་འདིའི་ལྷ་གཡག་ལ་གནོད་འཚེ་གཏོང་མཁན་ཞིག་གི་ བྱ་སྤྱོད་ཡིན་ངེས་ཟེར། སྐབས་དེར་ཡང་མེ་མདའི་སྐད་ཐེངས་འགར་གྲགས་པ་མ་ཟད། མུན་ཁྲོད་ཀྱི་རི་ཁུག་དེ་ནས་རྔོན་པའམ་སུ་ཞིག་གིས་ཀི་སྒྲ་ སྒྲོག་བཞིན་ངོ་མ་མི་དེས་བཤད་པའི་ལྷ་གཡག་དེ་དཀྲོག་བཞིན་པ་འདྲ། མི་རྒན་ལ་ལས་ལྷ་གཡག་ལ་རྫི་བོ་ཞིག་མེད་ན་འདི་འདྲ་རེད་ཟེར་བཞིན་

10


འདོན་ཐེངས་བཞི་པ། ༢༠༡༢

སུ་ཞིག་ལ་ལེ་བདའ་བྱེད། རིམ་གྱིས་མི་དང་ཁྱིའི་འུར་སྒྲ་འཇགས་ཏེ་གྲོང་སྡེ་ཆུང་ངུ་འདི་སླར་ཡང་གཉིད་དུ་ཡུར་སོང་། ཞོགས་པར། སེར་གོར་རེར་འཛུམ་པའི་ཉིན་བྱེད་ཀྱི་འོད་སྣང་གྲོང་གསེབ་ཏུ་འཕོས་ཤིང་། གྲོང་འདབས་ཀྱི་ལམ་ཕྲན་སྟེང་དུ་ཆུ་ལེན་བུ་མོ་འགའ་ རེས་དགོད་སྒྲ་ལྷང་ལྷང་ངང་ཕར་འགྲོ་ཚུར་འགྲོ་བྱེད། ཨ་ཕ་དང་ངེད་གཉིས་ལ་བཀའ་དྲིན་ཆེ་བའི་ཚོང་པ་ཚོ་ལམ་ལ་ཆས་གྲབས་བྱེད་ཅིང་། ཨ་ཁུ་ སྨ་ར་ཅན་དེས་ངའི་གདོང་ལ་བྱིལ་བྱིལ་ཞིག་བྱས་ནས་ཨ་ཕའི་ཁ་ལོངས། ཁྱོད་རང་གྲྭ་པ་རེད། གཞན་ལ་འཁོན་རྩོད་བྱེད་མི་ཉན་ཟེར། ཁོ་ཚོ་རྔ་ མོང་གི་གཡེར་ཁའི་སྒྲ་དབྱངས་ཁྲོད་རྒྱང་རིང་དུ་བཞུད། ཨ་ཕས་ཁོ་ཚོ་མཐོང་ལམ་ནས་ཡལ་རག་བར་དུ་ལག་གཡུག་བྱས། སྡེ་དཔོན་སེམས་བཟང་ ཅན་དེས་ངེད་གཉིས་ཁོ་ཚོའི་གྲོང་པའི་ནང་སྡོད་ཆོག་རྒྱུ་ཁས་བླངས། དྲིན་ལན་པོ་མེད་ན་ཁྲམ་པའི་བྱེད་སྟངས་རང་རེད། ཨ་ཕས་གྲོང་ཚོ་འདིར་ ཕན་ཐོགས་པའི་ལས་གང་ཞིག་ཡོད་མེད་དྲིས། སྡེ་དཔོན་གྱིས་ཡུད་ཙམ་ལ་འདང་བརྒྱབ་རྗེས་ཁྱོད་ཕ་བུ་གཉིས་ཀྱིས་གྲོང་ཚོའི་ལྷ་གཡག་གི་རྫི་བོ་ བྱེད་ཐུབ་བམ་ཞེས་དྲིས་སོང་། ཨ་ཕས་ཐེ་ཚོམ་ཅི་ཡང་མེད་པར། ལོས་ཐུབ། ང་ལ་མེ་མདའ་ཞིག་ཀྱང་ཡོད་པས་གཅན་གཟན་གྱི་གནོད་འཚེ་ལ་ཡང་ སྐྲག་དགོས་དོན་མེད་ཟེར། དེ་ནས་ཉིན་ཤས་ཀྱི་རྗེས་སུ་ངེད་གཉིས་གྲོང་ཚོ་འདི་དང་རྒྱང་རིང་དུ་ཡོད་པའི་གསེར་ཆེན་རི་འདབས་ཀྱི་ཁང་ཆུང་ཀ་བཞི་མ་དེའི་ནང་དུ་སྤོར་ནས་ ལྷ་གཡག་གི་རྫི་བོ་བྱེད་རྒྱུ་བྱས། ཕྱི་ཉིན་ནས་གྲོང་ཚོའི་མི་རྣམས་ཀྱིས་རྒྱལ་པོ་སྲོང་བཙན་སྒམ་པོའ་ི བློན་ཆེན་མགར་སྟོང་བཙན་གྱི་སྤྲུལ་བ་ཡིན་ཟེར་ བའི་གཞི་བདག་བློན་པོ་གསེར་ཆེན་ལ་ཕུལ་བའི་ལྷ་གཡག་གི་རྫི་བོ་བྱས་པ་ཡིན། དང་པོར་ལྗང་མདོག་གི་རི་སྒང་དང་ལྷུང་ལྷུང་གི་བཞུར་ཆུ། སྟུག་ པོར་སྐྱེས་པའི་ནགས་ཀླུང་སོགས་ཀྱིས་ཁོ་བོར་སྤྲོ་སྣང་གསར་པ་ཞིག་བྱིན་ནའང་། རིམ་གྱིས་ལྷ་གཡག་གི་རྫི་བོ་བྱེད་རྒྱུ་དེ་ལས་སླ་བོ་ཞིག་མིན་པ་ཧ་ གོ་བྱུང་། ཟླ་ཕྱེད་རེའི་ནང་སྡེ་དཔོན་གྱིས་ངེད་གཉིས་ལ་ཟ་མ་སྐྱེལ་མཁན་གྱི་གསར་བུ་རེ་མངགས་འོངས་ཤིང་། གསར་པ་རང་མིན་ནའང་རོ་བཅུད་ ཆེ་བའི་མར་རྩམ་དང་ཤ་ཚིལ་གང་འདོད་དུ་བཟའ་རྒྱུ་ཡོད་པས་འཚོ་བར་དཀའ་ལས་མེད་ན་ཡང་། ལྷ་གཡག་ནི་སྔོ་རྩྭ་སྟུག་པོར་སྐྱེས་ཡོད་པའི་རྫ་ བྲག་གཡང་གསུམ་བསྙེགས་ནས་འགྲོ་བས། ཤིང་སྡོང་གི་ཡལ་ག་དང་བྲག་མདུང་རྩུབ་པོ། ཚེར་མ་སོགས་ཀྱིས་ཨ་ཕ་དང་ངེད་གཉིས་ཀྱི་གདོང་ ལྤགས་དཔྲལ་ནས་ག་ས་གང་ནས་ཁྲག་ཐོན་ཞིང་། ལྭ་བ་རལ་ནས་དར་ལྕོག་གི་དུམ་བུ་དང་གཉིས་སུ་མེད་པར་གྱུར། རྣ་བར་ཨི་ཁུང་ཕུག་པའི་ནང་ དུ་ཚོས་སྣ་ལྔ་ལྡན་གྱི་དར་དཔྱངས་ཤིང་། རྭ་རྩེ་དངུལ་གྱིས་ཤན་པའི་ལྷ་གཡག་ནི་ནམ་རྒྱུན་རྒྱ་ཡན་དུ་བཏང་ནས་ཡུན་རིང་འགོར་ཡོད་པས། ཁོ་ཚོ་ དགའ་བའི་ས་ཆ་ལས་གཞན་པའི་ས་རུ་རྨིག་བཞི་སྒུལ་ཙམ་ཡང་མི་བྱེད་པར། རྡོ་བ་ཆུང་ངུ་རེ་ཐག་ཉེ་སར་འཕངས་ནས་ཕར་འགྲོ་བར་བསྐུལ་ཚེ་ རྨིག་བཞིས་ས་གཞིར་རྡེག་ཅིང་སྣ་ནས་ཧུར་སྒྲ་སྒྲོག་བཞིན་རྔ་མ་གཟེངས་ཏེ་ཚུར་རྒོལ་ཁོ་ན་བྱེད། བྱ་དཀའ་བའི་ལྷ་གཡག་གི་རྫི་བོ་བྱས་ནས་ལོ་ཟླ་

འགའ་འདས་ཤིང་། དེའི་རིང་ལ་ལྷ་གཡག་ཚོ་ཡང་རིམ་གྱིས་གཤིས་ཀ་འགྱུར་ནས་ཇེ་གཡུང་དུ་གྱུར་སྟེ་ལན་རེར་ངེད་གཉིས་འདུག་སའི་ཁང་ཆུང་ གི་སྒོ་འགྲམ་དུ་ཡོང་ནས་ཉིན་ཁ་ཤས་ལ་ཕྱིར་རྫ་མགོར་མི་འགྲོ་བར་ལྕི་བ་ཆེན་པོ་རེ་བཏང་ནས་འདུག 11


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ལྷ་གཡག་གི་གཤིས་ཀ་འགྱུར་བ་དང་ལྷན་དུ་ང་རང་ཡང་ལྷ་གཡག་ལ་དུང་བ་ཁྱད་པར་བ་ཞིག་སྐྱེས་ནས་ཁོ་ཚོ་མ་མཐོང་ན་མི་བདེ་བའི་ཚོར་བ་ ཞིག་སྐྱེ་བའི་ཚད་དུ་སླེབས། ངས་ཁོ་ཚོར་མིང་སྙན་མོ་རེ་ཡང་བཏགས་པ་སྟེ། ཀྭ་ལང་། ཁྲ་མཛེས། རོག་སྨུག རྭ་འཁྱིལ་ཞེས་བོས་ཚེ་ཁོ་ཚོས་ངའི་ ཕྱོགས་སུ་བལྟས་ཏེ་ངུར་རྒྱངས་རེ་བྱས་ནས་བཀོད་འདོམས་ལ་ཧ་ཅང་ཉན། འོན་ཀྱང་སྐབས་དེར་སྐད་ཆ་མི་སྙན་པ་ཞིག་གྲགས་འོངས་པ་ནི་མ་ཇག་ གི་དམག་ལྡོམ་སྐོར་ཞིག་འདི་ཕྱོགས་སུ་ཡོང་གི་ཡོད་པའི་གནས་ཚུལ་ནི་ཉིན་རེ་ལས་ཉིན་རེར་ཛ་དྲག་ཏུ་གྱུར་ཅིང་། ཉིན་ཞིག་གི་དགོང་མོ། གློ་བུར་ དུ་རི་གཤམ་ནས་མེ་མདའི་སྒྲ་སྙིང་ལ་འཛེར་བ་མང་པོ་ཞིག་འཕྲོ་རིམ་འཕྲོར་གྲགས་ཤིང་། དེར་མཐུད་ནས་རྟའི་རྨིག་སྒྲ་དང་པོ་ཞིག་ཀྱང་གྲགས་ ནས་ཐག་ཉེར་སླེབས་སོང་བས། ཨ་ཕ་དང་ངེད་གཉིས་མྱུར་དུ་ཡར་ལངས་ནས་ཤ་སྐམ་དང་མར་རྩམ། ད་དུང་ཇ་སྐོལ་བྱེད་ཀྱི་ཟངས་དེམ་བཅས་ར་ ལྤགས་ཀྱིས་བཟོས་པའི་སྒྱེ་མོ་ཞིག་གི་ནང་དུ་བླུགས་རྗེས་སྒོར་བུད་དེ་ཁ་ནུབ་ཏུ་གཏད་དེ་བྲོས། མུན་ཁྲོད་དུ་ལྷ་གཡག་ཚོ་ནི་ངེད་གཉིས་ཀྱི་ཁང་པའི་ལྷས་འདབས་དེར་ནག་ཡོར་རེར་ཉལ་འདུག་པས། ངས་ཁ་འབྲལ་མི་ཕོད་པའི་ངང་ཕྱིར་འཁོར་ ནས་ལྟ་ཞོར་ཨ་ཕ་དང་མཉམ་དུ་ནུབ་ཕྱོགས་ཀྱི་རི་རྒྱུད་དེ་བརྒལ་གང་ཐུབ་བྱས་པ་ཡིན། ཞག་གང་པོར་སོང་ནས་ཞོགས་པའི་ཉི་གཞོན་གྱི་འོད་སྣང་ ས་གཞིར་འཕྲོ་དུས། ངེད་གཉིས་ལམ་སྣེ་ཞིག་ཏུ་སླེབས་འདུག་ལ། དེ་རུ་མི་སྐོར་ཞིག་གིས་མེ་བུས་ནས་ཇ་སྐོལ་བཞིན་འདུག ཁོ་ཚོའི་དཀྱིལ་ནས་དུ་ བ་སྔོ་ལོང་ངེ་བ་ཞིག་ག་ལེར་དགུང་དུ་འཕྱུར་ཞིང་། མི་འགའ་རེ་སོ་སོའ་ི ཁུར་ཙ་ལ་བསྙེས་ནས་ཇ་འཐུང་བཞིན་མིག་མདའ་ངེད་གཉིས་ཀྱི་ལུས་སྟེང་ དུ་འཕེན། ངེད་གཉིས་ཁོ་ཚོའི་འགྲམ་དུ་སོང་ནས་ཁ་བརྡ་བྱས་པ་ན། ཁོ་ཚོ་ནི་འདི་ནས་ཐག་མི་རིང་པའི་སར་ཡོད་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོར་ སྐོར་བ་བྱེད་དུ་འགྲོ་མཁན་རེད། དེར་ཨ་ཕས་ང་ལ་ངེད་གཉིས་ཀྱང་གནས་སྐབས་མཚོ་སྐོར་ལ་འགྲོ་རྒྱུ་བྱེད། དེ་རྗེས་ག་ལེར་འཚོ་ཐབས་ཤིག་བྱེད། ཟེར་བས། ངས་ཀྱང་འཐད་པའི་བརྡ་ལ་མགོ་བོ་ནང་དུ་ལྡེམ་ཙམ་བྱས་པ་ཡིན། དེ་ནས་ངེད་ཚོ་འགྲོགས་ནས་ཉིན་གསུམ་ལ་ཕྱིན་པ་ན། ཞོགས་པ་ཞིག་ལ་ད་གཟོད་མཚོ་སྔོན་པོའ་ི ཁ་རུ་སླེབས་ཤིང་། མཚོ་མོ་དེ་ནི་ངོ་མ་གནམ་ སྔོན་པོ་ས་རུ་ལྷུང་བ་དང་འདྲ་བར་སྔོ་ཐིང་ངེར་འཁྱིལ་ཞིང་། གཅིག་རྗེས་གཉིས་མཐུད་དུ་ཡོང་བའི་མཚོ་རླབས་ནི་ཐང་གའི་ཞལ་ཁེབས་ཕྱེ་བ་དང་ མཚུངས་པར་ལྟ་ན་སྡུག་པ་ཞིག་རེད། ཆུ་བྱ་མང་པོས་སྐད་སྙན་སྒྲོག་བཞིན་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་ཅིང་། མདོག་དང་དབྱིབས་སྣ་ཚོགས་ ཀྱི་སྒོ་ང་མང་པོ་གྲམ་རྡོ་བཞིན་གང་སར་བརྡལ་འདུག ངེད་ཚོའི་རོགས་པ་ཞིག་གིས་ཉེ་འགྲམ་གྱི་བྲག་རི་དཀར་པོ་ཞིག་བསྟན་ནས་ཕ་གིའི་བྲག་ དེའི་མིང་ལ་འདྲེ་མོ་བྲག་དཀར་ཟེར། མཚོ་མོ་འདི་འཕྱུར་སྐབས་སློབ་དཔོན་རིན་པོ་ཆེས་མཚོ་འདུལ་མཛད་པར་ཡིད་མ་དགའ་བར་བྲག་རི་ཞིག་ གི་རྩེ་མོ་བཅད་ནས་འཕངས་པ་སློབ་དཔོན་ལ་མ་ཕོག་པར་དེ་རུ་ལུས་པ་རེད་ཟེར། ང་ཚོས་མཚོ་སྐོར་བྱས་ནས་ཉིན་བཅུ་ལྷག་འགོར་བའི་རྗེས་ཀྱི་ཉིན་མོ་ཞིག་ལ། བཤད་མཚམས་འདིར་སྐབས་པ་ན། ངོ་མི་ཤེས་པའི་ཨ་ཁུ་འདིས་ དབུགས་རིང་ཞིག་འཐེན་རྗེས་ཡིད་སྐྱོ་བའི་ངང་མུ་མཐུད་དུ། ཨ་ཕ་དང་ངེད་གཉིས་མཚོ་ཁའི་ཕ་བོང་ཞིག་གི་སྒང་ལ་བསྡད་དེ་ངའི་ཨ་མའི་སྐོར་གྱི་ གླེང་མོལ་ཡིད་སྐྱོ་བ་ཞིག་བྱེད་སྐབས། གློ་བུར་དུ་རླུང་དྲག་པོ་ཞིག་གཡུགས་ནས་མཚོ་རླབས་འཇིགས་སུ་རུང་བ་ཞིག་ངེད་གཉིས་ཀྱི་སྟེང་དུ་ལྷུང་ བྱུང་བས། ཨ་ཕས་མྱུར་དུ་བྲོས་ཞེས་བཤད་མ་ཚར་གོང་མཚོ་རླབས་ཞིག་གིས་ཁོང་བཏུམས་ནས་རྒྱང་རིང་དུ་ཁྱེར་སོང་བས། ང་ནི་དངངས་སྐྲག་ ཆེན་པོས་ཨ་ཕ་ཞེས་འབོད་ཞོར་ཁོང་གི་རྗེས་སུ་ཕར་ཙམ་བརྒལ་ཡང་རང་ཉིད་ཀྱང་འཆི་བདག་གི་ལག་རིང་ལྟ་བུའི་མཚོ་རླབས་ཀྱིས་འཁྱེར་གྲབས་ བྱས་བྱུང་བས། ངུ་སྐད་ཀྱིས་གནམ་ས་གཡོ་བཞིན་མི་སྡོད་ཐབས་མེད་དུ་གྱུར། ཅུང་མ་འགོར་བར་རོགས་པ་ཚོ་ཡང་སླེབས་ཤིང་ཁོ་ཚོས་གློ་བུར་ བྱུང་བའི་དོན་རྐྱེན་དེར་སེམས་ཕམ་པའི་རྣམ་འགྱུར་རེ་སྟོན་ཞིན་ང་ལ་སེམས་གསོ་དང་ཁ་ཏ་བྱས་ཤིང་། ལོ་ལོན་རེ་འགས་མིག་ཆུ་ལྷུང་བཞིན་མ་ཎི་ འདོན་པ་ཙམ་ལས་བྱེད་ཐབས་གཞན་ཞིག་མ་རྙེད་པར་ལུས། དེ་ནས་ང་རང་ནི་ཕ་མ་མེད་པའི་དྭ་ཕྲུག་ཏུ་གྱུར་སྟབས། ལོ་ལོན་ཚོས་སེམས་ཀྱིས་མ་བཟོད་པར་རང་གི་ཕ་མ་གཉིས་ཀྱི་དགེ་རྩའི་ཆེད་དུ་མཚོ་སྐོར་ གྱི་མཇུག་སྐྱོང་དགོས་ཟེར་ནས་ཉིན་མང་པོའ་ི རིང་ཁོ་ཚོ་དང་ལྷན་ཏུ་མཚོ་མོ་འདི་ལ་སྐོར་བ་བྱེད་དུ་བཅུག་བྱུང་། མཚོ་སྐོར་གྲུབ་རྗེས་ང་རང་ཁོ་ཚོའི་ རྗེས་སུ་འབྲངས་ནས་སྟོད་ཉི་མ་ལྷ་སར་མཇལ་སྐོར་དུ་སོང་ཞིང་། ལྷ་སར་འགྲོ་སྐབས་ཀྱི་མཚན་མོ་མང་པོ་ཞིག་ལ་ངས་རང་གི་ཨ་མ་དང་ཨ་ཕ། ད་ དུང་ལྷ་གཡག་བཅས་རེས་མོས་ཀྱིས་རྨི་ལམ་དུ་རྨིས་ཤིང་། ཞོགས་པར་གཉིད་ལས་སད་དུས་འཁྱག་སིབ་སིབ་ཀྱི་མིག་ཆུས་ངོ་གདོང་བརླན་འདུག་ པས། ལམ་གྲོགས་ཚོས་ཀྱང་བུ་ཆུང་འདི་སྙིང་རྗེ་ཟེར་ནས་བྱམས་སྐྱོང་ཚད་མེད་བྱས་བྱུང་། ཟླ་བ་བརྒྱད་ཙམ་ལ་སོང་ནས་ལྷ་སར་སླེབས་ཤིང་། རྡོ་བ་ཤ་སྟག་གིས་བརྩིགས་པའི་ལྷ་ས་བའི་སྡོད་ཁང་མང་པོ་ཇོ་ཁང་གི་གཡས་གཡོན་དུ་ཆགས་ འདུག་ལ། ཕྱོགས་གང་ས་ནས་ཡོང་བའི་མཇལ་སྐོར་བ་མང་པོས་ཇོ་ཁང་དང་པོ་ཏ་ལའི་ས་སྟོང་གར་ཡོད་དུ་ཕྱག་འཚལ་ཞོར་ཆ་ལུགས་ཅུང་རྫིག་ པའི་མི་རེ་མཐོང་ཚེ་མཐེ་བོང་ཀེར་ནས་སློང་མོ་བྱེད། ཉི་འོད་དྲོས་ཚེ་སྲང་བར་གྱི་གྲུ་ཟུར་ག་ས་ག་ནས་གཅིན་སྐྱག་གི་དྲི་མ་སྐྱུར་བོ་རེ་སྣ་ལམ་དུ་ འཐུལ་ཡོང་། ཐོག་མར་སྐྱུག་མེར་ལངས་ནས་བཟོད་མི་ཐུབ་པ་ཞིག་འདུག་ཀྱང་། ག་ལེར་གོམས་ཚེ་མིག་ལ་གཟན་པ་ཙམ་ལས་སྣ་ལ་མི་བཟོད་པའི་ ཚོར་བ་ཆེར་མི་སྟེར། 12


འདོན་ཐེངས་བཞི་པ། ༢༠༡༢

དབུ་རྩེ་སྤྲིན་རུམ་དུ་ཟུག་པའི་ཕོ་བྲང་པོ་ཏ་ལ་དང་བསང་དུད་དཀར་པོས་བཏུམས་པའི་ཇོ་བོའ་ི གཙུག་ལག་ཁང་། ཆོས་ཀྱི་སྒྲ་དབྱངས་ལྷང་ལྷང་དུ་ གྲགས་པའི་གདན་ས་ཆེན་པོ་རྣམ་གསུམ་སོགས་རྟེན་རྩ་ཆེན་ཁག་ལ་མཇལ་རྗེས། ལམ་རོགས་ཀྱི་ཁྲོད་ནས་མི་རྒན་ཚོ་ལྷ་ས་ནས་ཕྱིར་ལོག་སོང་ལ། ཕོ་གཞོན་འགས་གྲོས་སྒོར་མོ་རྔ་འདྲ་ཞིག་བྱས་ནས་རྒྱ་གར་འཕགས་པའི་ཡུལ་དུ་གནས་སྐོར་དུ་འགྲོ་རྩིས་བྱེད། སྐབས་དེར་ང་ཡང་གཟུགས་སྟོབས་ རྒྱས་ཤིང་རྣམ་རིག་གསལ་བའི་གསར་རྒོད་ཅིག་ཏུ་འཚར་ཡོད་པས། ཁོ་ཚོ་དང་ལྷན་ཏུ་རྒྱ་གར་ལ་འགྲོ་རྩིས་བྱས། ང་ཚོ་ཐོག་མར་ལྷོ་ཁ་དང་བསམ་ ཡས་སོགས་སུ་ཕྱིན་ནས་མཇལ་སྐོར་བྱས་ཤིང་། བོད་ཟླ་བཞི་པ་ཞིག་གི་ནང་རྒྱ་གར་གྱི་ཕྱོགས་སུ་ཕྱིན་པ་ཡིན། གནམ་གཤིས་ག་ལེར་ཇེ་དྲོ་རུ་སོང་ བ་དང་བསྟུན་ནས་ང་ཚོའི་ལུས་ཀྱི་མདོག་ཀྱང་ཇེ་དཀར་དུ་ཕྱིན་ཅིང་། རྒྱ་གར་གྱི་ཕྱོགས་སུ་བསྲིངས་པའི་ལམ་ཐག་ཇེ་ཉེ་རུ་སོང་བ་དང་མཉམ་དུ་ རྒྱབ་ཀྱི་རྩམ་ཁུག་གི་ལྗིད་ཚད་ཀྱང་ཡང་ནས་ཡང་དུ་སོང་། གསེར་མདོག་གི་ལོ་འདབ་གར་སར་འཕུར་བའི་དུས་ཚིགས་ཤིག་ལ། ང་ཚོ་རྒྱ་གར་གྱི་ཀ་ལོན་སྦུག་ཟེར་བའི་གྲོང་བརྡལ་དུ་སླེབས་སོང་། དེ་རུ་ གོས་དཀར་པོ་གྱོན་པའི་རྒྱ་གར་བ་ཧ་ཅང་མང་པོས་ཚིག་གཅིག་ཀྱང་མི་གོ་བའི་སྐད་ཆ་བཤད་བཞིན་ཚོང་རྫས་ཕར་འཚོང་ཚུར་ཉོའ་ི བྱ་བས་བྲེལ་ ཞིང་། མོ་ཊོར་ཟེར་བའི་ལྩགས་སྒམ་གྲུ་བཞི་འོག་ཏུ་འཁོར་ལོ་ཡོད་པ་ཞིག་གི་ནང་དུ་མི་མང་པོ་བསྡད་དེ་མིག་རྡེབ་ཙམ་གྱི་ཡུན་ལ་ཐག་རིང་དུ་འགྲོ་ བ་སོགས་སྔོན་ཆད་རྣ་བས་ཐོས་པ་ཙམ་ལས་མིག་གིས་མཐོང་མྱོང་མེད་པའི་ལྟད་མོ་ཡ་མཚན་ཆན་སྣ་ཚོགས་ཀྱིས་ཁེངས་ཤིང་། བོད་ཀྱི་ཚོང་བ་ ཡང་རེ་གཉིས་འདུག་པ་ཚོས་ང་ཚོར་སྣེ་ལེན་བློ་ཡུལ་དུ་མ་ཤར་བ་ལྟ་བུ་བྱས་ནས་བོད་ནང་གི་སྐད་ཆ་སྣ་ཚོགས་ཆུ་བོའ་ི རྒྱུན་དང་འདྲ་བར་ཟམ་མི་ ཆད་པར་དྲིས་བྱུང་། ང་ཚོས་ཀྱང་སོ་སོའ་ི ཕ་ཡུལ་གྱི་གུས་ལུགས་རེ་བྱེད་བཞིན་རང་རང་གིས་ཤེས་ཚོད་ཀྱི་སྐད་ཆ་དྲང་བཤད་བྱས་པས། ཁོ་ཚོ་ཧ་ ཅང་དགའ་ནས་ངའི་རོགས་པ་ཞིག་མི་ཚང་ཞིག་གི་མག་པར་སྡོད་དགོས་ཟེར་ནས་ཨུ་ཚུགས་བྱས་ཤིང་། རོགས་པ་གཞན་ཞིག་ཚོང་བ་ཆེན་པོ་ཞིག་ གི་རོགས་པ་བྱེད་དགོས་ཟེར་ནས་ཉིན་གསུམ་འགོར་རྗེས་མོ་ཊོར་ཞིག་གི་ནང་དུ་བཞག་ནས་ཁྲིད་སོང་། ང་ནི་ཕ་ཡུལ་གཅིག་པ་ཡིན་ཟེར་བའི་ མི་དར་མ་གདོང་ཤ་ཅུང་ཟད་སྐམ་ཞིང་ལྭ་རིང་དམར་ནག་གྱོན་པ་ཞིག་གིས་ཁོའ་ི ནང་དུ་ཁྲིད་སོང་། ཁོའ་ི ནང་དུ་སླེབས་པ་ན་ཅ་ལག་ཡོད་ཚད་ཧ་ ཅང་སྟབས་བདེ་ཡིན་ལ། ཉལ་ཁྲི་དང་ཅོག་ཙེའི་སྟེང་དུ་བོད་ཡིག་དང་དེ་མིན་མགོ་མི་ཚོས་པའི་ཡིག་འབྲུ་མང་པོས་ཁེངས་པའི་དེབ་སྣ་ཚོགས་ཀྱིས་ ཁེངས་ནས་མཛུབ་མོ་འཛུག་ས་ཡང་མེད་པའི་ཚོད་དུ་སྣང་། ཁོས་ཐོག་མར་ངའི་ལོ་ཚོད་དང་སློབ་སྦྱོང་གང་ཞིག་བྱས་མིན་གྱི་སྐོར་དྲིས་རྗེས། ངའི་ མིང་ལ་དགེ་འདུན་ཆོས་འཕེལ་ཟེར་ལ་ཕ་ཡུལ་རེབ་གོང་ནས་ཡིན། དང་པོར་བླ་བྲང་གི་གྲྭ་པ་ཡིན་ཞིང་རྗེས་མར་ལྷ་སར་སླེབས་ནས་འབྲས་སྤུངས་ སུ་བསྡད་དེ་དཔེ་ཆར་བལྟས་པ་ཡིན། ལོ་འགའི་རྗེས་རྒྱ་གར་གྱི་མཁས་པ་ཞིག་གིས་སྦྱིན་བདག་བྱས་ནས་རྒྱ་གར་དུ་འགྲོ་བའི་རོགས་པ་བྱས་ བྱུང་། རྒྱ་གར་དུ་སླེབས་ནས་རྒྱ་གར་གྱི་ཡུལ་སྐད་ཕྲན་བུ་ཞིག་བསླབས་རྗེས་རི་མོ་སྣ་ཚོགས་བྲིས་ནས་དངུལ་ཕྲན་བུ་ཞིག་བསགས་ནས་སློབ་ཡོན་ དུ་བཏང་སྟེ་སིང་ག་ལའི་ཡུལ་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་སོང་ནས་ལེགས་སྦྱར་གྱི་ཡི་གེ་སྦྱངས་པ་ཡིན། དེ་རུ་ལོ་གསུམ་ཙམ་ལ་བསྡད་ནས་ལེགས་ སྦྱར་གྱི་ཡི་གེའི་ཐོག་ནས་རྩོམ་ཡིག་འབྲི་བར་ངལ་བ་མེད་པར་གྱུར་པས། སློབ་གྲྭའི་དགེ་རྒན་དང་སློབ་མ་ཚོས་བོད་མི་ཟེར་བ་འདི་རིག་པ་ཧ་ལས་ པའི་ཡག་པོ་འདུག་ཟེར་ནས་བསྟོད་པ་ཐེངས་མང་བཏང་བྱུང་། སྐབས་དེར་བྲིས་པའི་རྩོམ་ཡིག་སྐོར་ཞིག་ངོ་ཤེས་ཤིག་གིས་ཁྱེར་ནས་བོད་དུ་ཕྱིན་ སོང་། འགའ་རེ་འདི་གའི་གསར་འགྱུར་མེ་ལོང་ཞེས་པའི་ཚགས་ཤོག་གི་ངོས་བཀོད་ཡོད། ཁྱོད་ཀྱིས་ཀྱང་སློབ་སྦྱོང་བྱས་ནས་ང་ཚོ་ཨ་མདོ་བའི་བུ་ རྒོད་ཀྱི་ཁྱད་ཆོས་རེ་སྟོན་དགོས། ཧ་ཧ་ཧ། ཞེས་ཚིག་སྣེ་དགོད་སྒྲས་བསྡུས་རྗེས། སྒོའ་ི ཕྱི་རུ་སོང་ནས་ཡུད་ཙམ་འགོར་རྗེས་ཤིང་གིས་བཟོས་པའི་ ཉལ་ཁྲི་ཞིག་བཀྱགས་ཡོང་ནས་ཁང་པའི་གྲུ་ཟུར་ཞིག་ཏུ་བཞག་རྗེས་ཁོང་གིས་བེད་སྤྱོད་བཏང་མེད་པའི་རས་སྔོ་ཁྲ་ལྷེབ་ཙམ་ཞིག་བླངས་ཏེ་དེའི་ སྟེང་དུ་བཏིངས་ནས། སང་ཉིན་ནས་བཟུང་ཁྱོད་རང་ཁང་པ་འདིའི་ནང་གི་མགྲོན་པོ་མིན། ང་དང་མཉམ་དུ་སློབ་སྦྱོང་བྱེད་དགོས་ཟེར་བས། ང་ ནི་སེམས་འགུལ་ཐེབས་ནས་མིག་གི་ནང་དུ་མཆི་ཞགས་འཁོར་ནས་སྐུ་ཞབས། བཀའ་དྲིན་ཆེ་ཞེས་པ་ཙམ་ལས་གཞན་གྱི་སྐད་ཆ་ཅི་ཡང་ངག་ནས་ མ་ཐོན། ཁོང་གི་ཉལ་ཁྲིའི་འགྲམ་དུ་མདོག་ནག་པོ་ཅན་གྱི་ལྩགས་སྒམ་ཞིག་བཞག་ཡོད་པའི་ལྕགས་ལུང་ནང་དུ་ལྷ་ས་ནས་བཟོས་པའི་བོད་ཟྭ་ཞིག་ བརྒྱབ་འདུག་ལ། ལྕགས་སྙུག་ཟད་པོ་མང་པོ་ཞིག་སྨྱུག་མས་བཟོས་པའི་སྣོད་སྙིང་རྗེ་བོ་ཞིག་གི་ནང་དུ་བླུགས་ནས་རྩི་ཡལ་བའི་ཅོག་ཙེ་དམའ་མོ་ དེའི་སྟེང་དུ་བཞག་འདུག ཁང་པའི་སྒོ་འགྲམ་དུ་ཟངས་དམར་གྱིས་བཟོས་པའི་ཐབ་ཀ་དབྱིབས་ལེགས་པ་ཞིག་འདུག་པའི་ནང་དུ་ས་སྣུམ་ཟེར་བའི་ དྲི་མ་མི་ཞིམ་པའི་ཆུ་ལྟ་བུ་ཞིག་བླུགས་ནས་ཇ་སོགས་བསྐོལ་བ་འདྲ། དེ་ནས་བཟུང་ང་ལ་གཉེན་ཉེ་ཟེར་ན་འདྲ་གྲོགས་པོ་ཟེར་ན་འདྲ་ཁོང་ལས་མེད་པར་ཁོང་གི་རྩ་ནས་སྔོན་ཆད་སྦྱངས་པའི་བོད་ཡིག་གི་ཤེས་ཚད་སྐྱོ་ བོའ་ི སྟེང་དུ་མུ་མཐུད་སུམ་ཅུ་པ་དང་རྟགས་འཇུག་ཟེར་བ་དང་། ད་དུང་སྙན་ངག་ཟེར་བའི་མགོ་ན་བར་བྱེད་པའི་ཚིག་ཕྲེང་སྒྲིག་སྲོལ་ཞིག་ཀྱང་ བསླབས་བྱུང་། ཐོག་མར་ཧ་ཅང་དཀའ་ངལ་བྱུང་ནས་སེམས་ཤུགས་ཉམས་མོད། ཁོང་གིས་སྐྱོ་ངལ་མེད་པར་ཁོང་གི་སློབ་སྦྱོང་གི་ཞོར་དུ་ང་ལ་ལན་ རེར་ཨ་མདོའ་ི བུ་རྒོད་འདི་ཚོ་གཞན་དང་མི་འདྲ་བ་ཞིག་འདུག་ཅེས་གཟེངས་བསྟོད་དང་ལན་རེར་ཆུང་དུས་སློབ་སྦྱོང་མ་བྱས་པར་རྒས་དུས་བོང་ བུ་བཞིན་དུ་གཞན་གྱི་བྲན་གཡོག་བྱེད་དགོས་ཚེ་ཁྱོད་ཀྱིས་བཟོད་ཐུབ་བམ་ཞེས་སྙན་མོ་མིན་ལ་རྩུབ་མོ་ཡང་མིན་པའི་སྐུལ་ལྕག་བྱས་ནས་ལོ་ངོ་ འགའ་འགོར་བའི་རིང་། ངས་ཀྱང་སྡུག་རུས་བྱས་ནས་སློབ་སྦྱོང་ལ་འབད་པས་བོད་ཡིག་གི་སྟེང་ནས་རྩོམ་ཡིག་འབྲི་བར་ཡང་དཀའ་ངལ་ཆེར་མེད་ པ་མ་ཟད། ལེགས་སྦྱར་གྱི་ཡི་གེ་དང་དབྱིན་ཡིག་ཟེར་བའི་ཡི་གེ་སྟབས་བདེ་བོ་ཞིག་ཀྱང་འཕྲིན་ཡིག་ཙམ་འབྲི་བར་གཞན་ལ་རེ་མི་དགོས་པའི་ 13


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ཚོད་དུ་སླེབས་པས། ཁོང་གིས་ང་ལ་གངས་ཅན་པའི་བུ་རྒོད་འདི་ཚོ་གཞན་དང་མི་འདྲ་ཞེས་ངས་སྔོན་ཆད་ཕྱི་རྒྱལ་གྱི་མཁས་པ་མང་པོར་བཤད་ མྱོང་བ་ནོར་མི་འདུག་ཅེས་ཐུགས་དགྱེས་པའི་བསྔགས་བརྗོད་ཀྱང་ལན་མང་བྱས་མྱོང་། སྐབས་དེར་ཁོང་གི་རྩ་རུ་རྟག་པར་ཡོང་བའི་མགྲོན་པོ་གལ་ཆེན་ཞིག་ཡོད་པ་ནི་མཚན་ལ་བྷ་བུ་མཐར་ཕྱིན་ལགས་ཟེར་བའི་མཁས་པ་ཞིག་ཡིན་ ལ། ཁོང་བོད་མི་མིན་ནའང་བོད་སྐད་ཆུ་བཞུར་བ་ལྟ་བུ་བཤད་ཐུབ་ལ། ཁོང་གིས་རྩོམ་སྒྲིག་བྱས་པའི་བོད་ཡིག་ཚགས་ཤོག་གསར་འགྱུར་མེ་ལོང་ ཞེས་པ་དེ་འཛམ་གླིང་སྟེང་གི་བོད་ཡིག་གི་གསར་འགྱུར་དང་པོ་དེ་རེད་འདུག་ལ། གསར་འགྱུར་དེ་པར་ཐེངས་རེ་རེར་འཛམ་གླིང་གི་བོད་ཀྱི་རིག་ གནས་ལ་དོ་སྣང་ཅན་གྱི་མཁས་པ་མང་པོའ་ི ལག་ཏུ་གཏོང་གི་ཡོད་ཅེས་དགེ་ཆོས་དང་བྷ་བུ་མཐར་ཕྱིན་ལགས་གཉིས་ཀྱིས་ང་ལ་གསུངས་བྱུང་། ངའི་དགེ་རྒན་དགེ་ཆོས་ལགས་ཀྱིས་རྟག་ཏུ་སྙན་ངག་གྱེར་འདོན་གནང་བཞིན་མཚམས་རེར་བཞད་མོ་བཞད་ཅིང་། ལན་རེར། གཞོན་དུས་དགོས་ པའི་ཆུང་མ་ངས་མ་བླངས། རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས།། སྤྲང་པོའ་ི མི་ཚེ་ལྕགས་སྨྱུག་ལྷན་ཅིག་ཏུ།། ཟད་པའི་ངང་ཚུལ་བསམས་ ན་ཡིད་རེ་སྐྱོ།། ཞེས་པའི་སྙན་ངག་སྐྱོར་བཞིན་སྤྱན་ཆབ་ཀྱི་ཕྲེང་བས་ཞལ་རས་བརླན་ནས་ཡུན་རིང་ལ་གསུང་ཡང་འབྱོན་རྒྱུ་མེད་པར་ལུས་འགྲོ་བ་ ཐེངས་མང་མཐོང་། ཁོང་གིས་རང་ཉིད་ཀྱིས་རྒྱལ་ཁམས་འགྲིམ་སྐབས་ཀྱི་ཚོར་སྣང་སྣ་ཚོགས་ལ་གཞི་བྱས་ནས་རྩོམ་དེབ་མཐུག་པོ་ཞིག་བྲིས་འདུག་པའི་མཚན་བྱང་འབྲི་ སྐབས་བོད་ནང་གི་མཁས་པ་ཚོས་འཕྱ་སྨོད་མི་བྱེད་པ་ཞིག་དགོས་གསུངས་ནས། འདི་འདྲ་ཞིག་བཏགས་ན་ཨེ་འགྲིག་གམ། དེ་འདྲ་ཞིག་བཏགས་ ན་ཨེ་ལེགས་སམ་ཞེས་ཡང་དང་ཡང་དུ་ཐུགས་གཞིགས་གནང་བ་སོགས། ཁོང་གི་བརྩམས་ཆོས་གང་ཞིག་ཡིན་ནའང་འདིའི་དོན་རེ་བོད་ཕྲུག་རྣམ་ དཔྱོད་ཅན་ཚོས་གོ་རྒྱུ་ན་གངས་ཅན་པ་འདི་གཞན་གྱི་བྲན་གཡོག་ཏུ་མི་འགྱུར་བའི་ཞལ་བཞེས་རྒྱན་དྲུག་མཆོག་གཉིས་ཀྱིས་ཀྱང་གནང་ཐུབ་ཅེས་ གསུངས་ནས་ཐུགས་རེ་ཆེན་པོ་གནང་བཞིན་འདུག དེ་ལྟ་བུའི་དུས་བཟང་རྙེད་པར་དཀའ་བ་དེ་ཡུན་རིང་མ་སོང་བར་རྫོགས་པའི་དུས་ལ་སླེབས། ཉིན་ཞིག་དགེ་ཆོས་ལགས་ཕྱི་ལོགས་སུ་ཕེབས་ ནས་ཡུན་རིང་ཞིག་འགོར་ཏེ་ཚུར་ཕེབས་མ་ཐག་དེ་རིང་ང་ལ་ཡི་གེ་ཞིག་འབྱོར་བྱུང་། དེའི་ནང་ང་རང་མྱུར་དུ་བོད་ལ་ལོག་ནས་ལྷ་སའི་སྐུ་དྲག་གི་ ཕྲུ་གུ་མང་པོ་ཞིག་ལ་ལེགས་སྦྱར་དང་དབྱིན་ཡིག་འཁྲིད་དགོས་ཞེས་བྲིས་འདུག་ཅེས་གསུངས་བྱུང་བས། ང་ནི་རེ་ཞིག་དགུན་གྱི་ཁུ་བྱུག་དང་འདྲ་ བར་སྨྲ་བ་གཞན་ཅི་ཡང་མེད་པར་བསྡད་མཐར། དགེ་ཆོས་ལགས། འོ་ན་ང་ཡང་བོད་དུ་སོང་ན། ཞེས་དྲིས་པ་ན། ཁོང་གིས་བཞད་མོ་ཞིག་བཞད་ ནས། ཁྱོད་རང་བོད་དུ་ལོག་རྩིས་རེ་ཞིག་མ་བྱེད། ངས་ཕྱི་རྒྱལ་གྱི་མཁས་པ་ངོ་ཞེས་པ་ཞིག་ལ་བཤད་ནས་ཁྱེད་རང་ཕྱི་རྒྱལ་གྱི་སློབ་གྲྭ་ཞིག་ཏུ་མངག་ རྒྱུའི་ཁས་ལེན་བྱས་བྱུང་། དེར་སོང་ནས་རང་གི་ནུས་ཚོད་ཀྱིས་ཕྱི་རྒྱལ་བ་ཚོར་བོད་ཡིག་ཡག་པོ་ཞིག་སློབས། རྗེས་མར་རང་གི་མི་རིགས་འདི་དཀའ་ས་སྡུག་ས་ཞིག་ཏུ་ལྷུང་ དུས་སྐྲ་སེར་མིག་ལྗང་འདི་ཚོར་རེ་བ་རྒྱག་རྒྱུ་ཡང་ང་ཚོའི་སྟེང་དུ་སླེབ་ཡོང་། ཞེས་གསུངས་བྱུང་བས། ང་ནི་ཕྱི་རྒྱལ་གྱི་སློབ་གྲྭ་འགྲིམས་ནས་ཤེས་ ཡོན་སྦྱོང་རྒྱུ་དེར་དགའ་སྤྲོ་སྐྱེས་པ་དང་མཉམ་དུ་རང་གི་བཀའ་དྲིན་གཞལ་ཐབས་མེད་པའི་སློབ་དཔོན་འདི་དང་མི་རིང་བར་ཁ་འབྲལ་དགོས་པའི་ ཚུལ་ལ་བསམས་ནས་རང་དབང་མེད་པར་མིག་ནང་དུ་མཆི་མ་འཁོར་བྱུང་། ཁོང་གིས་ཚུལ་དེ་མཐོང་ནས་ངའི་ཕྲག་སྟེང་དུ་ཕྱག་གིས་བྱིལ་བྱིལ་ ཞིག་བྱས་ནས། གངས་ཅན་པའི་བུ་རྒོད་ཅིག་ཡིན་ན་མ་འོངས་པའི་ཆེད་དུ་དཀའ་ངལ་ལ་གདོང་ལེན་ཐུབ་པ་ཞིག་དགོས། ཡ་ཆུ་ཚོད་མང་པོ་མི་ འདུག། ངེད་དགེ་སློབ་གཉིས་ཁྲོམ་དུ་སོང་ནས་ཟ་མ་ཞིག་བཟའ་ཞེས་གསུངས་བྱུང་བས། ངས་ཁོང་གི་རྗེས་སུ་འབྲངས་ནས་ཀ་ལོན་སྦུག་བོད་ཀྱི་ ཟ་ཁང་ཟེར་བའི་ཟ་ཁང་སྟབས་བདེ་ཞིག་གི་ནང་དུ་སོང་བ་ན། དེ་རུ་བྷ་བུ་མཐར་ཕྱིན་ལགས་སོགས་དགེ་ཆོས་ལགས་ཀྱི་གྲོགས་པོ་འགས་བསྒུགས་ འདུག། ངེད་ཚོས་བོད་ཟས་སྣེ་འཛོམས་ཤིག་ལོངས་སུ་སྤྱོད་བཞིན་དགེ་ཆོས་ལགས་བོད་ནང་དུ་ཕེབས་རྗེས་གནས་ཚུལ་ག་འདྲ་ཞིག་དང་འཕྲད་ མིན་ཀྱི་སྐོར་ཁོ་ན་གླེང་བ་ཡིན། ཁོང་གིས་བོད་ཕྲུག་ཚོར་དབྱིན་ཡིག་སོགས་རིག་གནས་ཀྱིས་ཕན་ཐོགས་ཤིག་བྱུང་ན་གནས་ཚུལ་གང་འདྲ་ཞིག་ དང་འཕྲད་ཀྱང་སྐྱོན་མེད་ཅེས་གསུངས་ཤིང་། ད་དུང་ཉམ་ཆུང་གི་ཁྲོད་དུ་མི་ཚེ་བསྐྱལ་བའི་ཁོ་བོར་ཟ་འོག་སྟེང་གི་མི་ཆེན་ངོ་ཤེས་འགའ་ཡང་ཡོད་ པས། ཁོ་ཚོས་ཀྱང་རོགས་པ་རེ་ལོས་བྱེད་ཅེས་གསུངས་བྱུང་། ཕྱི་ཉིན་དེའི་ཞོགས་པར། དགེ་ཆོས་ལགས་ཧ་ཅང་སྟབས་བདེ་བའི་ཁོང་གི་འཚོ་བ་ དང་འདྲ་བར་ཁུ་སིམ་ངང་ལྕགས་སྒམ་ནག་པོ་དེ་དྲེལ་ཞིག་ལ་བཀལ་རྗེས་ཆར་གདུགས་ནག་པོ་ཞིག་ནམ་རྒྱུན་ཕྱི་རུ་ཕེབས་སྐབས་སྣོམ་པ་དེ་ཕྱག་ ཏུ་བསྣམས་ནས་གངས་ལྗོངས་ཀྱི་ཕྱོགས་སུ་འཐེན་པའི་རྐང་ལམ་ཕྲ་མོ་དེ་བརྒྱུད་ནས་ཕེབས་ཁར་ང་ལ། སང་ཉིན་ཕྱི་རྒྱལ་བ་དེ་ཁྱོད་ཀྱི་སར་ཡོང་ ངེས་ཡིན། ཕྱི་རྒྱལ་དུ་སླེབས་ནས་ཡི་གེ་རེ་བྷ་བུ་མཐར་ཕྱིན་ལགས་ལ་སྐུར་དང་ཁོང་གིས་ང་ལ་འཕྲོད་ཐུབ། གངས་ཅན་པའི་བུ་རྒོད་ཅིག་ཡིན་ན་ མ་འོངས་པའི་དོན་དུ་དཀལ་ངལ་ལ་གདོང་ལེན་ཐུབ་དགོས། ཕེབས་སོང་། ཁོང་གིས་གངས་ཅན་པའི་བུ་ཕྲུག་ཚོའི་རྨོངས་མུན་བསལ་ཕྱིར་རང་ ཉིད་བློས་བཏང་ནས་ཕེབས་སོང་། ཕེབས་སོང་། ཁོང་ཉིད་གངས་ཅན་པའི་མ་འོངས་པའི་མདུན་ལྗོངས་ཀྱི་ཚོན་རིས་ལ་སྐྱ་ཐིག་འཐེན་པའི་ཆེད་དུ་ ཕེབས་སོང་། ངོ་མ་ཕྱི་ཉིན་ཕྱི་གླིང་བ་སྐྲ་སེར་མིག་ལྗང་ཞིག་གིས་བོད་སྐད་རྒྱག་བཞིན་ངའི་སྡོད་སར་སླེབས་བྱུང་། ངས་དགེ་ཆོས་ཀྱི་ཕྱག་བྲིས་དེ་ ཁོ་ལ་བསྟན་པ་ན། ཁོས་ཐེངས་ཤིག་བལྟས་རྗེས་ཨོ་ཁེ་ཟེར་བཞིན་ངའི་ཅ་ལག་གི་ཁྲོད་ནས་བེད་སྤྱོད་ཡོད་པ་འགའ་བསྟན་ནས་ལམ་ཆས་གྲ་སྒྲིག་ བྱོས་ཤིག་ཟེར། 14


འདོན་ཐེངས་བཞི་པ། ༢༠༡༢

ཤུ་་་་་་་་ཁོང་གིས་དབུགས་རིང་ཞིག་འཐེན་རྗེས་གདོང་གི་མིག་ཤེལ་ཡར་འདེད་ཙམ་བྱས་ཏེ། དེ་ནས་ཉིན་འགའི་རྗེས་སུ་ཕྱི་གླིང་བ་དེ་དང་འགྲོགས་ནས་ཨ་མེ་རི་ཀ་ཟེར་བའི་རྒྱལ་ཁབ་ཅིག་ཏུ་སོང་ནས་དབྱིན་ཡིག་སློབ་ཞོར་དུ་ཕྱི་གླིང་བའི་ཕྲུ་ གུ་དང་མི་དར་མ་མང་པོ་ཞིག་ལ་བོད་ཡིག་ཁྲིད་པ་ཡིན། ཁོ་ཚོས་དང་པོར་ངའི་གདོང་མདོག་དང་ཁ་སྣའི་དབྱིབས་ལ་བལྟས་ནས་སྔོན་ཆད་མཐོང་ མ་མྱོང་བའི་ལྟད་མོ་ཞིག་ལ་རོལ་བ་དང་འདྲ་བར་ངའི་མཐའ་བསྐོར་ནས་ཡ་མཚན་པའི་མིག་སེར་པོ་དང་ལྗང་ཁུ་དེ་ཚོ་བགྲད་དེ་ཡ་མཚན་པའི་རྣམ་ འགྱུར་མང་པོ་ཞིག་བསྟན་ནས་སྡོད་མི་བཟོད་པ་ཙམ་བྱས་མོད། རིམ་གྱིས་འདྲིས་ནས་ང་ནི་བྱམས་བརྩེ་དང་ཡིད་ཆེས་ཀྱི་ཁུག་མ་ལྟ་བུ་ཞིག་ཏུ་ངོས་ འཛིན་བྱས་ནས་གུས་བཀུར་བྱེད་མཁན་ཡང་མང་པོ་ཞིག་བྱུང་། ཕྱི་རྒྱལ་ནས་བྷ་བུ་མཐར་ཕྱིན་ལགས་བརྒྱུད་དེ་དགེ་ཆོས་ལགས་ལ་ཡི་གེ་ཐེངས་འགའ་ཕུལ་བས། ཁོང་གིས་ཀྱང་སློབ་སྦྱོང་ལ་འབད་པ་བྱེད་དགོས་ པའི་སྐོར་གྱི་ཕྱག་བྲིས་འགའ་བྷ་བུ་ལགས་བརྒྱུད་ནས་གནང་བྱུང་། སྐབས་རེར་ཁོང་གི་ཕྱག་བྲིས་ཀྱི་ནང་དུ་ལྷ་སའི་སྐུ་དྲག་ཚོ་འདོད་ཡོན་ལ་ཆགས་ ནས་རང་གི་བུ་ཕྲུག་ཚོར་སློབ་སྦྱོང་གི་གོ་སྐབས་མི་སྤྲོད་པའི་སྐོར་དང་། བོད་ཕྲུག་ཚོར་ཕན་ཐོགས་ཆེན་པོ་ཞིག་འབྱུང་དཀའ་མོད། རང་གི་ཤ་ཁྲག་ རུས་གསུམ་འཐིམ་ས་བོད་ཡུལ་དུ་བྱེད་རྒྱུ་ཡིན་ཚུལ་སོགས་ཐེ་ཚོམ་ཅན་གྱི་གསུང་དུམ་བུ་རེ་ཡང་འདུག ལོ་ཟླ་ནི་ཆུ་ཡི་གཉེར་མ་དང་འདྲ་བར་གཅིག་རྗེས་གཅིག་གིས་དེད། ང་རང་ཨ་མེ་རི་ཀར་ཕྱིན་ནས་ལོ་བཞི་འགོར་གྲབས་ཡོད་པའི་ཉིན་མོ་ཞིག བྷ་བུ་མཐར་ཕྱིན་ལགས་ཀྱིས་ང་ལ་ཡི་གེ་ཞིག་བཏང་འདུག་པའི་ནང་དུ་ཆེས་མི་སྙན་པའི་གནས་ཚུལ་ཞིག་བྲིས་འདུག་པ་སྟེ། དགེ་ཆོས་ལགས་ལྷ་ སའི་བཙོན་ཁང་དུ་བཅུག་ནས་ཡུན་རིང་འགོར་རྗེས་ཕྱི་རུ་ཕེབས་འདུག་ཀྱང་། བཙོན་ཁང་ནང་གི་གྲིབ་དང་ཐུགས་ཕམ་བྱུང་བས་རྐྱེན་བྱས་ནས་ ཐུགས་དྲན་མི་གསལ་བར་གྱུར་ཅིང་། གྲུབ་ཆེན་གྱི་མཛད་སྤྱོད་དང་འདྲ་བ་བསྟན་ནས་ཟླ་བ་འགའ་འདས་རྗེས་སྙུང་གཞི་དྲག་པོ་ཞིག་བཞེས་ཏེ་ཞིང་ གཞན་དུ་དགོངས་པ་གཏད་འདུག ང་རང་ངུ་བསམས་ཀྱང་མིག་ཆུ་མི་འདུག་ལ། སེམས་ཁོང་གི་སྡུག་བསྔལ་ནི་ནམ་ཡང་བསྲུབ་ཐབས་བྲལ་བའི་ རྨ་ཁ་ཆེན་པོ་ཞིག་ཏུ་གྱུར། ཡིན་ན་ཡང་དགེ་ཆོས་ལགས་ཀྱི་ཞལ་གསུང་སྙིང་ལ་བཟུང་ནས་རང་གི་ཤེས་ཡོན་གྱི་ཆུ་ཚད་ཡར་རྒྱས་སུ་བཏང་བས། ལོ་ འགའི་རྗེས་སུ་རང་གིས་དབྱིན་ཡིག་གིས་བྲིས་པའི་ཆེད་རྩོམ་གངས་ལྗོངས་ཀྱི་བླ་སྲོག་ཅེས་པར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཞིག་གི་སྟེང་དུ་ བྱ་དགའ་ཐོབ་བྱུང་ལ། རྒྱལ་ཁབ་མང་པོ་ནས་གདན་ཞུའི་ཡི་གེ་འབྱོར་ཏེ་བོད་རིག་པའི་མཁས་ཚོགས་འགའི་འགོ་འཛིན་ཡང་བྱེད་དགོས་ བྱུང་། དུས་ཀྱི་ཕྲེང་བ་རིམ་གྱིས་འདས་ཀྱང་རང་གི་ཕ་ཡུལ་དང་གཉེན་ཉེ་ནི་ནམ་ཡང་བརྗེད་ཐབས་མེད་པར་སེམས་ཀྱི་དཀྱིལ་ནས་དྲན་གདུང་གི་ མེ་ལྕེ་འབར་བས། ད་ལོ་རང་གི་ཕ་ཡུལ་ལ་ལྟ་སྐོར་ཐེངས་ཤིག་བྱེད་དུ་ཡོང་བའི་ཞོར་ལ། རང་གི་ཕ་དྲིན་ཆེན་དེ་འཇིག་རྟེན་ཕྱི་མར་ཕེབས་དུས་ཀྱི་ ལོ་ཟླར་ཕྱིར་དྲན་ཞིག་བྱེད་པའི་ཆེད་དུ་འདི་རུ་འོངས་ནས་ཞག་འགའ་བསྡད་པ་ཡིན། ཁོང་གིས་ཡིད་སྐྱོ་བའི་སྒྲུང་འདི་བཤད་ནས་མཇུག་རྫོགས་ཡོད་མེད་ད་དུང་མི་ཤེས་ཀྱང་། མུན་པ་ནག་པོ་ཞིག་གིས་ས་གཞི་གཡོགས་ཏེ་ ཤར་ཕྱོགས་ཀྱི་མཁའ་མཐའ་ནས་རྒྱུ་སྐར་འགའ་འོད་འཚེར་རེར་མངོན་བྱུང་བས། ངས་འཁྲེང་བའི་ཕྱི་མིག་ལྟ་ཞོར་ཨ་ཁུ་འདི་དང་ཁ་གྱེས་ནས་ཨ་ཕ་ ཡོད་སར་ཐོན་པ་ན། ཁོང་གིས་ཐུག་པ་ཞིག་བསྐོལ་ཟིན་ནས་ང་ལ་བསྒུགས་འདུག།

ཧྱེ་ཏི་སྤྱི་མཐུན་རྒྱལ་ཁབ་ངོ་སྤྲོད།

ི ་བྷེན་(Caribbean)༼རྒྱ་མཚོ་ངགས་ཀྱི་༽རྒྱལ་ཁབ་ཡ ི ། ཧྱེ་ཏི་སྤྱི་མཐུན་རྒྱལ་ཁབ་ན ི་ཁཱ་རབ ོ ན ླི ༼ལྷོ་བྱང་གི་ཨ་མ ི་ར ི་ཀའི་གླ ི ང་ ཆེན་གཉིས་ཀྱི་བར་གྱི་རྒྱ་མཚོ་ངགས་སུ་མཚོ་ག ོ ང་གི་ཚུལ་དུ་ཡོད༽ ཧྱེ་ཏིའ ི་ ི ས་བརྒྱ་ཆ་༩༥ནག་པོ་ཡ ིན་པ་དང་ ི་ཊར་༢༧་༧༥༡ཙམ་ཡོད་ཅ ི ཁར་ཡུག་གྱི་རྒྱ་ཁྱ ོ ན་ལ་ཀི་ལོ་མ ོ ང་མ ི་རག མ ི་འབར་གྲངས་ས་ཡ་བཅུ་ལྷག་༡༠,༠༣༣,༠༠༠ཡོད་འདུག ོ ི ་སེ་(port au prince)བརྗོད་ཀྱི་ཡོད། ི་རན ཧྱེ་ཏིའ ི་རྒྱལ་སའི་མ ི ང་ ལ་པརཊ་་ཨུ་་་པ ོ ཧྱེ་ཏི་སྐད་ཡ ིག་ན ི་ཧྱེ་ཤན་ཀརེ་ཨལ་haitian ོ Creoli༼ཧྱེ་ཏི་རང་སྐད་༽དང་ཧྥ་རན་ས ིའི་སྐད་བེད་སྤྱོད་བྱེད་ ཀྱི་ཡོད། ཧྱེ་ཏི་ལོ་རྒྱུས་ན ི་ལ་ཏིན་ཨ་མ ི་ར ི་ཀའི་(Latin America)ནང་རང་བཙན་ཐབ་པའི ོ ་རྒྱལ་ཁབ་དང་པོ་དང་ ི ས་ནག་པས་སྣེ་འཁ ྲ ིད་པའི་རྒྱལ་ཁབ་ཀུན་གྱི་ནང་ནས་རང་དབང་གི་དཔན་པ ། མ ི་རག ོ ོ འི ོ ་གོ་གནས་སྤྲོད་ ི་འག་ནས་རང་བཙན་རགས་ཡོད་པ་རེད། མཁན་དང་པོ་ཡ ིན་ཞ ིང་། སྤྱི་ལོ་༡༨༠༤ལར་ཕ་རན་ས ོ ོ སྤྱི་ ི ་སེ་ལ་ས་ཡམ་ཤུགས་ཚད་༧་༠རྒྱབ་པས་ ི་རན ལོ་༢༠༡༠ཟླ་བ་༡ཚེས་༡༢ཉིན་ཧྱེ་ཏི་རྒྱལ་ས་པརཊ་་ཨུ་་་པ ོ ོ མ ི་གྲངས་སྟོང་ཕྲག་བཅུ་ལྷག་པ་ཤི་བ་དང་རྒྱལ་ཁབ་ལ་ཕམ་ཉེས་ཆེན་པོ་བཏང་ཡོད་པ་མ་ཟད་ཐ་ན་རྒྱལ་ པའི ོ ་ཕོ་བྲང་ཚུན་ཞིག་ཡོད། 15


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

སྐྱབས་འགྲོའི་རྣམ་གཞག་།

ར་ས་བསྟན་ཕུན་དཔལ།

༡༽ སྐྱབས་འགྲོའ་ི ངོ་བོ་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ ཆེས་ནས་བློས་ལིང་འགེལ་བྱས་པའོ།། དེ་ཡང་རྒྱུད་ལ་སྐྱབས་འགྲོ་རྣམ་དག་ཞིག་འོང་མིན་ནི་སྐྱབས་འགྲོའ་ི རྒྱུ་རྣམ་དག་ཡོད་མིན་ལ་རག་ལུས་པས་ དེ་ལ།

༢༽ སྐྱབས་འགྲོའ་ི རྒྱུ་ནི། རང་སྤྱིར་འཁོར་བ་དང་བྱེ་བྲག་ངན་སོང་གི་སྡུག་བསྔལ་ལ་སྐྲག་པའི་འཇིགས་པ་དང༌། རང་གིས་བློས་འགེལ་ན་དེ་ལས་ སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་པའོ། །ཐེག་ཆེན་ཐུན་མོང་མིན་པའི་སྐྱབས་འགྲོ་ལ་དེ་དག་གི་སྟེང་གཞན་ སྡུག་བསྔལ་བ་ལ་སྙིང་བརྩེ་བའི་སྙིང་རྗེ་དང་གསུམ་རྒྱུར་དགོས་པའོ།། གལ་ཏེ་འཇིགས་པ་དང་དད་པ་སྙིང་རྗེ་གསུམ་གྱིས་རྒྱུ་བྱས་པ་ལས་སྐྱབས་སུ་འགྲོ་ན། ཡུལ་གང་ལ་སྐྱབས་སུ་འགྲོ་བར་འོས་པ་དང་མི་འོས་པ་གང་ ཡིན་ཞེ་ན། ༣༽ སྐྱབས་སུ་འོས་པའི་ཡུལ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི།། ཐར་པ་འདོད་པ་རྣམས་ཀྱི་སྐྱབས།།

ཞེས་གསུངས་པ་ལྟར་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སངས་རྒྱས་དང༌། སྒྲིབ་པ་ཅི་རིགས་སྤངས་པའི་འཕགས་རྒྱུད་ཀྱི་བྲལ་བ་ འགོག་བདེན་དང་དེའི་རྒྱུ་ལམ་བདེན་ཏེ་ཆོས་དང༌། དེ་གཉིས་གང་རུང་རྒྱུད་ལ་མངའ་བའི་འཕགས་པའི་གང་ཟག་གི་དགེ་འདུན་ཏེ་དཀོན་མཆོག་ གསུམ་འབའ་ཞིག་གོ། གཞན་བརྒྱ་བྱིན་དང་ཚངས་པ་དབང་ཕྱུག་སོགས་དང༌། དེ་བཞིན་འཇིག་རྟེན་པའི་ཆོས་སྐྱོང་བ་རྒྱལ་བཙན་སོགས་སྐྱབས་སུ་འོས་པ་མིན། དེང་སང་མི་སྐྱ་མང་པོས་གདན་ས་ཁག་གི་འདུ་ཁང་དུ་ཡོད་པའི་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་འདྲ་དེ་ཚོར་ཆོས་མཇལ་ཞུ་བ་དང་གསོལ་བ་ འདེབས་པར་མ་ཕྱིན་པར། ཉིན་ལྟར་མགོན་པོ་ཁང་དུ་འཇིག་རྟེན་པའི་སྲུང་མ་ཚོར་ཕྱག་འཚལ་ཞིང་མཇལ་དར་ཕུལ་ནས་སྐྱབས་གནས་འཇིག་ རྟེན་པའི་རྒྱལ་བཙན་ཚོར་བཅོལ་བ་འདྲ་བྱས་པ་དེ་ལས་ཐབས་སྡུག་པ་མེད་དེ། རྒྱལ་བཙན་སོགས་ནི་རང་ཉིད་ཀྱང་ངན་སོང་གི་སྡུག་བསྔལ་སོགས་ ལ་འཇིགས་པ་ཡིན་པས་སྐྱབས་སུ་མི་འོས་ཤིང༌། དེ་དག་ལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མེད་པ་དང༌། ཕལ་ཆེར་ཡི་དྭགས་དང་དུད་འགྲོའ་ི རིགས་སུ་གཏོགས་པ་ཡིན་པས་རང་རེ་མི་ལས་རྟེན་དམའ་བ་ཡིན་ལ། དེ་དག་ནི་འཕྲལ་གྱི་དོན་ཆུང་ངུ་ལའང་ཕན་ལས་གནོད་ཚབས་ཆེ་བས་མི་ བསླུ་བ་མིན་ནོ།། སངས་རྒྱས་ནི་རང་འཇིགས་པ་མཐའ་དག་ལས་གྲོལ་བ་དང༌། གཞན་འཇིགས་པ་ལས་གྲོལ་མཁས་པ་དང༌། སེམས་ཅན་ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་ རིང་མེད་པར་འཇུག་པ་དང༌། རང་ལ་ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་སྟེ་རྒྱུ་མཚན་བཞིས་སྐྱབས་སུ་འོས་པ་ཡིན། འོ་ན་སྐྱབས་སུ་འགྲོ་བའི་ཡུལ་འདི་ལྟ་བུ་ལ་རྒྱུ་དེ་ལྟ་བུ་ལས་སྐྱབས་སུ་འགྲོ་དགོས་ན། སྐྱབས་སུ་འགྲོ་བའི་ཚུལ་ཇི་ལྟ་བུ་སྙམ་ན། ༤༽ སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་བཟུང་བ་ནི།

༡ སངས་རྒྱས་དཀོན་མཆོག་ནི། རང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་མཐར་ཐུག་སྟེ། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་ བདག་ཅག་གི་སྟོན་པ་ལྟ་བུ་ཡིན།

༢ ཆོས་དཀོན་མཆོག་ནི། འགོག་བདེན་དང་ལམ་བདེན་གང་རུང་གིས་བསྡུས་པའི་འཕགས་པའི་རྒྱུད་ཀྱི་ཡོན་ཏན་ཏེ། དེ་ཡང་འཕགས་པའི་གང་ ཟག་གི་རྒྱུད་ཀྱི་ཉོན་མོངས་སོགས་སྤང་བྱ་སྤངས་པའི་བྲལ་བའམ་ཡོན་ཏན་ཏེ་འགོག་བདེན་དང༌། ཉོན་མོངས་སོགས་སྤང་བྱ་དེ་དག་སྤོང་བྱེད་སྟོང་ ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལྟ་བུའི་མཁྱེན་པའི་ཡོན་ཏན་དེ་ལམ་བདེན་ཡིན། གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་སངས་རྒྱས་ཀྱི་

16


གསུང་རྣམས་བརྡར་བཏགས་པའི་ཆོས་དཀོན་མཆོག་ཡིན་ཀྱང་ཆོས་དཀོན་མཆོག་དངོས་མ་ཡིན།

འདོན་ཐེངས་བཞི་པ། ༢༠༡༢

༣ དགེ་འདུན་དཀོན་མཆོག་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པའི་གང་ཟག་སྟེ། མདོར་ན་འཕགས་པའི་གང་ ཟག་ཉིད་དགེ་འདུན་དཀོན་མཆོག་ཡིན། དེ་ཡང་ལམ་ལ་སློབ་པའི་ཚེ་དང་པོར་ཚོགས་ལམ་དང༌། དེ་ནས་སྦྱོར་ལམ་གྱི་རྟོགས་པ་སྐྱེས་ཤིང༌། དེ་ནས་ མཐོང་ལམ་གྱི་རྟོགས་པ་ནམ་སྐྱེ་བ་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་འཕགས་པའི་གང་ཟག་ཏུ་འགྱུར་བ་ཡིན།

སོ་སྐྱེ་སྟེ་འཕགས་པ་མིན་པའི་དགེ་སློང་གི་སྡོམ་ལྡན་བཞི་ཚང་བའི་སྡེ་ལྟ་བུ་བརྡར་བཏགས་པའི་དགེ་འདུན་དཀོན་མཆོག་ཡིན་ཀྱང་དགེ་འདུན་ དཀོན་མཆོག་དངོས་མ་ཡིན། འོན་ཀྱང་བརྡར་བཏགས་པའི་ཆོས་དང་དགེ་འདུན་ལ་ཆོས་དང་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་དགོས་ པ་བསླབ་བྱའི་ཐད་དུ་བཤད་པར་བྱའོ།། ༥༽ སྐྱབས་སུ་སོང་བའི་ཚུལ་ནི། ཡོན་ཏན་ཤེས་པའི་སྒོ་ནས་སྐྱབས་སུ་སོང་བ་དང༌། ཁྱད་པར་ཤེས་པའི་སྒོ་ནས་སྐྱབས་སུ་སོང་བ་དང༌། ཁས་བླངས་ པའི་སྒོ་ནས་སྐྱབས་སུ་སོང་བ་དང༌། གཞན་དུ་མི་སྨྲ་བའི་སྒོ་ནས་སྐྱབས་སུ་སོང་བ་སྟེ་བཞི་ཡོད་པ་ལས། འདིར་དང་པོའ་ི ཚུལ་མདོ་ཙམ་བརྗོད་ན། ཡོན་ཏན་ཤེས་པའི་སྒོ་ནས་སྐྱབས་སུ་སོང་བ་ནི། དེ་ཡང་།

སངས་རྒྱས་ཀྱི་ཡོན་ཏན་ལ་མཚན་དཔེ་བརྒྱ་དང་བཅུ་གཉིས་ཀྱིས་སྤྲས་པ་ལྟ་བུ་སྐུའི་ཡོན་ཏན་དང༌། གསུང་དབྱངས་ཡན་ལག་དྲུག་ཅུ་དང༌། ཁམས་ གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱིས་དུས་གཅིག་ཏུ་དྲི་བ་དུ་ཞུས་ཀྱང་གསུང་གཅིག་གིས་སེམས་ཅན་སོ་སོའ་ི དྲི་བའི་ལན་བཀྱོན་པ་ལྟ་བུ་གསུང་ གི་ཡོན་ཏན་དང༌། ཐུགས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གཟིགས་པ་དང་འགྲོ་བ་རྣམས་ ལས་ཉོན་གྱིས་བཅིངས་པ་བཞིན་དུ་སངས་རྒྱས་ཀྱི་ཐུགས་སྙིང་རྗེ་ཆེན་པོས་བཅིངས་པ་ལྟ་བུ་ཐུགས་ཀྱི་ཡོན་ཏན་དང༌། སངས་རྒྱས་ཀྱི་སྐུ་གསུང་ ཐུགས་ཀྱི་འཕྲིན་ལས་ནི་རྩྭ་རྩེའི་ཟིལ་པ་ནང་ཚུན་གྱི་ཟླ་བའི་གཟུགས་བརྙན་ལྟར་འབད་པ་མེད་པར་ལྷུན་གྱིས་གྲུབ་པ་དང༌། རྒྱུན་ཆད་པའམ་འཛད་ པ་མེད་པར་གནས་པ་ནི་འཕྲིན་ལས་ཀྱི་ཡོན་ཏན་དང༌། ཆོས་ཀྱི་ཡོན་ཏན་གོང་སྨོས་ཀྱི་ཡོན་ཏན་དང་ལྡན་པའི་སངས་རྒྱས་དེ་ཡང་ཆོས་སྐྱོན་སྤངས་པ་འགོག་བདེན་དང་ཡོན་ཏན་སྒྲུབ་པ་ལམ་བདེན་མངོན་ དུ་བྱས་པ་ལས་བྱུང་བ་དང༌། དགེ་འདུན་གྱི་ཡོན་ཏན་གོང་སྨོས་ཀྱི་ཆོས་དེ་ཉིད་ཚུལ་བཞིན་དུ་སྒྲུབ་པ་དང༌། ངག་གིས་ཆོས་སྨྲ་བ་དང༌། ལུས་ཀྱིས་ཆོས་སྤྱོད་པ་དང༌། ཡིད་ཀྱིས་ ཆོས་ཀྱི་དོན་སེམས་པ་སོགས་དང༌། ཡང་བྱང་ཆུབ་ཀྱི་ཕྱོགས་མཐུན་ཐོབ་པ་དང་བདེན་པ་མཐོང་བ་དང་ངན་འགྲོར་སྐྱེ་བའི་ས་བོན་ཟད་པ་སོགས་ ཡོན་ཏན་མཐའ་ཡས་པ་ཡོད་པ་དག་དྲན་པར་བྱས་ནས་སྐྱབས་སུ་འགྲོ་བའོ།། དེ་ལྟ་བུའི་སྐྱབས་འགྲོ་བྱེད་པ་ལ་དགོས་པ་ཨེ་ཡོད་སྙམ་དུ་དོགས་ན། དེ་ལྟར་སྐྱབས་འགྲོ་བྱས་པས་སྐྱབས་འགྲོའ་ི ཕན་ཡོན་ཐོབ་པའི་དགོས་པ་དང་ ལྡན་ཏེ།

༦༽ སྐྱབས་འགྲོའ་ི ཕན་ཡོན་ནི། ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ་དང༌། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང༌། ལས་ཀྱི་སྒྲིབ་པ་སྲབ་པར་ འགྱུར་བ་དང༌། ཚོགས་རྒྱ་ཆེན་པོ་བསོག་པ་དང༌། བར་ཆད་ཀྱིས་མི་ཚུགས་པ་དང༌། བསམ་པའི་དོན་གྲུབ་པ་དང༌། གནས་སྐབས་ངན་འགྲོར་མི་ལྟུང་ ཞིང་མཐར་སངས་རྒྱས་ཐོབ་པ་རྣམས་ཡིན་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ།། དེ་ནི་སྡོམ་བརྒྱད་རྩ་བ་ཡིན།། ཞེས་དང༌། གང་དག་སངས་རྒྱས་སྐྱབས་སོང་བ།། དེ་དག་ངན་འགྲོར་འགྲོ་མི་འགྱུར།། ཞེས་དང༌། ཕར་ཕྱིན་བསྡུས་པ་ལས་ཀྱང༌། སྐྱབས་སོང་བསོད་ནམས་གཟུགས་ཡིན་ན།། སྟོང་གསུམ་དེ་ཡང་སྣོད་དུ་ཆུང༌།། ཞེས་སོགས་གསུངས་པས་སོ།། ༧༽ སྐྱབས་འགྲོའ་ི བསླབ་བྱ་ནི། འདི་ལ་གཉིས་ཡོད་པ་ལས།

17


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

༡ སྐྱབས་གསུམ་སོ་སོའ་ི བསླབ་བྱ་ལ་དཀོན་མཆོག་གསུམ་སོ་སོ་ལ་སྐྱབས་སུ་འགྲོ་བས་བསླབ་བྱ་གསུམ་ལས།

སངས་རྒྱས་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་འཇིག་རྟེན་པའི་ལྷ་དབང་ཕྱུག་དང་ཚངས་པ་དང་རྒྱལ་བཙན་ཀླུ་ལ་སོགས་པར་སྐྱབས་སུ་ འགྲོ་བར་མི་བྱེད་པ་དང༌། སྒྲུབ་ཕྱོགས་ནས་སངས་རྒྱས་ཀྱི་སྐུ་གཟུགས་འདམ་བག་དང་ཤིང་དང་རྡོ་སོགས་གང་ཞིག་ལས་བྱས་པ་དང༌། བཟོ་ལྟ་ངན་ པ་ལྟ་བུ་དང་ཆག་ཧྲུལ་དུ་གྱུར་པ་ལྟ་བུ་ཅི་འདྲ་ཞིག་ཡིན་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་སམ་ཆ་འཇོག་བྱེད་དགོས་པ་ཡིན།

ཆོས་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་སེམས་ཅན་ལ་གནོད་འཚེ་མི་བྱེད་པ་སྟེ། སྲོག་ལྡན་གང་ཞིག་ལ་སྲོག་གཅོད་པ་དང་བརྡུང་བརྡེག་ བྱེད་པ་ལྟ་ཞོག ཐ་ན་བོང་བུར་འཁེལ་ལྕི་མོ་འགེལ་བ་ཚུན་བྱ་མི་རུང་བ་དང༌། སྒྲུབ་ཕྱོགས་ནས་བྱུང་ན་ཆོས་ཀྱི་ཡི་གེ་ན་གཅིག་ཡན་ཆད་དང་མ་བྱུང་ ན་ཆོས་ཚིག་བཞི་ཡན་ཆད་ལའང་ཆོས་དཀོན་མཆོག་དངོས་ལྟར་གུས་པ་བྱ་དགོས་པ་སྟེ། ཆོས་ཚིག་བཞི་ཡན་ཡོད་པ་ས་མཐིལ་དུ་འཇོག་པ་དང་མི་ གཙང་སར་འཇོག་པ་དང༌། ལྷམ་སོགས་དང་ལྷན་དུ་འཇོག་པའམ་འཁུར་བ་དང་ལུས་ཀྱིས་འགོམ་ཡུག་རྒྱག་པ་སོགས་མ་གུས་པ་སྤང་བར་བྱེད་པའོ།།

དགེ་འདུན་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་གྲོགས་མུ་སྟེགས་པ་དང་མི་འགྲོགས་པ་སྟེ། དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་མེད་ ཅིང་སྐུར་འདེབས་བྱེད་པ་དེ་དག་དང་འགྲོགས་པར་མི་བྱེད་ལ། སྒྲུབ་ཕྱོགས་ནས་དགེ་འདུན་ནམ་རབ་བྱུང་གི་གོས་གྱོན་པའི་རྟགས་ཙམ་འཛིན་པ་ ལའང་མི་གུས་པ་མི་བྱ་ཞིང༌། དགེ་འདུན་པའི་ན་བཟའ་དམར་སེར་ཙམ་ས་ལ་ལྷུང་བ་ལའང་གུས་པར་བྱས་ནས་ས་གཙང་སར་སྐྱེལ་བ་སོགས་བྱེད་ དགོས་པའོ།།

༢ ཐུན་མོང་གི་བསླབ་བྱ་ནི། ༡ དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཡང་ཡང་སྐྱབས་སུ་འགྲོ་བ་དང༌། ༢ བཀའ་དྲིན་དྲན་པའི་སྒོ་ནས་ ཁ་ལག་དང་ཇ་སོགས་ཀྱི་ཕུད་ཀྱིས་མཆོད་པ་འབུལ་བ་དང༌། ༣ གཞན་ལ་དཀོན་མཆོག་གི་ཡོན་ཏན་བརྗོད་པ་སོགས་ཀྱིས་སྐྱབས་འགྲོ་ལ་འགོད་པ་ དང༌། ༤ སྐྱབས་འགྲོའ་ི ཕན་ཡོན་དྲན་པའི་སྒོ་ནས་ཉིན་མཚན་ལན་དྲུག་ཏུ་སྐྱབས་འགྲོ་བྱེད་པ་དང༌། ༥ བྱ་བ་གང་ཞིག་བྱེད་ཀྱང་དཀོན་མཆོག་ལ་ བློ་བཀལ་ནས་བྱེད་པ་དང༌། ༦ ཐ་ན་བཞད་གད་ཙམ་གྱི་ཕྱིར་དུ་ཡང་སྐྱབས་འགྲོ་མི་གཏོང་བ་སྟེ། དེ་ཡང་སྲོག་གི་དོན་དུ་སྐྱབས་འགྲོ་མི་གཏོང་བ་མ་ ཚད། ཕན་ཚུན་གད་མོ་སློང་དུས་ཚིག་ཙམ་གྱིས་ཀྱང་སྐྱབས་འགྲོ་མི་གཏོང་བ་སྟེ། མནའ་སྐྱེལ་བ་ཚུན་དུའང་དཀོན་མཆོག་མི་གཏོང་བར་བྱེད་པའོ།།

བོད་ཀྱི་ཁྱི་ཡི་མིང་འདོགས་ཚུལ། དེང་སང་འཛམ་གླིང་ནང་རིན་གོང་མཐོ་ཤོས་ཀྱི་ཁྱི་ནི་བོད་ཀྱི་ཁྱི་ཆགས་ཡོད་པས། སྔ་མོ་ཁང་པའི་སྒོ་སར་ ཐལ་བའི་ནང་བཏགས་ནས་བཞག་པའི་ཁྱི་དེ་ཚོ་དེང་སང་ཁྱིམ་གྱི་བུག་ཏུ་བཞག་ནས་སྦྱིན་བདག་གིས་ཉིན་ མཚན་མེད་པར་བསྐོར་བ་བྱས་དགོས་པ་འདྲ་པོ་ཆགས་ཡོད། ༼རྒྱ་མི་ཚོས་དང་ཐོག་བོད་ཀྱི་ཁྱི་དེ་ཚོ་གང་ ཐུབ་བསད་ནས་ཟ་ཞིང་། ཡང་ད་ཆ་དངུལ་གང་ཐུབ་སྤྲད་ནས་ཉོ་བ་དེ་འདྲ་ཡ་མཚན་ཨང་། ཁྱི་ཡག་པོ་ཡོད་ ན་རྒྱ་སྒོར་ཁྲི་ཉིས་བརྒྱ་ཡང་སྤྲོད་ཀྱི་ཡོད་པ་འདྲ།༽ཁྱི་ནི་བོད་སྲིད་པ་ཆགས་དུས་ནས་ཡོད་པར་སེམས་ཤིང་ ། བོད་ཀྱི་ལོ་རྒྱུས་དང་དམངས་སྒྲུང་སོགས་སུ་ཁྱིའི་བརྗོད་པ་ཤིན་ཏུ་མང་པོ་ཡོད། སྤྱིར་བཏང་བོད་ཀྱི་ཁྱིའི་ རིགས་ལ། ཤ་ཁྱི། བེའུ་ཁྱི། ཧྭ་པ། རྒྱ་བོ་མིག་བཞི། པ་ས། པུ་ར། འབའ་ཡོ། ཨབ་སོག འདོགས་ཁྱི། ཚང་ཁྱི། རྒྱ་ལི། ལ་བོ་སོགས་ཡོད། ཁྱིའི་མིང་འདོགས་ཚུལ་ལའང་། སྤྱིར་བཏང་ མིའི་མིང་དང་མཐུན་པ་བསམ་འགྲུབ་དང་སྒྲོལ་མ་ཟེར་བ་སོགས་ཡོད་ཀྱང་ དམིགས་བསལ་གྱི་ཁྱིའི་མིང་འདོགས་ཚུལ་ལ། ༡ འབའ་ལུ། ༢ སེང་ཕྲུག ༣ སྦོ་ལོ། ༤ དམར་རིལ། ༥ དང་དཀར། ༦ དོམ་ཕྲུག ༧ དོམ་ནག ༨ བྲང་ དཀར། ༩ འབར་མོ། ༡༠ དཀར་ཕྲུག ༡ རྒྱ་སྟག ༡༢ རྒྱ་རོག ༡༣ རྒྱ་འབྲུག ༡༤ ཨོ་དགའ། ༡༥ རྒྱ་དགེ ༡༦ ཁྲ་དགེ ༡༧ དམར་དགེ ༡༨ གྲུམ་ཕྲུག་སོགས་ཡོད་འདུག 18


འདོན་ཐེངས་བཞི་པ། ༢༠༡༢

སྐྱེས་བུ་དམ་པའི་རྗེས་འཇུག

༼དངོས་བྱུང་མཚར་གཏམ།༽

སྒོམ་སྡེ་ལྷ་རམས་པ།

ཕྱི་ལ ོ་༡༩༩༥-༩༦ ཡས་མས་ཤིག་ལ་ང་དང་ངའི་དགེ་ཕྲུག་ཕྱི་རྒྱལ་བ་ཞིག་བཅས་། དྷ་སར་༸ག ོང་ས་མཆོག་གི་གསུང་ཆོས་ལ་བཅར་ནས་ ། མར་ལམ་ཚ་བ་ཆེ་བའི་སྐབས་ཤིག་མེ་འཁ ོར་ནང་འགྲུལ་བཞུད་བྱེད་སྐབས་། གྲོད་པ་ལྟོགས་། ཁ་སྐོམས་ཀྱང་རེ་ཞིག་གི་བར་དུ་མེ་འཁ ོར་ འབབ་ཚུགས་གཅིག་ཀྱང་མཐ ོང་རྒྱུ་མི་འདུག་། དེ་ནས་དུས་ཡུན་གང་འཚམས་ཤིག་ནས་། བཟའ་བཏུང་ས ོགས་ཅི་ཡང་ཉོ་སྒྲུབ་བྱ་ས་མེད་

པའི་འབབ་ཚུགས་ཆུང་ཆུང་ཐེབ་ཆག་ཐལ་བ་འཚུབ་བེ་བ་ཞིག་ཏུ་འཁྱུག་ཙམ་རིང་བཀག་ས ོང་། ཕར་ལྟ་ཚུར་ལྟ་བྱས་ཀྱང་། གཞན་ཕར་ ཞོག་ཆུ་ཙམ་ཡང་མཐ ོང་རྒྱུ་མི་འདུག་། (ཕལ་ཆེར་རི་ལི་འདིས་རི་ལི་གཞན་གྱི་འགྲོ་ལམ་བཟ ོ་བའི་ཆེད་དུ་ཟུར་དུ་བཀག་པ་འདྲ་།) དེ་ནས་ རི་ལི་འགྲོ་གྲབས་བྱེད་དུས་།

རྩྭ་རས་ཆུར་སྦངས་པ་ཞིག་གིས་དཀྲིས་པའི་འགྱིག་དམ་ནག་པ་ཆེ ོ ན་པ་ཞི ོ ག་འཁྱེར་བའི་མི་འགའ་ཤས་ཤིག་

སླེབས་བྱུང་། ཕན་སེམས་དང་གཏང་ཕ ོ ོད་ཆེ་མདག་ཁ་པ ོ ས་ཆུ་དག ོ ོས་ཟེར་ཚད་ལ་ཆུ་གྲང་ཞིང་བསིལ་བ་དེ་ཕངས་མེད་དུ་སྤྲད་ས ོང་། ངེད་ཀྱི་དགེ་ ཕྲུག་ཕྱི་རྒྱལ་བ་དེས་ཀྱང་འགྱིག་དམ་ཆུང་ཆུང་ཞིག་ཏུ་ཆུ་གྲང་མོ་དེ་བཟེད་ས ོང་།

དེ་ནས་ཁ ོ་པས་མིག་སྤུ་ཟིང་ཟིང་བྱེད་དེ་།

“འདི་སྐྱེས་བུ་

དམ་པ་ཞིག་གི་རྗེས་འཇུག་ཅིག་ཡིན་པ་ཐག་ཆོད”ལབ་ས ོང་། ཁ ོ་བ་ནི ོ ་མག ོ་མཁྲེག་ཙམ་ཡོད་ཙང་། ཁ ོག་པའི་ནང་“མག ོ་སེ་ར་ཁྱོད་ཚོ་ མག ོ་སླ་པ་ཡོ ོ ད་། གཏགས་ཙམ་བསྒུག་ཨང་།” ོ ཞེས་ཁ ོག་ལབ་ཅིག་བརྒྱབ་། དེ་ནས་ཆུ་ཚོད་ཕྱེད་ཙམ་གྱི་རྗེས་ནས་མི་དེ་ཚོ་སླར་ཡང་མར་

སླེབས་ས ོང་། དེ་ནས་མི་ཚང་མའི་རྩ་ནས་ཆུ་འགྱིག་དམ་ཆུང་ཆུང་རེ་ལ་། ཧིན་སྒོར་གཉིས་རེ་གཉིས་རེ་བསྡུས་བྱུང་ང་། དེ་ནས་ལམ་སེང་། ངས། “འ་དེ ོ ་། སྐྱེས་བུ་དམ་པའི་རྗེས་འཇུག་དངས་གནས་རེ ོ ད་འདུག་ག་།” ཞེས་ལབ་ནས་། བསྲན་མི་ཐུབ་པའི་དག ོད་ཤོར་ཏེ་། དགེ་ཕྲུག་གི་

འཁྲིས་ལ་བགད་ན་ཁ ོ་པ་ཁ ོང་ཁྲོ་ལང་གིས་དགས་ནས་། ོ རི་ལིའི་གསང་སྤྱོ ད་ནང་འཛུལ་ནས་མིག་ནས་མིག་ཆུ་དང་། གྲོད་ཁ ོག་ན་ནར་བགད་ པ་ཡིན། ཧ་ཧ་ཧ་ཧ་ཧ་ཧ།

19


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

སྐུ་ལུས་མཆོད་མེར་སྒྲོན་པའི་རྒྱལ་ གཅེས་དཔའ་བོ་རྣམ་པར་རྗེས་དྲན་། རྗེས་སུ་དྲན་པའི་དབྱངས།

ཁྱེད་ཀྱི་བླ་མེད་མི་ལུས་རིན་པོ་ཆེར།། དཔའ་དང་སྟོབས་ཀྱི་མེ་ལྕེ་ལམ་ལམ་འབར།། འདིར་གནས་བདག་གི་ཁྲ་ཆུང་མིག་ཟུང་ལས།། དྲན་གདུང་མཆི་མའི་ཆར་རྒྱུན་ཤག་ཤག་འབབ།། མིག་ཆུ་རློན་པས་ཁྱེད་ལ་སྐྱེལ་མ་བྱེད།། སེམས་ཁམས་གཙང་མས་ཁྱེད་ལ་གྱེས་ཕྱག་འབུལ།། སྐྱེ་བ་ཕྱི་མའི་རྣམ་ཤེས་རྩ་ཆེན་དེ།། བོད་ཀྱི་ཁོར་ཡུག་འདི་ན་སྐྱེ་བར་ཤོག།།

སྐུ་ལུས་མེ་མཆོད་དུ་ཕུལ་བའི་རྒྱལ་གཅེས་པ་ཚོར། ཨ་འདུས་མིག་ཆུ། ས་རཱ། མེ་ལྕེ་དེས་ང་རང་དག་ཞིང་དུ་ཁྲིད། མེས་པོའི་རུས་རྐང་ས་རུ་མི་འཐོར་སླད།། འཆམ་ར་དྲི་མེད་རྒྱལ་མཚན། རིགས་ཀྱི་སྒལ་ཚིགས་ནང་དུ་མི་སྒུར་ཕྱིར།། མིག་ངོར་སྐྱ་རེངས་སུ་སྣང་བ་དེས ནང་གི་དཔའ་གདེང་མངོན་པའི་བརྡ་རྟགས་ཤིག།། ཡོད་ཚད་རུམ་སྒོ་ནས་ཐོན་ཏེ ས་ཆེན་རྩེ་མོར་འོད་དུ་བྱས་སོང་ཨང་།། གཅེར་རྒྱུག་བྱས་ཀྱང སྐྱ་རེངས་སྐྱ་རེངས་སུ་གྲུབ་མེད་པ་དེས ལྕགས་ཐག་སིལ་མའི་སྒྲ་ཡིས་ས་གཞི་འགེངས།། ནམ་གུང་ཞིག་ཡོད་ཚད་འཁྱག་རོམ་གྱི་ཀློང་དུ་ཚུད རོ་དང་རུས་པ་ཆེན་པོའི་རི་རབ་བརྩེགས།། ཡིད་ཤེས་སེམས་ཀྱིས་མ་བཟོད་ན་ཟུག་ཀུན།། གྲང་རླུང་གི་བཤུར་སྒྲ་རེ་རེས སྐུ་ལུས་མེ་རུ་སྤར་ཏེ་གསལ་བརྡ་བྱིན།། སེར་རྒོད་མཐེ་བོང་ཙམ་རེ་བྲང་གཞུང་དུ་ཕབ་ཅིང ཐོགས་འབྲུག་གློག་གསུམ་གྱིས་གྲུབ་པའི་མཚན་མོ་དེར བཙན་པོའི་རུས་ལས་ཆད་པའི་གངས་ཅནཔ།། རུས་པའི་སྒྲོམ་གཞི་འཐོར་བའི་སྐད་སྒྲ་ནི་ཅི་འདྲའི་ཉག་ཐག་པོ་ཞིག་ རུས་པ་རྡོ་ལས་སྲ་བའི་གདོང་དམར་པ།། རེད རྒྱ་ཁྱིའི་སྡེར་སྤྲད་ཙམ་ལ་མི་སྐྲག་པའི།། བྲང་གཞུང་སྤོབས་པ་མེ་ལྕེའི་ཀློང་ནས་ངོམ།། མཚན་མོ་དེ མཚན་མོ་དེར རང་ཉིད་ཀྱི་གྲིབ་གཟུགས་ཀྱང་རང་ཉིད་ཀྱིས་མཐོང་ཆོག་གི་མེད་ལ ཀུན་གྱིས་གཅེས་པ་བླ་མེད་ཚེ་སྲོག་དང་ །། རང་ཉིད་ཀྱིས་རང་ཉིད་འབོད་དུས ཀུན་ལ་ཕངས་པ་མི་ལུས་རིན་ཆེན་ཏེ།། གློ་མཆན་དག་ལ་སེན་མོས་འཚིར་བཞིན་ཡོད གདོང་དམར་མྱི་ལ་དགོས་པའི་རང་དབང་དེ།། ཉིད་ཀྱི་སྐུ་དང་སྲོག་གིས་བརྩད་སོང་ཨང་།། མུན་པ་དེའི་ཁྲོད་དུ རང་གིས་རང་ཉིད་མཐོང་འདོད་པ་དེས ཆབ་སྲིད་བཙན་པོའི་མུན་པ་མགོ་ལ་འཐིབ།། རུས་པས་རུས་པར་བརྡར་ནས མགོན་པོར་བྲལ་བའི་ན་བུན་སྙིང་ལ་འཁྲིགས།། བླ་ཚེ་སྲོག་གསུམ་པོ་མེ་རུ་སྦར་སོང་ལ མུན་པ་འོད་དུ་བསྒྱུར་བའི་ཀུན་སློང་གིས།། མེ་ལྕེ་དེའི་ཁྲོད་སེམས་པ་མང་པོ་ཞིག་ཀྱང་འཚིག་སོང སྐུ་ལུས་མུན་ཆེན་འཇོམས་པའི་དཔལ་དུ་བསྒྲོན།། ཁྱེད་ཀྱི་དགོད་དང་བརྩེ་འཛུམ་བྲལ་སོང་ཐ།། མེ་ལྕེ་དེ མེ་ལྕེ་དེ ཁྱེད་ཀྱི་ལུས་དང་གྲུབ་མ་ཡལ་སོང་ཐ།། ངས་རང་ཉིད་ཀྱི་ཁོག་པར་བསུས་ནས ཁྱེད་ཀྱིས་བཞག་པའི་མེ་རླབས་དྲོད་མོ་དེ།། རང་ཉིད་ཀྱི་ནང་ཁྲོལ་དག་ཀྱང་མེ་ཁར་བསྲེགས་དུས མི་འཇིག་སྙིང་ལ་སྤར་བའི་ཚེ་འབར་ཉིད།། རང་ཉིད་ནི་དག་པའི་ཞིང་ཁམས་སུ་སླེབས་བྱུང་། 20


འདོན་ཐེངས་བཞི་པ། ༢༠༡༢

རང་དོན་དོར་ནས་སྤྱི་དོན་བསམ་པ། རང་ལུས་མེ་ལ་བསྒྲོན་པའི་སྤུན་ཟླ་ཚོ་ལ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་སླད་དུ་བྲིས་པ། ཨ་རིག་དགེ་མཐོང་། མི་རིགས་ལ་རྒྱ་དགོས་རབས་བསྒྲགས་པ་མི་ཆེན་དག་གི་འཁྲབ་སྟངས་ཤིག ། མི་རིགས་རང་དབང་ཅི་ཡང་མེད་པའི་གདོང་དམར་བོད་ཀྱི་རྩ་དོན་སླད། ། མི་ལུས་རིན་ཆེན་མེ་ལ་བསྒྲོན་པ་ཁ་སེམས་མཚུངས་པའི་དན་རྟགས་ཤིག ། མི་ཡི་མགོན་པོ་བསྟན་འཛིན་རྒྱ་མཚོས་ཁྱེད་ཚོ་སྤྱན་གྱིས་གཟིགས་ནས་ཡོད། ། རྒྱ་ནག་སྒྱུ་མའི་དཔའ་འབྱོར་བསླུ་བྲིད་གངས་ཅན་བོད་ལ་ཉིན་རེར་བསྟན། ། ཀླད་པའི་ནང་དུ་ཅི་ཡང་མེད་པའི་གླེན་པ་འགའ་རེ་དགའ་ནས་ཡོད། ། འོན་ཀྱང་དཔྱོད་ལྡན་དཔའ་རྒོད་ཁྱེད་ཚོས་བསླུ་བྲིད་དེ་ནི་ལྡོག་རོལ་བཏང། ། སྒེར་གཅོད་དམར་པོའི་ལྟ་བ་དེ་ལ་འཚེ་མེད་ཞི་བའི་བརྡ་ཞིག་བརྒྱབ། ། རང་དོན་མི་བསམ་སྤྱི་དོན་གཉེར་བ་རྒྱལ་སྲས་སེམས་དཔའི་དཔེ་ཟླ་ཉིད། ། རང་ལུས་མཁོ་ཡང་རང་དབང་བརྩད་པ་ད་ལྟའི་བོད་ཀྱི་གནས་སྟངས་ཤིག ། རང་སྲོག་དམར་པོ་འབེན་ལ་བཙུགས་པའི་གཞིས་ལུས་སྤུན་ཟླ་ཇེ་མང་རེད། ། རང་དབང་ས་མཐའི་གྲུ་ཟུར་ཞིག་ན་ང་ཚོས་ཁྱེད་ཅག་གླེང་གིན་ཡོད། ། བཀའ་སྤྱི་ཟུང་གི་གོ་སྒྲིག་འོག་ནས་གཞུང་སྒེར་གཉིས་ཀྱིས་ལས་འགུལ་སྤེལ། ། ཤར་ནུབ་རྒྱ་ནག་གཞུང་ཚབ་སྒོ་ན་བདེན་པའི་འབོད་སྒྲ་སྒྲོག་མཁན་མང་། ། བཀའ་ཁྲི་སྤྱི་ཡི་ཚོགས་གཙོ་ཟུང་གིས་སྐད་རིགས་སྣ་ཚོགས་འདྲ་མིན་གྱིས། ། བོད་མིའི་ད་ལྟའི་བདེ་སྡུག་གླེང་སྟེ་འཛམ་གླིང་བསྐོར་ནས་ཕེབས་བཞིན་ཡོད། ། དགོན་པ་རེ་རེའི་འདུ་ཁང་དབུས་ན་ཁྱེད་ཚོ་སྨོན་ལམ་གསུང་གིན་ཡོད། ། གྲོང་དང་གྲོང་ཁྱེར་ཁང་བརྩེགས་སྒོ་ན་ཁྱེད་ཚོའི་སྐུ་པར་བཤམས་ནས་ཡོད། ། རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་ཁག་ན་ཁྱེད་ཚོའི་སྙིང་སྟོབས་སྒྲོག་གིན་ཡོད། ། ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱིས་ཁྱེད་ཚོར་བལྟས་ནས་ངུ་གིན་ཡོད། ། ཀྱེ་མ་རྩ་གསུམ་སྐྱབས་གནས་སྡེ་ཡི་ཐུགས་བརྩེ་ཆེན་མོས་འདིར་གཟིགས་ཏེ། ། ཤ་ཁྲག་བསྲེགས་པའི་སྐྱེས་བུ་འདི་དག་བདེ་བ་ཅན་དུ་འདྲེན་པར་མཛོད། ། རང་དོན་དོར་ཞིང་སྤྱི་དོན་འབད་པའི་རྒྱལ་སྲས་དཔའ་རྒོད་ཁྱེད་ཅག་ལ། ། མཚན་གྱི་རྨི་ལམ་ཞིང་ཁམས་ཚུན་ནས་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། །

21


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

རྒྱལ་རབས། (མུ་འགོད།)

འབའ་པ་སངས་རྒྱས་ཚེ་རིང་། ༄༅།། རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་ཡབ་ཁྲི་ལྡེ་གཙུག་བཙན་གྱི་སྲས་སུ་ཕྱི་ལོ་ ༧༣༠ ལྕགས་རྟ་ལ་བྲག་དམར་དུ་སྐུ་འཁྲུངས། དགུང་ལོ་ཉེར་ལྔ་ཐོག་ཡབ་ཁྲི་ལྡེ་གཙུག་བཙན་བློན་འབལ་ལང་གཉིས་ཀྱིས་བཀྲོངས་པའི་ཚེ་བློན་ཆེན་མཆིམས་རྒྱལ་གཟིགས་སོགས་ཀྱིས་རམ་ འདེགས་འོག་རྒྱལ་ཁྲིར་འཁོད་དེ་ལང་འབལ་གཉིས་ལ་བཀྱོན་ཕབ་ཏེ་ཟིང་འཁྲུག་ལྷིང་འཇགས་སུ་བཏང། བཙུན་མོ་ལྔ་ཁབ་ཏུ་བཞེས། ནང་གི་ཆབ་ དཔལ་རིག་གསུམ་ལ་ལེགས་སྤེལ་ཉེས་འགོག་གིས་ཤིན་ཏུ་ཚགས་ཚུག་ཐོག་སྤྱི་ལོ་ ༧༦༣ ཆུ་ཡོས་ཆོས་རྒྱལ་དགུང་ལོ་ ༣༤ སྐབས་བོད་རྒྱ་འཐབ་ འཁྲུག་བྱུང་སྟེ་བོད་དམག་གིས་ཅིང་ཀྲའུ་དང། སྤིན་ཀྲའུ། ཧྥང་ཐན། འུ་ཀུང་སོགས་ཐང་གི་གྲོང་སྡེ་མང་པོ་བླངས། རྒྱ་རྒྱལ་ཐང་ཏས་ཙུང་ཧྲན་ཀྲའུ་ ཞེས་པའི་ས་གནས་དེར་བྲོས། བོད་དམག་རྣམས་ཐང་གི་རྒྱལ་ས་དྲང་ཨན་དུ་འབྱོར། གྱིམ་ཤིང་ཀོང་ཇོའ་ི ཚ་བོ་ལི་དྲན་ཧུང་ཐང་གི་གོང་མར་བསྐོས། བོད་དམག་གྲོང་ཁྱེར་དེར་ཞག་བཅོ་ལྔ་ཙམ་བསྡད། མཐར་ཚ་བ་ཆེ་བས་ཏུན་ཡོན་དང། ཧུང་དྲའང། ཨུད་སོགས་བར་ཕྱི་འཐེན་བྱས། ལོ་ཤས་རིང་ བོད་དམག་འཐབ་ཡང་ཡང་བྱས་ནས་ཐང་རྒྱའི་ཞིང་ཆེན་པོ་བཅུ་ལྷག་ཙམ་བོད་ཀྱིས་དབང་དུ་བསྡུས། ཕྱི་ལོ་ ༧༨༠ ལྕགས་སྤྲེལ་ལོར་གོང་མ་ཐང་རྡ་ ཙུང་གསེར་ཁྲིར་འཁོད་ནས་ཕོ་ཉ་བོད་དུ་མངགས་ཏེ་མཛའ་མཐུན་དགོས་པའི་རེ་བ་བཏོན། སྤྱི་ལོ་ ༧༨༣ ཆུ་ཕག་ལོར་ཆིན་ཧྲུང་ཞེས་པའི་ས་གནས་ དེར་བོད་རྒྱ་གཉིས་ཆིངས་བྱས་ཏེ་གནའ་སྦྲེལ་དམ་བཅའ་བཞག། ལོ་ཤས་རིང་ལྷིང་འཇགས་སུ་གནས་ཀྱང་ཕྱི་ལོ་ ༧༨༦ མེ་སྟག་ལོར་བོད་རྒྱ་སླར་ཡང་ གཡུལ་འཐབ་བྱུང་དེ་བོད་དམག་གིས་རྒྱ་ནག་གི་ས་གནས་མང་པོ་ཚུར་བླངས་སོ། སྐབས་དེར་བོད་དམག་གིས་མཐའ་བཞིའི་རྒྱལ་ཁབ་གཞན་ལའང་ དམག་དྲངས་ནས་དམག་ཤུགས་ནུབ་སྟག་གཟིག་དང། ལྷོ་རྒྱ་གར། ཤར་རྒྱ་ནག་སོགས་ལ་ཐུག་པའི་སྟོབས་ཀྱིས་བལ་པོ་དང་ལི་ཡུལ། མྱ་འཇངས་ ཙམ་མ་ཟད་རྒྱ་གར་གྱི་ཆུ་བོ་གངྒཱ་ཚུན་ཆད་དང། རྒྱ་ནག་གི་བེ་ཆུའི་ཡན་ཆད་བོད་བཙན་པོའ་ི དབང་འོག་ཏུ་བསྡུས་ཏེ་དཔྱ་ཁྲལ་འཇལ་དུ་བཅུག་ ཚུལ་སོགས་ཞིབ་པ་དེབ་དཀར་དང་བོད་རྒྱའི་ཡིག་ཚང་རྣམས་སུ་གསལ། གཞན་ཡང་བོན་ལ་དད་པའི་བློན་ཆེན་མ་ཞང་སོགས་ཐབས་མཁས་ཀྱིས་ཕམ་པར་མཛད་དེ་ཕྱི་ལོ་ ༧༦༡ ལྕགས་གླང་ལོར་བློན་འབངས་ ཀུན་གྱིས་དམ་པའི་ལྷ་ཆོས་བྱ་དགོས་པའི་བཀའ་ལེགས་པར་གནང། མཁན་ཆེན་ཞི་བ་འཚོ་དང། སློབ་དཔོན་པད་མ་འབྱུང་གནས་སོགས་མཁས་ པ་མང་པོ་གདན་དྲངས། ལོ་ཙཱ་བ་སྔ་ཚར་གསུམ་དང་བར་ཚར་གསུམ། ཕྱི་ཚར་གསུམ་སྟེ་ཡོངས་གྲགས་ཀྱི་ལོ་ཙཱ་བ་དགུ་ལ་སོགས་པས་བཀའ་སྡེ་སྣོད་ ཤིན་ཏུ་མང་བ་བོད་སྐད་དུ་བསྒྱུར། སྤྱི་ལོ་ ༧༧༥ ཤིང་ཡོས་ལོར་བསམ་ཡས་གཙུག་ལག་ཁང་གི་རྨང་བཏིངས། དབུས་སུ་རི་རྒྱལ་ལ་དཔེ་བླངས་ཏེ་ དབུ་བརྩེ་ཆེན་མོ་བཞེངས། དེའི་གཡས་གཡོན་དུ་ཉི་མ་ལྷ་ཁང་དང་ཟླ་བ་ལྷ་ཁང། ཤར་དུ་ལྷ་ཁང་གསུམ། ལྷོ་རུ་ལྷ་ཁང་གསུམ། ནུབ་ཏུ་ལྷ་ཁང་གསུམ། བྱང་དུ་ལྷ་ཁང་གསུམ་ལ་སོགས་པ་བཅས་ཕྱི་ལོ་ ༧༨༧ མེ་ཡོས་ལོར་ལེགས་པར་གྲུབ། མཁན་ཆེན་གྱི་རྦ་གསལ་སྣང་སོགས་སད་མི་མི་བདུན་སོགས་ལ་ སོ་ཐར་གྱི་སྡོམ་པ་སྩལ་ཅིང། འདུལ་བ་དང། དབུ་མ་སོགས་ཀྱི་འཆང་ཉན་གྱི་སྲོལ་ལེགས་པར་བཙུགས་སློབ་དཔོན་པདྨ་འབྱུང་གནས་མཆོག་གིས་ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཏགས་ཅིང། ཁྱད་པར་རྫོགས་པ་ཆེན་པོ་ལ་སོགས་པ་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པའི་ཆོས་ ཀྱི་འཁོར་ལོ་བསྐོར་བ་ལ་སོགས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་རིང་དམ་པའི་ཆོས་ཀྱི་གཞི་རྩ་ཤིན་ཏུ་བརྟན་པོར་ཚུགས། དེ་བཞིན་གཡུ་ཐོག་ ཡོན་ཏམ་མགོན་པོ་སོགས་ཀྱི་དྲིན་ལས་གསོ་རིག་གི་སྐོར་ཡང་འཕེལ་རྒྱས་རྩེ་མོར་སོན། མདོར་ན་ཆོས་རྒྱལ་འདིའི་སྐབས་སྟོབས་འབྱོར་མངའ་ཐང་ ཤིན་ཏུ་རྒྱས་པས་མཛམ་གླིང་སུམ་གཉིས་སའི་ཁྱོན་ལ་མངའ་དབང་མཛད་པའི་མཐར་ཕྱི་ལོ་ ༧༨༥ ཤིང་གླང་ལོ་དགུང་ལོ་སང་ཐོག་གཞན་གྱིས་ལྐོག་ མདའ་བརྒྱབ་སྟེ་བཀྲོངས་པར་བཤད། བང་སོ་མུ་ར་རི་ལའི་ཡབ་རྒྱལ་པོའ་ི བང་སོའ་ི གཡས་སུ་བརྩིགས། དེའི་མདུན་ན་རྡོ་རིང་ཞིག་ཀྱང་ཡོད་དོ།།

སྦུར་པ། འབུ་སྲིན་གྱི་རིགས་ཤིག

བོད་སྐད་དུ་སྦུར་པ་ཟེར་ལ། ཡུལ་ལུང་ལ་ལར་བོང་བེ་རྒྱའུ་ཡང་ཟེར། དེ་ནི་དབྱིན་སྐད་ནང་beetle ཞེས་པའི་འབུ་དེ་ལས་གཞན་དུ་མེད། སྦུར་པ་ནི་ས་འོག་དང་ས་སྟེང་། ནམ་མཁའ་གསུམ་ཆར་བསྐྱོད་ཐུབ་པའི་འབུ་སྲིན་ཞིག་ཡིན་པ་དང་ ། བོད་དུ་བྱིས་པ་ཚོས་སྦུར་པ་བཟུང་ནས་ཤུགས་ཚད་དུ་བཅུགས་པ་དང་། ཤོག་བུ་ཁོག་སྟོང་དེ་འདྲ་ གཡོགས་ནས་འཁུར་བཅུགས་ནས་རྩེད་མོ་ཡང་རྩེ་ཡི་ཡོད། སྦུར་པའི་ཨ་མ་དེ་ཚོའི་བྲང་ཁོག་འོག་ སྦུར་ཕྲུག་གིས་ཁེངས་བསྡད་ཡོད་ལ་སྦུར་པས་མིའི་མགོ་བོར་ཞུས་ན་ན་ཚ་ཆེན་པོ་བཏང་གི་རེད་ལ། སྐབས་རེ་གློག་གི་ཤེལ་ཏོག་ལ་རྒྱབ་ནས་ཤེལ་ཏོག་བཅོག་པར་ཡང་བྱེད་ཀྱི་རེད། ཕྱི་རྒྱལ་དུ་dung beetleསྦུར་པ་རིགས་ཤིག་གིས་ས་རིལ་རིལ་ཆེན་པོ་དེ་འདྲ་བཟོ་ཡི་ཡོད་འདུག

22


ཉི་མའི་ཁྱིམ་རྒྱུད།

འདོན་ཐེངས་བཞི་པ། ༢༠༡༢

ར་ས་ཕོ་ཉ།

ང་ཚོས་ད་ལྟ་མིག་གིས་རིག་པ་དང་ལུས་ཀྱིས་དྲོད་འོད་ཚོར་བཞིན་པའི་ཉི་མ་དེའི་མཐར་འཁོར་ནས་བསྡད་མཁན་གཟའ་སྐར་བརྒྱད་ཡོད་པ་ཡིན། དེ་ཡང་། དབུས་སུ་ཉི་མ་དང་། དེ་ནས་རིམ་བཞིན་ ༡ གཟའ་སྐར་ལྷག་པ་དང་། ༢ པ་སངས། ༣ འཛམ་བུ་གླིང་། ༤ གཟའ་སྐར་མིག་དམར། ༥ ཕུར་བུ། ༦ སྤེན་པ། ༧ རྒྱུ་སྐར་རྣམ་རྒྱལ་དང་། ༨ མཚོ་རྒྱལ་བཅས་ཡིན། འགའ་རེས་རྒྱུ་སྐར་གཤིན་རྒྱལ་རྩིས་ནས་དགུར་འདོད་པ་ཡང་ཡོད། ༡ གཟའ་སྐར་ལྷག་པ་ནི་ཉི་མ་དང་ཐག་ཉེ་ཤོས་སུ་གནས་ཡོད་པ་དང་ ། དེས་ཞག་པོ་༨༨ ནང་ཉི་མར་བསྐོར་བ་རེ་རྒྱག་ཐུབ་པས་ཉི་མར་སྐོར་ མཁན་མགྱོགས་ཤོས་དེ་ཡིན།

༢ གཟའ་སྐར་པ་སངས་ནི་ལྷག་པའི་རྗེས་ཀྱི་ཉི་མ་དང་ཉེ་ཤོས་ཀྱི་རྒྱུ་ སྐར་དེ་ཡིན་ལ། གཟའ་སྐར་དེ་ནི་རྒྱུ་སྐར་དེ་དག་ལས་འོད་མདངས་ ཆེ་ཤོས་དེ་ཡིན།

༣ འཛམ་བུ་གླིང་ནི་ད་ལྟའི་ཆར་མཐོང་ཆོས་སུ་གྱུར་པའི་རྒྱུ་སྐར་དེ་དག་གི་ཁྲོད་ནས་ཡིད་དུ་འོང་ཤོས་དེ་ཡིན་པ་དང་། རྒྱ་ཁྱོན་བརྒྱ་ཆ་༧༡ ཙམ་ མཚོས་ཁེབས་ནས་ཡོད་ཅིང་། ཉི་མ་དང་ཐག་རིང་ཐུང་རེན་པས་མཁའ་རླུང་གཙང་ལ་སྲོག་ཆགས་ཐམས་ཅད་བདེ་བར་གནས་ཐུབ་པའི་ཉི་མའི་ ཁྱིམ་རྒྱུད་ཀྱི་རྒྱུ་སྐར་གཅིག་པུ་དེ་ཡིན། ༤ གཟའ་སྐར་མིག་དམར་ནི་ཉི་མའི་འོད་མདངས་གང་འཚམ་ཕོག་སའི་རྒྱུ་སྐར་ཞིག་ཡིན་ནའང་། ད་ལྟའི་བར་འཕྲུལ་ཆས་ཀྱིས་དེའི་ས་རྡོ་དག་ལ་ བརྟག་དཔྱད་བྱས་པ་ལས་དེར་སྲོག་ཆགས་གྲུབ་པའི་རྫས་ཆ་ཡོད་པར་ཤེས་པ་ཙམ་ལས་དངོས་སུ་སྲོག་ཆགས་རྙེད་མེད། རྒྱུ་སྐར་དེར་བྲག་རྡོ་དང་ རྫ་སོགས་ལྕགས་རྫས་ཀྱིས་ཕྱུག་པས་སྤྲིན་པ་ཚང་མ་དམར་པོར་གྱུར་པས་རྒྱུ་སྐར་དེར་རྒྱུ་སྐར་དམར་པོ་ཞེས་ཀྱང་བརྗོད་པ་ཡིན། དེ་ཡན་གྱི་རྒྱུ་སྐར་ རྣམས་ལ་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ནང་མ་ཞེས་བྱ་ཞིང་འོག་གི་རྒྱུ་སྐར་ཕྱི་མ་བཞི་ལས་ཆུང་བ་ཡོད་པ་ཡིན། ༥ གཟའ་སྐར་ཕུར་བུ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་དཀྱིལ་ནས་ཆེ་ཤོས་དེ་ཡིན་ལ། རྒྱུ་སྐར་དེར་ནི་སྤྲིན་པ་རྒྱ་སྨུག་དང་སེར་པོ་དང་དཀར་པོ་བཅས་ འཁྲིགས་ནས་རྒྱུགས་ཀྱི་ཡོད་པས་རྟག་ཏུ་ཁ་དོག་ལ་འགྱུར་བ་འབྱུང་གིན་ཡོད།

༦ གཟའ་སྐར་སྤེན་པ་ནི་ཕུར་བུ་ཕུད་པའི་རྒྱུ་སྐར་དེ་དག་ལས་ཆེ་ཤོས་ཡིན་ལ། སྤྱིར་བཏང་གཟའ་སྐར་ཕུར་བུར་ཁོར་ཞགས་ཙམ་ཡོད་ཀྱང་། གཟའ་ སྐར་སྤེན་པ་ནི་ཁོར་ཞགས་རིམ་པ་བདུན་གྱིས་འཁོར་ནས་ཡོད་པ་དང་། དེ་སྔ་ཚན་རིག་པའི་ཁོར་ཞགས་དེ་ནི་རྒྱུ་སྐར་གཞན་འཐོར་བའི་རོ་རྡོའམ་ སྙིགས་མ་དེ་འདྲས་བྱས་པར་སེམས་ཀྱི་ཡོད་ཀྱང། ཉེ་དུས་ཁོར་ཞགས་དེ་ནི་སྐར་མ་དུ་བ་མཇུག་རིང་གིས་བྱས་པར་བརྗོད་ཀྱི་ཡོད། ༧ རྒྱུ་སྐར་རྣམ་རྒྱལ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་ནང་གི་བདུན་པ་དང་། ཕྱི་རོལ་དུ་སྤྲིན་པ་ལྗང་གུ་དེ་འདྲས་བཏུམས་ནས་ཡོད་པ་ཡིན།

༨ རྒྱུ་སྐར་མཚོ་རྒྱལ་ནི་ཉི་མའི་ཁྱིམ་རྒྱུད་ནང་གི་རྒྱུ་སྐར་མཐའ་མ་དེ་ཆགས་ཡོད་པས་ཉི་མ་དང་ཐག་རིང་ཤོས་སུ་ཡོད་སྟབས། ང་ཚོས་རྒྱང་ཤེལ་མ་ སྤྱད་པར་མཐོང་མི་ཐུབ་པ་ཡིན། དམིགས་བསལ་ནི་རྒྱུ་སྐར་དེར་རྟག་ཏུ་རླུང་འཚུབ་ཆེན་པོས་རྒྱུགས་པ་དང་དེའི་རླུང་གི་མགྱོགས་ཚད་ནི་ཚོུད་ གཅིག་གི་ནང་མེ་ལེ་༡༢༤༣ འགྲོ་ཐུབ་པ་ཡིན། གོང་གསལ་རྒྱུ་སྐར་དེ་དག་ལ་རང་འཁོར་ཟླ་བ་ཡོད་མེད་དང་། ཡོད་པ་ལའང་མང་ཉུང་གི་ཁྱད་པར་ཡོད་དེ། འཛམ་བུ་གླིང་ལ་ཟླ་བ་གཅིག་དང་། མིག་དམར་ལ་ཟླ་བ་གཉིས། སྤེན་པ་ལ་ཟླ་བ་ཉེར་བཞི། ཕུར་བུར་ཟླ་བ་རེ་གསུམ་བཅས་ཡོད་པ་ཡིན། 23


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

སྤྲེའུ་དང་ཆུ་སྲིན། བྱིས་སྒྲུང་།

24

སྔོན་ཤིང་ནགས་ཤིག་གི་ནང་སྤྲེའུ་ཞིག་དང་ཆུ་སྲིན་ཞིག་གྲོགས་པོ་བྱས་ ནས་བསྡད་ཡོད་། སྤྲེའུ་དེས་རྟག་ཏུ་ཆུ་སྲིན་ལ་ཤིང་ཏོག་སྤྲོད་པ་དང་། སྒྲུང་སྙན་མོ་དེ་འདྲ་ཤེས་ཀྱི་ཡོད་།ཆུ་སྲིན་དེ་ནི་གླེན་པ་ཞིག་ཡིན་སྟབས་ སྤྲེའུའི་སྐོར་ཆ་ཚང་རང་གི་བཟའ་ཟླར་བཤད་ཀྱི་ཡོད་པ་རེད་།

ཉིན་ཞིག་ཆུ་སྲིན་བཟའ་ཟླ་དེས་སྤྲེའུས་སྐུར་པའི་ཤིང་ཏོག་ཟས་པ་དང་སྒྲུང་ རྣམས་ཉན་རྗེས་། སེམས་སུ་སྤྲེའུ་དེའི་ཤ་ཟ་རྒྱུ་བྱུང་ན་སྤྲེའུ་ནང་བཞིན་ སྤྱང་པོ་དང་རྩལ་པོ་ཆེ་ཆགས་ཀྱི་རེད་དྲན་ནས་། བདུན་ཕྲག་གཅིག་ ཙམ་གྱི་རིང་ན་རྫུན་བཏབ་ནས་བསྡད་།

སྤྲེའུའི་གྲོགས་པོ་ཆུ་སྲིན་དེ་རང་གི་བཟའ་ཟླ་ཞེ་དྲག་ན་བ་མཐོང་དུས་། སེམས་པས་མ་བཟོད་པར་བཅོས་ཐབས་སྐད་ཆ་དྲིས་པར་། བཟའ་ཟླས་རང་ གི་ནད་ལ་ཕན་པ་གཅིག་རང་ཡོད་པ་དེ་སྤྲིའུའི་སྙིང་རེད་། གལ་ཏེ་ཁྱེད་ ཀྱིས་ང་གསོན་འདོད་ན་རང་གི་གྲོགས་པོ་དེའི་སྙིང་སློང་དགོས་ཞེས་ལབ་རེད་།

ཆུ་སྲིན་གླེན་པ་དེས་དངོས་གནས་རེད་བསམས་ནས་རང་གི་གྲོགས་པོ་སྤྲེའུ་ ལ་རང་ཁྱིམ་དུ་ཐེངས་ཤིག་ཡོང་རོགས་ལབ་པ་བཞིན་། སྤྲེའུ་ཡིས་ཀྱང་དང་ ལེན་བྱས་ནས་ཆུ་སྲིན་གྱི་སྒལ་པའི་སྟེང་བཞོན་ནས་ཕྲིན་པ་རེད་། ཆུ་ དཀྱིལ་ཙམ་དུ་སླེབས་སྐབས་ཆུ་སྲིན་གྱིས་ཁ་བསངས་ནས་།


འདོན་ཐེངས་བཞི་པ། ༢༠༡༢

གྲོགས་པོ་ལགས་། ད་རིང་དགོངས་པ་མ་ཚོམ་རོགས། ངའི་བཟའ་ཟླའི་ ནད་གསོ་ཐབས་སུ་ཤིང་འབྲས་རྐྱང་པ་ཟ་བའི་སྤྲིའུའི་སྙིང་ཞིག་ངེས་པར་དུ་ དགོས་འདུག་པས་། ད་ལན་ཁྱོད་ཀྱིས་ངའི་བཟའ་ཟླ་སྐྱོབ་ཆེད་སྙིང་དེ་སྦྱིན་པ་ གཏོང་རོགས་ཞེས་ལབ་པས།

སྤྱེའུ་རེ་ཞིག་ཧོན་ཐོར་ཡང་སེམས་འཚབ་དང་དངངས་སྐྲག་མ་བྱས་པར་ལྷོད་ ལྷོད་ངང་། ཨ་ཁ་། ད་གིན་ནས་ཁྱེད་ཀྱི་ང་ལ་མ་ལབ་པ་བྱས་། ངས་ ང་རང་གི་སྙིང་གཟབ་གཟབ་བྱས་ནས་ཤིང་སྡོང་གི་གསེབ་ལ་སྦས་ནས་ བཞག་ཡོད་། ཁྱོད་ལ་དགོས་ན་ད་ལེན་པར་འགྲོ་ལབ་།

སྤྲེའུ་ཡི་སྐད་ཆར་ཆུ་སྲིན་ཡིད་ཆེས་ནས་མཉམ་དུ་ཤིང་སྡོང་ཡོད་སར་ཕྱིན་ པ་རེད། ཤིང་སྡོང་འཁྲིས་སུ་སླེབས་པ་དང་སྤྲེའུ་ཡིས་ཆུ་སྲིན་ལ་ཁྱོད་དེ་གར་ སྒུག་ནས་སྡོད་ཨང་། ངས་ཤིང་སྡོང་གི་རྩེར་ཕྱིན་ནས་སྙིང་གཡུག་ཡོང་ ཟེར་ནས་ཤིང་སྡོང་གི་ཡལ་ཁའི་སྒང་འཆོང་ཕྱིན་པ་རེད་།

ཤིང་རྩེར་སླེབས་པ་དང་སྤྲེའུས་སྐྱག་པ་ཚ་པོ་ཞིག་བཏང་ནས་།གྲོགས་ པོའི་ལ་རྒྱ་མེད་པའི་། ཆུ་སྲིན་གླེན་པ་ཁྱོད་རང་། བཟའ་ཟླ་ངན་པ་དེ་ ལ་།སྐྱག་པ་ཚ་པོ་འདི་སྟེར་།ཅེས་ལབ་ནས་ཕྱིར་བལྟས་ཙམ་ཡང་མ་ སློག་པར་ནགས་གསེབ་ཏུ་འཆོང་སོང་ངོ་། 25


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

སྐྱེས་བུ་དམ་པའི་བསླབ་བྱ།

རང་ལ་གང་ཞིག་འདོད་པ་བཞིན། ། གཞན་ལ་དེ་བཞིན་བྱེད་པར་བྱ། ། རང་ལ་གང་ཞིག་མི་འདོད་བཞིན། ། གཞན་ལ་དེ་བཞིན་བྱེད་མི་བྱ། །

རྫོགས་ཆེན་མཁན་པོ་ཆོས་དགའ།

རང་གི་བདེ་བ་སྒྲུབ་པའི་ཕྱིར། ། གཞན་གྱི་བདེ་བ་འཕྲོག་མི་བྱ། ། རང་གི་སྡུག་བསྔལ་སེལ་བའི་ཕྱིར། ། གཞན་གྱི་སྡུག་བསྔལ་སྤེལ་མི་བྱ། །

རང་སེམས་བདེ་བ་དགོས་པས་ན། ། གཞན་སེམས་བདེ་བའི་ཐབས་ལ་ཞུགས། ། གཞན་སེམས་བདེ་བ་བསྐྱེད་པའི་ཕྱིར། ། རང་སེམས་བདེ་བའི་ཐབས་ལ་ཞུགས། །

རང་སེམས་བདེ་བའི་བྱིན་རླབས་ལས། ། གཞན་སེམས་བདེ་བ་འཕེལ་བར་འགྱུར། ། རང་སེམས་སྡུག་པའི་རྟེན་འབྲེལ་གྱིས། ། གཞན་སེམས་སྡུག་བསྔལ་འཕེལ་བར་འགྱུར། ། གཞན་བདེ་འདོད་པའི་བསམ་པ་མ་མཆིས་ན། ། རང་བདེ་རྙེད་པའི་རྩ་བ་ཆད་པ་ཡིན། ། གཞན་ལ་གནོད་པའི་བསམ་པ་མཆིས་གྱུར་ན། ། རང་ལ་གནོད་པའི་རྩ་བ་སྤེལ་བ་ཡིན། རང་དང་གཞན་ཅེས་ནན་ཏན་དུ། ། རྣམ་པ་གཉིས་སུ་དབྱེ་ན་ཡང་། ། རྟེན་དང་བརྟེན་པའི་རྟེན་འབྲེལ་ལས། ། ངོ་བོ་གཉིས་སུ་ཡོད་མ་ཡིན། ། དེས་ན་རང་བཞིན་གཞན་ལ་ཡང་། ། ཞི་ཞིང་བདེ་བའི་ཐབས་ལ་འབད། ། གཞན་བདེ་བ་ལས་བྱུང་བ་ཡི། ། རང་བདེ་ཡེ་ཤེས་བསམ་མི་ཁྱབ། ། 26

ང་ཡི་བྱམས་བརྩེ་གཞན་གྱི་བདེ་སྐྱིད་ཡིན། ། གཞན་གྱི་བྱམས་བརྩེ་ང་ཡི་བདེ་སྐྱིད་ཡིན། ། ཕན་ཚུན་བྱམས་བརྩེ་གོང་འཕེལ་བཏང་བ་ལས། ། ང་ཚོའི་ཚེ་སྲོག་བདེ་སྐྱིད་རྒྱ་མཚོ་ཡིན། ། ང་ཡི་ཁོང་ཁྲོས་ཁྱེད་ལ་སྡུག་བསྔལ་བསྐྱེད། ། ཁྱེད་ཀྱི་ཁོང་ཁྲོས་ང་ལ་སྡུག་བསྔལ་བསྐྱེད། ། ཕན་ཚུན་ཁོང་ཁྲོ་མཚམས་འཇོག་མ་བྱས་ན། ། ང་ཚོའི་ཚེ་སྲོག་སྡུག་བསྔལ་མེ་མཚོ་ཡིན། །

གཞན་ཕན་བསམ་པ་བཟང་པོ་ཡོད་པའི་རྟགས། ། རང་སེམས་ཞི་བདེའི་ཚོར་བས་ཚིམ་པར་མཐོང་། ། གཞན་གནོད་བསམ་པ་ངན་པ་ཡོད་པའི་རྟགས། ། རང་སེམས་ཁྲོ་སྡུག་ཚོར་བས་གང་བ་མཐོང་། །

བྱམས་སེམས་བསྒོམས་པས་རང་སེམས་བདེ་བ་བྱུང་། ། རང་སེམས་བདེ་བས་གཞན་སེམས་དགའ་བར་གྱུར། ། གཞན་སེམས་དགའ་བས་རང་སེམས་སྐྱིད་པོ་བྱུང་། ། རང་སེམས་སྐྱིད་པས་བྱམས་སེམས་འཕེལ་བར་གྱུར། །ཞེས་དང་། རང་གིས་བསགས་པ་རང་གིས་མྱོང་བ་ལ། ། དེ་ལ་མི་དགའ་མ་བྱེད་ཅིག །

MUSKOX (གླ་གླང་།)

གླ་གླང་ནི་ཁེ་ན་ཌ།canada གྷེ་རིན་ལེནྜ།greenland ཨ་ལ་སེ་ ཀ་alaska༼ཨ་མི ་ རི ་ ཀའི ་ ཁུངས་ཡི ན ༽བཅས་ཀྱི ་ ནང་འཚོ ་ སྡོ ད ་ བྱེད་ཀྱི་ཡོད། དེ་ཡང་སྤྱིར་བཏང་གྲངས་བཅུ་ཉི་ཤུ་ཙམ་མཉམ་དུ་ འཚོ་སྡོད་བྱེད་ཀྱི་ཡོད་ཀྱང་སྐབས་རེ་བདུན་ཅུ་ཙམ་ཡང་མཉམ་དུ་ སྡོད་ཀྱི་ཡོད། གླ་གླང་ནི་མིས་ལས་སླ་པོས་ངང་རྔོན་རྒྱག་ཐུབ་པ་དང་ ། དེ་མིན་སྤྱང་ཀི་དང་དྲེད་མོང་gizzly bearའཁྱགས་དོམ་polar bearབཅས་ཀྱིས་ཀྱང་གསོད་ཀྱི​ི་ཡོད་འདུག། གླ་གླང་ནི་ར་དང་ ལུག གླང་དང་བཅས་པར་འབྲེལ་བ་ཉེ་པོ་ཡོད་ནའང་ཁོང་ཚོ་ནི་སོ་ སོའ་ི རིགས་ཤིག་ཏུ་གཏོགས་པ་ཡིན།


གདོན་འདྲེ་ལ་སྐྲག་མི་དགོས་།

འདོན་ཐེངས་བཞི་པ། ༢༠༡༢

ཨ་ཀ་སྤེན་པ།

གདོན་འདྲེ་ནི་ཡོངས་གྲགས་སུ་ མི་ལ་གནོད་པ་སྐྱེལ་མཁན་ཞིག་ཡིན་པ་མ་ ཟད། མི་བསད་ནས་མི་ཤ་ཟ་ཡི་ཡོད་ཅེས་ ང་ཚོ ་ མང་པོ ་ ཞི ག ་འདྲེ ་ ལ་ཞེ ད ་སྣང་དང་ དངངས་སྐྲག་བྱེད་ཀྱི་ཡོད། ཡང་ཁ་ཤས་ཀྱིས་ འདྲེ་ཞེས་པའི་མི་ལ་གནོད་པ་སྐྱེལ་མཁན་ གྱི་སེམས་ཅན་ཞིག་མེད་ཀྱང་། མི་ལ་ལ་ ཞི ག ་གི ས ་ངས་འདྲེ ་ མཐོ ང ་སོ ང ་ཟེ ར ་བ་དེ ་ ནི། རང་གི་ཀླད་རྩ་འཁྲུགས་ཏེ་འཁྲུལ་སྣང་ སྣ་ཚོགས་འཆར་བ་ཞིག་ཡིན་པ་ལས། དོན་ དངོས་ཐོག་ཞེད་སྣང་སྐྱེ་དགོས་པའི་གདོན་ འདྲེ་ཞིག་གཏན་ནས་མེད་དོ། ། ཞེས་བརྗོད་ མཁན་ཡང་ཡོད། དེར་བརྟེན་འདིར་སྒྲུང་ གཏམ་ཐུང་ཐུང་ཞི ག ་དང་ལྷན་དུ་གདོ ན ་ འདྲེ་ཡི་སྐོར་ཕྲན་བུ་བཤད་ཀྱི་ཡིན། འདྲེ་ཐར་ནི་ཆུང་དུས་ནས་གཤིས་རྒྱུད་བཟང་ལ། ཆོས་སེམས་ཆེ་བའི་ཕྲུ་གུ་ཉམས་ཆུང་ཞིག་ཡིན། ཁོང་ནི་ངའི་གྲོགས་པོ་ཡག་ཤོས་ དང་ང་དང་འཆམ་ཤོས། ལྷག་པར་དུ་རྫོང་ལ་ལྟད་མོ་བལྟ་སར་འགྲོ་རོགས་མང་ཤོས་ཀྱང་ཡིན། སྟོན་དུས་ནི་ངེད་གཉིས་ཀྱི་གློག་བརྙན་བལྟ་སར་འགྲོ་ རྒྱུའི་གོ་སྐབས་མང་ཤོས་དེ་ཡིན། ཁྱིམ་ནས་འབྲུ་རིགས་ནས་དང་། གྲོ་སོགས་བརྐུས་ཏེ་རྫོང་དུ་བཙོང་རྗེས་གློག་བརྙན་བལྟ་སར་འགྲོ་ཡི་ཡོད། ལྟད་མོ་ ཚར་ནས་ཁྱིམ་དུ་ལོག་སྐབས་མཚན་ཕྱེད་ཆུ་ཚོད་བཅུ་གཉིས་དང་། དང་པོར་ཕལ་ཆེ་ཟིན་གྱི་ཡོད། ངེད་གཉིས་རྫོང་ནས་ཁྱིམ་དུ་ལོག་པའི་ལམ་བར་ དུ་འདྲེ་ལུང་པ་ཞེས་པའི་ཞེད་སྣང་ཆེ་བའི་ལུང་པ་དེ་བརྒྱུད་ནས་ཡོང་དགོས་ཀྱི་ཡོད་ཀྱང་། ངེད་གཉིས་ནི་སུ་ལའང་ཞེད་སྣང་མེད་པར་གཉིས་ཀས་ གཞས་བཏང་ནས་ཡོང་གི་ཡོད། དེ་ནས་རིམ་གྱིས་ངེད་གཉིས་ནས་འདྲེ་ཡི་སྐོར་གློག་བརྙན་མང་པོ་བལྟས་པ་དང་། གྲོགས་པོ་བརྒྱུད་ནས་འདྲེ་ཡིས་ མི་ཤ་ཟ་རབས་དང་། འདྲེ་ནི་ཞེད་སྣང་ཚ་བ་སོགས་མང་པོ་ཐོས་པས། མཚམས་རེ་ངེད་གཉིས་འདྲེ་ལུང་པར་བསླེབས་སྐབས་སྒྲོལ་མ་དག་ལ་མ་དག་ ཅིག་འདོན་ནས་ཀྱང་ཡོང་མྱོང་ཡོད། ལུང་པ་འདི་ཡི་ནང་མི་མང་པོ་བསད་མྱོང་ཡོད་པས་བཤད་སྲོལ་ལ་འདྲེ་ཡིས་བསད་པ་དང་། ལུང་པ་དེར་འདྲེ་མང་པོ་ཡོད་པ་རེད་ཅེས་ བརྗོད་ཀྱི་ཡོད། དེར་བརྟེན་ལུང་པ་དེ་ལ་འདྲེ་ལུང་པ་ཞེས་བཏགས་པ་རེད་འདུག འདྲེ་ལུང་པ་ནི་གཡང་གཟར་གྱི་ལུང་ཤུར་ཞིག་ཏུ་དབྱར་ཁ་ཆུ་ ཡོད་ཀྱང་། དགུན་ཁ་ཆུ་མེད་པའི་ཟམ་པ་རྙིང་ཁོག་ཅིག་ཡོད། འཚེར་ཕུང་མང་པོའ་ི ཚང་ཚིང་དང་། ཤིང་རིགས་འདྲ་མིན་གྱིས་ནགས་གསེབ་རྫབ་པོ་ ཞིག་ཀྱང་ཡིན། ད་དུང་བྲག་རི་ཧ་ཅང་གཟར་བའི་རྐེད་ནས་འུག་པ་སོགས་ཀྱི་བྱ་ཚང་ཡོད་པ་མ་ཟད། མཚན་མོ་རྟག་པར་འུག་པ་བགད་པའི་སྒྲ་གོ་རྒྱུ་ ཡོད་པའི་ལུང་ཤུར་ཞེད་སྣང་ཅན་ཞིག་ཡིན། མི་སྡར་མ་ཞིག་ཡིན་ན་མཚན་མོ་ཕར་ཞོག་ཉི​ིན་མོ་ཡང་ཁེར་རྐྱང་དུ་འགྲོ་མི་ཕོད་ཐག་ཆོད་རེད། སྟོན་ཟླ་བརྒྱད་པའི་ཚེས་ཉི་ཤུའི་དགོང་མོར་ངེད་གཉིས་གློག་བརྙན་ཁང་ནས་ཐོན་སྐབས་ཆུ་ཚོད་དང་པོ་ཏག་ཏག་ཟིན་ཚར་འདུག མི་གཉིད་ ཁྱི་ཉལ་གྱི་ནམ་ཕྱེད་དེར་སྲང་ལམ་དུ། མི་ཕར་བཞག་དུད་འགྲོ་ཙམ་ཡང་མཐོང་རྒྱུ་མེད་པ་ནི། ལུས་ཀྱི་བ་སྤུ་ཀུན་ནས་གཡོས་པའི་གྲང་སེང་སེང་གི་ སྟོན་རླུང་འདི་ལ་བྲོས་པ་དང་གཉིས་སུ་མ་མཆིས། འོན་ཀྱང་འདྲེ་ཐར་ངེད་གཉིས་ནི་གསལ་ལ་མི་གསལ་བའི་ཟླ་འོད་འོག་ནས། སྟོན་རླུང་བསིལ་བུ་ དེ་འགམ་བཞིན་འདྲེ་ལུང་པར་བསླེབས་བྱུང་། ངེད་གཉིས་ཀྱིས་ད་ལྟ་བལྟས་པའི་གློག་བརྙན་སྐོར་ལ་གླེང་བཞིན་འདྲེ་ལུང་པའི་ཟམ་ཁར་བསླེབས་སྐབས། ལམ་ལྟག་གི་འཚེར་ ཕུང་ནས་སོབ་སྒྲ་ཞིག་གྲག་བྱུང་བས་ངེད་གཉིས་ཀྱི་སྐད་ཆ་ཡོད་ཚད་བརླགས་སོང་། མཚམས་དེར་ངེད་གཉིས་ཀྱི་གོམ་པ་མགྱོགས་སུ་སྤོ་བའི་རྡོག་ སྒྲ་ལས་གཞན་གྲག་འགུལ་ཅི་ཡང་དབེན། ནམ་རྒྱུན་བཞིན་བྲག་གཟར་གྱི་རྐེད་ནས་འུག་པའི་བགོད་སྒྲ་དེས་ངེད་གཉིས་ལ་ཞེད་སྣང་དེ་བས་ཆེ་རུ་ བཏང་སོང་། ཡང་ལམ་འོག་ནས་སིག་སྒྲ་ཆེན་པོ་ཞིག་གིས་ངེད་གཉིས་ཀྱི་རྣ་བ་ཡང་གས་གྲབས་བྱེད་དེ། ལུས་པོ་ཡོངས་རྫོགས་ཚ་ཤ་ར་ར་དང་། སྐྲ་སྤུ་ ཐམས་ཅད་གྱེན་དུ་གཟེར་བ་ལྟ་བུ་དང་། རྔུལ་ནག་དབང་མེད་དུ་འཁྱིལ་ནས་གོམ་པ་ཇེ་མགྱོགས་ག་ཚོད་སྤོ་ཡང་བསླེབ་རྒྱུ་ཅི་ཡང་མེད་པ་ཞིག་ཚོར་ 27


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

བྱུང་། ངས་སྒྲོལ་མ་འདོན་ཀྱང་ཁ་དབུགས་ཧད་དེ་སྒྲོལ་མ་འདོན་ཐུབ་ཀྱི་མི་འདུག མཚམས་དེར་རླུང་འཚུབ་ཆེན་པོ་ཞིག་གིས་འདྲེ་ལུང་པ་ཤུར་སྒྲས་ཁེངས་སོང་། ངེད་གཉིས་ཀྱི་འཁྲིས་ནས་ཀྱང་རླུང་འཁོར་ཞིག་བསྐོར་སོང་ ། ངས་མགོ་བོ་སྒུར་སྒུར་བྱས་ནས་མིག་གཉིས་བཙུམ་པ་ཡིན། མིག་ཕྱེ་ནས་ལྟ་སྐབས་ངའི་རོགས་པ་འདྲེ་ཐར་ནི་རླུང་འཚུབ་དེས་འཁྱེར་ནས་ག་སོང་ ཆ་མེད་དུ་གྱུར་འདུག ངས་ཁོ་ནི་འདྲེ་ཡིས་ཁྲིད་པ་རེད་བསམ་ནས་ཞེད་སྣང་གིས་“༸རྒྱལ་བ་རིན་པོ་ཆེས་ཤེས་”ཞེས་འབོད་དེ་དབུགས་ཀྱང་གཏོང་ ལོང་མེད་པར་ཁྱིམ་དུ་བྲོས་ཡོང་པ་ཡིན། ང་ཁྱིམ་དུ་བསླེབས་པ་དང་དྲན་པ་འཐོར་འདུག ངས་འདོན་སྒྲ་ཞིག་གོ་བྱུང་། མགོ་ཡར་བཀྱགས་ནས་བལྟས་པས་ང་ཚོའི་མཆོད་ཁང་དུ་ཁྱིམ་མཚེས་རྒན་མགོན་པོ་ལགས་ཀྱིས་གདུགས་ དཀར་འདོན་བཞིན་འདུག ངའི་སྐེ་ལ་ཕྱག་མདུད་གསར་པ་མང་པོ་ཞིག་བཏགས་འདུག་ལ། ཉལ་ཁྲི་ཡི་འཁྲིས་སུ་སླ་ངའི་ནང་ལ་མེ་ཕྲུ་བླུགས་ཏེ་ གནས་ཆུང་ཕྱག་ནས་དང་། ཚྭ་སྔགས་བསྲེགས་འདུག་པས་ངས་དོ་དགོང་གི་གནས་ཚུལ་རྣམས་གཞི་ནས་དྲན་པ་སོས་བྱུང་། ངས་གནས་ཚུལ་དེ་ རྣམས་གཅིག་ཀྱང་མ་ལུས་པ་ཁོང་ཚོ་ནང་མི་ཁྱིམ་མཚེས་རྣམས་ལ་བཤད་པས། གྲོང་པའི་ཕོ་གསར་ཚང་མས་འདྲེ་ལུང་པར་འདྲེ་ཐར་གྱི་ཕུང་པོ་ འཚོལ་བར་ཕྱིན་སོང་། བོད་ཀྱི་གཏམ་དཔེ་ལ་ཆག་སྒོ་བྱུང་ནས་རྟ་ཐོག་ལྷུང་།། ལྷུང་ས་ཡག་པོ་བྱེ་མའི་དཀྱིལ།། ཟེར་བའི་དཔེ་ལྟར་འདྲེ་ཐར་ནི་འདྲེ་ ལུང་པའི་འདབས་ཀྱི་བྲག་འོག་ཅིག་ཏུ་དྲན་པ་འཐོར་བ་ལས། སྲོག་སྐྱོན་ཅི་ཡང་བྱུང་མི་འདུག ཁོ་དྲན་པ་སོས་སྐབས་དབང་མེད་དུ་ཁ་ནས་‘‘༸རྒྱལ་ བ་རིན་པོ་ཆེ་” དང་། ‘‘རྗེ་བཙུན་སྒྲོལ་མ་”ཞེས་ཡང་ཡང་འབོད་འདུག ཁོས་བཤད་པར་ལྟར་ན། དགོང་མོ་དེར་རླུང་འཚུབ་དྲག་པོ་དེའི་དཀྱིལ་ནས་ངས་སྔར་མཐོང་མྱོང་ཁྱོན་ནས་མེད་པའི་བུ་མོ་ཧ་ཅང་ མཛེས་སྡུག་ལྡན་པ་ཞིག་གིས་ང་སྐད་བཏང་བྱུང་། བུ་མོ་དེ་ནི་དངོས་གནས་ལྷ་མོ་ཟེར་བ་འདི་ཡིན་ས་རེད་དྲན་བྱུང་། སྙན་ངག་མཁན་ཚོས་བརྗོད་ པ་བཞིན་ཞལ་རས་དཀར་ལ་དམར་བའི་མདངས་འཕྲོ་བ། གནག་ཅིང་སྣུམ་པའི་སྐྲ་ལོ་ཡོམ་ཡོམ་དུ་གཡོ་བ། ཕྲ་ཞིང་ལྡེམ་པའི་ལུས་ལ་ལྭ་བའི་འཕྱང་ འཕྲུལ་ལྷབ་ལྷུབ་དུ་དཔྱང་བ། ད་དུང་མོའ་ི མིག་གིས་ལྟ་སྟངས་དེས་སེམས་ལ་ཅི་བསམ་འདི་བསམ་མེད་པར་གྱུར་སོང་། མོ​ོས་ང་ལ་དམ་དུ་འཁྱུད་དེ་ སྨུག་པ་ལྟ་བུ་ཞིག་གི་ཀློང་ནས་རླུང་གིས་དེད་འགྲོ་བ་ལས་གོམ་པ་སྤོ་དགོས་ཀྱི་མི་འདུག ཅུང་ཙམ་ནས་མོའ་ི ངོ་མདངས་རིམ་བཞིན་འགྱུར་ཏེ། སྐྱ་ རིད་རིད་ཀྱི་ངོ་གདོང་ལ་ཁྲག་རྩ་རྣམས་སྔོ་སེང་སེང་མངོན་གྱི་འདུག་པ་མ་ཟད། མིག་རྩ་ཤིན་ཏུ་དམར་ལ་ཁ་ནས་མཆེ་བ་ཡང་ཐོན་གྱི་འདུག ད་དུང་ དེ་བས་ཞེད་སྣང་ཚ་བ་ནུ་མ་གཡས་པ་ཕྲག་ལ་གཟར། གཡོན་པ་ཐུར་དུ་དཔྱང་བའི་ཡ་མ་གཟུགས་ཀྱི​ི་རྣམ་འགྱུར་འདི་དག་མཐོང་དུས། ཤི་ཟེར་བ་དེ་ རིང་ཡིན་ས་རེད་དྲན་བྱུང་། སྐྲག་ཐག་ཆོད་ནས་མིག་གཉིས་བཙུམ་པ་ཡིན། མཚམས་དེར་ངས་གོ་མྱོང་བ་ཞིག་ལ་འདྲེ་ཡིས་ཁྲིད་པ་ཡིན་ན། དཀོན་མཆོག་ལ་གསོལ་བ་འདེབས་ན་འདྲེ་སྐྲག་ནས་མི་གློད་ཀྱི་ཡོད་པའི་སྐོར་ དེ་དྲན་བྱུང་། ངས་ཡོད་ཚད་སྒྲིམ་སྟེ་“༸རྒྱལ་བ་རིན་པོ་ཆེས་ཤེས། བླ་མ་དཀོན་མཆོག སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་ དཀོན་མཆོག” ཅེས་འབོད་པ་མ་ཟད། “ཨོྂ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།”ཞེས་སྒྲོལ་མ་ཡང་བཏོན་པ་ཡིན། དེ་འདྲ་ཞིག་ནས་ ང་ཡི་ལུས་པོ་ཡོངས་རྫོགས་ཐག་པས་བསྡམས་པ་ལས་གྲོལ་བ་ལྟ་བུ་ཞིག་དང་། སྤགས་ཚག་མཐུག་པོ་ཞིག་ཕུད་པ་འདྲ་བའི་ཡང་སིང་སིང་བྱས་སོང་ ། ངས་མིག་ཕྱེ་ནས་ལྟ་སྐབས་འདོན་འདྲེ་དེའི་མིག་ང་ལ་བགྲད་དེ་ཨམ་གཙིགས་སྡོམ་བཞིན་ལག་གཉིས་ཀྱིས་ངའི་བྲང་ནས་ཕུད་རྒྱག་ཅིག་བརྒྱབ་ སོང་། དེ་ནས་ངས་ཅི་ཡང་ཚོར་མ་བྱུང་། རྗེས་སུ་དྲན་པ་སོས་དུས་ནང་ལ་བསླེབས་ཚར་འདུག་ཅེས་བཤད་བྱུང་། དུས་དེ་ནས་ཁོ་ལ་འདྲེ་ཐར་ཞེས་ བཏགས་པ་རེད་ལ། ཁོང་གིས་ཀྱང་ང་དཀོན་མཆོག་གིས་སྐྱབས་པ་རེད་ཅེས་བཤད་ཀྱི་ཡོད། རྒྱ་ཆེའི་ཀློག་པ་པོ་ཚོར། ང་ཚོས་འདྲེ་དངོས་སུ་མཐོང་མྱོང་མཁན་ནི་ཧ་ཅང་གི་དཀོན་པོ་དང་། ཉུང་ཉུང་ཡིན་ན་ཡང་། ང་ཚོས་ གློག་བརྙན་དང་དཔེ་དེབ། བཤད་རྒྱུན་འདྲ་མིན་བཅས་ནས་འདྲེ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་གློག་བརྙན་ནང་གི་གདོན་འདྲེ་དེ་ཚོ་ ནི། གཙོ་བོར་ལྟད་མོ་བ་ཚོར་དངངས་སྐྲག་ཆེན་པོ་བསླེབ་པའི་ཆེད་དུ་ཞེད་སྣང་གང་ཚ་འཁྲབ་ཀྱི་ཡོད་པ་ལས། དངོས་ཡོད་གནས་ཚུལ་ལས་བརྒལ་ བ་ཧ་ཅང་མང་། ད་དུང་འཁྲབ་གཞུང་ནང་གི་གདོན་འདྲེ་དེ་ཚོ་ནི་མི་ཞིག་བསད་པའམ་ཤི་བ་དེ། འདྲེ་ལ་གྱུར་ནས་རང་ཉིད་ཀྱི་ཤ་འཁོན་ལེན་དུ་ བསླེབས་པ་ལྟ་བུ་ཞིག་ལས་སྤྲོས་པ་ཤ་སྟག་ཡིན། ང་ཚོའི་བཤད་རྒྱུན་དུ་ཡོད་པ་ནི། གདོན་འདྲེ་ལ་ཤི་འདྲེ་དང་གསོན་འདྲེ་ཞེས་རིགས་གཉིས་ཡོད། ཤི་འདྲེ་ནི་མི་ཞིག་ཤི་ནས་འདྲེ་ལ་སྐྱེས་པ་ དེ་དང་། གསོན་འདྲེ་ནི་ད་ལྟ་མི་གསོན་པོ་ཡིན་བཞིན་དུ་དགོང་མོ་འདྲེ་ཚོའི་གྲལ་ནས་འདྲེ་ཡིན་པ་དང་། ཉིན་མོ་མི་ཚོའི་གྲལ་དུ་མི་ཡིན་པ་ཞིག་ལ་ ཟེར། གསོན་འདྲེ་དང་ཤི་འདྲེ་གཉིས་ལས་གསོན་འདྲེ་ཧ་ཅང་གིས་ནུས་པ་ཆེ་བ་བཤད་སྒྲོས་སུ་ཡོད་པ་བཅས་ཡིན། གང་ལྟར་ཡང་ང་ཚོས་འདྲེ་ཡོད་ པར་ཡིད་ཆེས་སམ་ཁས་ལེན་གྱི་ཡོད་པ་རེད། སྤྱིར་ནས་རང་ཉིད་ཀྱིས་མ་མཐོང་བའི་རྒྱུ་མཚན་དུ་བྱས་ནས་མེད་ཟེར་མཁན་ཧ་ཅང་མང་ལ། དེ་བཞིན་དུ་ལྷ་དང་འདྲེ་ཡང་མེད་པའི་རྒྱུ་ མཚན་དེ་ལྟར་བགྲང་གི་ཡོད། དཔེར་ན་བོད་ནས་བཏོན་པའི་<ཤེས་བྱའི་ཟེགས་མ་>ཟེར་བའི་དེབ་དེའི་ནང་དུ་“གལ་སྲིད་ཚན་རིག་གི་ཤེས་བྱ་མེད་ ལ་ལྷ་འདྲེར་དད་པ་བྱེད་མཁན་ཞིག་ཡིན་ན་འཁྲུལ་སྣང་དེ་རྣམས་‘ལྷ་འདྲེའི་ཞལ་གཟིགས་’ པའམ་‘ལུང་བསྟན་’དུ་བརྩིས་ཏེ། དེ་བས་རྨོངས་དད་ཀྱི་ འཆིང་རྒྱར་ཚུད་ངེས་རེད་” ཅེས་དང་། ད་དུང་“ལྷ་འདྲེའི་སྐད་གོ་བའམ་གཟུགས་བརྙན་མཐོང་བའི་འཁྲུལ་སྣང་ཤར་གྱི་ཡོད་པ་ལས་འཇིག་རྟེན་ 28


ཐོག་ལྷ་འདྲེ་གདོན་བགེགས་ཟེར་བ་ཡེ་ནས་མེད་དོ།།” ཅེས་ལྷ་དང་འདྲེ་ མཉམ་དུ་སྦྱར་ནས་མེད་ཅེས་སྡོམ་ཚིག་གཅིག་གིས་བརྒྱབས་འདུག འོན་ཀྱང་ང་ཚོ་ལྷ་ཁས་ལེན་མཁན་ཞིག་གི་ངོས་ནས་འདྲེ་ ཡང་སེམས་ཅན་ཞིག་ཏུ་རྩི་དགོས་པ་ཡིན། དེ་ཡང་༸གོང་ས་མཆོག་ གིས་ནང་ཆོས་ངོ་སྤྲོད་ཅིག་གི་སྐབས། གདོན་འདྲེ་ཡི་སྐོར་ལ་ལོ་རྒྱུས་སྣ་ ཚོགས་ཤིག་གསུངས་རྗེས། “འདི་ཚོའི་གྲས་དེ་ང་རང་ཚོ་མི་མ་ཡིན་པའི་ འགྲོ་བ་ཁྱད་མཚར་དེ་འདྲ་ཡོད་པ་རེད། ཡང་ཆེ་ས་ནས་བཤད་པ་ཡིན་ ན། གནས་ཆུང་ཆོས་སྐྱོང་དང་། ལྷ་དེ་ཚོའི་གྲས་དེ་ཡོད་ཐག་ཆོད་རེད།” ཅེས་ང་ཚོ་ཕལ་པས་མ་མཐོང་བའི་མཐོ་བར་ལྷ་དང་སྲུང་མ་ལྟ་བུ་དང་། དམའ་བར་འདྲེ་དང་ཡི་དྭགས་དེ་ཚོ་ཡོད་པ་ཁོང་གིས་ཚིག་ཐག་བཅད་ ནས་གསུངས་འདུག དེར་བརྟེན་ང་ཚོ་སེམས་པ་བཟང་པོ་དང་། ཉམས་ཆུང་། ཆེ་ བ་ལ་བརྩི་བཀུར་དང་ཆུང་བར་བྱམས་སྐྱོང་བྱེད་དེ། མི་གཤིས་རྒྱུད་ཡག་ པོ་དང་། ཡིན་ལུགས་ཚུལ་མཐུན་གྱིས་འདི་ཕྱི་རྒྱུ་འབྲས་ཡག་པོ་སྲུང་ པ་ཡིན་ན། གདོན་འདྲེ་སོགས་ཀྱིས་གནོད་པ་སྐྱེལ་བ་ཡིན་ན་ཡང་། རྗེ་ བཙུན་སྒྲོལ་མ་དང་དཀོན་མཆོག་སོགས་ཀྱིས་མི་དེ་ལ་རོགས་པ་བྱེད་ ཀྱི་ཡོད། དཔེར་ན་འདྲེ་ཐར་གྱིས་སྒྲོལ་མ་འདོན་ཤེས་པ་དང་། དཀོན་ མཆོག་ལ་གསོལ་བ་བཏབ་ཤེས་པས་ཁོང་འདྲེ་ཡི་ཁ་ནས་སྐྱབས་པ་རེད། དེར་བརྟེན་ང་ཚོས་དུས་རྒྱུན་དུ་སྒྲོལ་མ་དང་མ་ཎི། སྐྱབས་འགྲོ་སོགས་ ཡག་པོ་འདོན་པ་ཡིན་ན་གདོན་འདྲེ་སོགས་ལ་སྐྲག་དགོས་དོན་རྩ་བ་ ནས་མེད་དོ།། 1862 ལོའ་ི རྡོ་རྗེ་གདན་ མཆོད་རྟེན།

བརྩེ་བའི་དབྱངས་འགྲོས།

འདོན་ཐེངས་བཞི་པ། ༢༠༡༢

རང་གི་དུངས་བ་ཟབ་པའི་དགའ་མ་ལ་ཕུལ། ལྡི་ལི་ཤེས་དཔར། བློ་བཟང་ཐབས་མཁས།

གཤིས་བཟང་བུ་མོ་ཁྱོད་ལ་སེམས་པ་ཤོར་ཏེ།། བླ་མ་བྱིན་རླབས་ཅན་ཚོར་བྱིན་རླབས་ཞུས་ཤིང།། མི་ཚེ་བདེ་བ་ཞིག་གི་རིན་ཐང་བསམ་བཞིན།། ཤ་དང་མཆིན་པའི་བརྩེ་བ་ཁྱོད་ལ་བཅོལ་ཡོད།།

འཕྲད་པའི་ལོ་ཟླའི་ཕྲེང་རིང་བརྒྱུད་ལོང་མེད་པར།། སེམས་ལ་རང་དབང་མེད་པར་ཞེ་འདང་ཆགས་ཐལ།། ས་མཐའི་ཚ་དྲོད་དམར་པོའ་ི ནམ་ཟླའི་འོག་ཏུ།། ཤི་གསོན་གང་གིས་དེད་ཀྱང་འབྲལ་ཐབས་མི་འདུག། །

སེམས་དང་བསམ་པའི་བར་དུ་བརྩེ་སེམས་འཁུར་ནས།། ལོ་ཟླ་རིང་མོ་ཞིག་ལ་དམ་བཅའ་བཞག་ཅིང།། མིག་ཆུ་ལོ་རྒྱུས་བཞིན་དུ་རྫོགས་མཐའ་མེད་པ།། ཁྱོད་ཀྱི་སེམས་ལ་དེ་ག་འཆར་གྱིན་འདུག་གམ།། སྐྱིད་པའི་ཕ་ཡུལ་བརྩེ་བའི་ཕ་མ་བསྐྱུར་ནས།། ཆ་མེད་རྒྱུས་མེད་ས་མཐའི་འཚོ་བའི་ངོགས་སུ།། ཁྱོད་དང་ང་གཉིས་བརྩེ་བས་འདི་ལྟར་བསྡུས་པ།། ཅིས་ཀྱང་གཟུར་མེད་སྔོན་མའི་ལས་འཕྲོ་ཡིན་འགྲོ།།

ང་ནི་ཁྱོད་ལ་དགའ་ཞེས་གླུ་ཞིག་བླངས་ཡོད།། ཁྱོད་ནི་ང་ལ་དུངས་ཞེས་ཚིག་ཅིག་བྲིས་ཡོད།། ང་དགའ་ཁྱོད་དགའ་སྐྱིད་པའི་གླུ་གཞས་ནང་དུ།། འུ་གཉིས་མི་ཚེའི་དམ་བཅའ་དབྱངས་འགྲོས་ཐིམ་ཡོད།། སེམས་ཀྱི་བརྩེ་བ་ལག་པས་སྟོན་རྒྱུ་མེད་ཀྱང།། ཕན་ཚུན་སྙིང་གཏམ་གླེང་བ་ཐུགས་ལ་བཞག་རོགས།། ལས་སྐལ་ནམ་ཟླ་འཁྱགས་པའི་དུས་ཚིག་དེ་ཡང།། དཔྱིད་དཔལ་མེ་ཏོག་དགོད་པའི་སྐལ་བཟང་ཤར་ཡོད།།

29


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

བཀའ་བླན་བླ་མ་བྱམས་པ་བསྟན་དར་། ོ

སྐལ་བཟང་མཁས་གྲུབ།

ལྷ་སའི་དམངས་ཁྲོད་གླུ་གཞས་སུ། སྟོང་གསུམ་སྐད་ཀྱིས་ཆོད་པའི།། མི་རྗེ་ས་དབང་ཆེན་མོ།། ཆིབས་ཡོབ་ཞབས་བཅགས་ཙམ་གྱིས།། དགྲ་བཞི་ཟིལ་གྱིས་ནོན་སོང༌།། ཞེས་པ་འདི་བཀའ་བློན་བླ་མ་བྱམས་པ་བསྟན་དར་རེད།

ཁོང་ཕྱི་ལོ་ ༡༩༡༤ ནས་ ༡༩༡༨ བར་ཁམས་ཕྱོགས་ནས་རྒྱ་དམག་བཙན་འཛུལ་བ་མཐར་སྐྲོད་གཏོང་གནང་གི་མདོ་ སྤྱི་གནང་སྐབས། སངས་རྒྱས་ཀྱི་ན་བཟའ་མར་ཕུད་དེ་དྲག་པོའ་ི དམག་ཆས་ཡར་བཞེས་ནས་རྒྱ་དམག་བཙན་ འཛུལ་བ་ལྷོ་རྫོང་དང་ཁྱུང་པོ་དཀར་ནག་སེར་གསུམ། དཔའ་ཤོད་སོགས་སུ་ཡོད་པ་རྣམས་མཐར་སྐྲོད་གཏོང་གནང་མཛད་པའི་བྱས་རྗེས་ལ་བསྟོད་ པའི་གླུ་ཡིན། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ཀ་སྦུག་ཏུ་བཞུགས་སྐབས་ཞི་དྲག་ཐབས་ཤེས་གཉིས་ཕྱོགས་ནས་དགོངས་པ་རྒྱ་ཆེ་ བཞེས་གནང་མཛད་དེ། ཁམས་ཕྱོགས་སུ་རྒྱ་དམག་བཙན་འཛུལ་བ་ཡོད་པ་རྣམས་མཐར་སྐྲོད་གཏོང་བའི་ཕྱིར། ཀ་སྦུག་ནས་ཁམས་ཁུལ་གྱི་ཡུལ་ དགོན་ཚང་མར་བྱེད་སྒོའ་ི བཀའ་རྒྱ་དང་སློབ་སྟོན་བྱེད་པར་ལྡན་མ་མཛོད་པ་བཅས་གཏོང་གནང་མཛད་རྐྱེན་ཁམས་ཁུལ་གྱི་ས་ཁུལ་སོ་སོར་གང་ལ་ གང་འཚམས་ཀྱི་ངོ་རྒོལ་བྱས་པར་བོད་གཞུང་གི་དཔུང་སྣོན་མ་འབྱོར་གོང་རྒྱ་དམག་ནས་གཏོར་བརླགས་ཆེ་ཙམ་བྱུང༌། འོན་ཀྱང་ཐེངས་དེར་བོད་ གཞུང་ནས་ཆེད་དམིགས་བགྱིས་ཏེ་རྒྱ་དམག་རྣམས་མཐར་སྐྲོད་བྱེད་པར། བཀའ་བློན་བླ་མ་བྱམས་པ་བསྟན་དར་མཆོག་ལ་མདོ་སྨད་ཞི་དྲག་སྤྱི་ འདོམས་པར་བསྐོ་གཞག་མཛད་དེ་ལས་བྱ་སེར་ཕོགས་ཁང་སྨན་སྦྱིན་བཅས་གཏོང་གནང་མདོ་སྤྱིས་དབང་བྱུས་གར་ཁྱབ་ཁོངས་སུ་རྫོང་གཞིས། ཞི་ དྲག་ལས་བྱ་སོགས་བསྐོ་འབེབས་གནང་ཆོག་པའི་དབང་ཆ་གཙང་མ་གནང་ཡོད་པ་དང༌། ཁོང་གི་འོག་ལ་དབུས་གཙང་ནས་གཞིས་རྩེ་དང༌། དིང་ རི། རྒྱལ་རྩེ་གསུམ་གྱི་གཞུང་དམག་གཏོང་གནང་མཛད། དེའི་སྟེང་ད་དུང་དཔུང་དམག་དེ་དག་གི་སྟེང་དང་བླངས་དང༌། འདོན་དམག་བཅས་ དམག་སྒར་ཁག་ལ་འགོ་འཛིན་མདའ་དཔོན་བརྒྱད་དང༌། ཁམས་ཁུལ་གྱི་ཡུལ་ལུང་ཤོ་ལྟར་ལྷོ་གསུམ་དང༌། རྨར་མཛོ་གསང་གསུམ། རི་ཆབ་དཔའ་ གསུམ་སོགས་ཀྱི་ཡུལ་དམག་གི་དམག་སྒར་ཁག་གཉིས་ལ་འགོ་འཛིན་གཉིས་བཅས་ཀྱང་གཏོང་གནང་མཛད་པ་རེད། མདོ་སྤྱི་བཀའ་བློན་བླ་མས་ ཐོག་མར་ལྷོ་རྫོང་དུ་བཞུགས་ཏེ། ཁྱུང་པོ་དཀར་ནག་སེར་གསུམ་དང༌། རོང་པོ་རྒྱལ་རབ་ཐང་སོགས་ཀྱི་ནང་ལ་ཡོད་པའི་རྒྱ་དམག་རྣམས་རིམ་བཞིན་ ཕྱིར་འདེད་བཏང་གནང་བ་རེད། སྐབས་དེར་རྒྱ་མིའི་དམག་མིའི་ལས་ཁུངས་ལྟེ་བ་ཆབ་མདོར་བྱས་ཏེ་དམག་སྤྱི་ཕིན་ཐུང་ལིང་དང༌། དེ་འོག་རི་བོ་ ཆེ་དང་ལྕགས་ཟམ་ཁ། ནང་ཆེན་སྒར། བྲག་གཡབ། ཆབ་མདོ། སྡེ་དགེ་འཇོམས་མདའ་བཅས་ལ་རྒྱ་དམག་ཁག་བསྡད་ཡོད། ཕྱོཌ་གཅིག་ནས་ཞི་བའི་ ཐབས་ལམ་ལ་བརྟེན་ཏེ་སླད་རྒྱ་བོད་གཉིས་ཀྱི་རྩོད་རྙོག་དང༌། ས་མཚམས་སོགས་དབྱེ་འབྱེད་གཙང་མ་འབྱུང་ཕྱིར་དབྱིན་ཇིའི་རྒྱ་གར་གཞུང་བར་ བཞུགས་བྱས་ནས་ཆིངས་དོན་གནང་རྒྱུའི་བརྒྱུད་བསྐུལ་གནང་བ་རེད། དེ་རྗེས་སིམ་ལར་རྒྱ་བོད་དབྱིན་གསུམ་དབང་ཚད་འདྲ་མཉམ་ཐོག་བཀའ་ མོལ་གནང་རྒྱུར་ཐུགས་གཏན་འཁེལ། རྗེས་སུ་བཀའ་མོལ་གནང་བཞིན་པའི་སྐབས་དེར་མདོ་སྤྱི་བཀའ་བློན་བླ་མ་བྱམས་པ་བསྟན་དར་མཆོག་ནས་ བཀའ་མོལ་ལ་འགལ་རྐྱེན་གྱུར་དོགས་ཀྱིས་ཆབ་མདོར་ཡོད་པའི་རྒྱ་མིའི་དམག་སྤྱི་ཕིན་ཐུང་ལིང་དང་ འབའ་ཁུལ་སྡོད་དྲིན་ཐུང་ལིང༌།དར་མདོར་ སྡོད་པ་ཅང་འུ་ལན་གསུམ་ཀར་རེ་ཞིག་ཞི་འཇམ་དགོས་རྒྱུའི་ཕྱག་བྲིས་གནང་བར། རྒྱ་དཔོན་གཞན་གྱི་ཡིག་ལན་མ་འབྱོར། འོན་ཀྱང་ཆབ་མདོའ་ི དམག་སྤྱི་ཕིན་གྱིས་ཡིག་ལན་གྱི་ཚབ་ཏུ་གཡག་གི་ལྕི་བ་བསྐུར་བ་དང༌། ཡང་ཐེངས་གཅིག ང་ཚོ་ཀོང་པོ་རྒྱ་མདའ་བར་ཡོང་རྒྱུ་ཡིན་ཚུལ་གསལ་ བས་རྒྱ་བོད་འཁྲུག་གཞིའི་རྐྱེན་སློང་དང་པོ་དེ་ནས་བྱུང༌། རྐྱེན་གཞན་དག་གཅིག་ནི། ཆབ་མདོའ་ི རྒྱ་དམག་ཁོངས་སུ། རི་བོ་ཆེར་རྒྱའི་དམག་དཔོན་ ཅང་དང་ཐཱན་ཞེས་པའི་འོག་རྒྱ་དམག་ཆིག་སྟོང་དྲུག་བརྒྱ་དང༌། མེ་སྒྱོགས་གཉིས་བཅས་ཡོད་པ། མདོ་ཤུལ་ཁུལ་དུ་བོད་དམག་གི་རྟ་དྲེལ་འཚོ་མི་ གཉིས་རྒྱ་དམག་རྩྭ་བརྔ་མཁན་གྱིས་འཇུས། ཁོང་གཉིས་འཇུས་པ་ཙམ་མ་ཟད་རི་བོ་ཆེར་བཙོན་དུ་བཅུག་པར་བརྟེན། ལྷོ་རྫོང་ནས་མདོ་སྤྱི་བཀའ་ བློན་བླ་མ་བྱམས་པ་བསྟན་དར་མཆོག་ནས། བོད་དམག་གཉིས་ལམ་སེང་གློད་བཀྲོལ་དགོས་སྐོར་རི་བོ་ཆེ་དང༌། ཆབ་མདོའ་ི རྒྱ་དཔོན་ལ་ཕྱག་བྲིས་ གནང་ཡང༌། མི་དེ་གཉིས་གློད་རྒྱུ་ཕར་བཞག་ད་དུང་དེ་གཉིས་ཆབ་མདོར་གཏོང་རྩིས་ཀྱིས་རི་བོ་ཆེ་ནས་རྒྱ་དམག་ལྔ་བཅུ་དང་བཅས་ཆབ་མདོར་ འཁྲིད་འགྲོ་སྐབས་བོད་དམག་གིས་ལམ་བསྒུགས་བརྒྱབ་སྟེ་འཕྲོག་པའི་རྐྱེན་ལས་རྙོག་གྲ་ཆེ་རུ་ཕྱིན་པ་རེད། མེ་འབྲུག་ ༡༩༡༦ ལོར་ཆབ་མདོར་རྒྱ་ དམག་ལས་ཁུངས་དཀར་མཛེས་དང་འབའ་སོགས་ནས་དམག་སྣོན་དང༌། ཕོགས་རྫས། གོ་ལག་ཁྱོན་ཆེ་འབྱོར་རྒྱུ་ཡོད་ཚུལ་མདོ་སྤྱིས་གསན་ཐོས་ བྱུང་བའི་ཁར། ཆབ་མདོ་དང༌། རི་བོ་ཆེའི་རྒྱ་དམག་འབྲེལ་བ་བྱེད་པའི་ཡི་གེ་ཞིག་མདོ་སྤྱིའི་ཕྱག་ཏུ་སོན་པའི་ནང༌། ང་ཚོར་དམག་སྣོན་ཁྱོན་ཆེ་

30


འདོན་ཐེངས་བཞི་པ། ༢༠༡༢

འབྱོར་རྒྱུ་ཡོད་པས་རིང་མིན་ཀོང་པོ་རྒྱ་མདའ་བར་འགྲོ་རྒྱུ་ཡིན་ཚུལ་གསལ་ཡོད་པ་མ་ཟད། རྨར་ཁམས། གོ་འཇོ། ས་ངན། བྲག་གཡབ་སོཌ་ཀྱི་སྡེ་ དགོན་མང་པོ་རྒྱ་མིས་བརྡབས་གསིགས་ཆེ་བས་བོད་གཞུང་ནས་ང་ཚོ་བཅིངས་བཀྲོལ་ཡོང་བ་ཞུ་ཞེས་པའི་ཡི་གེ་དང༌། གསང་བའི་མི་སྣ་མང་པོ་ འབྱོར་བར་བརྟེན་མདོ་སྤྱིས་བོད་དམག་ཚོ་ཁག་གསུམ་བྱས་ཏེ་ཁག་གཅིག་རི་བོ་ཆེ་དང༌། ལྕགས་ཟམ་ཁ་བརྒྱུད། ཆབ་མདོའ་ི བྱང་ཕྱོགས་སུ་སྡེ་དགེ་ ཕྱོགས་ནས་རྒྱ་མིའི་དམག་སྣོན་ཡོང་ལམ་གཅོད་ཐབས་དང༌། བོད་དམག་ཚོ་ཁག་གཅིག ལ་གོང་རྔན་མདའ་དང༌། སླམ་མདའ་བརྒྱུད་ཐད་ཀར་ཆབ་ མདོའ་ི ནུབ་ཕྱོགས་ནས་བསྐོར་རྒྱུ། བོད་དམག་ཚོ་ཁག་གཅིག ཚ་བ་དཔའ་ཤོད་བརྒྱུད་བྲག་གཡབ་དང༌། དེ་བཞིན་རྨར་ཁམས་ཁུལ་ཡོད་རྒྱ་དམག་ མཐར་སྐྲོད་བྱས་ཏེ་འབའ་ཕྱོགས་ནས་དམག་སྣོན་ཡོང་ལམ་བཀག་སྟེ་ཤར་ལྷོའ་ི ཕྱོགས་ནས་ཆབ་མདོར་བསྐོར་རྒྱུ་བཅས་ཀྱི་འཆར་གཞི་བྱས་ཏེ་འགོ་ དམག་རྣམས་རིམ་ཐོན་བྱས། རི་བོ་ཆེར་མདའ་དཔོན་ཕུ་ལུང་པ་དང༌། བཀྲས་མཐོང་པ་འགྱུར་མེད་རྒྱ་མཚོས་ཟླ་བ་ཁ་ཤས་ལས་མ་འགོར་བར་རྒྱ་ དམག་མཐར་སྐྲོད་བྱས་ཏེ་རྒྱའི་དམག་དཔོན་ཆེ་བ་གཉིས་དང༌། དམག་དཀྱུས་དྲུག་བརྒྱ་སྐོར་ཆབ་མདོར་བྲོས་ཤོར་ལས་དེ་བྱིངས་རྒྱ་དམག་མང་པོ་ བསད། མང་པོ་འཇུས། གོ་ལག་མང་པོ་ཐོབ་པའི་ཁོངས་འཇར་མན་ནས་བཟོས་པའི་མེ་སྒྱོགས་གཉིས་ཀྱང་ཐོབ། དེ་ནས་ལྕགས་ཟམ་ཁ་དང༌། ངོམ་ཆུ། རྫ་ཆུ་བརྒྱུད་ཆབ་མདོའ་ི ཉེ་འགྲམ་དུ་འཆར་གཞི་ལྟར། མེ་སྦྲུལ་ ༡༩༡༧ ཟླ་ ༦ པའི་ནང་འབྱོར་པ་རེད། སྐབས་དེར་མཛེ་ཟམ་ཁར་སྐད་གྲགས་ཅན་གྱི་ མདའ་དཔོན་ཕུ་ལུང་པ་དགྲ་ལག་ཏུ་ཤོར་བ་རེད། སྐབས་དེར་མདོ་སྤྱི་མཆོག་གི་བཀའ་དྲུང་རྗེས་སུ་སྲིད་ཚབ་གནང་མྱོང་བ་ཀླུ་ཁང་བ་ཚེ་དབང་རབ་ བརྟན་མཆོག་ཡིན་ལ་ཁོང་ནས་ཀྱང་མདོ་སྤྱིར་གཞོགས་འདེགས་ཆེན་པོ་ཞུས་ཡོད། སྐབས་དེར་ཞབས་གཡས་ཟམ་པ་བརྒྱུད་འགྲོ་མི་བོད་དམག་གི་ མདའ་དཔོན་བཀྲས་གླིང་པ་དང་མཚོ་སྒོ་བ་འགོ་དམག་རྣམས་རྒྱ་མིའི་དམག་མིས་གྲ་སྒྲིག་ཆེ་ཤོས་བྱས་ཡོད་ས་རྔན་མདའ་དང་སླམ་མདར་ཡུན་རིང་ པོར་འཐབ་འཛིང་བྱེད་དགོས་བྱུང་སྟེ་ག་ལེར་ཆབ་མདོའ་ི ཕྱོགས་སུ་བསྐྱོད་ཐུབ་པ་དང༌། མདོ་སྤྱིའི་ལས་ཁུངས་ཆེན་མོའ་ི བཞུགས་སྒར་ཡང་ལྷོ་རྫོང་ ནས་ཞབས་གཡས་ཟམ་པའི་ཕྱོགས་སུ་སྤོས། ཚ་བ་དཔའ་ཤོད་བརྒྱུད་མདའ་དཔོན་ཁྱུང་རམ་པ་དང་རྟ་སྣ་བ་འགོ་དམག་ཐོག ཡུལ་དམག་གི་རྒྱབ་སྐྱོར་ བྱས་ཏེ། བྲག་གཡབ་བྱམས་མདུན། ལྷ་མདུན། རྨར་ཁམས་སོགས་ལ་ཡོད་པའི་རྒྱ་དམག་རྣམས་མཐར་སྐྲོད་བཏང་བ་དང༌། འབུམ་ལར་ས་སྲུང་དམག་ མི་བཙུགས་ཏེ་འབའ་ཕྱོགས་ནས་ཆབ་མདོར་དམག་སྣོན་ཡོང་མི་རྣམས་བཀག་པ་དང༌། འཆར་གཞི་བཞིན་ཆབ་མདོའ་ིཤར་ལྷོའ་ི ཕྱོགས་སུ་རིམ་ བཞིན་འབྱོར། སྐབས་དེར་ཆབ་མདོའ་ི རྒྱ་དམག་གིས་སྡེ་དགེ་བརྒྱུད། དཀར་མཛེས་ནས་དར་རྩེ་མདོར་འབྲེལ་བ་བྱེད་པ་ལས་གཞན་ལམ་མེད་པ་ དང༌། ཆབ་མདོར་རྒྱ་དམག་བཞི་སྟོང་ཙམ་ལས་མེད། དཀར་མཛེས་ནས་སྡེ་དགེ་དགོན་ཆེན་བརྒྱུད་རྒྱའི་དམག་སྣོན་འབྱོར་ཡང༌། སྟོ་པ་ཟེར་བའི་ས་ གནས་སུ་བོད་དམག་ནས་སྟོར་ཏེ་འཇར་མན་ནས་བཟོས་པའི་མེ་སྒྱོགས་གཉིས་དང༌། རྫས་མདེལ་ཁྱོན་ཆེ་ཐོབ། དེ་རྗེས་རྒྱའི་དམག་དཔོན་ཝུའུ་ཀོན་ ཐའི་ཡི་འོག་ལ་རྒྱ་དམག་སྟོང་ཕྲག་གཅིག་ཙམ་འཁྲིད་དེ་ཆབ་མདོ་ནས་ཉིན་ལམ་གཉིས་ཀྱི་ས་སྟོ་པ་གྲུ་གུ་དགོན་དུ་འབྱོར་སྐབས། ནམ་ཕྱེད་ཙམ་ལ་ བོད་དམག་དང་མེ་མདའ་རྒྱག་རེས་ཆེན་པོ་བྱས་ཏེ་སྟོར་བ་དང༌། རྒྱ་དཔོན་ཝུའུ་ཀོན་ཐའི་སོགས་མདོ་སྤྱིའི་སར་འཁྲིད་པས་དེར་བོད་དམག་རྣམས་ ཆབ་མདོའ་ི ཕྱོཌ་བཞི་མཚམས་བརྒྱད་དུ་བསླེབས་ཡོད་ཀྱང༌། ཆབ་མདོ་དེ་བཞིན་ངོམ་ཆུ་དང༌། རྫ་ཆུ་གཉིས་ཀྱི་བར་དུ་གནས་པས་ས་བཙན་པའི་ཁར། རྒྱ་དམག་ལ་རི་གཡས་གཡོན་ཚང་མར་འཛིངས་རགས་སྲ་བརྟན་དང༌། ཁོ་པ་ཚོར་གོ་ལག་ཡག་པོ་ཡོད་པས་བོད་དམག་ཚོས་ལམ་སེང་དམག་འཐབ་ བྱ་མ་ཐུབ་པར་ལུས་མུར། དབྱིན་གཞུང་ནས་ཕྱག་རྟགས་སུ་ཕུལ་བའི་འཕྲུལ་མདའི་ཁོངས་ནས། དབྱིན་མདའ་ཁ་རིང་ངོ་གྲངས་ཉིས་སྟོང་ཐམ་པ་ མདེའུ་དང་བཅས་འབྱོར། གོ་ལག་དེ་རྣམས་དམག་ས་གལ་ཆེ་ཆུང་གི་བགོས་འགྲེམས་གནང་བ་ནས་བཟུང་བོད་དམག་གི་དམག་ཤུཌ་ལམ་སེང་རྒྱས་ ཏེ་ཆབ་མདོའ་ི རི་རྩེ་ཕན་ཚུན་ཚང་མ་དང༌། མདུན་ངོས་ཟམ་པ་གཉིས་ཀྱི་འགྲོ་ལམ་ཚང་མ་བོད་དམག་དེ་སྐབས་རི་བོ་ཆེ་དང་སྟོ་པ་གཉིས་ནས་ཐོབ་ པའི་རྒྱ་མིའི་མེ་སྒྱོགས་བཞི་ཡོད་པ་རྒྱག་འཕེན་སློབ་སྦྱོང་ལེགས་པར་བྱས་ཏེ་ཆབ་མདོའ་ི གཡས་གཡོན་ལ་བཙུཌ་ཏེ་རྒྱ་དམག་རྣམས་ལ། ད་ཆ་མགོ་ མ་བསྒུར་ན་མེ་སྒྱོགས་བརྒྱབ་སྟེ་རྩ་མེད་བཟོ་རྒྱུ་ཡིན། ཞེས་ཉེན་བརྡ་བཏང། སྐབས་དེར་རྒྱ་དམག་རྣམས་ནས་ཉིན་ཤས་རིང་མགོ་མ་བསྒུར་ཡང་ མཐའ་མ་ ༡༩༡༧ ཟླ་ ༡༠ པའི་ནང་མགོ་བསྒུར་ཞུ་རྒྱུའི་ཡི་གེར་རྒྱ་དཔོན་ཕིན་ཐུང་ལིང་གིས་ལག་རྟགས་དང༌། དམ་ཕྲུག་ཕབ་སྟེ་མགོ་བསྒུར་བ་རེད། དེ་ནས་མདོ་སྤྱིའི་སྐུ་ཚབ་མཁན་རིམ་གཉིས་དང༌། གཡས་གཡོན་དུ་ཡོད་པའི་མདའ་ཁག་རྣམས་དམག་མིའི་རུ་བཏང་སྟེ་ཆབ་མདོའ་ི ནང་འཛུལ་ ཞིང༌། ཆབ་མདོ་དགོན་པ་དང༌། མར་ཐང་གི་གྲོང་ཁྱིམ་ཚང་མ་གྱང་རོ་ལྟ་བུར་ཡོད་པ་དེ་ཚོ་ཚང་མའི་སྟེང་བོད་གཞུང་གི་དར་ཆ་བཙུགས་པ་རེད། བོད་དམག་ཚོས་རྒྱ་མིའི་ཞི་དྲག་དཔོན་རིགས་རྣམས་རེ་རེ་བཞིན་མིང་བཤེར་གནང་སྟེ། གོ་ལག་ཚང་མ་རྩིས་ལེན་གནང༌། རྒྱ་མིའི་འགོ་དཔོན་ཕིན་ ཐུང་ལིང་གིས་གཙོས་དྲག་པོའ་ི དཔོན་རིགས་བཅུ་གཅིག་དང༌། རྒྱ་དམག་ཆིག་སྟོང་བཞི་བརྒྱ་སྐོར་འཇུས་ཏེ་བཙོན་དུ་བཞག་རི་བོ་ཆེ་ཞབས་དྲུང་བླ་ བྲང་ཁོངས་མགར་བ་བླ་མ་ཞེས་པ་རྒྱ་མིའི་བྱེད་གཏེའི་གྲས་སུ་ཡོད་པ་དེ་ཡང་འཛིན་བཟུང་བྱས། རྒྱ་མིའི་ཞི་བའི་ལས་བྱེད་དང་ཚོང་རིགས་རྣམས་ ཆབ་མདོའ་ི གྲོང་བརྒལ་ཏེ་འགྲོ་མི་ཆོག་པའི་རྒྱས་བཅད་བྱས། མདོ་སྤྱི་བཀའ་བློན་བླ་མ་ངོ་ལས་ཆབ་མདོར་ཕེབས་ཏེ་མདོ་སྟོད་ཁུལ་གྱི་ས་གནས་ཀྱི་ གཞུང་ཞིག་འཛུགས་གནང་མཛད་པ་མ་ཟད། དམག་དུས་སྐབས་ཞབས་འདེགས་ཧུར་བསྐྱེད་ཞུ་མཁན་རྣམས་ལ་བྱ་དགའ་བདག་རྐྱེན་དང༌། ཕྱི་ལག་ ནང་འབྲེལ་གྱིས་དཀྲོག་རྐྱེན་བཟོ་མི་ཚོར་ཉེས་ཆད། བར་ལམ་རྒྱ་མིས་བཟུང་བའི་མངའ་ཁུལ་ཚང་མར་རྫོང་སྡོད། འགོ་གཉེར་སོགས་བསྐོ་གཞག་དང་ ཁྲལ་བསྡུ། ཁྲིམས་གནོན་སོགས་བླང་དོར་བྱེད་སྒོ་དང་དམག་ཕོགས་སུ་ཤོག་དངུལ་གཏོང་འགྲེམས་གནང་རྒྱུར་སྤྲོད་ལེན་བྱེད་དགོས་པའི་རྩ་ཚིག་ སྩལ་བ་བཅས་སོ།། །། 31


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ།

བེ་རི་འཇིགས་མེད།

ཐུགས་བསྐྱེད་རླུང་གིས་བསྐུལ་བའི་འུར་གྱིས་མི་མངོན་གནམ་གྱི་མཐོངས་ན་ལྡིང།། གནམ་གྱི་དགུ་ཚིགས་ཚལ་བར་གཤགས་ཏེ་ཟླ་བའི་གོ་ལའི་འཇིངས་ན་རྩེན།། བྱམས་བརྩེ་དཀྱིལ་འཁོར་ཟླུམ་པོའ་ི གུར་དུ་དཀར་གསལ་འོད་རིས་འཁྱིལ་བའི་ཀློང་།། གཞན་ཕན་སྤྱན་གྱི་དོན་ཡོད་ཞགས་པས་གོ་ལའི་ཁྱོན་འདི་འཆིངས་བཞིན་འགྱིང་།།

འཚེ་མེད་ཐབས་འཕྲུལ་འཐོར་རླུང་འཚུབ་མས་སྤྲིན་དང་སྨུག་པ་དབྱིངས་ནས་དབྲལ།། ཞི་བདེའི་འོད་ཀྱི་ཞུན་ཐིགས་བསིལ་མས་གོ་ལ་ཟླུམ་པོའ་ི མེ་དྲོད་བཅིལ།། འདྲ་མཉམ་གཉིས་ཕན་རླབས་ཆེན་མཛད་པས་རེ་དོགས་མུན་པའི་གྲོང་ཁྱེར་འཇོམས།། ལེགས་ཉེས་འབྱེད་པའི་ཤེས་རབ་རླབས་ལྡན་མུ་མེད་རྒྱ་མཚོ་མཁའ་ལ་འཕྱུར།།

སུ་དང་གང་གི་བསམ་པའི་ར་བར་བཙན་གྱིས་བརྫངས་ཀྱང་མི་ཤོང་བའི།། བྱམས་བརྩེ་མཁྱེན་རབ་འཇུག་པའི་ཁོ་ལག་གསེར་གྱི་ལྷུན་པོའ་ི གཏོས་ལྟར་མཐོ།། གཞན་ཕན་མཛད་བཟང་འཕྲིན་ལས་བཟང་པོ་མི་མངོན་གནམ་གྱི་མཐོངས་ལྟར་ཡངས།། བླ་ན་མེད་པའི་ཡ་མཚན་འབུམ་ལྡན་སྐྱེས་ཆེན་ཁྱོད་ཉིད་ནམ་ཡང་དྲན།། དེ་རིང་བཀྲ་ཤིས་ལྷ་ཉིན་དཀར་མོ་གོ་ལའི་ཁྱོན་ལ་འཆར་བའི་དུས།། སྨྲ་བ་ངག་ལ་སྒོ་ལྕགས་ཐེབས་པའི་གཞིས་བཞུགས་བོད་རིགས་འབུམ་ཕྲག་བརྒྱའི།། སྒོ་གསུམ་མཚོན་པའི་སྐུ་ཚབ་ཟོལ་གྱིས་ཁྱོད་ལ་བསྟོད་པའི་དབྱངས་སྙན་འདིས།། མཆོད་སྤྲིན་རྒྱ་མཚོའི་རླབས་དང་འགྲོགས་ནས་ཐུགས་ཀྱི་དགོངས་པར་སིམ་གྱུར་ཅིག། ། ༢༠༠༩།༡༢།༡༠།ཉིན་ནོར་གླིང་མཐོ་སློབ་ཁང་དུ་ཐོལ་བྱུང་དུ་བྲིས་ཤིང་གྱེར་འདོན་བྱས།

མེ་ཤོར་བ།

ཉིན་ཞིག་ཨ་མི་རི་ཀ་ནས་དཔོན་པོ་ཆེན་པོ་ཞིག་རྒྱ་གར་དུ་གཞུང་འབྲེལ་ཐོག་ཕེབས་པའི་ སྐབས། དགོང་མོ་ཞིག་རྒྱ་གར་གཞུང་གིས་ཁོང་གསོལ་ཚིགས་ལ་གདན་འདྲེན་ཞུས་ནས་ རྒྱ་གར་གྱི་ཐུན་མོང་མིན་པའི་ཞལ་ལག་ཁ་ཚ་པོ་དེ་འདྲ་མང་པོ་བཀྱགས་པ་རེད། དེའི་སང་ ཞོགས་དེར་ཨ་མི་རི་ཀའི་དཔོན་པོ་དེ་གསང་སྤྱོད་ནང་བསྐྱོད་སྐབས་(རྐུབ་ཚ་ནས་)འོ་བརྒྱལ་ ཆེན་པོ་བྱུང་བས་འཚིག་པ་ཟ་ཐག་ཆོད་དེ། ཉི ན ་གུང་གསར་འགྱུར་འདུ་ཚོ ག ས་ཤི ག ་ ཡོད་པ་དེར་ “ད་་་་གཞི་ནས་ཤེས་སོང་རྒྱ་ གར་བས་གསང་སྤྱོ ད ་ནང་ཤོ ག ་བུའི ་ ཚབ་ ལ་ཆུ་བེད་སྤྱོ ད ་གཏོ ང ་དགོ ས ་ཡག་དེ་” “གལ་ཏེ་རྒྱ་གར་དུ་གསང་སྤྱོད་ནང་ཆུ་བེད་ སྤྱོ ད ་མ་བཏང་པར་ཨ་རི ་ ནང་བཞི ན ་ཤོ ག ་ བུ་བེད་སྤྱོད་བཏང་ན་མེ་ཤོར་ཡག་ཉན་ཁ་ འདུག”ཅེས་ལབ་པ་རེད།

32

འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲང་ བའི་སྙིང་གཏམ།

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་བསླབ་བྱ།

བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།

རྒན་ལ་གཞོན་གྱིས་གྲོས་འདེབས་མི་རིགས་ཀྱང་།། གཞོན་ལ་རྒན་གྱིས་ཁ་བརྡ་འོས་པའི་ཕྱིར།། འཇིག་རྟེན་ལུགས་ཀྱི་རྗེས་འབྲང་སྙིང་གཏམ་འདི།། གཞོན་པ་རྣམས་ལ་ཕན་པའི་སེམས་ཀྱིས་འབྲི།། རང་བཞིན་བསམ་པ་དྲང་ན་བཟང་མོད་ཀྱང་།། ཧ་ཅང་དྲང་ན་དུས་ངན་མི་རྣམས་ཀྱིས།། རྩེ་རྒོད་བྱེད་རྟེན་སྤྲང་བོའ་ི སྤྲེའུ་འདྲ།། དྲང་ཚོད་རན་པར་འཛིན་པ་སྙིང་གཏམ་ཡིན།།

ཁ་མཁས་སྨྲ་ལྕེ་བདེ་ན་བཟང་མོད་ཀྱང་།། དུས་ཚོད་གནས་སྐབས་མེད་པར་ཁ་མང་ན་།། རང་གི་ནང་ཉམས་བཟང་ངན་མི་ལ་སྟོན།། བཤད་ཚོད་རན་པར་འཛིན་པ་སྙིང་གཏམ་ཡིན།། ཁ་ཉུང་ཁོག་པ་གྲིམ་ན་བཟང་མོད་ཀྱང་།། སུས་ཀྱང་མི་ཤེས་ཆུ་མགོ་ལྐུགས་པ་འདྲ།། ཐང་ལྷོད་རན་པར་འཛིན་པ་སྙིང་གཏམ་ཡིན།། དགྲ་ལ་ཞེ་སྡང་ཆེ་ན་བཟང་ཟེར་ཡང་།། རྒྱུ་མཚན་མེད་པར་ཧ་ཅང་འབར་ཆེ་ན།། ཀུན་དང་འཁོན་པ་སྒོ་ཁའི་ཁྱི་དང་འདྲ།། འབར་རྒྱུ་འཁོར་རྒྱུ་མ་མང་སྙིང་གཏམ་ཡིན།།

ཁ་འཇམ་སེམས་རྒྱུད་འཇམ་ན་བཟང་མོད་ཀྱང་།། བཟང་པོ་མི་བརྩི་ངན་པ་བྲིན་དུས་འདི།། གཉོམ་ཆུང་རྣམས་ལ་བཟང་ངན་ཀུན་གྱིས་བརྙས།། འཇམ་ས་རྩུབ་ས་མ་ནོར་སྙིང་གཏམ་ཡིན།། ནོར་ལ་འཛིན་ཆགས་ཆུང་ན་བཟང་མོད་ཀྱང་།། ནོར་མེད་སྤྲང་པོ་ཀུན་གྱིས་མཐོང་ས་མེད།། ཕྱུག་པོའ་ི ཁྱི་ཡང་གྲལ་མགོར་འཇོག་དུས་འདིར།། ནོར་རྫས་ཅུང་ཟད་བསགས་པ་སྙིང་གཏམ་ཡིན།།


སྲས་མོ་ཌ་ཡ་ན། (Princess Diana)

ར་ས་ཕོ་ཉ། དཔར་ལས་མཁས་ཅན་མང་པོས་སྲས་མོ་ཌ་ཡ་ན་ནི་འདྲ་ དཔར་གཟུགས་བྱད་ ༼འདྲ་དཔར་སོགས་ཀྱི་ནང་མཐོང་ སྣང་དོད་པོ་ཡོད་མཁན་༽ ཅན་ཞིག་ཡིན་པར་བརྗོད་ ཅིང་། མི་མང་གི་དུས་དེབ་ཀྱི་ཁ་ཤོག་སྟེང་དུ་ཡང་གཞན་ ལས་མང་བ་བཀོད་ཀྱི་ཡོད། འོན་ཀྱང་སྲས་མོ་ཁོང་ནི་བུད་ མེད་མཛེས་མའི་སྙིང་པོ་བསྡུས་པ་ཙམ་དུ་མ་ཟད་དཔེ་ཟླ་ བྲལ་བ་ཞིག་ཡིན་པ་དང་། ཁོང་མོ་ནི་མི་མང་ལ་ཞེ་དྲག་ རྒྱང་རིང་པོ་བྱེད་མཁན་མིན་པས་མི་མང་གི་ཁྲོད་ཡོངས་ གྲགས་ཆགས་ཡོད། སྲས་མོ་ཌ་ཡ་ན་ནི་༡༩༨༧ལོར་རེག་དུག་(AIDS)ནད་པ་ཚོ་དང་ལྷན་དུ་དཔར་རྒྱག་མཁན་ གྱི་སྙན་གྲགས་ཅན་གྱི་མི་ཆེན་དང་པོའ་ི ནང་ནས་གཅིག་ཡིན་པ་དང་། མི་མང་གིས་རེག་ དུག་ནད་གཞི་དེ་མི་ཕན་ཚུན་རེག་ཐུག་བྱས་པ་ལས་བགོས་ཀྱི་ཡོད་པར་ཡིད་ཆེས་བྱེད་ པའི་དུས་སུ་མོས་ལས་འགུལ་གྱིས་མི་མང་གི་བསམ་བློ་བཅོས་བསྒྱུར་བྱེད་པར་ཕན་ཐོགས་ ཆེན་པོ་བྱས་ཡོད། ས་འོག་གི་འབར་འདེལ་བེད་སྤྱད་བྱེད་པར་འཛམ་གླིང་སྤྱིའི་བཀག་སྡོམ་ ཡོང་རྒྱུའི་རེ་བ་བྱས་པ་དང་གཞན་བུད་མེད་ཚོར་དུད་འགྲོའ་ི དགེ་རྩའི་ལས་འཆར་དེ་འདྲ་ བྱུང་རྒྱུའི་རེ་བ་བྱས་པའི་མི་མང་ཁྲོད་ཀྱི་མོའ་ི ལོ་རྒྱུས་སྙིང་བསྡུས་དེ་ཚོས་གནོད་འཚེ་ཕོག་ ཡུལ་དང་ལས་འགུལ་སྤེལ་མཁན་ཚང་མར་རེ་བ་ཆེན་པོ་སྦྱིན་ཐུབ་ཡོད། མོ་རང་གློ་བུར་གྱི་ དོན་རྐྱེན་གྱིས་འདས་པའི་རྗེས་སུ་རང་སྒེར་གྱི་མིན་པའི་ས་ཆར་ས་འོག་འབར་འདེལ་བེད་ སྤྱོད་བྱེད་མི་ཆོག་པའི་ཆིངས་ཡིག་༼ཨོ་ཏ་ཝ་ཆིངས་ཡིག་Ottwa treaty༽ལ་གྲོས་ཆོད་ ཀྱི་མཚན་རྟགས་ཐོབ་ཡོད་ཅིང། ཐག་ཆོད་འདིའི་ཐད་ལ་མོའ་ི རྒྱབ་སྐྱོར་དང་ལས་འགུལ་ ཚོགས་པ་དེའི་ནང་གི་མོའ་ི བྱས་རྗེས་ཀྱི་ཤུགས་རྐྱེན་གཙང་མ་ཐེབས་ཡོད། ཁོང་མོ་ནི་༡༩༦༡།༧།༡ ཉིན་སྐུ་དྲག་གི་བརྒྱུད་པའི་ནང་འཁྲུངས་པ་དང་རང་ལོ་༢༠ ལ་ དབྱིན་ཇིའི་རྒྱལ་སྲས་ཅར་ལེ་charle དང་གཉེན་སྒྲིག་བྱས་ནས་གཞོན་ནུ་མ་ཌ་ཡ་ན་ལ་ ཉེས་མེད་ཀྱི་མཛེས་སྡུག་དང་ལྷན་དུ་འཚོ་གནས་ཀྱི་འཛམ་གླིང་ཐོབ། ལོ་བཅོ་ལྔའི་རྗེས་སུ་ མི་མང་ཡོངས་གྲགས་སུ་གཟའ་ཚང་ཁ་བྲལ་བྱས་པའི་རྗེས་ཌ་ཡ་ནས་མོའ་ི རྒྱལ་ཁང་གི་འཚོ་ བའི་ལྷག་འཕྲོ་དེ་རང་གི་ཁ་གྱོན་གྱི་དུག་ལོག་དེ་རིན་གོང་སུས་ཇེ་ཆེ་སྤྲད་པ་དེར་༼དགེ་རྩ་ ཚོགས་པའི་ཆེད་དུ་༽བཙོང་ནས་མཇུག་སྒྲིལ་བྱས་ཡོད། དེ་ནས་ཝ་ལེ་སེ་(wales)སྲས་མོ་ཙམ་གྱི་ཚུལ་དུ་ཌ་ཡ་ནས་ལས་ཁུངས་ཀྱི་བྱེད་སྒོའ་ི ཆ་ ཤས་བཟུང་ནས་སྨན་ཁང་སྒོ་ཕྱེ་བ་སོགས་བྱས་ཡོད། འདིས་ནི་མོ་རང་ལ་དགེ་རྩའི་མ་ དངུལ་བསྡུ་ཚུལ་གྱི་ཐབས་ལམ་སྣ་ཚོགས་ལ་ཐེ་གཏོགས་བྱེད་པར་ཕྱིར་འཐོན་སའི་རང་ བཞིན་གྱི་སྒོ་ལྟ་བུའི་མཐུན་རྐྱེན་བྱས་ཡོད། ནད་པ་ལ་བཅངས་པའི་མོའ་ི རང་བཞིན་གྱི་ སེམས་ཚོར་དང་གཤིས་ཀ་ནི་ཆེས་ཡིད་སྨོན་ཤོར་བ་ཞིག་ཡོད། དེ་ལྟ་ནའང་། མོའ་ི སྒེར་གྱི་མི་ཚེའི་ནང་གང་སར་འདལ་བའི་གསར་འགོད་པས་ཧམ་ འཛུལ་བྱས་ཤིང་། མི་ཚང་མས་ཁོང་མོ་ངོ་རྟགས་ཆོད་པར་སོང་མུ་འཐུད་མོ་རང་མི་མང་གི་ ཁྲོད་ཡོངས་གྲགས་སུ་གནས། མོའ་ི མི་ཚེ་གསར་པ་འགོ་བཙུགས་ནས་ལོ་ངོ་གཅིག་ཙམ་ སོང་བའི་རྗེས་༼༡༩༩༧།༨།༣༡ ཉིན་ཁོང་མོ་རང་གི་དགའ་རོགས་དང་ལྷན་དུ་མོ་ཊ་བརྡབ་ སྐྱོན་དབང་གིས་༽རྐྱེན་འདས་སུ་ཕྱིན། ཡིན་ནའང་ཁོང་མོ་ནི་མུ་འཐུད་དྲན་པར་འོས་པའི་ གཞོན་ནུ་མ་དང་མཛེས་སྡུག་ཅན་གྱི་སྲས་མོའམ། སྙིང་དབུས་ཀྱི་རྒྱལ་མོ་ལྟ་བུ་ཡིན་ནོ།།

འདོན་ཐེངས་བཞི་པ། ༢༠༡༢

བྲེ་སྲང་གཡོ་སྒྱུ་མནའ་ལ་མི་འཛེམ་པའི།། ཁེ་ཚོང་ངན་པས་རྒྱལ་ཁམས་མི་ཁ་བརླགས།། ཁེ་ཆེ་མངོན་ཆུང་སྡིག་པའི་ལས་ལ་འཛེམ།། ཟས་ནོར་གསོག་ཚུལ་ཤེས་པ་སྙིང་གཏམ་ཡིན།།

གསོག་རིམ་ཕྲ་ཞིབ་མཛངས་ན་བཟང་མོད་ཀྱང་།། ཧ་ཅང་སེར་སྣ་ཆེ་ན་འཁོར་མཁན་མེད།། རང་ལ་མི་ཕན་ཡི་དྭགས་གཏེར་སྲུང་འདྲ།། གསོག་ཚོད་གཏོང་ཚོད་ཟིན་པ་སྙིང་གཏམ་ཡིན།། ཟླ་གྲོགས་མཛའ་མཐུན་མང་ན་བཟང་མོད་ཀྱང་།། གྲོགས་པོ་ངན་པས་རང་ཉིད་ཐུར་དུ་འཁྲིད།། ཐ་མ་རང་གཞན་གཉིས་ཀ་ཆུ་ལ་བསྐུར།། འགྲོགས་ས་མཐུན་ས་མ་ནོར་སྙིང་གཏམ་ཡིན།།

དགའ་སྡུག་མེད་པའི་སེམས་ཅན་དཀོན་ན་ཡང་།། ཧ་ཅང་དགའ་སྡུག་འགྱུར་ལྡོག་མང་བ་སྟེ།། ཀུན་ལ་རྩིས་མེད་སྤུན་དུ་འགྲོག་མཁན་མེད།། གྲོགས་ལ་ཕྱི་ཐག་མ་ཐུང་སྙིང་གཏམ་ཡིན།། རང་ལ་བློ་གཏད་གྲོགས་དང་ཉེ་དུ་ལ།། ལྐོག་ན་ཤ་ཚ་མེད་པ་ཁྱི་དང་འདྲ།། སྙིང་ནས་བློ་གཏད་བསླུས་ན་ཁྲེལ་མེད་ཡིན།། ཁྲེལ་དང་བློ་གཏད་ཐུབ་པ་སྙིང་གཏམ་ཡིན།།

མངོན་སུམ་ཐུག་ན་ངོ་བསྟོད་མཐུན་འགྱུར་བྱེད།། སོང་བའི་རྗེས་ནས་སྐྱོན་མཚང་ཡོད་ཚད་སྒྲོག། ཁ་གཅིག་ནང་ནས་ལྕེ་གཉིས་སྦྲུལ་དང་འདྲ།། མངོན་གཏམ་ལྐོག་གཏམ་མ་མང་སྙིང་གཏམ་ཡིན།། ཡ་ཡ་གོ་གོ་ཐམས་ཅད་ངོ་འཛིན་ཡིན།།། ལྐོག་ཏུ་སོང་ན་དེ་ལྟར་ཡིན་པ་དཀོན།། རེད་རེད་ཡིན་ཡིན་མང་པོས་ཤོད་ལ་འཕེན།། ཟེར་ཚད་བདེན་པར་མ་འཛིན་སྙིང་གཏམ་ཡིན།། དྲན་རྒྱ་ཆེ་ན་བྱ་བ་མང་དུ་འགྲོ།། བྱ་བ་མང་ན་ཕལ་ཆེར་མཐར་མི་ཕྱིན།། མཐར་མ་ཕྱིན་ན་རང་གནོད་གཞན་གྱིས་འཕྱ།། དྲན་རྒྱུ་བྱེད་རྒྱུ་མ་མང་སྙིང་གཏམ་ཡིན།། 33


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

འབུ་ཕྲའི་སྡུག་སྐད།

ཀུན་གྱིས་བཀུར་དུས་རང་ཚོད་རང་གིས་ཟུངས།། ཆུང་ཚེ་རིང་། ཀུན་གྱིས་བརྙས་དུས་རང་དཔའ་རང་གིས་ཟུངས།། རང་མགོ་རང་གིས་འདོན་པ་སྙིང་གཏམ་ཡིན།། ༄༅།། དོ་དགོང་འབུ་ཕྲའི་(Bacteria)མེས་མོས། འབུ་ཕྲ་རྣམས་རླུང་རྟ་དར་སྐབས་ཀྱི་དུས་ དེ་རྣམས་འཇིག་རྟེན་ཁོ་ནའི་དབང་དུ་བཏང་།། སྐབས་ཏེ། ཟས་རིགས་ཀྱི་ནང་དུ་གང་འདོད་འཁྱམས་མྱུལ་བྱེད་ཐུབ་པའི་དུས་སྐབས་ནས་འགོ་ ཆོས་ཀྱི་ཁ་བརྡ་དགོས་ན་རིམ་གྱིས་བཤད།། བརྩམས་ཏེ། འབུ་ཕྲའི་ཁྱིམ་ཚང་གི་དར་རྒུད་ལོ་རྒྱུས་བཤད་རྒྱུའི་ཁས་ལེན་བྱས་ཡོད་སྟབས། རྟ་ བཤད་པའི་གཏམ་ལ་ཉན་དང་མི་ཉན་ཡང་།། གསར་རྒྱུག་འདོད་དང༌། ཕོ་གསར་ངར་འདོད་ཀྱི་དཔེ་ལྟ་བུའི་འབུ་ཕྲ་གཟུགས་དབྱིབས་མི་ ཕན་པའི་སེམས་ཀྱིས་བྲིས་པ་མངྒ་ལ།། འདྲ་བ་རྣམས་རང་རང་ལ་སྡོད་ས་ལེགས་པ་ཞིག་ཐོབ་ཆེད་ཚང་ག་ཤིག་ཤིག་ངང་སྡོད་སར་ ཧབ་ཐོབ་རྒྱག་བཞིན་འདུག

འབུ་ཕྲའི་མེས་མོས་སྐད་ཆ་མ་བཤད་གོང་ཐོག་ མར་འབུ་ཕྲ་གཞོ ན ་ནུ་ཚོ ར ་ཁུ་སི མ ་མེ ར ་སྡོ ད ་ དགོས་པའི་བརྡ་ཞིག་སྤྲད་པ་དང༌། དེ་ནས་མོས། མོ་རང་གི་རིགས་རྒྱུད་ཡིན་པའི་འབུ་ཕྲ་རྣམས་ འབུ་ཕྲ་གཞན་དང་མི་འདྲ་བའི་ཁྱད་ཆོས་ནན་ བཤད་བྱས། མོས་བཤད་དོན་ “ངའི་གཅེས་པའི་ གཞོན་ནུ་ཚོ། ང་ཚོ་ནི་འབུ་ཕྲ་གཞན་ཚོ་དང་མི་ འདྲ་བར་མིའི་རིགས་ལ་གནོད་ཚབ་ཆེན་པོ་བྱེད་ཐུབ་ཀྱི་ཡོད་པས། ང་ཚོ་ནི་དམིགས་བསལ་ ཡིན། ང་ཚོས་ཟས་རིགས་ཀྱི་ནང་དུ་གྲམ་ནས་མི་ཚོར་ནད་གཞི་བཟོ་ཐུབ་ཀྱི་ཡོད་ལ། དེ་ལྟར་ བྱེད་པར་ང་ཚོ་དགའ་པོ་ཡང་ཡོད”ཅེས་བཤད། འབུ་ཕྲའི་རྨོ་མོས་དེ་ལྟར་བརྗོད་སྐབས། ལོ་ ན་རྒན་པའི་དབང་གིས་མིད་པའི་སྦུག་ནས་ཆོབ་སྒྲ་དང༌ཚེར་སྒྲ་ཐོན་གྱི་ཡོད་ཀྱང༌། མོས་སྐད་ ཤུགས་སྔར་བས་ཆེ་རུ་བཏང་ནས་མུ་མཐུད་བཤད་པར་“ཁྱེད་ཚོས་རང་གི་ལོ་རྒྱུས་ངེས་པར་ ཤེས་པ་བྱས་ཏེ། སྤོབས་པ་བྱེད་དགོས། མ་འོངས་པའི་ང་ཚོའི་རིགས་རྒྱུད་ནི་ཁྱེད་ཚོའི་ལག་ཏུ་ ཡོད་”ཅེས་བཤད། འ བུ ་ ཕྲ འི ་ མེ ས ་ མོ ས ་ལོ ་ རྒྱུས་ཀྱི ་ འགོ ་ འཛུགས་ས་དེ ་ མི ་ ཚོ ས ་ འ བུ ་ ཕྲ འི ་ ནུས་པ་ཐོག་མར་ཤེས་རྟོགས་བྱུང་བ་ནས་ འ གོ ་ བ རྩ མ ས ་ ཏེ ་ བཤད་པར་“ངས་གནས་ཚུལ་དེ ་ ཐོ ག ་ མ ར ་ གོ ་ བ འི ་ དུས་སྐབས་དེ། དུས་ནམ་ཡང་བརྗེད་པ་ མི་འདུག ང་ཚོར་སྲིད་པ་ཆགས་པ་ནས་མི་རིགས་ལ་ཉེན་ཚབས་སྣ་ཚོགས་བཟོས་པའི་གཟི་ བརྗིད་ཀྱི་ཟིན་ཐོ་ཡོད་ཀྱང༌། ཕ་རན་སིའི་ཚན་རིག་པ་ ལུའི་སེ་ ཕཱ་སེ་ཊོར་(Louis Pasteur) ཞེས་པ་དེས་ང་ཚོའི་གཟི་བརྗིད་ཀྱི་ལོ་རྒྱུས་དེ་མུ་མཐུད་འབྲི་རྒྱུར་འགོག་རྐྱེན་བཟོས་པ་རེད། ཁོས་ང་ཚོར་“མངོན་མེད་ཕྲ་ཕུང་འདི་ཚོས། ན་ཚ་དང་འཆི་རྐྱེན་བཟོ་གི་ཡོད་”ཅེས་བཤད། དེ་ ནས་བཟུང་ང་ཚོར་ངོ་དགའ་སྤྲེལ་ལད་བྱེད་མཁན་མ་བྱུང༌། ཁོས་བཤད་པ་དེར། ང་ཚོས་སྣང་བ་གང་ཡང་མ་བཏང་བར། སྔར་བས་ལྷག་པའི་སྒོ་ནས་ཟས་ རིགས་རུལ་པ་བཟོས་པ་དང༌། ནད་རིགས་འགྲེམས་སྤེལ་བྱས། ཡིན་ནའང༌། ལྟས་ངན་ཕཱ་སེ་ ཊོར་གྱིས་ང་ཚོར་མགོ་བསྐོར་བཏང་སྟེ། ང་ཚོ་སྟངས་འཛིན་བྱེད་སྟངས་ཀྱི་འཆར་གཞི་བཟོས་ པ་རེད།” ཅེས་བཤད། བཤད་མཚམས་འདིར་སླེབས་སྐབས་འབུ་ཕྲ་གཞོན་ནུ་ཚོས། མེས་མོས་

34

ཆོས་ཟབ་མོ་སྟོན་པའི་བླ་མ་དང་།། ལུས་བསྐྱེད་པའི་དྲིན་ཆེན་ཕ་མ་དང་།། དྲིན་ཆེ་བའི་ཨ་ཁུ་ཆོས་རྒན་རྣམས།། གང་བཀུར་བའི་མི་ལ་བསོད་ནམས་སྐྱེ།། ཕ་ཨ་ཁུའི་ཐད་ན་ལྕགས་དང་འདྲ།། དགྲ་ནག་པོའ་ི ཐད་ན་རྩྭ་དང་འདྲ།། མི་དེ་འདྲ་ཕྱི་ནང་གོ་ནོར་ཡིན།། དགྲ་སྤུན་དང་མ་ནོར་གྲོགས་པོ་ཚོ།།

སྐད་བཏང་ན་མི་བཤད་དགུ་ཀྱང་ནོར།། གསང་དགོས་པའི་གསང་གཏམ་མི་ལ་བཤད།། གང་གོ་གོ་ཐམས་ཅད་རླུང་ལྟར་སྒྲོག། གཏམ་སྒྲོག་རྒྱུ་མ་མང་གྲོགས་པོ་ཚོ།། ལོ་ན་ནིང་སྙིང་དང་འདྲ་བའི་གྲོགས།། དུས་ད་ལོ་དགྲ་ནག་དྭངས་མར་སོང་།། བཟང་གང་བྱས་ཐམས་ཅད་གྱོང་ལ་བཏང་།། བློ་འགྱུར་ལྡོག་མ་མང་གྲོགས་པོ་ཚོ།། ཁ་མཛེས་མཛེས་བཤད་པ་འོ་མ་འདྲ།། ཁོག་བསམ་པ་ནག་པོ་དུག་དང་འདྲ།། མི་དེ་འདྲ་དུང་གི་སྣུག་བུམ་འདྲ།། བློ་གཏད་ན་མི་རུང་གྲོགས་པོ་ཚོ།།

ལུས་མི་རྟག་སྟོན་ཁའི་མེ་ཏོག་འདྲ།། སྲོག་མི་རྟག་ནམ་མཁའི་གློག་དང་འདྲ།། གྲོགས་མི་རྟག་ཚོང་འདུས་མགྲོན་པོ་འདྲ།། ཚེ་ཕྱི་མ་སོམས་དང་གྲོགས་པོ་ཚོ།།


ཚན་རིག་པ་ཕཱ་སེ་ཊོར་ལ་ཟ་བའི་ཁོང་ཁྲོའ་ི མེ་ལྕེ་དེ། ད་དུང་ཡང་འབར་བཞིན་ཡོད་པ་མཐོང༌།

དེའི་སྐབས་སུ་བཀྲབ་ལག་ཅེས་པའི་འབུ་ཕྲ་གཞོན་ནུ་གྱོང་ པོ་ཞིག་ཡོད་པ་དེས་མེས་མོར་ཕྱོགས་ནས་“ཁོས་གང་འདྲ་ བྱས་ནས་ཁྱེད་ལ་མགོ་བསྐོར་བཏང་བ་དེ། ང་ཚོར་གསལ་པོ་ གསུང་རོགས་”ཞེས་ཞུས།

དེ་ལ་འབུ་ཕྲའི་མེས་མོས་“བུ་བཀྲབ་ལག། ངས་ལོས་བརྗོད། དེ་ནི་དངོས་གནས་ང་ཚོའི་བློ་ལ་ མི་འགྲོ་བ་ཞིག་རེད། ཕྱི་ལོ་ ༡༨༦༠ ལོར་ལྟས་ངན་ ཕཱ་སེ་ཊོར་གྱིས་ང་ཚོའི་ཁྱིམ་གཞི་སྟེ་འོ་མ་ དང༌། ཕྱུར་བ། དེ་མིན་གྱིས་ཟས་རིགས་བཅས་དུས་ཚོད་ངེས་གཏན་ཞིག་གི་ནང་ཚ་པོ་བཟོས་ ན། ང་ཚོ་ནུས་མེད་དུ་གཏོང་ཐུབ་པའི་ཐབས་ལམ་ཤེས་རྟོགས་བྱུང་བ་རེད། ཧིན་ གདུག་རྩུབ་ ཅན་གྱི་མི་གཞན་ཚོས་ཀྱང་ཐབས་ལམ་དེ་ནི་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་བ་མ་ཟད། ཁོང་ ཚོས་ཐ་ན་ཟས་དུག་སེལ་ཐབས་ཀྱི་བརྒྱུད་རིམ་དེའི་མིང་ལའང་ཕཱ་་་་ཕཱ་་་་ཕཱ་་་ ཕཱ་སེ་ཆོར་རི་ཛེ་ ཤོན་(pasteurization)ཞེས་ཁྱིས་བཟའ་རྒྱུ་ཁོའ་ི མིང་དང་འབྲེལ་ནས་བཏགས་ཡོད་” འབུ་ ཕྲའི་མེས་མོས་བཤད་བཞིན་བཤད་བཞིན་ཁོང་ཁྲོ་ཆེན་པོ་ལངས་པའི་དབང་གིས་ཁ་ནས་མུ་ མཐུད་ཚིག་ཀྱང་ཐོན་དཀའ་བར་གྱུར།

དེ་ལྟར་བཤད་མཚམས་ཆད་ནས་དུས་ཡུན་རིང་ ཙམ་སོང་རྗེས། མེས་མོའ་ི ཁོང་ཁྲོ་ཅུང་ཞི་ནས་མུ་ མཐུད་བཤད་པར་ “དེ་ང་ཚོའི་བར་ཆད་ཅིག་ ཡིན་ཀྱང༌། བར་ཆད་དེ་ནི་ང་ཚོ་ཉམས་རྒུད་དུ་འགྲོ་འགོ་ཚུགས་པ་ཙམ་རེད། ལྟས་ངན། ཕཱ་ སེ་ཊོར་གྱིས་འབུ་ཕྲས་ནད་གཞིའི་རྐྱེན་རྩ་བྱེད་ཀྱི་ཡོད་པའི་སྐོར་གསལ་བསྒྲགས་བྱས་པ་ནས་ བཟུང་ཚན་རིག་པ་གཞན་ཚོས་ཀྱང་ང་ཚོར་འཐབ་རྩོད་བྱེད་རྒྱུའི་ཐབས་ལམ་གང་ཡག་ཅིག་ འཚོལ་ཐབས་བྱས་པ་རེད། ཕྱི་ལོ་ ༡༨༨༥ ལོར་ནིའུ་ཡོག་གི་སྨན་པ་མིང་ལ་ ཧར་ཝའི་ ཐ་ཆར་ (Hervey Thatcher)ཞེས་པ་དེས་ཤེལ་དེམ་ཞིག་གསར་བཟོའ་ི ཁེ་དབང་སྒེར་བདག་གི་ དབང་ཆ་ཁྲིམས་ཐོག་ནས་ཞུས་ཏེ་བཟོས་པ་རེད། ཤེལ་དེམ་དེའི་ནང་ང་ཚོས་དགའ་པོ་བྱེད་ པའི་འོ་མ་གྲང་མོ་བླུགས་ཡོད་ཀྱང༌། དེའི་ཁ་བཙན་པོར་བསྡམས་ཡོད་སྟབས་ང་ཚོ་དེའི་ནང་ འཛུལ་ཐབས་མེད་པས། དེའི་ནང་མི་ཚོས་འོ་མ་གསོས་པར་དུས་ཡུན་རིང་པོ་ཉར་ཐུབ་ཀྱི་ཡོད། དེ་ནི་ང་ཚོ་ཉམས་རྒུད་ཀྱི་གཡང་སར་ལྷུང་བའི་དུས་ངན་ཞིག་ཡིན། ཡིན་ནའང༌། དུས་ཚོད་དེ་ཡང་ང་ཚོའི་སྐྱིད་སྡུག་ཆེས་སྡུག་ཤོས་སུ་སླེབས་པའི་དུས་ཚོད་མིན། དེ་ལས་ཀྱང་དུས་ངན་མང་པོ་ཞིག་ང་ཚོར་བར་མཚམས་མ་ཆད་པར་བྱུང་ཡོད། ཕྱི་ལོ་ ༡༩༢༠ ལོར་ཡང་ཨ་རིའི་མི་གཞན་པ་ཞིག་སྟེ། མིང་ལ་ ཁེ་ལཱ་རན་སི་ བྷར་ཌི་སེ་ཡེ་(Clarence Birdseye)ཞེས་པ་དེར་ང་ཚོ་འཁྱགས་ཤིར་གཏོང་རྒྱུའི་ཐབས་ལམ་བརྙེད་པ་རེད།” བཤད་མཚམས་འདིར་སླེབས་སྐབས་འབུ་ཕྲ་གཞོན་ནུ་རྣམས་དངངས་ནས་མདར་ཞིང༌། དེའི་ ཁྲོད་ནས་འབུ་ཕྲའི་ཚ་བོ་ཆུང་ངུ་ཞིག་གིས་མེས་མོར་ཕྱོགས་ཏེ་“ཁོས་ང་ཚོ་གྲང་ངར་གྱི་ཁྲོད་དུ་ འཚོ་གནས་བྱེད་མི་ཐུབ་པའི་གནས་ལུགས་དེ། གང་འདྲ་བྱས་ནས་ཤེས་པ་རེད་དམ་”ཞེས་དྲིས། མེས་མོས་ལན་བཏབས་པར་“གནས་ལུགས་དེ་ནི་ཁོ་

ཁེ་ཎ་ཌའི་ལབ་ར་ཌོར་

ཞེས་པའི་ས་

འདོན་ཐེངས་བཞི་པ། ༢༠༡༢

མི་ལ་ལ་སྐྱི་བསེར་རླུང་དང་འདྲ།། བཟུང་ན་མི་ཟིན་བར་སྣང་འགྲིམ།། མི་ལ་ལ་མཆོག་དཀར་གཞུང་དང་འདྲ།། བཀུག་ན་མི་ཁུག་འཁྱོག་ཅིང་གཅུ།། མི་ལ་ལ་འདྲ་མོ་མདའ་དང་འདྲ།། གང་འཕངས་སར་ཐག་ཐོགས་མེད་པར་འགྲོ།། མི་ལ་ལ་ནམ་མཁའི་བྱ་དང་འདྲ།། དོང་ལ་འཕངས་ཀྱང་གནམ་དུ་བལྟ།། མི་ལ་ལ་ངན་པ་ཁྱི་དང་འདྲ།། ལ་ཁར་བྱུང་ཡང་ཐུར་དུ་བལྟ།། མི་ལ་ལ་དབྱི་མོང་ཤིང་དང་འདྲ།། མཐོན་པོ་བརྟེན་ནས་ཡར་ཡར་སྐྱེ།། མི་ལ་ལ་མར་འགྲོ་ཆུ་དང་འདྲ།། སྣ་བསྐྱིལ་ན་མི་སྡོད་ཐུར་དུ་རྒྱུགས།། མི་ལ་ལ་གླེན་པ་གླང་དང་འདྲ།། བཤད་ན་མི་ཕན་རྡུང་ན་ཕན།། མི་ལ་ལ་མཁར་རྔ་ཆག་པོ་འདྲ།། སྒྲ་སྐད་ངན་པ་སྣ་ཚོགས་འབྱིན།།

མི་ལ་ལ་ཇ་ཚག་ཧྲུལ་པོ་འདྲ།། གསང་གཏམ་ཐམས་ཅད་ཙ་ར་ར།། མི་ལ་ལ་སྡོང་ཁའི་དར་ལྕོག་འདྲ།། ཁ་ཡར་ལ་འཁོར་ལ་མར་ལ་འཁོར།།

དབྱར་དུས་ཆུ་འཛིན་འབྲུག་སྒྲ།། ཆར་རྒྱུན་གློག་དམར་འཁྱུག་པ།། རྟེན་འབྲེལ་དབང་གིས་འཛོམས་ཀྱང་།། མྱུར་དུ་འགྱུར་བས་སྐྱོ་བ།། ལྗོན་ཤིང་འདི་དག་ཀུན་ཀྱང་།། གཡུ་ལོ་མཛེས་པས་བརྒྱན་ཡང་།། ནམ་ཞིག་ལོ་འབྲས་བྲས་ནས།། སྐྱ་བོར་འགྱུར་བས་སྐྱོ་བ།། ནེའུ་གསིང་ཀུན་ཀྱང་ནེ་ཙོའི།། གཤོག་པ་ཇི་བཞིན་ལྗང་བ།།

35


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

གནས་དེར་ཚོང་འགྲུལ་ལ་བསྐྱོད་སྐབས། ཁོས་ཉ་ཤ་རྣམས་དྲོད་ཚད་ཨང་གྲངས་ཀླད་གོར་ འོག་ཏུ་འཁྱགས་པ་བཟོས་ན། འཁྱགས་ཤར་འགྱུར་མྱུར་བ་མ་ཟད། འཁྱགས་པ་བཞུར་རྗེས་ སུའང༌། ཉ་ཤའི་བྲོ་བ་དེ་སྔར་བཞིན་ཡག་པོར་གནས་ཀྱི་ཡོད་པ་དོ་སྣང་བྱུང༌། དེར་བརྟེན་ ཁོས་ང་ཚོར་ཉ་ཤ་རུལ་དུ་འཇུག་པའི་གོ་སྐབས་ཏིལ་འབྲུ་ཙམ་ཡང་མི་སྤྲོད་པ་དང༌། གང་མྱུར་ འཁྱགས་ཤར་གཏོང་ཐུབ་ལ་བྲོ་བ་དང་ཁ་དོག་ཉམས་པ་མེད་པའི་ངང་ཉར་ཚགས་བྱེད་ཐབས་ ཚོད་ལྟ་བྱས་ནས་ཤེས་པ་རེད།” བཤད་མཚམས་འདིར་སླེབས་དུས་མེས་མོ་སེམས་སྡུག་གིས་མིག་ཆུ་ཤོར་ནའང༌། མུ་མཐུད་ དེ་“དུས་ཚོད་སྡུག་ཤོས་ནི། མིའི་རིགས་ཀྱིས་རྒྱུན་མ་ཆད་པར་ང་ཚོ་གཏན་འགོག་བྱེད་པའི་ ཐབས་ལམ་གང་ལེགས་ལེགས་ཤིག་འཚོལ་བ་དེ་ཡིན་ཞིང༌། འདི་འདྲའི་དུས་སྐབས་སུ་ང་ ཚོས་ག་རེ་བྱེད་དགོས་སམ། ད་དུང་བློ་ཁོག་ཆེན་པོ་ཡོད་མདོག་བྱེད་རྒྱུ་ཙམ་ཡིན་ནམ་”ཞེས་ བཤད།

འབུ་ཕྲ་གཞོན་ནུ་ཚོས་མེས་མོའ་ི ཉེ་སར་བཅར་ཏེ་མོའ་ི མིག་ཆུའི་རྡོག་པོ་ཆུང་ཆུང་དག་འཕྱིད། ཡིན་ནའང༌། ཁོང་ཚོ་ཚང་མའི་སེམས་ནང་ཞེད་སྣང་གིས་ཁེང་ཡོད་ཅིང༌། གཅིག་བྱས་ན། ཁོང་ཚོར་ཟས་རིགས་རུལ་དུ་འཇུག་པ་དང༌། ནད་རིགས་འགྲེམས་པའི་གོ་སྐབས་དུས་ནམ་ ཡང་ཐོབ་མི་སྲིད་པ་རེད། གལ་ཏེ་དེ་འདྲ་བྱུང་ན། རང་ཅག་གི་མི་ཚེ་འདི་ཅི་འདྲ་ཞིག་ཏུ་ འགྱུར་ཡོང་ངམ།།

དགེ་རྒན་དང་དགེ་ཕྲུག དགོན་པ་ཞིག་ལ་དགེ་རྒན་རེ་ལ་དགེ་ཕྲུག་ཤིན་ཏུ་མང་པོ་ཉར་བའི་སྲོལ་ཞིག་ཡོད་པ་ མ་ཟད། རྟག་ཏུ་དགེ་ཕྲུག་གིས་མགོ་སློག་རྩེས་ན་དགེ་རྒན་ལ་ཚོགས་གཏམ་བཏང་བའི་ ལུགས་སྲོལ་ཞིག་ཀྱང་ཡོད། ཐེངས་ཞིག་གྲྭ་གཞོན་བཀྲ་ཤིས་ཀྱིས་གྲོང་ཁྱེར་དུ་གློག་ བརྙན་བལྟ་སར་ཕྱིན་པ་དགེ་བསྐོས་ལགས་ཀྱིས་མཁྱེན་ནས། སང་ཞོགས་དེར་ཚོགས་ དབུས་སུ་བཀྲ་ཤིས་ཆེད་མངགས་ཡར་བསླངས་ནས་ཚོགས་གཏམ་བཏང་ཞོར་། བཀྲ་ ཤིས་ཀྱི་དགེ་རྒན་ལ་ཚོགས་གཏམ་མེ་འབར་བ་དེ་འདྲ་བཏང་རྗེས། ད་དུང་མ་འཚིམ་ པར་བཀྲ་ཤིས་ལ། “ མ་གཞི་་་ཁྱོད་ཀྱི་དགེ་རྒན་སུ་རེད་དམ། ཤོད་ཅིག” ཅེས་ནན་གྱིས་ དྲིས་པས། གང་མཚམས་ནས་བཀྲ་ཤིས་བཟོད་ཐབས་བྲལ་དེ། “དགེ་བསྐོས་ལགས། ངའི་དགེ་རྒན་་་་རྒན་ཁྱེད་རང་རེད།”ལབ་པས། གྲྭ་མང་ཚང་མ་གད་ མོ་ཤོར་བ་རེད།

36

ནམ་ཞིག་སེར་པོར་གྱུར་ནས།། ཡིད་མི་འོང་པས་སྐྱོ་བ།།

མེ་ཏོག་འཛུམ་པའི་ན་ཆུང་།། བུང་བའི་ལྡིང་སྐོར་གཡོ་ཡང་།། ནམ་ཞིག་བ་མོས་བཅོམ་ནས།། ཐལ་བར་འགྱུར་བས་སྐྱོ་བ།། ཁུ་བྱུག་ངག་སྙན་དེ་ཡང་།། ད་ལྟ་ལྷང་ལྷང་སྒྲོག་ཀྱང་།། མྱུར་དུ་ཡུལ་གཞན་འགྲོ་བའི།། ངང་ཚུལ་བསམ་ནས་སྐྱོ་བ།།

ད་ལྟ་བདེ་སྐྱིད་གཉེན་གསུམ།། ལས་ཀྱིས་གཅིག་ཏུ་འཛོམས་ཀྱང་།། མྱུར་དུ་སོ་སོར་བྲལ་བའི།། ངང་ཚུལ་བསམ་གྱིན་སྐྱོ་བ།། ཚེ་ནི་ནམ་མཁའི་གློག་འདྲ།། ལང་ཚོ་མེ་ཏོག་དང་མཚུངས།། ད་ལྟ་བརྟན་བརྟན་འདྲ་ཡང་།། མྱུར་དུ་འཇིག་པས་སྐྱོ་བ། ། དེས་ན་སྒེག་པའི་རྡོ་རྗེ།། དབེན་པའི་རི་ལ་སོང་ནས།། ཕྱི་མར་འགྲོ་བའི་རྒྱགས་ཕྱེ། ། སྒྲུབ་པའི་སྙིང་པོར་བྱོས་ཤིག། །


རྒྱ་གར་གྲོས་ཚོགས།

འདོན་ཐེངས་བཞི་པ། ༢༠༡༢

བསྟན་འཛིན་དཔལ་མཆོག་གིས་ཧིན་ཡིག་ལས་སྒྱུར་སྒྲིག་བྱས།

རྒྱ་གར་གྲོས་ཚོགས་ནི་རྒྱ་གར་མང་གཙོའི་རྒྱལ་ཁབ་ཀྱི་ཁྲིམས་ བཟོ འ་ི འགན་དབང་ལྡན་པའི ་ ལྷན་ཚོ ག ས་ཉག་གཅི ག ་པུ་དེ ་ ཡི ན ། འདིའི་ཁོངས་སུ་སྲིད་འཛིན་མཆོག་དང་། དེ་བཞིན་མི་མང་ཚོགས་ འདུ་ { ལཱོཀ་སབྷཱ་ } དང་རྒྱལ་སྲིད་ཚོགས་འདུ་ { རཱཇྱ་སབྷཱ་ } བཅས་ཡོད། སྲིད་འཛིན་མཆོག་ཀྱང་གྲོས་ཚོགས་ཀྱི་ཁ་བྲལ་དུ་མེད་པའི་ཆ་ཤས་སུ་ འཇོག་པ་ནི་ཁྲིམས་བཟོ་དང་འཛིན་སྐྱོང་གི་འབྲེལ་བ་ལེགས་པོར་ཡུན་གནས་སླད་དུ་ཡིན། མི་མང་ཚོགས་འདུ། མི་མང་ཚོགས་འདུ་ནི་མི་མང་དང་ཐད་ཀར་འབྲེལ་བའི་ལྷན་ཚོགས་ཤིག་རེད། དེ་ནི་མི་མང་འཐུས་ཚོགས་དངོས་གནས་དེ་ཡིན་ལ། སྲིད་ དོན་ཚོགས་པ་གང་གིས་གཞུང་གཟུང་མིན་ཡང་འདིའི་གྲངས་འབོར་གྱིས་ཐག་ཆོད་པས་དེ་ཉིད་གལ་ཆེ་བར་འདོད་ལ། ལྷག་པར་དཔལ་འབྱོར་གྱི་ ཁྲིམས་གཞིའི་ཐད་ཚོགས་འདུ་འདི་གཙོ་ཆེ་ཤོས་ཡིན། འདིའི་ཚོགས་མིའི་གྲངས་ཚད་མཐོ་ཤོས་ ༥༥༢ བར་འཕར་སྲིད་ལ། ད་ལྟ་ནི་ཚོགས་མི་གྲངས་ ༥༤༣ ཙམ་མཆིས། རང་ལོ་ ༡༨ ཡན་གྱི་རྒྱ་གར་གྱི་ཡུལ་མི་སུ་ཞིག་ཡིན་རུང་མི་མང་ཚོགས་འདུའི་འོས་འཕེན་གྱི་ཐོབ་ཐང་ཡོད། མི་མང་ཚོགས་འདུའི་ ཚོགས་མིའི་འོས་ཆོས་ནི། ༡༽ རྒྱ་གར་གྱི་ཡུལ་མི་ཡིན་པ། ༢༽ རང་ལོ་༢༥ ཧྲིལ་པོ་ལོན་པ། ༣༽ གཞུང་ཁོངས་ཁེ་ཡོད་ལས་གནས་འཛིན་བཞིན་པ་མིན་པ། ༤༽ ཁྲིམས་ཁང་ནས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མིན་པ་བཅས་དགོས། སྤྱིར་སྟངས་མི་མང་ཚོགས་འདུའི་ལས་ཡུན་ལོ་ ༥ ཡིན། འོན་ཀྱང་སྲིད་བློན་གྱི་བཀའ་གྲོས་ཀྱི་གཞི་ལ་བརྟེན་ནས་སྲིད་འཛིན་མཆོག་གིས་དུས་ ལས་སྔ་བར་ཕྱིར་བསྡུ་བྱ་ཆོག མི་མང་ཚོགས་འདུ་དང་རྒྱལ་སྲིད་ཚོགས་འདུ་གཉིས་ཀར་སྲིད་འཛིན་མཆོག་གིས་ཛ་དྲག་གི་འདུ་སྐོང་དང་ཕྱིར་ འགྱངས་གཉིས་ཀ་བྱེད། མི་མང་ཚོགས་འདུ་ཉིད་ཀྱི་ནང་ནས་འདི་གའི་ཚོགས་གཙོ་ཞིག་དང་ཚོགས་གཞོན་ཞིག་བཅས་འདེམས་ཀྱི་ཡོད། དེ་གཉིས་ ཀའི་དུས་ཡུན་ཚོགས་མི་གཞན་གྱི་ལས་ཡུན་དང་མཚུངས་པ་ཡིན། འོན་ཀྱང་ཚོགས་གཙོ་བགྲེས་གཞོན་སུ་ཐད་ནས་རང་མོས་ཀྱིས་ལས་གནས་ བསྐྱུར་ཆོག་ལ། མ་ཟད་མི་མང་ཚོགས་འདུའི་འཐུས་མི་སུམ་ཆ་གཉིས་ཡན་མོས་མཐུན་གྱིས་རེ་འདུན་བྱུང་ན་གོ་གནས་ཕབ་ཆོག་པ་ཡིན།

རྒྱལ་སྲིད་ཚོགས་འདུ། རྒྱལ་སྲིད་ཚོགས་འདུ་ནི་གྲོས་ཚོགས་ཀྱི་ལྷན་ཚོགས་མཐོ་བ་དེ་ཡིན་ཞིང་། འདིའི་ཚོགས་མིའི་གྲངས་འབོར་ ༢༥༠ བར་འཕར་སྲིད་ཀྱང་། ད་ ལྟ་ནི་ཚོགས་མི་གྲངས་ ༢༤༥ ཙམ་ཡོད། དེའི་ནང་གི་ཚོགས་མི་ ༡༢ སྲིད་འཛིན་མཆོག་གིས་ཐད་བསྐོས་བྱེད། དེ་དག་ཀྱང་སྒྱུ་རྩལ་དང་། གཞུང་ ལུགས། ཚན་རིག སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐད་ཁྱད་ཡོན་ལྡན་པའི་ཆད་ལས་མཁས་པའམ་ཉམས་མྱོང་གྱི་མཚན་སྙན་ཡོད་པ་དག་བསྐོ་སྲོལ་ ཡོད། ཚོགས་མི་ལྷག་མ་དག་མི་མང་བརྒྱུད་ནས་མངོན་སུམ་མ་ཡིན་པའི་ངོ་བོས་འདེམ་པར་བྱེད། ( མཆན: མི་མང་གིས་ཐད་ཀར་མ་བདམས་པར་ མངའ་སྡེ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པས་འདེམ་པའི་དོན། ) རྒྱལ་སྲིད་ཚོགས་འདུའི་ཚོགས་མིའི་འོས་ཆོས་ནི། ༡༽ དེ་རྒྱ་གར་གྱི་ཡུལ་མི་ཡིན་པ། ༢༽ རང་ལོ་ ༣༠ མ་སོན་པ་མིན་པ། ༣༽ ཁེ་ཡོད་ལས་གནས་འཛིན་བཞིན་པ་མིན་པ། ༤༽ རིག་འཚོ་མ་ཟིན་པ་མིན་པ་བཅས་དགོས། རྒྱལ་སྲིད་ཚོགས་འདུ་ནི་ལྷན་ཚོགས་བརྟན་པོ་ཞིག་རེད། དེ་ནི་བར་མ་དོར་ནམ་ཡང་ཕྱིར་བསྡུ་བྱ་མི་སྲིད། ལོ་གཉིས་རེའི་མཚམས་འདིའི་ ཚོགས་མི་སུམ་ཆ་གཅིག་གིས་ངེས་པར་དུ་ལས་འཁྱུར་དང་ལེན་ཞུ་དགོས་ཤིང་། ཁོང་ཚོའི་ས་མིག་ཏུ་འཐུས་མི་གསར་པ་འོས་འདེམ་བྱེད། དེར་ བརྟེན་ཚོགས་མི་རེ་རེ་བའི་ལས་ཡུན་ལོ་ངོ་ ༦ ཡིན། རྒྱལ་སྲིད་ཚོགས་འདུར་རྩ་ཁྲིམས་སྐྱར་བཅོས་བྱ་རྒྱུའི་དབང་ཚད་ལྡན་ཡོད་ལ། ད་དུང་འདིའི་ ཁོངས་ནས་སྲིད་འཛིན་གྱི་འོས་མིར་ཞུགས་རྒྱུའི་གོ་སྐབས་ཀྱང་ཡོད་པ་ཡིན་ནོ།། 37


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

བུ་མོ་བསོད་ནམས་ཅན་སྐྱེས་པ་། (རོ་སྒྲུང།)

ཡང་ཏོག་མ་དེ་ཤིང་སྡོང་དེ་ལ་བརྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། ཏོག་མ་སེང་ལྡེང་སྨུག་པོ་ཡིན། རལ་ གྲི་ངར་མ་རྡོ་ཆོད་ཡིན། མར་ཟན་ཟོས་པས་འཛད་མེད་ཡིན། རོ་ཁོག་ འབབས་སམ་ཤིང་སྡོང་གཅོད་བྱས་པས། རོ་དེ་བབས་བྱུང་བས་ཏོག་མས་ བརྡུངས། དྲ་བར་བཅུག། ཞགས་པས་བསྡམས། གོམ་པ་བདུན་བརྒྱད་ ཙམ་འཕགས་པའི་སར་སླེབས་པ་དང། རོ་ན་རེ། རྒྱལ་བུ་ཁྱེད་ལ་ཐང་ ཆད་རྒྱུ་ནི་མི་འདུག། རོ་ཁུར་བ་ལ་བསུན་རྒྱུ་ཡང་མི་འདུག། ད་ལམ་ ཁྱེད་ཀྱིས་ལམ་ཐག་ཐུང་བའི་ཐབས་ཤིག་བྱེད་དང་ཟེར་ཞིང། གཉིས་ཀ་ ཁ་རོག་བསྡད་ནས་དུམ་ཞིག་ཡོང། རོ་ན་རེ། བུ་ལས་ཟད་པོ་ཁྱོད་འདྲ་ བའི་ཁ་ནས་གཏམ་ཡོང་བ་ནི་མི་འདུག། ངས་སྒྲུང་ཞིག་བཤད་ཀྱི་ཟེར། ལུང་པ་ཆེན་པོ་ཞིག་ན་རྒྱལ་པོ་ཡབ་ཡུམ་བགྲེས་སོང་གཉིས་ ཡོད་འདུག། མངའ་འོག་གི་མི་ཐམས་ཅད་རང་རེའི་རྒྱལ་པོའ་ི ཡུམ་འདི་ ལ་ད་རུང་ཡང་སྲས་སྲོས་མ་བྱུང་ཙ་ན་རྒྱལ་རྒྱུད་ཆད་འགྲོ་བ་ཨེ་ཡིན་ བསམས། དུས་ནམ་ཞིག་ན་ཟླ་བ་དགུ་ངོ་བཅུ་ཞག་གསུམ་སོང་བ་ན་ སྲས་ཤིག་བཙས་ཤིང། རྒྱལ་བུ་དེ་དགུང་ལོ་བརྒྱད་དུ་སླེབས་སྐབས་ སྲིད་ཁྲིར་མངའ་གསོལ་ལོ།། རྒྱལ་ས་གཞན་ཞིག་ན་རྒྱལ་པོ་ཞིག་ཡོད་པ་ དེས་རྒྱལ་པོ་ལོ་ན་ཕྲ་ཞིང་ཡབ་ཡུམ་གཉིས་ཀྱང་གྲོངས་ཟིན་པ་ཐོས་ནས་ དམག་འབུམ་ཕྲག་གསུམ་བརྫངས་ཏེ་རྒྱལ་ས་འཕྲོག་ཏུ་འོངས་པ་ཡིན་ འདུག། རྒྱལ་པོ་དེ་བསོད་ནམས་ཆེ་བའི་མཐུ་ཡིས་ལུང་པ་ཆེན་པོ་ཞིག་ ནས་སྔར་མེད་པའི་ཆུ་ཆེན་པོ་ཞིག་བབས་ཏེ་དམག་འབུམ་ཕྲག་གསུམ་ པོ་དེ་ཆུ་དེར་བརྒལ་ཡོང་སྐབས་ཆུ་དེ་འབབ་དྲག་ཏུ་སོང་ནས་དམག་ འབུམ་གཅིག་དང་སྣ་ལ་རལ་གྲིའི་འཁོར་ལོ་བཏགས་པའི་གླང་པོ་སྟོབས་ དང་ལྡན་པ་ཞིག་ཡོད་པ་དེ་ཆུས་ཁྱེར་རོ།། དེར་དམག་མི་རྣམས་ཀྱིས་ སྔར་ལུང་པ་དེ་ན་ཆུ་མེད་པར་ད་རེས་ཆུ་ཆེན་པོ་དེ་ལྟ་བུ་ཞིག་ཡོང་དོན་ ཅི་ཡིན་ཟེར་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་དེ་བསོད་ནམས་ཅན་ཞིག་ཨེ་ ཡིན། རང་རེས་མི་ཐུབ་པ་འདྲ་ཟེར་ཕྱིར་ལོག་གོ། ལུང་པ་དེའི་མདའ་ན་ མ་མད་གཉིས་ཡོད་པ་ལ། ནོར་བུ་འབྲས་མ་ག་ཏ་བྲེ་གང་ཡོད་པར་ འདུག། མ་རྒན་དེས་འདི་དེ་རིང་སང་ཇོ་ཇོ་དཔྱིད་ཉི་རིང་པོ་་བྱ་བ་ཞིག་ འོང་བ་ཡོད། དེ་དུས་ཟའོ་ཟེར། ཉིན་གཅིག་ཨ་མ་དེ་ཤིང་འཐུ་རུ་སོང་བའི་ ཤུལ་དུ། སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་ཞིང། གྲོང་ཁྱེར་ དེར་བསོད་སྙོམས་ལ་བྱོན་དུས་མ་མད་གཉིས་ཀྱི་སྒོ་དྲུང་དུ་ཕེབས་པ་ དང། མ་དེ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་པ་མཁྱེན་ཅིང། བུ་མོ་དེ་སངས་ རྒྱས་མཁའ་འགྲོ་ཡིན་པ་གཟིགས་ནས། བུ་མོ་གདན་ཤོམས་ཤིག་གསུང་ གདིང་བ་མཁར་བསིལ་ལྷུང་བཟེད་བསྣམས་ནས་བཞུགས་སོ།། དེར་བུ་ མོས་སངས་རྒྱས་ལ། ངེད་མ་མད་གཉིས་པོ་ཉིན་མོ་ཟས་འཚོལ་ཞིང་ མཚན་མོ་ཟ་བ་གཅིག་ཡིན་པས་གདན་གཤོམ་རྒྱུ་མེད་ལགས་ཞུས་པས། 38

སངས་རྒྱས་ཀྱིས། ནང་གི་འབྲས་བྲེ་གང་པོ་དེ་བཙོས་ནས་དྲོངས་ཤིག་ གསུངས་པ་དང། ཨ་མས་ཇོ་ཇོ་དཔྱིད་ཉི་རིང་མོ་བྱུང་དུས་ཟ་དགོས་ ཟེར་གྱི་འདུག་ལགས་ཞུས་པས། ཇོ་ཇོ་དཔྱིད་ཉི་རིང་མོ་ང་ཡིན། དེ་ བཙོས་ནས་ང་ལ་དྲོངས་ཤིག་གསུངས་སོ།། དེར་བུ་མོས་འབྲས་ལ་གད་ ལེ ག ས་པར་བྱས་ཏེ ་ སྤང་ལུམ་ལེ ག ས་པར་བརྒྱབ་ནས་བཙོ ས ་པས་རོ ་ མཆོག་བརྒྱ་དང་ལྡན་པ་བྱུང་ངོ།། སངས་རྒྱས་ལ་རྒྱགས་ཚད་ཞུས། མོ་ རང་ཡང་རྒྱགས་ཚད་ཟོས་རུང་ཉུང་རུ་མ་སོང་ངོ་།། སངས་རྒྱས་ཀྱིས། བུ་ མོ་ཁྱོད་ལ་ཨ་མས་འཐབ་བྱུང་ན་ལམ་དཀར་པོ་ཡ་གི་ལ་ཞུགས་ནས་ལ་ རྒྱབ་ཡ་གི་ན་དགོན་པ་གཅིག་ཡོད་པ་དེར་ཤོག་གསུངས་ནས་བྱོན་ནོ།། དེ་ནས་དགོང་མོ་ཨ་མ་ལོག་ཡོང་ནས་བུ་མོ་སྒོ་ཕྱེ་ཟེར་ནང་དུ་སླེབས་པ་ དང། ཨ་མས་བུ་མོ་ཁྱོད་ཀྱིས་མེ་བཏང་བ་ཨེ་ཡིན་ཟེར་བར། བུ་མོས་ཁ་ སང་ཨ་མ་རང་གིས་ཟེར་བའི་ཇོ་ཇོ་དཔྱིད་ཉི་རིང་པོ་དེ་བྱོན་བྱུང་བས་ མེ་བཏང་ནས་འབྲས་རྣམས་བཙོས་ཏེ་ཁོང་ལ་དྲངས། ཨ་མ་རང་ལ་ཡང་ སྐལ་བ་རྒྱགས་ཚད་བཞག་ཡོད་བྱས་པས། ཨ་མས་བུ་མོར། སྤྲང་མོ་ཁྱོད་ ཇོ་ཇོ་དཔྱིད་ཉི་རིང་མོ་བྱ་བ་དེ་མི་ལ་ཟེར་བ་མིན། ནམ་ཟླ་དཔྱིད་ཀ་ཉི་ མ་རིང་མོ་གཅིག་ཡོང་བ་ཡིན་པས་དེ་དུས་ཟ་ཟེར་བ་ཡིན། བུ་མོ་ཁྱོད་ རང་སྡོད་མི་དགོས་ཟེར་ནས་ཨ་མས་བུ་མོ་ཕྱིར་བཏོན་ནོ། བུ་མོས་ཁ་ སང་བཙུན་པས་ཟེར་བའི་ལམ་དཀར་པོ་དེ་ལ་ཞུགས་ནས་ཕྱིན་པས་ཕ་ གི ་ ན་བྲག་གཅི ག ་གི ་ ལྡེ བ ས་ལ་བྲག་ཁུང་སྐས་རི ང ་བཙུགས་པ་ཞི ག ་ འདུག་པ་དེར་ཕྱིན་ནས། ཇོ་ཇོ་ལགས་བྱས་བོས་པས་ཞུམ་བུ་གཅིག་ཡོང་ སྟེ་ཇོ་ཇོ་ལགས་ཁ་སང་གི་བུ་མོ་དེ་ཡིན་འདུག་ཟེར། དེ་ནས་བྲག་ཁུང་ གི་སྒོ་རྩར་བྱ་ཕོ་གཅིག་ཡོངས་ཏེ། བུ་མོ་ཡར་ཤོག་གསུང་གི་འདུག་ཟེར་ ཞིང། བུ་མོ་ཡར་འཛེགས་ཕྱིན་པས་སངས་རྒྱས་དེར་བཞུགས་འདུག་སྟེ། བུ་མོས་ཕྱག་བྱས་པས། ཨ་མས་ཁྱོད་ལ་འཐབ་བྱུང་ངམ་གསུངས། ཨ་མས་ བདག་བརྡུངས་ཏེ་ཕྱིར་བཏོན་བྱུང་ཞུས་པས། ཁྱོད་ཀྱི་ཨ་མས་དེའི་དོན་ དུ་ཁ་བཏང་བས་ཁོང་ཚེ་རིང་པོ་མི་ཡོང་བར་འདུག། བུ་མོ་ཁྱོད་རང་ འདིར་སྡོད་ལས་ཟས་ཀྱི་གཡོ་བདའ་གྱིས་ལ་ང་ལ་དྲོངས། ཟས་ཆེ་ཆུང་


ཅི་བྱུང་རུང་ཁྱོད་རང་དང། བྱ་ཕོ་ཞུམ་བུ་གསུམ་མཉམ་དུ་ ཟོ་ཞིག་གསུངས་སོ།། དེར་བུ་མོས་ནང་གི་གཡོ་བདའ་བྱས། སངས་རྒྱས་ལ་ཞུས། ཁོང་གཉིས་ལའང་རང་དང་མཉམ་དུ་ བྱིན། ནམ་ཞིག་སྔ་དྲོ་ལྟོ་གཡོ་བའི་སྒྱེད་བུ་འགུལ་བ་དང། ཡོ ས ་འབྲུ་གཅི ག ་ཕྱི ར ་ཐོ ར ་བ་ཁ་ནང་ཟོ ས ་པས་བྱ་ཕོ ་ དང་ ཞུམ་བུ་གཉིས་ཀྱིས། ཨ་ལྕེས་གང་བཟའ་གི་ཡོད་ཟེར། ངས་ཅི་ ཡང་མ་ཟོས་བྱས་པས་ཁོང་གཉིས་ཀྱིས་བུ་མོའ་ི ཁའི་ནང་མྱུལ་ བས་ཡོས་ཀྱི་དུམ་བུ་གཅིག་བྱུང་སྟེ། ངེད་གཉིས་ལ་མ་སྟེར་བ་ ཨ་ལྕེ ་ རང་གཅི ག ་པོ ས ་ཟོ ས ་ནས་ཟེ ར ་ཁོ ་ གཉི ས ་འཚི ག ་པ་ བཟོས་ཏེ་མེ་བསད། དེར་བུ་མོས་བླ་མ་ལ་ཞུས་ན་བཀའ་ བཀྱོན་ཕོག་ཡོང་བསམས་ཏེ་བུ་མོ་མེ་སློང་དུ་ཕྱིན། དེ་ནས་ གཤམ་ལ་བལྟ་དུས་གྲོང་སྡེ་ཞིག་ཡོད་པ་མཐོང་ནས་དེར་མེ་ སློང་དུ་ཕྱིན་ཏོ།། དེའི་སྔ་དྲོ་ཁ་བ་སིམ་སིམ་འབབ་ཀྱི་ཡོད་ ཅིང། བུ་མོ་དེས་མེ་སློང་ནས་ལོག་ཡོང་དུས་གངས་ཀྱི་ཐོག་ལ་བཞག་ པའི ་ རྐང་རྗེ ས ་རྣམས་མེ ་ ཏོ ག ་པད་མ་ལྷམ་མེ ར ་ཤར་བ་དང་མཚུངས། ཡུལ་དེའི་རྒྱལ་པོའ་ི བློན་པོ་ཞིག་རྟ་བཅག་པར་འགྲོ་དུས་རྐང་རྗེས་དེ་ རྣམས་མཐོང་ངོ་།། ཁོ་ན་རེ། རང་རེའི་འདི་གར་ཕྱི་མི་སུ་སླེབས་བྱུང་ཞེས་ དྲིས་པར། སྒོ་རྭ་བའི་ཆུང་མ་ན་རེ། སྔར་ནི་བྲག་ཁུང་ཡ་གི་ན་སྡོད་ མཁན་མེད། ད་རང་སྔ་དྲོ་བུ་མོ་ཞིག་མེ་སློང་དུ་ཡོང་བ་ལས་གཞན་སུ་ ཡང་སླེབས་མ་བྱུང་ཞུས། བློན་པོ་དེ་འཕྲལ་མ་ཉིད་དུ་རྒྱལ་པོའ་ི ཕོ་བྲང་ དུ་ཕྱིན་ནོ།། རྒྱལ་པོ་ལ་ཕྱག་འབུལ་ཞེ་ས་དང་བཅས་པའི་སྒོ་ནས་རང་ རའི་ལྷོ་རི་ཕ་གི་ན། དེ་སྔའི་དུས་སུ་སྒྲུབ་པ་བ་བཟང་པོ་གཉིས་གསུམ་ བཞུགས་པ་ལས་གཞན་སུ་ཡང་མེད་པར། ད་རང་ངས་རྟ་སྒ་གཏད་ནས་ ཕྱིར་འགྲོ་དུས་རྐང་རྗེས་ལ་མེ་ཏོག་པད་མའི་རྗེས་ལྷམ་ལྷམ་འདུག་པ་ ཞིག་མཐོང། ངེད་རང་གིས་ཡུལ་མིར་རྩད་བཅད་པས་བླ་མས་མེ་སློང་ དུ་བཏང་བྱུང་ཟེར་བའི་བུ་མོ་ཞིག་སླེབས་བྱུང་ཟེར། རྐང་རྗེས་ལ་པད་མ་ འཁྲུངས་པ་ནི་སངས་རྒྱས་མཁའ་འགྲོ་དང་དུས་གསུམ་སངས་རྒྱས་ལ་མ་ གཏོགས་མི་ཡོང་ཟེར། མདང་ང་ལ་རྨི་ལམ་བཟང་པོ་གཅིག་བྱུང། ཕུ་རུ་ གངས་རི་ཆགས་པ་རྨིས། གངས་མཐའ་མཚོ་ཡིས་བསྐོར་བ་རྨིས། རྒྱལ་པོ་ ཁྱེད་ལ་ཇོ་མོ་ཡེ་ཤེས་མཁའ་འགྲོ་མ་གཅིག་ཡོང་བ་ཨེ་ཡིན་ཟེར། དེར་ བློན་པོ་གཞན་རྣམས་ཀྱིས་ངེད་རྣམས་ཀྱང་གདང་རྨི་ལམ་བཟང་ཟེར། ལ་ལས་དུང་བུས་པ་རྨིས་ཟེར། ལ་ལས་ནི་དར་འཕྱར་བ་རྨིས་ཞུས་ སོ། དེར་བློན་པོ་དེའི་ཟླ་ལ་བློན་པོ་གསུམ་བཏང་ནས་བུ་མོ་དེ་ཨེ་འདུག་ བལྟ་བར་ཕྱིན་ནོ།། བུ་མོས་མེ་སློང་བར་ལོག་སླེབས་རྗེས་སངས་རྒྱས་ལ་ གསོལ་བ་ཞུས་པས། བུ་མོ་ད་རང་གི་ཚ་ཚ་ཕྱིས་སོང་གསུངས། ད་ནང་གི་ ཚ་ཚ་ཕྱིས་པ་ཁོ་གཉིས་ཀྱིས་མེ་བསད་ལགས་ཞུས་པར། ཁོ་གཉིས་སྐུ་ མདུན་དུ་ཤོག་གསུངས་ནས། ཁྱོད་གཉིས་ཀྱིས་ད་རང་མོའ་ི མེ་བསད་ དོན་ཅི་ཡིན་གསུངས་པར། མོ་རང་གིས་ཡོས་ཟོས། ངེད་གཉིས་ལ་མ་ བྱིན་པས་བསད་ལགས་ཞུས། བླ་མས། དེ་ནི་བུ་མོ་ཁྱོད་ལ་བར་ཆད་ཡོང་ བའི་རྟགས་ཡིན། ཁྱོད་ངའི་མདུན་དུ་སྒོམ་འདོད་ཀྱང་ད་ནི་རྒྱལ་པོ་ཆེན་

འདོན་ཐེངས་བཞི་པ། ༢༠༡༢

པོ་ཕ་གི་ལ་སྟེར་དགོས་པ་ཡོང་བ་འདུག་གསུང། དེའི་ཕྱི་ཉིན་བློན་པོ་ རྣམས་བྲག་ཁུང་གི་སྒོ་འགྲམ་དུ་སླེབས་ཏེ། བླ་མ་ལ་གཟིགས་པ་ཞུ་ཞུས་ པར་བླ་མ་ཕྱིར་དོན་ནས་གཟིགས་པས། བློན་པོ་ན་རེ། ཁྱེད་ཀྱི་འདི་ན་བུ་ མོ་གཅིག་ཡོད་འདུག་པས་དེ་རྒྱལ་པོའ་ི ཇོ་མོར་གནང་དགོས་པ་འདུག་ བྱས་པ་དང། བླ་མས་བྱ་བྲལ་བ་དབེན་པར་སྡོད་པ་ལ་བུ་མོ་གང་ནས་ ཡོང་གསུངས་པ་དང། བློན་པོ་ཞིག་ན་རེ། བུ་མོ་མེ་སློང་བར་ཡོང་དུས་ སྒོ་རྭ་བས་མཐོང་འདུག་རྐང་པའི་རྗེས་ལ་མེ་ཏོག་པདྨ་འཁྲུངས་པའི་བུ་ མོ་དེ་འདི་ག་རང་དུ་ཡོད་འདུག་པས་ཕུལ་བ་དྲག་ཞུས་པ་དང། དེར་བླ་ མས་བློན་པོ་རྣམས་ནང་དུ་བོས། ལྗགས་ནར་མཛོད་གསུངས་ནས་ལྕེ་ སྟེང་དུ་ཞལ་ཆབ་ཐིགས་པ་རེ་བཞག་སྟེ་ཞག་བདུན་གྱི་བར་དུ་ཟས་ཟ་ མི་དགོས་པའི་ལྷའི་བདུད་རྩི་རོ་མཆོག་བརྒྱད་ལྡན་པ་བྱུང་ངོ་།། གནངས་ ཉིན་རྒྱལ་པོ་དང་ཁྱེད་བཞི་པོ་བསུར་ཤོག་གསུངས་སོ།། བློན་པོས་བླ་མར། རྒྱལ་པོ་བུ་མོ་བསུ་བར་ཚུར་ཨེ་འབྱོན་ནམ་ཞུས་པར། བུ་མོ་དགོས་ན་ཁོ་ རང་ངོ་མ་འདིར་བྱོན་གྱིས་གསུངས་སོ།། བློན་པོ་རྣམས་རྒྱལ་པོའ་ི སྐུ་ མདུན་དུ་སླེབས་ནས་བུ་མོ་བླ་མས་གནང་བ་འདུག་ཞུས་པས། ཁྱོད་ཚོས་ བུ་མོ་ཨེ་མཐོང་གསུངས་པར། མཐོང་ལགས། བུ་མོ་བསུ་བར་རྒྱལ་པོ་རང་ ཕེབས་དགོས་པ་འདུག་ཞུས་པར། མནའ་མ་ཚུར་ལེན་པ་ལ་བདག་པོ་ ཕར་བསུ་བར་འགྲོ་བ་མི་ཡོང་གསུངས། རྒྱལ་པོ་རང་མ་བྱོན་ན་བུ་མོ་མི་ གནང་བ་འདུག་ལགས་ཞུས། དེར་རྒྱལ་བློན་རྣམས་བྱོན་པའི་གྲབས་བྱས། རྒྱལ་པོས་བྱ་བྲལ་བ་ལ་རྒྱན་ཆ་ལུགས་འདོགས་རྒྱུ་ཨེ་ཡོད་མི་ཤེས་པས་ འདི་ནས་ཁུར་དགོས་ཟེར་བར། བློན་པོ་རྣམས་ཀྱིས་ཁ་སང་ངེད་ཚོ་བླ་ མའི་དྲུང་དུ་འགྲོ་དུས་ངེད་ཚོར་ལྕེའི་སྟེང་དུ་ཞལ་ཆབ་རེ་བླུགས་བྱུང་བ་ ནི་རོ་མཆོག་བརྒྱ་ལྡན་ཞིག་ཡིན་པས་ད་དུང་ཡང་ཟས་བཟའ་མ་དགོས་ པ་བྱུང། བླ་མ་དེ་ཕལ་པ་ཞིག་མིན་པ་འདྲ་བས་རྒྱན་ཆ་ལུགས་ཡོད་ ཤས་ཆེ་ཞུས་སོ། དེར་རྒྱལ་པོས་ལྟག་སྒོ་ནས་ཐོན། རྒྱལ་བློན་རྣམས་བླ་ མའི་སྒོ་དྲུང་དུ་ཕེབས་པ་དང། བཙུན་པ་གཉིས་བྲག་ཕུག་གི་སྒོར་བསུ་ བར་བྱུང་ངོ་།། བཻཊཱུརྱའི་ཁྲི་རྩིབས་སྟོང་ལྡན་པ་ཞིག་གི་སྟེང་དུ་གདིང་བ་ བཏིངས་ནས་བླ་མ་བཞུགས། རྒྱལ་པོ་ལ་གསེར་ཁྲི་བརྒྱབ། བུ་མོ་ལ་གཡུ་ 39


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ཁྲི་བརྒྱབ། བུ་མོ་དེ་ནི་རྒྱན་ཆ་ལུགས་བསམ་གྱིས་མི་ཁྱབ་པས་བརྒྱན་ ནས་སྒོ་དྲུང་དུ་རྒྱལ་པོ་བསུ་བར་བྱོན་ནོ། ཕན་ཚུན་ལས་འཕྲོ་ཡོད་པས་ མཐོ ང ་བ་དང་མ་དང་བུ་འཕྲད་པ་ལྟར་གཅི ག ་གི ས ་གཅི ག ་ལ་ཕྱག་ འཆང་ནས་ཡར་བྱོན་ནོ།། དེར་བླ་མ་ལ་ཕྱག་བྱས་རྒྱལ་པོ་གསེར་ཁྲི་ལ་ བཞུགས། བུ་མོ་གཡུ་ཁྲི་ལ་བཞུགས། བཙུན་པ་གཉིས་པོས་རྒྱལ་པོ་དཔོན་ གཡོག་རྣམས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་སོ།། བླ་མས་ཁོ་ གཉིས་ལ་མེ་ཏོག་སྟོར་ཏེ་སེམས་ཅན་ལ་ཕན་ཐོགས་པ་གཅིག་ཏུ་གྱུར་ ཅིག་གསུངས་ནས་བུ་མོ་དེ་རྒྱལ་པོ་ལ་གནང་ངོ་།། བླ་མས་བུ་མོར་ཞལ་ཏ་ གནང་བར། ཁྱོད་ཀྱི་ཁ་ནས་ཚིག་ཤོར་བ་ཞིག་ཡོང་། དེ་དུས་བྲོས་ནས་ འདིར་ཤོག། ང་ལོ་གཅིག་སྡོད་གསུངས། དེ་ནས་རྒྱལ་བློན་རྣམས་རྒྱལ་ པོའ་ི ཕོ་བྲང་ལ་བྱོན། རྒྱལ་སྲིད་དར་ཞིང་རྒྱས་པ་བསྐྱངས། རྒྱལ་པོ་དང་ བུ་མོ་གཉིས་གཅིག་གིས་གཅིག་ལ་དཔལ་བསྐྱེད་ནས་སྔ་སོར་དམག་ འདྲེན་པའི་རྒྱལ་པོ་དེ་ཡང་མངའ་འོག་ཏུ་ཚུད་དོ།། དུས་ནམ་ཞིག་ན་ བཙུན་མོ་དེས་ཞལ་ཏ་མ་ཁྲིད་ནས་ཕོ་བྲང་གི་ལྕགས་བསྐོར་ལ་བྱོན་ནོ།། སྐབས་དེར་ཕོ་བྲང་གི་སྒོ་དྲུང་ན་ཨ་མ་རྒན་མོ་ལག་པ་གཡས་ན་ཐང་ ཁུག་ཁྱེར་བ། གཡོན་ན་དབྱུག་པ་ཁྱེར་བ་ཞིག་འདུག་པ་མཐོང་བས་ བཙུན་མོས་ཞལ་ཏ་མ་དེ་ལ་ཁྱོད་རང་སྔོན་ལ་རྒྱུགས། ངས་རྒན་མོ་མ་གི་ གང་ནས་ཡིན་དྲིས་ཡོང་ཟེར་ཏེ་རྒན་མོའ་ི རྩར་ཕྱིན་པས། བུ་མོ་དེ་ཕྱི་ རྒྱན་ཆ་ལུགས་ལེགས་པ་དང་ནང་ཟས་བཅུད་འཛོམས་པའི་སྟབས་ཀྱིས་ ཨ་མས་ངོ་མ་ཤེས་པར་ཕྱག་འཚལ་ལོ།། བུ་མོས། ཨ་མ་ཁྱེད་ཀྱི་བུ་མོ་ང་ ཡིན་ཟེར་མགོ་ནས་བཏེགས་པ་དང། དྲུང་པ་བདག་ལ་བུ་མོ་གཅིག་ ཡོད་པ་དེ་ག་ལ་ཡིན། འབྲས་བྲེ་གང་གི་དོན་ལ་འཐབ་པས་དེ་ནས་ བཟུང་གོ་རྒྱུ་ཚོར་རྒྱུ་མི་འདུག་ཟེར། གོང་གི་སྐྱེ་རྒྱུས་རྣམས་ཨ་མ་ལ་ཟེར་ བས་ཨ་མས་ཀྱང་བུ་མོ་ངོ་ཤེས། དེར་ཨ་མས་བུ་མོ་དང་བསྡོངས་ནས་ཕོ་ བྲང་ལ་ཕྱིན་ནོ།། བུ་མོ་རང་གི་གཟིམ་ཆུང་གཅིག་ཡོད་པ་དེར་ཨ་མ་ཤར་ གྱིས་ཁྲིད་ནས་ཨ་མ་ལ་གོས་ལྷམ་རྣམས་གཏད། བཟའ་བཏུང་ཕུན་སུམ་ ཚོགས་པ་སྦྱིན་ནས་སྐྱིད་པོར་བཞག། རྒྱལ་པོ་ལ་ངོ་ཚ་བསམས་ནས་ཨ་ མ་ཡོད་ལུགས་མ་ཞུས་སོ།། དེ་ནས་དུས་ནམ་ཞིག་སོང་བ་དང་ཨ་མ་སྐས་ ལས་འགྲེལ་ཏེ་ལྟག་པ་རྡོལ་ནས་ཤིའ།ོ བུ་མོའ་ི བསམ་པ་ལ་མ་ཤི་བའི་ སྔོན་དུ་རྒྱལ་པོ་ལ་ཞུས་ན་འགྲིག་རུང་ད་ཅི་འདྲ་བྱེད་བསམས་ནས་སྟབ་ སྟོ བ ་ལ་གཟི མ ་ཆུང་གི ་ སྦུག་དེ ར ་ལྷ་རྟེ ན ་ཡོ ད ་སར་སྙེ ས ་མ་ཙོ ག ་ལ་ བཞག་ནས་དར་གྱི་ཡོལ་བ་ཞིག་བཏང། ཉིན་མཚན་མེད་པར་དཀར་མེ་ ཕུལ། སྒྲོལ་མ་ལ་གསོལ་བ་བཏབ་པས་ཨ་མའི་རོ་དེ་གཡུའི་བུམ་པ་ ལེགས་པོ་ཞིག་ཏུ་གྱུར་ཞིང། བུམ་པའི་ནང་ནས་སྒྲོལ་མ་ཁྱད་འཕགས་ གཅིག་བྱུང་ངོ་།། ནམ་ཞིག་ན་རྒྱལ་པོས་བུ་མོ་ཁྱོད་ནུབ་རེ་ལ་དཀར་མེ་ རེ་ཁྱེར་འགྲོ་བ་དེ་ཁྱོད་ལ་ཡི་དམ་གྱི་ལྷ་གཅིག་ཡོད་བཟོ་འདུག་གསུངས་ ནས་བུ་མོའ་ི གཟིམ་ཆུང་དུ་བྱོན་པས་གཡུའི་བུམ་པ་དེ་གཟིགས་ཏེ་བུ་མོ་ ཁྱོད་ལ་བུམ་པ་དེ་སུས་བྱིན། ན་ནིང་གླེང་མོ་མི་འདུག་གསུངས་པ་དང་། བུ་མོས་སྟབ་སྟོབ་ཏུ་ལངས་ནས་ཨ་མས་བྱིན་པ་ལགས་ཞུས། རྒྱལ་པོས་བུ་ མོ ་ ཁྱོ ད ་ལ་ཨ་མ་ནོ ར ་ཆེ ན ་ཞི ག ་ཡོ ད ་འདུག་པས་འཕྲད་དུ་འགྲོ ་ བའི ་

40

གྲབས་གྱིས་གསུངས་སོ། བུ་མོས་སྔ་དྲོ་རྒྱལ་པོ་ལ་ཕྱག་ཕུལ་ནས་ཨ་མ་ལ་ གྲབས་གྱིས་ཟེར་དུ་འགྲོ་ལགས་ཞུས་སོ།། བུ་མོས་བླ་མའི་སྐུ་མདུན་དུ་ ཕྱིན་ནས། བདག་གི་ཨ་མ་སྒོ་དྲུང་དུ་འདུག་པ་ནང་དུ་བོས་པས། རྒན་མོ་ ཤི་བའི་རུས་པ་ལ་གཡུའི་བུམ་པ་གཅིག་བྱུང་འདུག་ལགས། རྒྱལ་པོས་ ཁྱོད་རྟག་པར་དཀར་མེ་ཁུར་འགྲོ་བ་ཡི་དམ་ཅི་འདྲ་ཞིག་ཡོད་གསུངས། བདག་གི་ཁ་ནས་ཨ་མས་བྱིན་ཟེར་ཤོར་བས་ཁྱོད་ལ་ཨ་མ་ནོར་ཆེན་པོ་ ཞི ག ་ཡོ ད ་འདུག་པས་འཕྲད་དུ་འགྲོ ་ གསུང་གི ་ འདུག་པས་གང་དྲག་ བཀའ་གྲོས་ཞུ་བར་ཡོང་ལགས་ཞུས་པར། ང་ཁྱོད་ལ་མི་དགོས་དགོས་ པའི་དུས་ཞིག་ཡོང། ང་ལོ་གཅིག་སྡོད་ཟེར་བ་དེ་ཀ་ཡིན་པས་སང་ཁྱོད་ རང་རྒྱལ་པོ་དཔོན་གཡོག་བྱོན་རུང་གདན་དྲོངས་ཤོག ལ་ཕར་རྒྱབ་ན་ གྲོང་ཁྱེར་ཆེན་པོ་ཕོ་བྲང་དང་བཅས་པ་ཞིག་ཡོད་པ་ན། རྒན་མོ་བག་དྲོ་ མ་གཅིག་ཡོད། བུ་མོ་སླེབས་སམ་ཟེར་་ཡོང། སླེབས་ལགས་གྱིས། མི་ གཞོན་རྣ་གཡུ་ཅན་གཅིག་ཡོང། བུ་མོ་སླེབས་སམ་ཟེར་ཡོང། སླེབས་ ལགས་གྱིས། འབངས་འཁོར་གཡོག་རྣམས་ཀྱིས་ཕྱག་བྱས་ཡོང། ཁྱེད་ཚོ་ ཁམས་བདེ་འམ་གྱིས། དེ་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཡོང། དེ་རྣམས་ཀྱི་ཕན་ཐོགས་པ་ཡོད། དུས་ཕྱིས་ཕ་གིའི་གླེང་མོ་མ་གཏོང། ཤེལ་ཕྲེང་འདི་ཁྱེར་ལ་ཉ་ར་གྱིས། ལ་ཁར་སླེབས་པ་དང་ངའི་དགོན་པ་ འདི་ལ་ཕྱི་མིག་གཅིག་ལྟོས་གསུངས་སོ།། དེར་བུ་མོས་རྒྱལ་པོ་ལ་ཕེབས་ པ་ཞུ་བྱས་པས། རྒྱལ་འབངས་འཁོར་དང་བཅས་པ་བྱོན་ནོ།། ཕ་གིར་ སླེབས་པ་དང་རྒན་མོ་བག་བྲོ་མོ་གཅིག་བྱུང་ནས། བུ་མོ་སླེབས་སམ་ ཟེར། སླེབས་ལགས། ཨ་མ་སྐུ་ཁམས་བདེ་ལགས་བྱས། ཡང་མི་གཞོན་ནུ་ རྣ་གཡུ་ཅན་གཅིག་བྱུང་ནས། བུ་མོ་སླེབས་སམ་ཟེར་བར། སླེབས་ལགས། ཇོ་ཇོ་སྐུ་ཁམས་བཟང་ངམ་བྱས། དར་རྒྱལ་པོའ་ི དྲུང་དུ་གསེར་བྲེ་དང་ དངུལ་བྲེ་ལ་སོགས་ཕུལ་ལོ།། བུ་མོ་ལ་ཡང་གསེར་དངུལ་མང་པོ་བྱིན་ནོ།། བློན་པོ་རྣམས་ལའང་གནང་སྦྱིན་མང་པོ་བྱས། གཡོག་གཞན་རྣམས་ ལའང་སྟེར་སྦྱིན་བསམ་གྱིས་མི་ཁྱབ་པ་བྱས་ཏེ། རྒྱལ་པོ་ཡབ་ཡུམ་ཕོ་ བྲང་ལ་ལོག་གོ། དེར་དགོན་པ་མཐོང་བ་དང། བུ་མོས་ཕྱི་མིག་བལྟས་ པས་བྲག་ཁུང་དེ འི ་ ཐད་དུ་ནམ་མཁའ་ནས་དར་དཀར་པོ ་ གཅི ག ་སྐྱ་ རྒྱང་ངེ་བྱུང་ཞིང། དར་དཀར་པོའ་ི ལམ་ལས་སངས་རྒྱས་དཔོན་སློབ་ གསུམ་བྱོ ན ་ནས་རི མ ་གྱི ས ་མཁའ་འགྲོ ་ མ་གཅི ག ་གི ས ་དར་བསྡུ་གི ན ་ ནམ་མཁའ་ལ་ཐེགས་སོང་ངོ་།། རྒྱལ་པོ་ཡབ་ཡུམ་བློན་པོ་དང་བཅས་པ་ ཕོ་བྲང་གི་ནང་དུ་ཕེབས། ཤེལ་ཕྲེང་གནང་བའི་ཡོན་ཏན་གྱིས་སྲས་ གཅིག་འཁྲུངས། རྒྱལ་སྲིད་དེ་ཡང་སྔར་ལས་དར་རྒྱས་ཆེ་བ་བྱུང་བ་ ཡིན་པར་གདའ་བྱས་པ་དང། རྒྱལ་བུའི་ཁ་ནས་བུ་མོ་དེས་འབྲས་བྲེ་ གང་པོ ་ སངས་རྒྱས་ལ་དྲངས་པས་བུ་མོ ་ དེ ་ བསོ ད ་ནམས་རྒྱས་འདུག་ བྱས་པས། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། ལྡན་ལྕག་མེ་ལྟར་ཚ་བ་ གསུམ་བརྒྱབ་ནས་རོ་དེ་ཤོར་སོང་ངོ་།། རྒྱལ་བུའི་བསམ་པར་རོ་མེད་པར་ ཕྱིན་ཀྱང་བཀའ་བཀྱོན་ལས་མི་ཡོང་བསམས་ཏེ། ཡང་དུར་ཁྲོད་དུ་ཕྱིན་ ནས་རོ་ཧ་ལ་ཟེར་བ་རྣམས་ལ་འགམས་ནས་ཕྱིན། ཧུ་ལུ་ཟེར་བ་རྣམས་ རྡོག་པས་བརྡུངས་ནས་ཤིང་སྡོང་དེའི་རྩར་ཕྱིན་ཏོ།།


འདོན་ཐེངས་བཞི་པ། ༢༠༡༢

སྙན་ངག་གི་ཟིལ་གྱིས་བགྲེང་བ།

བསྟན་འཛིན་ཤེས་རབ།

ཤག་ཤག་འབབ་པའི་ཆར་རྒྱུན་དྲག་པོ་ལ། ང་ཡིས་རྨི་ལམ་ལྡོག་པའི་སྐང་མ་བརྩིས(1)། སྟར་ཕྲེང་རིང་མོར་བསྒྲིགས་པའི་ལྗོན་སྡོང་གིས། མདུན་ཕྱོགས་རི་བོར་ལྟ་བའི་བློ་སྤོབས་བྱིན།

། ། ། །

མཐོང་ལམ་སྣེ་ནས་འཐེན་པའི་ལམ་ཕྲན་དེས། ། ཉི་ཟེར་ལམ་ལམ་འཕྲོ་བའི་ཆུ་གོར་བསྣབས། ། སྤང་དང་ཕ་བོང་འདྲེས་པའི་ལམ་མདོ་དེར། ། གདུང་ཚོར་དབྱིངས་སུ་འདྲེས་པའི་གླུ་སྒྲ་ཐོས། ། ལྡོག་འོད་འཕྲོ་བའི་ཆུ་ཕྲན་བསིལ་མ་ཡིས། ང་ལ་ཆུ་མགོ་འཚོལ་བའི་འདུན་པ་བསླངས། རླུང་དང་ཆར་ཞོད་ཆེ་བའི་ས་ཚིགས་འདིར། བྱེ་རླུང་འཚུབ་པའི་འཇིགས་པ་མི་མངའ་ཡང་། དཔྱིད་ཀྱི་ཕོ་ཉའི་གླུ་སྐད་མི་ཐོས་སོ།

། ། ། ། །

བེ་སྨྱོན།

སྤྲ་དང་སྤྲེ་འུའི་འཚང་ཁ་ཆེ་བ་ཡི༎ དྷ་སའི་ནགས་ཀླུང་རེ་ཞིག་གྱེས་མཇལ་བྱས༎ མོ་ཊའི་ནང་ནས་པ་ཊན་ཀོ་ཊའི་བརྒྱུད༎ ཨེ་སི་མེ་འཁོར་འགྲིམས་ནས་ལྡི་ལིར་འབྱོར༎

དོན་གཅོད་ཁང་ནས་མཐོང་ཆན་ལག་འཁྱེར་འབྱོར༎ གོ་སྒྲིག་པ་ལས་གནམ་གྲུའི་པ་སེ་བླངས༎ ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ཏག་ཏག་ལ༎ བསམ་ཡས་གླིང་ནས་ལྡི་ལི་གནམ་ཐང་འགྲིམས༎

དེ་སྔོན་ནུབ་ཕྱོགས་ཨ་རིར་སློབ་དཔོན་དང༌༎ འཇར་མན་ཨིང་ལནཌ་སོགས་སུ་བསྐྱོད་པའི་སྐབས༎ ཨ་གསར་འགྲོ་རླུང་ལངས་པོའ་ི འཚུབ་མ་ཡིས༎ སེམས་ཀྱི་ཚོར་སྣ་འཁྲུག་པ་ཉུང་ཉུང་མིན༎

ད་ནི་ལང་ཚོའི་འཕེལ་ཁ་འགྲིབ་པ་དང༌༎ རྒྱུན་ལྡན་འགྲོ་བསྐྱོད་མང་བས་སུན་ན་ཡང༌༎ ཤིན་ཏུ་གལ་ཆེའི་འགྲོ་དོན་ལྡན་པས་ན༎ ཐེངས་འདིའི་ཕྱོགས་བསྐྱོད་སྤྲོ་བ་ཅི་བས་བརྟས༎

རྐང་ལམ་ཕྲ་མོར་འགྲེང་བའི་མི་རྣམས་ཀྱིས། ། མགོ་བོ་གཡུགས་བཞིན་དངན་པ་རིང་མོར་འཐེན། ། བྱ་འདབ་འོག་གི་ཕུག་རོན་སྔོན་མོ་ལ། ། ཚང་མལ་མཆིས་པའི་བསྔགས་བརྗོད་བྱེད་པར་བྲེལ། ། ལྷང་ལྷང་འབབ་པའི་ཆུ་རྒྱུན་དྲན་པོ་དེས། ང་ཡི་སེམས་ཀྱི་ཚོར་བ་བརླན་ན་ཡང་། རྨི་ལམ་དྲོན་མོར་འཁྱིལ་བའི་ཁང་ཆུང་དེར། ཆར་བས་མི་རྡུང་སྒོ་མོ་དམ་པོར་གཏན།

ཨི་ཊ་ལིར་ཐེངས་དང་པོར་བསྐྱོད་པ།

། ། ། །

(1) ཁེངས་ར་མ་བྱེད་པའི་དོན།

ཤར་ནུབ་རྒྱལ་མཚམས་Turkeyཊུར་ཀི་གནམ་གྲུ་ན༎ ས་གཞི་གློག་གི་སྐར་ཚོགས་བཀྲམས་པའི་འཚོམས༎། ཁད་ཀྱིས་གཤགས་ནས་གནམ་གྱི་མཐོངས་ན་འཛེགས༎ གནམ་གྱི་སྐར་མའི་གྲལ་གསེབ་ཤུགས་ཀྱིས་འཕུར༎

མཚོ་དང་མཚེའུས་འགྲོ་ལམ་མ་བཀག་ཅིང༌༎ རི་དང་བྲག་གིས་འཕུར་ལམ་མ་སྒྲིབ་པར།། སྤྲིན་དང་སྨུག་པོའ་ི འབབ་སྟེགས་ལས་འགངས་ཏེ༎ གནམ་སྔོན་མཐོངས་ནས་ཊུར་ཀི་གནམ་ཐང་འབྱོར༎

41


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ཡོབ་དངུལ་འགྲོ་རྒྱུག་ཆེ་བའི་ཤར་གླིང་གི༎ ཊུར་ཀི་གནམ་ཐང་ཁོར་ལག་ཤིན་ཏུ་ཡངས༎ འཕུར་བསྐྱོད་གནམ་གྲུ་འཚང་ཁ་ཅི་བས་ཆེ༎ ཚོང་དང་ཟ་ཁང་འདུ་ལོངས་གཞན་ལས་བྲེལ༎

རྗེས་མའི་གནམ་གྲུ་ཆུ་ཚོད་དྲུག་ལ་སྒུག། ། མདང་གི་ནུབ་མོར་གཉིད་ཀྱི་གོ་སྐབས་བརླགས༎ ད་ནི་གཉིད་ནས་མགོ་བོ་མི་ཐེག་ཀྱང༌༎ མི་ཚོགས་གསེབ་ཏུ་གཙོག་ནས་བསྡད་ཁུལ་བྱས༎

སྒྲིག་གིས་བཀོད་པའི་དུས་ཚིགས་ཟིན་པ་དང༌༎ ཊུར་ཀི་ཡུལ་ནས་གནམ་གྱི་མཐོངས་ན་མཛེགས༎ ཟུར་བཞི་སྒོར་བའི་སྒེར་ཁུང་ཆུང་ཆུང་ནས༎ གྲོང་གི་བཀོད་པ་རི་མོ་ཇི་བཞིན་མཐོང༌༎

ཐོགས་མེད་གནམ་གྱི་དགུ་ཚིགས་ཤུགས་ཀྱིས་གཤགས༎ ཤར་མཐའ་ཊུར་ཀི་རྒྱལ་མཚམས་ཧད་ཀྱིས་བརྒལ༎ སྤྲིན་དང་སྨུག་པ་འཐུག་པོའ་ི བར་སྲུབ་ནས༎ ཨི་ཊ་ལི་ཡི་གདོད་མའི་རྒྱ་མཚོ་མཐོང༌༎

ཤར་གླིང་བརྒལ་མཚམས་ཨོ་གླིང་མིག་སྔར་ཤར༎ ཉིན་བྱེད་འོད་སྣང་ནུབ་ནས་དལ་གྱིས་ནུབ༎ གྲོང་ཁྱེར་རོ་མེའི་གནམ་གྲུའི་ཐང་ཆེན་དུ༎ ཁད་ཀྱིས་བབ་ནས་འབབ་ཚུགས་ཕྱི་ལོག་བསྐྱོད༎

ཕེབས་བསུ་དང་བཅས་དགའ་བྱང་ཆོས་ཚོགས་འགྲིམས༎ དགུང་ཐུག་ལྷུག་པོར་རོལ་བའི་གྲལ་བསྟར་ཁྲོད༎ འདས་དང་ད་ལྟ་མ་འོངས་ཚོད་དཔག་གིས༎ ཅི་མ་ཡིན་ལ་ཆུ་ཚོད་ཁ་ཤས་བསྐྱལ༎

ད་ནི་མཚན་མོ་ཆུ་ཚོད་བཅུ་གཉིས་རེད༎ གནམ་ས་བར་སྣང་འགྲིམས་པའི་ཉོབ་སྣང་གིས༎ གཉིད་ཀྱོག་བརྒྱབ་ནས་མགོ་བོ་མི་ཐེག་པས༎ ད་ནི་ཉལ་ནས་རྨི་ལམ་སྒུག་ལ་རན༎

༢༠༠༩།༡༡།༡༡།མཚན་མོར་ཆུ་ཚོད་ ༡༢ ཐོགཨི་ཊ་ལི་རམ་གྱི་གྲོང་ཁྱེར་དུ་ ཡོད་པའི་དགའ་བྱང་ཆོས་ཚོགས་ནང་དུ་བྲིས།

42

རྡོ་དེ།

སེར་ཤུལ་རིན་ཆེན་དོན་གྲུབ།(ལྷོ་ཕྱོགས)

ཀ རྡོ་དེ། དེ་འདྲའི་མཁྲེགས་པས། སུས་ཀྱང་བསྒྱུར་མ་ཐུབ། རྡོ་དེ་དེ་འདྲའི་ མཁྲེགས་དགོས་དོན་ཅི་ཞིག རྡོ་དེ་ཨུ་ཚུགས་དང་རྨོངས་དད་ཀྱིས་ བཟོས་པས་ཡིན་པ་འདྲ། མི་རབས་ནས་མི་རབས་བར། ཤེས་རིག་མ་དར་ བ་ནས་ཤེས་རིག་དར་རྒྱས་ཀྱི་སྐབས་བར་དུ། རྡོ་དེ​ེར་འགྱུར་ལྡོག་མེད་ དོན་ཅི། རྡོ་དེས་རང་ཉིད་མཆོག་འཛིན་ཁོ་ནས་ཨུ་ཚུགས་ཀྱིས། ང་མཆོག ང་ལེགས། ངའི་གོང་ན་མེད། དེས་ན་ང་ལ་བསྒྱུར་བཅོས་གཏོང་དགོས་ དོན་མེད་ཅེས་རྟག་པར་བརྗོད་ཀྱི་ཡོད་པས་ཡིན་སྲིད། ཁ རྡོ་དེ། དེང་རབས་ཚན་རིག་གིས་ལེགས་བཅོས་མ་ཐུབ། ནང་བསྟན་ལྟ་ གྲུབ་ཀྱིས་མཉེན་མོར་མ་བྱས། རྡོ་དེར་ནམ་ཡང་འགྱུར་ལྡོག་ཡོང་མི་ཐུབ། དེར་ཡ་མཚན་དང་དགོད་སྒྲ་ཤོར་དོན་ཅི། རྡོ་དེ། ངོ་བོ་རྙིང་ཤིང་ཧྲུལ། རྒྱུ་བ་རྒས་ཤིང་ཁོག་པས་ཏག་ཏག་བེད་མེད་བྱ་དངོས་ཀྱི་བཞུགས་གྲལ་ བསྙེགས་ཟིན་པ་འདྲ། ག རྡོ་དེས། ཚེ་སྲོག་གྲངས་མེད་ཅིག་གི་མདུན་ལམ་བཀག རྡོ་དེས། གསར་བྱུང་གང་མང་ཞིག་གི་སྤོབས་པ་བཅོམ། རྡོ་དེས། དབྱེ་འབྱེད་བསམ་བློ་སྐོར་ཞིག་གི་སྐེད་ནས་མནན་ཏེ་མགོ་ནས་ བརྡུངས། རྡོ་དེ། ངོས་གཞན་ཞིག་ནས་ངེས་པར་དུ་གཏོར་དགོས་པའི་ང་ཚོའི་ བཀག་རྡོ་ཡིན་པ་འདྲ། ང རྡོ་དེས། ང་ཚོ་གཡེང་ལས་བསྐྱབས་མྱོང་། རྡོ་དེས། ང་ཚོར་བརྟན་ཚུགས་ བསླབས་མྱོང་། རྡོ་དེས། ང་ཚོར་བགྲོད་ལམ་བསྟན་མྱོང་། རྡོ་དེའི། ཕྱོགས་ཐམས་ཅད་ མུན་ནག་མིན་པས་ ད་བར་དུ་ང་ཚོས་རྡོ་དེར་མཆོད་འབུལ་བྱས། བསྟོད་བསྔགས་བགྲངས། ཆེ་བསྟོད་ཕུལ། རྡོ་དེ། ནམ་ཞིག་ན་མཉེན་མོར་འགྱུར་སྲིད་དམ། ༢༠༡༠/༦/༤ལ་བྲིས།།


འདོན་ཐེངས་བཞི་པ། ༢༠༡༢

43


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

44


འདོན་ཐེངས་བཞི་པ། ༢༠༡༢

45


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

*

46

* མི་ཚེ་ཞེས་པ་རྒྱ་གར་སྐད་དུ་བསྒྱུར་ན་ཇཱི་ཝན་ཟེར།


མི་རབས་གསར་པའི་ལེའུ་ལ་བྲིས་པའི་ཞེད་སྣང་འོག་གི་ཀ་ཕྲེང་།

འདོན་ཐེངས་བཞི་པ། ༢༠༡༢

ཁ་བྱང་གི་འགྲེལ-----ལྷ་གསར་པ་ལས། འདྲེ་རྙིང་པར་དགའ། = བོད་ཀྱི་གཏམ་དཔེ། ལི་ཐང་དབྱིག་གཉེན། (བློ་གླིང།) ཀ་ཁ་ག་ང་ཤེས་མཁན་ཐམས་ཅད་བོད་ཡིག་མཁས་རབས་གླེང་བཞག་ན།། ཁ་དོག་དཀར་དམར་འཆད་མཁན་ཐམས་ཅད་ཕྱག་དཔེ་ཡག་རབས་བསྒྲག་བཞག་ན།། ག་ས་གང་དུ་བསྐྱོད་མྱོང་མཁན་པོར་འཁྱམ་ཉུལ་ཡིན་ཚུལ་བཤད་བཞག་ན།། ང་ནི་དེང་གི་མི་རབས་གསར་པར་སེམས་ཀྱི་སྟེང་ནས་ཞེད་སྣང་སྐྱེས།། ཅ་ཅོ་ངག་གིས་གླུ་དབྱངས་ལེན་ཚད་དྲུག་འགྱུར་སྙན་རབས་གླེང་བཞག་ན།། ཆ་ལུགས་གདོང་གིས་རྣམ་འགྱུར་སྟོན་ཚད་མཛེས་མ་ཡིན་རབས་བསྒྲག་བཞག་ན།། ཇ་ཁུ་ནག་པོའི་ཁུ་བ་འདི་ཡང་ཨག་དྲི་བྲོ་རབས་བཤད་བཞག་ན།། ཉ་ཀྱུ་ལྟ་བའི་སོ་ཁ་འདི་དག་བདག་གིས་མཐོང་དུས་ཞེད་སྣང་སྐྱེས།། ཏཱ་ལའི་བླ་མ་མིན་ཚད་ཐམས་ཅད་སངས་རྒྱས་མིན་རབས་གླེང་བཞག་ན།། ཐ་གྲུར་འགྲིམས་པའི་བོད་མི་འདི་དག་སེམས་ཤུགས་མེད་རབས་བསྒྲག་བཞག་ན།། ད་ནས་བཟུང་སྟེ་བོད་དོན་འདི་ཡང་བསྐྱུར་རྒྱུ་ཡིན་རབས་བཤད་བཞག་ན།། ན་ནིང་ལོ་ཡི་དཀའ་སྡུག་ཐམས་ཅད་སེམས་སུ་རུམ་དུས་ཞེད་སྣང་སྐྱེས།། པ་ཕ་བཟང་པོའི་ཁ་ཆེམ་དེ་ཚོ་སེམས་ནས་བརྗེད་རབས་གླེ​ེང་བཞག་ན།། ཕ་ཤུལ་བུ་ཡིས་བརྒྱུད་འཛིན་ཐད་ལ་ཇུས་གཏོགས་མེད་རབས་བསྒྲག་བཞག་ན།། བ་ཀུ་ལ་ཡི་མེ་ཏོག་འདི་ཡང་དྲི་ངལ་ཐུལ་རབས་བཤད་བཞག་ན།། ི ་ཚེ་སྟོང་བའི་འཁོར་བའི་མི་ལ་ཞེད་སྣང་སྐྱེས།། མ་མ་འབུམ་གྱི་མི ཙ་གེ་ཙིག་གེའི་བྱ་བ་འདི་དག་སྙིང་པོ་ཡོད་རབས་གླེང་བཞག་ན།། ཚ་བའི་ལུང་གི་མི་རིགས་འདི་ལ་ཞེན་པ་ལོག་རབས་བསྒྲག་བཞག་ན།། ཛ་དྲག་ཆེ་བའི་དུས་སྐབས་འདི་རུ་ཁ་ཕོ་རྐྱང་རྐྱང་བཤད་བཞག་ན།། ཝ་ཞྭ་ཅན་གྱི་མི་རིགས་འདི་རུ་སྙིང་ཁུང་སྟེང་ནས་ཞེད་སྣང་སྐྱེས།། ཞྭ་སེར་ཅན་གྱི་མི་བུ་ཐམས་ཅད་དགེ་ལུགས་ཡིན་ཚུལ་གླེང་བཞག་ན།། ཟ་འདོད་ཅན་གྱི་སེམས་ཅན་འདི་དག་ཟ་འདྲེ་ཡིན་ཚུལ་བསྒྲག་བཞག་ན།། འུག་པའི་སྐད་སྒྲ་མཚན་མོར་ཐོས་དུས་དུས་ཚིགས་ངན་རབས་བཤད་བཞག་ན།། ཡ་མཚན་ཆེ་བའི་མི་རིགས་འདི་ལ་སེམས་ཀྱི་སྟེང་ནས་ཞེད་སྣང་སྐྱེས།། རྭ་དམར་ཅན་གྱི་རྒྱ་ནག་མི་ལ་སྙིང་རྗེ་ཡོད་ཚུལ་གླེང་བཞག་ན།། ི ་བདེན་གཏམ་ཡིན་ཚུལ་བསྒྲག་བཞག་ན།། ལ་གཏམ་ལུང་གཏམ་ཚིག་འཆལ་འདི་ཚོ ཤ་ཀོན་ལེན་རྒྱུའི་དུས་ཚིགས་དམར་པོ་མགྱོགས་པོ་ཡིན་ཚུལ་བཤད་བཞག་ན།། ས་ཡ་དྲུག་གི་ལས་དབང་འདི་ལ་སྙིང་ཁུང་སྟེང་ནས་སྐྱོ་གར་འབུས།། ཧ་ཧ་གཏམ་གྱིས་མི་ཡུལ་ལུང་ལ་དགོད་སྒྲ་དམར་པོའི་ཁེངས་བཞག་ན།། ཨ་རིར་བསླེབ་པའི་ཀུན་སློང་མ་གཏོགས་ཨ་མ་སེམས་ནས་བརྗེད་བཞག་ན།། ཧ་ཅང་ཐལ་བའི་བྱ་ངན་འདི་དག་སྤང་བླངས་ལོག་འགྲེལ་བྱེད་བཞག་ན།། ཨ་རོག་བོད་མའི་བརྩེ་སེམས་དྭངས་མ་ནམ་མཁའི་ཐོག་གི་མཇའ་ལྟར་ཡལ།། ༢༠༡༡་་༤་་༢༢་་ཉིན་བྲིས། 47


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ཆོས་ཉན་པའི་ཚུལ།

༡༽ ཆོས་ཉན་པ་ལ་དང་པོ་ཆོས་ཐོས་པའི་ཕན་ཡོན་བསམ་དགོས་པས་ཆོས་ཉན་པའི་ཕན་ཡོན་ནི། རང་གིས་མི་ཤེས་པ་དེ་ནོར་འཁྲུལ་ཚང་མ་འབྱུང་ས་ཡིན་པར་ཐོས་པ་ལས་ཤེས་ཏེ། མི་ཤེས་པ་ལས་ལས་བཟང་ངན་འབྱུང་བ་དང་། མི་ཤེས་པ་དེ་མེད་ པ་ཆགས་པ་ན་འཁོར་བ་ལས་ཐར་བ་སོགས་ཐོས་པ་ལས་ཤེས་པའི་ཕྱིར། དེ་ལྟར་ཤེས་པ་ལ་བརྟེན་ནས་སྡིག་པ་མ་བསགས་པ་དང་དགེ་བ་སྒྲུབ་པ་ སོགས་བྱེད་པ་འབྱུང་སྟེ། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར།། ཐོས་པས་སྡིག་ལས་ལྡོག་པར་བྱེད།། ཅེས་གསུངས། དེ་བཞིན་དུ་སྐྱེས་རབས་སོ་གཅིག་པ་ལས་ཀྱང་། ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར།། རང་གི་ཤས་ཀྱང་དེ་ནི་ཉོ་བར་རིགས།། ཞེས་ཐོས་པ་ལ་བརྟེན་ནས་དཀོན་མཆོག་གི་ཡོན་ཏན་དང་བདེན་བཞིའི་གནས་ལུགས་སོགས་ཤེས་པ་སྟེ། ཐོས་ པ་ལས་བླང་བྱ་དང་དོར་བྱ་གང་ཡིན་ལེགས་པར་ཤེས་པས་མི་ཤེས་པ་གཏི་མུག་བྱ་བའི་ཉོན་མོངས་མེད་པར་འགྱུར་བར་སོང་། རང་གི་ལུས་ཀྱི་ཤ་ བཅད་ནས་གཞན་ལ་བཙོང་པས་ཀྱང་ཐོས་པ་ཉོ་བར་རིགས་པར་གསུངས་པ་དང་། ཡང་ཐོས་པ་ནི། མི་ཤེས་པའི་མུན་པ་སེལ་བའི་སྒྲོན་མེ་དང་། རྐུ་མས་ཁྱེར་བར་མི་ནུས་པའི་ནོར་དང་། རྨོངས་པའི་དགྲ་འཇོམས་པའི་མཚན་ཆ་དང་། རང་ལ་ཕན་པ་སྒྲུབ་པའི་མན་ངག་སྟོན་པའི་ཆོས་གྲོགས་དང་། འགྱུར་བ་མེད་པའི་མཛའ་བོ་དང་། གནོད་པ་མེད་པའི་སྨན་དང་། དཔལ་དང་གྲགས་ པའི་གཏེར་དང་། ཡ་རབས་རྣམས་ཐུག་དུས་སྐྱེས་ཀྱི་མཆོག་སྟེ་རྔན་པ་ཡག་ཤོས་ལྟ་བུ་ཡིན་པར་ཡང་གསུངས།

གཞན་ཡང་། ང་ཚོས་འཇིག་རྟེན་འདི་ན་དཀོན་པར་རྩིས་པའི་རྡོ་རྗེ་ཕ་ལམ་སོགས་རིན་པོ་ཆེ་གང་དག་ལས་ཀྱང་སངས་རྒྱས་ཀྱི་གསུང་རབ་ཐོས་པ་ ནི་ཆེས་དཀོན་པ་ཡིན་ཏེ། སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན་པས་དེའི་གསུང་རབ་དཀོན་པ་ཉིད་ཡིན་པའི་ཕྱིར། དེས་ན། ད་ལྟ་སངས་རྒྱས་བཅོམ་ ལྡན་འདས་བྱོན་ནས་ལོ་ཉིས་སྟོང་ལྷག་ལས་སོང་མེད་དུས་འདིར་སངས་རྒྱས་ཀྱི་གསུང་ལ་ཐོས་པ་མ་བྱས་ན། དེའི་རྗེས་ཀྱི་སངས་རྒྱས་འབྱུང་བར་ལོ་ གྲངས་བགྲངས་ལས་འདས་ཅིང་། དེའི་ཚེ་ཡང་སོ་སོ་རང་ཉིད་མི་ལུས་ཐོབ་པའི་འདེང་ཚོད་གང་ཡང་མེད་ལ། ཅི་སྟེ་མིར་སྐྱེ་བའི་དབང་དུ་བྱས་ཀྱང་ སངས་རྒྱས་གང་ན་འབྱུང་བའི་ཡུལ་དེར་སྐྱེ་བར་མ་ངེས་པས་ད་ལྟ་ལྟ་བུའི་གོ་སྐབས་དེ་འདྲ་ཤིན་ཏུ་རྙེད་པར་དཀའ་བ་བསམ་མོ།། ༢ དེ་ལྟ་ཆོས་ཉན་པའི་ཕན་ཡོན་བསམ་པའི་རྗེས་ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཇི་ལྟར་བྱ་བ་ནི། དེ་ཡང་ཆོས་སྨྲ་བ་ལ་གུས་པའི་སྒོ་ནས་ཆོས་ཉན་པ་དགོས་ཀྱི། དེ་ལ་འཕྱ་ལད་བྱེད་པ་སོགས་ཀྱིས་ཆོས་ཉན་མི་རུང་བ་ཡིན། དེ་བཞིན་དུ་ཆོས་ཉན་ པའི་དུས་ཀྱང་ཆོས་སྟོན་པ་པོ་ཐུགས་བདེ་བ་དང་། བྲེལ་བ་མེད་པའི་དུས་སུ་ཉན་པ་དང་། ཆོས་སྟོན་པ་པོ་ལ་ཕྱག་འཚལ་བ་སོགས་ཀྱི་བཀུར་སྟི་བྱེད་ པ་དང་། ཀླན་ཀ་མི་ཚོལ་བ་དང་། ཆོས་དེ་དེ་འདྲ་ཙམ་ཞིག་རེད་སྙམ་པ་དང་ཆོས་སྟོན་པ་པོ་དེར་ཧ་ལས་རྒྱུ་ཅང་མེད་ལྟ་བུ་ཁྱད་གསོད་མི་བྱེད་པ་ དང་། དེ་བཞིན་དུ་ཆོས་སྟོན་པ་པོ་དེ་ཚུལ་ཁྲིམས་ཉམས་པ་དང་། རིགས་དམའ་བ་དང་། མདོག་ཉེས་པ་ཡིན་པས་བདག་གིས་དེ་ལས་མི་ཉན་ནོ་སྙམ་ པ་དོར་བ་དགོས། ས་ཡི་སྙིང་པོའ་ི མདོ་ལས། གཅིག་ཏུ་དད་ཅིང་གུས་པས་ཆོས་མཉན་གྱི།། དེ་ལ་འཕྱ་ཞིང་སྐུར་བར་མི་བྱའོ།། ཞེས་སོགས་དང་། སྐྱེས་རབས་ལས་ཀྱང་། ནད་པས་སྨན་པའི་ཚིག་ཉན་བཞིན།། རིམ་གྲོ་བསྐྱེད་དེ་ཆོས་ཉན་ཅིག། ། ཞེས་གསུངས། ༣ དངོས་གཞི་ཆོས་ཇི་ལྟར་ཉན་པའི་ཚུལ་ནི། སྤྱིར་ཆོས་ཉན་པ་ལ་འགལ་རྐྱེན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་དང་། མཐུན་རྐྱེན་འདུ་ཤེས་དྲུག་བསྟེན་པ་དགོས་པས། དང་པོ་སྣོད་ཀྱི་སྐྱོན་གསུམ་ དང་བྲལ་བ་ནི། ༡ སོ་སོ་རང་ཉིད་ཆོས་ཉན་སར་བསྡད་ཀྱང་སྣོད་ཆས་ཁ་སྦུབ་པ་ནང་བཞིན་ཆོས་ཨམ་ཆོག་གིས་ཡག་པོ་མ་ཉན་པ་དེ་འདྲ་མི་བྱེད་པ་དང་། ༢ རང་ཉིད་ཀྱིས་ཡག་པོ་ཉན་ཀྱང་སྣོད་ཆས་བཙོག་པ་ནང་བཞིན་རང་ཉིད་མཁས་འདོད་དང་། ཆོས་དང་ཆོས་སྨྲ་བ་ལ་དགག་པ་སོགས་བྱེད་དགོས་ སྙམ་པ་སོགས་ཚེ་འདི་དང་ཕྱི་མའི་སྣང་ཞེན་གྱིས་བཅིངས་པ་སོགས་བསམ་བློ་ལ་སྐྱོན་ཞུགས་པ་དེ་འདྲ་མི་བྱེད་པ།

48


འདོན་ཐེངས་བཞི་པ། ༢༠༡༢

༣ གོང་གི་སྐྱོན་གཉིས་ཀ་མེད་ཀྱང་སྣོད་ཆས་རྐུབ་རྡོལ་བ་ནང་བཞིན་ཆོས་ཉན་ཚར་བ་དང་ཡང་ཡང་མ་བསམ་པར་སྣང་མེད་དུ་བརྗེད་དུ་འཇུག་ པར་མི་བྱེད་པའོ།། མཐུན་རྐྱེན་འདུ་ཤེས་དྲུག་ནི། (འདུ་ཤེས་ཟེར་ན་དེ་དེའ་ོ སྙམ་པའི་བསམ་བློ་ཡིན) ༡ རང་ཉིད་འདོད་ཆགས་དང་ཁོང་ཁྲོ་སོགས་ཉོན་མོངས་པས་དུས་རྟག་ཏུ་ན་བའི་ནད་པ་ཡིན་པའི་འདུ་ཤེས་བསྟེན་པ་དང་། ༢ རང་ཉིད་ཀྱི་ནད་གཞི་དྲག་པོ་དེ་སེལ་བར་བྱེད་མཁན་ཆོས་སྟོན་པ་པོ་ལ་སྨན་པའི་འདུ་ཤེས་བསྟེན་པ་དང་། ༣ ནད་དེ་དངོས་སུ་མེད་པ་བཟོ་བྱེད་དུ་སྟོན་པའི་ཆོས་ལ་སྨན་གྱི་འདུ་ཤེས་བསྟེན་པ་དང་། ༤ དེས་ཇི་ལྟར་བསྟན་པ་ཉམས་སུ་བླང་བ་ནད་གསོ་བར་བྱེད་པ་དང་འདྲ་བས་ནད་འཚོ་བའི་འདུ་ཤེས་བསྟེན་པ་དང་། ༥ དེ་བཞིན་གཤེགས་པ་སངས་རྒྱས་རྣམས་ལ་སྐྱེས་བུ་དམ་པའི་འདུ་ཤེས་བསྟེན་པ་དང་། ༦ ཆོས་འདི་ལྟ་བུ་ཉན་པ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རྒྱུན་རིང་དུ་གནས་ན་ཅི་མ་རུང་སྙམ་པའི་འདུ་ཤེས་བསྟེན་པ་དགོས་སོ།།

ལྷག་པར་ཆོས་ཉན་པའི་དུས་སུ་རང་གི་རྒྱུད་ལ་མ་སྦྱར་བར་སྔོན་འདས་པའི་དུས་ཀྱི་མི་ལ་ལ་ཞིག་གི་ལོ་རྒྱུས་ཉན་པ་ལྟ་བུ་མ་བྱས་པར། ཆོས་དེ་ཉིད་ མེ་ལོང་གི་ཤེལ་རྐོ་འདྲ་པོར་བསམ་བློ་བཏང་ནས་རང་གི་སེམས་རྒྱུད་ཀྱི་སྐྱོན་དེ་ཚོ་ཆོས་ཀྱི་མེ་ལོང་ནང་ནས་མཐོང་བར་བྱས་ནས་རང་རྒྱུད་ཀྱི་ཉོན་ མོངས་པའི་སྐྱོན་རྣམས་བསལ་དགོས་པ་ཡིན། མདོར་ན། ཆོས་ཉན་པའི་ཚེ་ངས་ལྷ་དང་མིར་བཅས་པའི་སེམས་ཅན་ཚང་མའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་དགོས། དེ་ལྟར་བྱེད་པ་ ལ་དེའི་ཐབས་ཤེས་ཀྱི་རྒྱུ་གང་ཡིན་ཧ་གོ་དགོས། དེ་ཧ་གོ་བ་ལ་ཆོས་ཉན་དགོས་པ་ཡིན་ཙང་ཆོས་ལེགས་པར་ཉན་པར་བྱའོ་བསམས་ནས་ཆོས་ཉན་ དགོས་པ་ཡིན། ར་ས་བསྟན་ཕུན་དཔལ་གྱིས་སྤྱི་༢༠༡༡ ས་ག་ཟླ་བའི་ཚེས་༡༥ ཉིན་བྱེས་ཀྱི་འབྲས་སྤུངས་དགོན་གྱི་རང་ཤག་ནས་བྲིས།

སྦུར་པས་མགོར་བརྡུང་པ། (དངོས་བྱུང་མཚར་གཏམ།)

བོད་ཀྱི་ལུང་པ་ཞིག་ལ་མི་ཚང་ཆེན་པོ་ཞིག་ཡོད་པ་དེར་བུ་ཞིག་ཡོད། ཐེངས་ཤིག་ལུང་པ་དེ་གཞན་དང་འཁྲུག་པ་ཤོར་བས་མཚན་མོ་ཞིག་བུ་ དེ་གྲོང་མི་མང་པོ་དང་ལྷན་དུ་མེ་མདའ་ཁུར་ནས་འཛིང་སར་སོང་བ་རེད། འཁྲུག་འཛིང་བྱེད་བཞིན་པའི་སྐབས་སྦུར་པ་((beetleའབུ་སྒལ་ པ་འཁྲེགས་པོ་ཞིག))ཞིག་འཕུར་ཡོང་ནས་བུ་དེའི་མགོ་བོར་ཤུགས་ཆེན་པོས་བརྡུང་པས། ཁོའ་ི བསམ་པར་ད་མེ་མདའ་ཕོག་སོང་དྲན་ནས་མགོ་ བོ་རས་ཞིག་གིས་ཡག་པོ་བསྡམས་ནས་མི་ཚོར་མགོ་ལ་མེ་མདའ་ཕོག་སོང་ལབ་ནས་ལོག་ཡོང་བས་གྲོང་མི་ཚང་མ་ཧང་སངས་ནས་བལྟ་བར་ སླེབས། མི་ཚང་མ་འཛོམས་སར་དེར་གཅིག་གིས་ཁོའ་ི མགོའ་ི རས་དེ་ག་ལེར་བཀྲོལ་བས་དེའི་ནང་སྦུར་པ་ཆེན་པོ་ཞིག་མ་གཏོགས་མགོ་བོར་རྨ་ ཤུལ་གང་ཡང་མེད་པས་མི་ཚོ་གད་མོ་ཤོར་བ་དང༌། ཁོ་རང་ངོ་ཚ་པོ་བྱུང་བ་རེད། 49


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

སྐྱེ་བ་སྔ་ཕྱིའི་སྐོར།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས།

གོང་དུ་ཤི་དུས་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པའི་ སྒྲུབ་བྱེ ད ་བཤད་ཟི ན ་པར་བརྟེ ན ་ཡང་མི ་ ལ་ལའི ་ སེ མ ས་ ནང་ཤི་དུས་ཆོས་ཀྱིས་ཕན་གྱི་ཡོད་ནའང་འདྲ། ཕན་གྱི་མེད་ ནའང་འདྲ། གང་ལྟར་སྐྱེ་བ་སྔ་ཕྱི་ཟེར་བ་དེ་ནི་ཤོད་ཚུལ་ཙམ་ ལས་དངོས་སུ་ཨེ་ཡོད་སྙམ་པ་ཡོང་སྲིད་པར་བརྟེན་སྐྱེ་བ་སྔ་ ཕྱི་ཡོད་པའི་རྒྱུ་མཚན་འདི་བྱུང་བ་རེད། སྐྱེ་བ་སྔ་ཕྱི་ཡོད་པའི་ སྐོར་དེ་རིག་པ་ཧ་ཅང་གཏིང་ཟབ་པོ་ཡོད་ཅིང་། ཚད་མ་རིག་ པ་ལེ འུ ་གཉི ས ་པའི ་ ནང་གཙོ ་ བོ ་ སྐྱེ ་ བ་སྔ་ཕྱི འི ་ སྐོ ར ་བཤད་ ཡོད། འདིར་མདོར་བསྡུས་ཙམ་ཞུས་ན། སྐྱེ་བ་སྔ་ཕྱི་ཟེར་བ་མེད་ཅེས་བཤད་ན་དེའི་ལན་དུ་འདི་ ལྟར་སྟེ། ཤི་བའི་རྗེས་སུ་རང་གི་རྣམ་ཤེས་དེ་མེད་པར་འགྲོ་ མི་སྲིད་པར་སྐྱེ་བ་རྗེས་མ་ཡོད་པར་འདོད་ལ། འོ་ན་འཇིག་ རྟེན་ཐོག་གི་དངོས་པོ་ཚང་མ་དང་པོ་སྐྱེ་བ། བར་དུ་གནས་ པ། མཐའ་མ་འཇིག་པའམ་མེད་པར་འགྲོ་བ་ནི་ལྡོག་ཐབས་ མེ ད ་པའི ་ ཆོ ས ་ཉི ད ་ཅི ག ་ཡི ན ་པས་རྣམ་ཤེ ས ་ཀྱང་ཆོ ས ་ཉི ད ་ དེ་ལས་ལྡོག་ཏུ་མེད་པས་ད་དུང་སྐྱེ་བ་རྗེས་མར་འགྲོ་ཟེར་བ་ དེ་མེད་པར་ལུས་པོ་ཤི་བའི་རྗེས་སུ་རྣམ་ཤེས་ཀྱང་མེད་ཅེས་ བཤད་ཚེ་སངས་རྒྱས་ཆོས་ལུགས་པས་རྣམ་ཤེས་ནི་ལུས་པོ་ཁོ་ ནར་བརྟེན་ནས་བྱུང་བ་ཞིག་མིན་པར་དཔེར་ན་ནས་དང་། གྲོ། སྲན་མ། འབྲས། ཤིང་། ལྕགས་སོགས་ཚང་མ་འཇིག་རྟེན་ འདི འི ་ ཐོ ག ་གི ་ དངོ ས ་པོ ་ སྤྱི ར ་བཏང་བ་ཤ་སྟག་ཡི ན ་ནའང་ དེ ་ ཚོ ་ ཚང་མར་སོ ་ སོ་ཆགས་ཡས་ལ་སོ་སོ་དང་རི ག ས་འདྲ་ བའི་རྒྱུ་ཞིག་ངེས་པར་དགོས་ཤིང་། རིགས་མི་འདྲ་བའི་རྒྱུ་ལ་ བརྟེན་ནས་རིགས་འདྲ་བའི་འབྲས་བུ་ཡོང་མི་སྲིད་དེ། དཔེར་ ན་གྲོ་བཏབ་ན་གྲོ་དང་། སྲན་མ་བཏབ་ན་སྲན་མ་སྐྱེ་བ་ལས་ གྲོ་ལ་སྲན་མ་དང་སྲན་མར་གྲོ་སོགས་སྐྱེ་མི་སྲིད་པས་འཇིག་ རྟེན་ཐོག་གི་དངོས་པོ་སྤྱིར་བཏང་རྣམས་ཀྱང་དེ་ལྟར་ཡིན་ན་ རྣམ་ཤེས་ནི་ལོས་ཡིན། གང་ཞེ་ན། རྣམ་ཤེས་ནི་ཕྱི་རོལ་ཡུལ་ གྱི་དངོས་པོ་ངོས་འཛིན་བྱེད་པའི་ནུས་པ་ཡོད་པ་དང་། དངོས་ པོ་ལ་བཀོད་འདོམས་བྱེད་ཐུབ་མཁན། དངོས་པོའ་ི ཆོས་ཉིད་ 50

ལ་ཤེས་རྟོགས་བྱེད་ཐུབ་མཁན། འཕེལ་རྒྱས་འགྲོ་བའི་ནུས་པ་ ཆེན་པོ་ཡོད་པ་བཅས་དངོས་པོ་གཞན་དང་མི་འདྲ་བ་ཚད་ མཐོ་པོ་ཞིག་ཡིན་པས་དངོས་པོ་ཚད་མཐོ་པོ་འདི་འདྲ་ཞིག་ གི ་ རྒྱུ་དེ ་ རང་དང་རི ག ས་འདྲ་བ་ཞི ག ་མེ ད ་ན་དངོ ས ་པོ ་ དེ ་ ཡང་མི་སྲིད། འོ་ན་ཁྱེད་ཀྱི་རྣམ་ཤེས་དེ་གང་ནས་བྱུང་བ་རེད་ དམ་ཞེས་དྲིས་ན། མི་མང་ཆེ་བས་ཕལ་ཆེར་རང་གི་རྣམ་ཤེས་ དེ་ཨ་མའི་ཁོག་ནས་སྐྱེ་བའི་ཉིན་དེ་ནས་བྱུང་ཞེས་ཤོད་བཟོ་ ཡོད། འོན་ཀྱང་དེ་འདྲ་མིན་ཏེ། ཨ་མའི་ཁོག་པའི་ནང་ཟླ་དགུ་ ངོ་བཅུ་གནས་ཚང་གཡར་རིང་ཚ་གྲང་གི་སྡུག་བསྔལ་ཧ་ཅང་ མང་པོ་མྱོང་དགོས་པ་དཔེར་ན་ཨ་མས་ལྟོ་ཆས་ཚ་པོ་བཟའ་ དུས་ཚ་བའི་སྡུག་བསྔལ་དང་། ལྟོ་ཆས་གྲང་མོ་བཟའ་དུས་ གྲང་བའི་སྡུག་བསྔལ། ཨ་མས་ལམ་དུ་མཆོངས་རྒྱག་རྒྱག་དུས་ གཡང་དུ་ལྷུང་བའི་སྡུག་བསྔལ། ཨ་མས་ཐོག་ཁར་འཛེགས་ དུས་རང་གིས་དངོས་པོ་ཆེན་པོ་ཞིག་ཡར་བཀྱག་པ་ལྟ་བུའི་ སྡུག་བསྔལ། ཨ་མ་ལྟོ་ཟ་ཡས་མང་དྲག་ན་རང་ཉིད་རི་ཆེན་ པོ་ཞིག་གིས་མནན་པ་ལྟ་བུའི་སྡུག་བསྔལ་སོགས་ཚོར་བ་དེ་ འདྲ་ཡོང་གི་ཡོད་པ་མ་ཟད། སྐྱེ་བའི་སྐབས་སུའང་ཨ་མའི་ ཁོག་པའི་ནང་ནས་མགོ་རྟིང་ལོག་རྗེས་རང་གི་ཤུགས་དང་ཨ་ མའི་ཤུགས་གཉིས་ཀས་འདེད་དེ་རང་གི་ལུས་པོ་དེ་ལྕགས་ཀྱི་ བུ་ག་ཆུང་ཆུང་ཞིག་ནང་བཙིར་ནས་མར་འཐེན་པ་ལྟ་བུའི་ སྡུག་བསྔལ་ཡོད་སྟབས་སྐྱེ་མ་ཐག་སྐད་ཤུགས་གང་ཡོད་ཀྱིས་ ངུ་བ་དེ་སྡུག་བསྔལ་དེ་དངོས་སུ་ཚོར་སྣང་ཡོང་གི་ཡོད་པའི་ རྟགས་ཡིན་པར་བརྟེན་ཨ་མའི་ཁོག་ནང་དུ་ཡོད་དུས་ནས་ རྣམ་ཤེས་མེད་ན་ཚོར་བ་དེ་དག་ཡོང་ཐབས་མེད་པས་ཚོར་ བ་ཡོང་ཡས་ཀྱི་རྣམ་ཤེས་དེ་ལ་ཁོ་དང་རིགས་མཐུན་པའི་རྣམ་ ཤེས་ཤིག་ཡོད་དགོས་པ་ལས་རྒྱུ་རྐྱེན་གང་ཡང་མེད་པར་གློ་ བུར་དུ་བྱུང་བ་ཞིག་མིན། འོ་ན་ཨ་མའི་ཁོག་པའི་ནང་ཡོད་པའི་ཕྲུ་གུ་དེའི་རྣམ་ཤེས་དེ་ ལ་རྒྱུ་ཞིག་ངེས་པར་ཡོང་སྲིད་ལ་དེ་ཡང་རིགས་མི་འདྲ་བའི་ རྒྱུ་ཞིག་རྩ་བ་ནས་མིན་པས་ཡང་སྙིང་རིགས་འདྲ་བའི་རྒྱུ་དེ་ ཕ་མ་གཉིས་ཀྱི་ཁོག་ཏུ་ཡོད་དམ་ཡང་ན་དེ་མིན་གང་དུ་ཡོད་ ཅེ་ན། དེ་ནི་རང་གི་རྣམ་ཤེས་ཀྱི་རྒྱུ་ཞིག་ལས་ཕ་མ་གཉིས་ཀྱི་ ལུས་ཐོག་ནས་བྱུང་བ་ཞིག་མིན། དེས་ན་ད་ལྟའི་རང་གི་རྣམ་ ཤེས་དེའི་རྒྱུ་དེ་སུའི་རྣམ་ཤེས་ཡིན་ནམ་ཞེ་ན། དེའི་རིག་པ་


ཧ་ཅང་གཏིང་ཟབ་པོ་ཡོད་དེ། ཨ་མའི་ཁོག་པའི་ནང་གི་ཕྲུ་གུ་ དེའི་རྣམ་ཤེས་ཀྱི་རྒྱུ་དེ་རང་དང་རིགས་འདྲ་བ་ཞིག་ཡིན་པ་ ལས་རིགས་མི་འདྲ་བ་ལ་བརྟེན་ནས་ཡོང་མི་སྲིད་ལ། རིགས་ འདྲ་བའི་རྒྱུ་ནི་རྣམ་ཤེས་ཤིག་རང་ལས་རྣམ་ཤེས་མིན་པའི་རྒྱུ་ ཞིག་གིས་རྣམ་ཤེས་ཀྱི་རྒྱུ་བྱེད་མི་ཐུབ་པ་དཔེར་ན་ལྕགས་ལ་ ལྕགས་ཆགས་ཐུབ་པའི་རྒྱུ་ཞིག་དང་གྲོ་ལ་གྲོ་ཆགས་ཐུབ་པའི་ རྒྱུ་ཞིག་དགོས་པ་ལྟར་རྣམ་ཤེས་ལ་རྣམ་ཤེས་ཆགས་ཐུབ་པའི་ རྒྱུ་ཞིག་དགོས་པ་ལས་རྣམ་ཤེས་མ་ཡིན་པ་ཞིག་རྣམ་ཤེས་ཀྱི་ རྒྱུ་ལ་བསྒྱུར་ཏེ ་ རྣམ་ཤེ ས ་ཆགས་པ་ཞི ག ་རྩ་བ་ནས་ཡོ ང ་མི ་ སྲིད། དེས་ན་རང་གི་རྣམ་ཤེས་དེའི་རྒྱུ་རྣམ་ཤེས་ཤིག་ཡིན་པ་ གཏན་འཁེལ་རེད། འོ་ན་རྣམ་ཤེས་དེ་པ་ཕའི་རྣམ་ཤེས་ཡིན་ དང་། ཨ་མའི་རྣམ་ཤེས་ཡིན། ཡང་ན་ཕ་མ་ཟུང་གི་རྣམ་ཤེས་ བསྡོམས་ནས་བྱུང་བ་ཡིན་ནམ་ཞེ་ན། དེ་ཕ་མ་གཉིས་ཀ་དང་ འབྲེལ་བ་མེད་པར་སོ་སོ་རང་གི་རྣམ་ཤེས་ཡིན་ཏེ། དཔེར་ན་ པ་ཕའི་རྣམ་ཤེས་ལས་བྱུང་བ་ཡིན་ན་པ་ཕ་རིག་པ་སྐྱོ་པོ་གང་ ཡང་མི ་ཤེ ས ་མཁན་ཞི ག ་ལ་ཕྲུ་གུ་ཡང་དེ ་ དང་འདྲ་བ་ཞི ག ་ ཡོད་དགོས་པ་དང་། གལ་ཏེ་ཨ་མའི་རྣམ་ཤེས་ལས་བྱུང་བ་ ཡིན་ན་ཨ་མ་ཞེ་སྡང་དང་ང་རྒྱལ་ཚ་པོ་ཡོད་པ་ཞིག་ལ་ཕྲུ་གུ་ ཡང་དེ་དང་འདྲ་བ་ཞིག་དགོས་པས་དེ་ནི་གཏན་འཁེལ་མེད། དེར་བརྟེན་རྣམ་ཤེས་དེ་རང་གི་རྣམ་ཤེས་ཡིན་པ་བརྗོད་མི་ དགོས། དེ་ལ་རྒྱུ་མཚན་ལྔ་ཡོད། ༡. རང་གི་ལུས་པོ་དེ་རྣམ་ཤེས་ཆགས་ ཡས་ཀྱི་རྒྱུ་མིན་པ། ༢. ཕ་མའི་ལུས་པོ་དེ་ཡང་རང་གི་རྣམ་ ཤེས་ཆགས་ཡས་ཀྱི་རྒྱུ་མིན་པ། ༣. དབུགས་ནི་རྣམ་ཤེས་ ཆགས་ཡས་ཀྱི་རྐྱེན་ཡིན་པ་ལས་རྒྱུ་མིན་པ། ༤ .མ་ཡི་མངལ་ དུ་ཉིང་མཚམས་སྦྱར་བའི་སྐབས་ཀྱི་རྣམ་ཤེས་དེ་ལ་རིགས་སྔ་ མ་ཡོད་པ། ༥. འཆི་ཁའི་དུས་ཀྱི་སེམས་དེས་རྣམ་ཤེས་ཕྱི་མ་ མཚམས་སྦྱོར་བྱེད་པ་བཅས་ཡིན། ༡. རང་གི་ལུས་པོ་དེ་རྣམ་ཤེས་ཆགས་ཡས་ཀྱི་རྒྱུ་མིན་པ་ནི། རྒྱུ་ དང་རྐྱེན་ཞེས་ཁག་གཉིས་ཡོད་པ་ལས་རྣམ་ཤེས་ཆགས་ཡས་ ཀྱི་རྒྱུ་དེ་ལུས་མིན། འོན་ཀྱང་རྐྱེན་དེ་ལུས་ཡིན། རྒྱུ་དང་རྐྱེན་ གཉིས་དབྱེ་བ་ཡོད་པ་དེ་ཚད་མ་རྣམ་འགྲེལ་སློབ་ཁྲིད་བྱེད་ སྐབས་ཞུས་ཟིན་པ་ལྟར་ཡིན། དཔེར་ན་མར་བཏབ་པའི་སོན་ དེ ་ འབྲུ་ཡི ན ་ན་ཡར་སྐྱེ ་ ཡས་དེ འ ང་འབྲུ་ཡི ན ་པས་ཡར་སྐྱེ ་

འདོན་ཐེངས་བཞི་པ། ༢༠༡༢

ཡས་ཀྱི་སོན་འབྲུ་དེ་རྒྱུ་ཡིན་ལ། སོན་དེ་ལ་བརྟེན་ནས་འབྲས་ བུ་ཡོང་དགོས་ན་ས་དང་། ཆུ། ལུད། དྲོད་བཅས་ཀྱི་ཆ་རྐྱེན་ འཛོམས་དགོས་པས་དེ་དག་ནི་རྐྱེན་ཡིན། རྐྱེན་ཡོད་ནའང་ རྒྱུ་མེད་ན་འབྲས་བུ་ཡོང་ཐབས་མེད་ལ། རྒྱུའི་ངོ་བོ་དེ་འབྲས་ བུའི་ངོ་བོར་འགྱུར་དགོས་པར་བརྟེན་རིགས་མི་འདྲ་བའི་རྒྱུ་ དེ་རིགས་མི་འདྲ་བའི་འབྲས་བུའི་ངོ་བོ་ལ་འགྱུར་ཐུབ་ཐབས་ མེད་སྟབས་རྒྱུ་དེ་རང་དང་རིགས་འདྲ་བའི་འབྲས་བུའི་ངོ་བོ་ ལ་འགྱུར་ཐུབ་པ་ཞིག་དགོས་པ་ཡིན། དཔེར་ན་ནས་བཏབ་ ན་ནས་སྐྱེ་བ་དང་། འབྲས་བཏབ་ན་འབྲས་སྐྱེ་བ་ལས་ནས་ བཏབ་ན་གྲོ་སྐྱེ་བ་དང་འབྲས་བཏབ་ན་སྲན་མ་སྐྱེ་བ་སོགས་ ཀྱི་དཔེ་མེད། དཔེར་ན་ཞིང་ཁ་དང་། ཆུ། ལུད། དྲོད་སོགས་ ཀྱི་ཆ་རྐྱེན་ཚང་མ་འཛོམས་ནའང་སོན་མེད་ན་འབྲས་བུ་ཡོང་ ཐབས་མེད། དེ་རྒྱུ་མཚན་གང་ཡིན་ཞེ་ན། སོན་དེ་ལ་བརྟེན་ ནས་རང་དང་རིགས་འདྲ་བའི་འབྲས་བུ་ཞིག་ཆགས་དགོས་ པས་ཡིན། དེར་བརྟེན་རྒྱུ་དང་འབྲས་བུ་གཉིས་རིགས་མི་འདྲ་ བ་ཞིག་ཡིན་ན་རྒྱུ་དེ་ལ་བརྟེན་ནས་འབྲས་བུ་དེ་ཡོང་མི་ཐུབ། དེས་ན་ལུས་པོ་དེ་ཡང་རྣམ་ཤེས་ཆགས་ཡས་ཀྱི་རྒྱུ་ཡིན་ན་ རང་ཤི་ཚར་བའི་རྗེས་སུ་རང་གི་ལུས་པོ་བསྡད་ཡོད་ནའང་ རྣམ་ཤེ ས ་དེ ་ ལུས་པོ ་ དང་ཁ་བྲལ་ཟི ན ་པས་གལ་ཏེ ་ ལུས་པོ ་ དེ་རྣམ་ཤེས་ཆགས་ཡས་ཀྱི་རྒྱུ་ཡིན་ན་ལུས་པོ་གར་ཡོད་སར་ རྣམ་ཤེས་ཡོད་དགོས་པས་དེ་མེད། དེར་བརྟེན་ལུས་པོ་དེ་རྣམ་ ཤེས་ཆགས་ཡས་ཀྱི་རྒྱུ་མིན་པའི་རྒྱུ་མཚན་དང་པོ་དེ་ཡིན། རྒྱུ་ མཚན་གཉིས་པ་ནི། རང་གི་ལུས་པོ་དེ་རྣམ་ཤེས་ཆགས་ཡས་ ཀྱི་རྒྱུ་ཡིན་ན་ལུས་སྟོབས་ཆེ་བར་རྣམ་ཤེས་སྟོབས་ཆེ་བ་དང་། ལུས་སྟོབས་ཆུང་བར་རྣམ་ཤེས་སྟོབས་ཆུང་བ། ལུས་སྟོབས་ཆེ་ ན་རིག་པ་ཡག་པ་དང་། ལུས་སྟོབས་ཆུང་ན་རིག་པ་ཞན་པ་ ཡོང་དགོས་སྟབས་དེ་ཡང་ངེས་པ་མེད་པས་རང་གི་ལུས་པོ་ དེ་རྣམ་ཤེས་ཆགས་ཡས་ཀྱི་རྒྱུ་མིན་པའི་རྒྱུ་མཚན་གཉིས་པ་ དེ་ཡིན། ཡང་རང་གི་དབང་པོ་ལྔ་པོ་དེ་རྣམ་ཤེས་ཆགས་ཡས་ ཀྱི་རྒྱུ་མིན་ནམ་སྙམ་ན། དེ་ཡང་མིན་ཏེ། ལོང་བ་དང་འོན་པ་ ལའང་རྣམ་ཤེས་ཡོད་པས་དེ་ནི་རྒྱུ་མཚན་གསུམ་པ་ཡིན། ༢. ཕ་མའི་ལུས་པོ་དེའང་རང་གི་རྣམ་ཤེས་ཆགས་ཡས་ཀྱི་ རྒྱུ་མིན་པ་ནི། ཕ་མའི་སེམས་ལ་སྐྱོན་དང་ཡོན་ཏན་གང་ཡོད་ པ་ལྟར་བུ་ཕྲུག་ལའང་ཡོད་དགོས་པས་དེ་ནི་ངེས་པ་གཏན་ 51


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ནས་མེད་པ་དང་། ཕ་མ་གཅིག་ལས་སྐྱེས་པའི་བུ་ཕྲུག་ལའང་ སྐྱོན་དང་ཡོན་ཏན་ཆེ་ཆུང་དང་། ཤེས་རིག་གསལ་མི་གསལ་ སོགས་ཀྱི་ཁྱད་པར་དཔག་ཏུ་མེད་པ་ཡོད། ༣. དབུགས་ནི་རྣམ་ཤེས་ཆགས་ཡས་ཀྱི་རྒྱུ་མིན་པ་ སྟེ། དབུགས་འགྲོ་འོང་གི་ཆ་ལ་སྐྱོན་གང་ཡང་མེད་པར་ གཅིག་མཚུངས་ཡིན་ཀྱང་། ཤེས་རིག་གསལ་མི་གསལ་དང་ ། ཡོན་ཏན་ཆེ་ཆུང་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད་པ་དང་ ། དབུགས་ཀྱི་འགྲོ་འོང་རྒྱུན་ལྡན་ཡིན་ཀྱང་ཚོར་བ་ཉམས་པ་ དང་། དྲན་པ་ཉམས་ནས་སྨྱོ་བ་དེ་འདྲའང་མང་པོ་མཐོང་རྒྱུ་ ཡོད། གལ་ཏེ་དབུགས་དེ་རྣམ་ཤེས་ཀྱི་རྒྱུ་ཡིན་ན་དབུགས་ རྟག་ཏུ་ཕར་གཏོང་ཚུར་ལེན་བྱེད་ཀྱི་ཡོད་པས་དབུགས་ཕར་ གཏོ ང ་ཚུར་ལེ ན ་བྱེ ད ་ཐེ ང ས་རེ ར ་རྣམ་ཤེ ས ་ཀྱང་བརྗེ ་ ལེ ན ་ ཐེངས་རེ་བྱེད་དགོས་ཤིང་། དེ་འདྲ་ཡིན་ན་དབུགས་ཀྱི་གྲངས་ དང་མཉམ་པའི་རྣམ་ཤེས་གསར་པ་ཡོང་དགོས་ལ་ཡོན་ཏན་ སློབ་སྦྱོང་བྱེད་ཡས་ལ་ཆ་བཞག་ནའང་ཉིན་རེ་ཉིན་རེ་བརྗེད་ འགྲོ ་ བ་ལས་གསོ ག ་འཇོ ག ་བྱེ ད ་ཐུབ་ཐབས་མེ ད ་པ་མཐོ ང ་ ཆོས་སུ་གྱུར་པས་ན་དབུགས་ཀྱི་འགྲོ་འོང་ནི་རྣམ་ཤེས་ཀྱི་རྒྱུ་ མིན། ༤ . མ་ཡི་མངལ་དུ་ཉིང་མཚམས་སྦྱར་བའི་སྐབས་ཀྱི་རྣམ་ ཤེས་དེ་ལ་རིགས་འདྲ་སྔ་མ་ཡོད་པ་སྟེ། རང་ཉིད་ཐོག་མ་ཨ་ མའི་ཁོག་ཏུ་འཁོར་མ་ཐག་པའི་རྣམ་ཤེས་སྐད་ཅིག་དང་པོ་དེ་ ལ་རྒྱུ་ཞིག་ངེས་པར་ཡོད་དགོས་ཤིང་། རྒྱུ་དང་རྐྱེན་མེད་པར་ བྱུང་བ་ཞིག་གཏན་ནས་མིན། རང་ཉིད་མ་ཡི་མངལ་དུ་འཁོར་ མ་ཐག་པའི་རྣམ་ཤེས་སྐད་ཅིག་དང་པོ་དེ་ལ་རང་དང་རིགས་ འདྲ་བའི་རྒྱུ་ཞིག་ཡོད། རང་དང་རིགས་འདྲ་བའི་རྒྱུ་ཞིག་ལ་ བརྟེན་ནས་བྱུང་བ་ཡིན་ཙང་རྒྱུ་དེ་ག་དུས་བྱུང་བ་དང་གང་ ནས་བྱུང་བ་ཡིན་ནམ་ཞེ་ན། དེ་ཡང་གློ་བུར་བྱུང་བ་ཞིག་མིན། ཡང་དཔེར་ན་རང་ཉིད་མི་ལུས་ལེན་དགོས་ན་ཕ་མ་གཉིས་ ཀ་མི ་ ཡི ན ་དགོ ས ་པ་ལས་དུད་འགྲོ འ་ི རི ག ས་ལ་སྐྱེ ་ མི ་ སྲི ད ། འོན་ཀྱང་པ་ཕ་བོང་བུ་དང་ཨ་མ་རྟ་ཡིན་ན་དྲེའུ་སྐྱེ་བ་དེ་ནི་ ཕ་དེ་ཕྲུ་གུ་དེའི་ཐུན་མོང་མ་ཡིན་པའི་རིགས་ཆགས་ཡས་ཀྱི་ རྒྱུ་ཡིན་པ་དང་མ་ནི་རྐྱེན་ཡིན། རྣམ་ཤེས་ནི་གཟུགས་སྒྲ་དྲི་རོ་ སོགས་ཚང་མ་མི་ལྡན་པ་ཞིག་ཡིན་ནའང་གསོན་ཉམས་ལྡན་ པ་དང་། ནུས་པ་ཆེ་བ། ཕྱི་རོལ་ཡུལ་གྱི་ངོ་བོ་དང་སྣང་ཚུལ་ 52

ངོས་འཛིན་ཐུབ་མཁན་ཞིག་ཡིན་པས་གློ་བུར་དུ་ཡོང་མི་སྲིད་ པར་དེ་ལ་རང་དང་རིགས་འདྲ་བའི་རྒྱུ་སྔོན་མ་ཞིག་གཏན་ གཏན་ཡོད། དཔེར་ན་ཐོག་མ་ཕ་མ་གཉིས་ཀྱི་ས་བོན་གྱི་ནང་ དུ་རང་གི་རྣམ་ཤེས་དེ་ཞུགས་མ་ཐག་རང་གི་ལུས་པོ་དེ་ཆུ་ འཁོལ་མའི་ནང་བཙོས་པ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད་པས་ རྣམ་ཤེ ས ་མེ ད ་ན་ཚོ ར ་སྣང་ཡོ ང ་མི ་ཤེ ས ་ལ་མའི ་ མངལ་དུ་ ཕྲུ་གུས་འགུལ་སྐྱོད་བྱེད་པ་དེ་ཡང་རྣམ་ཤེས་ཡོད་པས་ཡིན། དེས་ན་རྣམ་ཤེས་གསར་པ་དེ་ལ་རང་དང་རིགས་འདྲ་བའི་ རྒྱུ་ཞིག་ངེས་པར་ཡོད་པར་བརྟེན་དེ་ཐོག་ནས་སྐྱེ་བ་སྔོན་མ་ ཡོད་པ་མཚོན་པ་ཡིན་ཟེར། ༥. འཆི་ཁའི་དུས་ཀྱི་སེམས་དེས་རྣམ་ཤེས་ཕྱི་མ་མཚམས་ སྦྱོར་བྱེད་པ་སྟེ། སྐྱེ་བ་སྔོན་མ་རྣམ་ཤེས་ཡོད་པ་གཏན་འཁེལ་ བ་ཡིན་སྟབས་ད་ལྟའི་རྣམ་ཤེས་དེའང་སྐྱེ་བ་རྗེས་མར་འགྲོ་ རྒྱུ་ཡིན་པ་ངེས་གཏན་རེད། གོང་དུ་སྐྱེ་བ་སྔ་མ་ཡོད་པའི་ རྒྱུ་མཚན་བཞི་བཤད་རྗེས་ད་ལྟའི་རྣམ་ཤེས་དེ་ཚེ་རྗེས་མར་ འགྲོ་རྒྱུ་ཡོད་པ་གཏན་འཁེལ་བ་རེད། འོ་ན་རྣམ་ཤེས་དེ་རང་ གི་ལུས་པོའ་ི ཐོག་ཏུ་གནས་ཡོད་ན་ལུས་པོ་འཐོར་དུས་རྣམ་ ཤེ ས ་ཀྱང་འཐོ ར ་འགྲོ ་ བས་དེ ་ ཟུར་དུ་གནས་དགོ ས ་པའི ་ རྒྱུ་ མཚན་མི་འདུག་སྙམ་ཚེ། དེ་ནི་དེ་འདྲ་མ་ཡིན་པར་དཔེར་ ན་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་ལ་ཆ་བཞག་ནའང་ ཤི་ཁར་རང་གི་ལུས་སེམས་ལ་ཆགས་ཞེན་མེད་མཁན་རྩ་བ་ ནས་མེད་དེ་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་ཡོད་ཕྱིན་ རང་འཇིག་རྟེན་འདི་ནས་ཁ་བྲལ་བར་རང་གི་ལུས་རྟེན་དེར་ ཆགས་ཞེ ན ་སྐྱེ ས ་ནས་སེ མ ས་སྐྱོ ་ ལྷང་ལྷང་མེ ་ བྱེ ད ་མཁན་ ཡོང་མི་སྲིད་ཅིང་། སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་ཡིན་ ནའང་རང་གི་ལུས་པོ་ལ་ཆགས་ཞེན་མེད་མཁན་མེད། དེ་ནི་ འཇིག་རྟེན་འདིའི་ཐོག་སྲོག་ཆགས་ཆེ་ཆུང་ཚང་མ་གཅིག་ མཚུངས་ཡིན། ཆགས་ཞེན་བྱེད་པ་དེ་སྐྱེ་བ་རྗེས་མར་འགྲོ་ བའམ་རྣམ་ཤེས་རྗེས་མ་ཡོང་བའི་རྒྱུ་ཡིན་ཏེ། རང་གཙོ་བོ་ བྱེད་པའི་སྒེར་སེམས་དེ་མེད་པ་བཟོ་མ་ཐུབ་བར་སྐྱེ་བ་ཡང་ ནས་ཡང་དུ་ལེན་དགོས་པར་བརྟེན་སྐྱེ་བ་ལེན་མི་དགོས་པ་ ཞིག་བྱེད་དགོས་ན་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་རྩ་ བ་ནས་མེད་པ་བཟོ་དགོས། དེ་བཟོ་ཐུབ་ན་འཁོར་བའི་སྡུག་ བསྔལ་ལས་ཐར་ཏེ་བཅིངས་འགྲོལ་ཐོབ་པ་ཡིན་ཟེར།


གཞན་ཡང་དངོས་པོ་གང་འདྲ་ཞིག་ཡིན་ནའང་དང་པོ་སྐྱེ་ བ་དང་། བར་དུ་གནས་པ། མཐའ་མ་འཇིག་པ་ཞེས་པ་དེ་ འདྲ་ཞིག་ཡིན་ནམ་ཞེ་ན། མཐའ་མ་འཇིག་པ་ཟེར་བ་དེ་རྒྱུན་ ཆད་དེ་རྩ་བ་ནས་མེད་པར་འགྱུར་བའི་དོན་མིན་ཏེ། དཔེར་ ན་ཤི ང ་ལ་ཆ་བཞག་ན་མེ ར ་བསྲེ ག ས་རྗེ ས ་ཁག་ཅི ག ་སོ ལ ་ བ་དང་ཁག་ཅིག་ཐལ་བར་གྱུར་ཐོག ཡང་སོལ་བ་དེ་མེར་ བསྲེགས་ཏེ་ཐལ་བར་འགྱུར་ནའང་དེའི་རྒྱུན་དེ་གཏན་ནས་ ཆད་མེད། འོ་ན་ས་གཞི་རིལ་མོ་འདིའི་ཐོག་གི་སྲོག་ཆགས་ རྣམས་གོ་ལ་འདི་གའི་ཐོག་གློ་བུར་གསར་དུ་བྱུང་བ་ཡིན་ནམ་ གཞན་ནས་ཡོང་བ་ཡིན་ཞེ་ན། དེའི་ཐད་སངས་རྒྱས་ཆོས་ ལུགས་ཀྱི་བཤད་སྲོལ་ལྟར་ན་གོ་ལ་འདིའི་ཐོག་གསར་དུ་བྱུང་ བ་ཞིག་ཡིན། འོན་ཀྱང་སྔར་མེད་གསར་སྐྱེས་གློ་བུར་དུ་བྱུང་ བ་ཞིག་མ་ཡིན་པར་འཇིག་རྟེན་གཞན་ནས་ཚེ་འཕོས་པ་ཞིག་ ཡིན་ཟེར། དེའི་རྒྱུ་མཚན་ནི་གོང་དུ་ཞུས་ཟིན་པ་དེ་དག་ཡིན། དཔེར་ན་ས་གཞི་རིལ་མོ་འདིའི་ཐོག་ཏུ་ས་དང་། ཆུ། ཤིང་། ལྕགས། རྡོ་ལ་སོགས་པའི་དངོས་པོ་དེ་རྣམས་ནི་འབྱུང་བ་ལྔ་ ཡི་རྡུལ་ཕྲན་ཚོགས་པ་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པ་ དང་། མི་ཡང་འབྱུང་བ་ལྔ་ཡི་རྡུལ་ཕྲན་ཚོགས་པ་ལ་བརྟེན་ ནས་བྱུང་བ་ཡིན་ལ་ལུས་པོ་དང་འབྲེལ་བ་ཡོད་པའི་རྣམ་ཤེས་ དེའང་རང་དང་རིགས་འདྲ་བའི་དངོས་པོ་ཞིག་ལ་བརྟེན་ནས་ བྱུང་བ་ལས་རྣམ་ཤེ ས ་མེ ད ་པའི ་ དངོ ས ་པོ ་ གཅི ག ་ནས་རྣམ་ ཤེས་ཡོད་པའི་དངོས་པོ་ཞིག་ཡོང་ཐུབ་ཐབས་མེད་པས་རྣམ་ ཤེས་ཀྱི་རྒྱུ་དེ་ལ་རྣམ་ཤེས་ཤིག་ངེས་པར་ཡོད་དགོས། དེར་ བརྟེན་འཇིག་རྟེན་ཐོག་སྲོག་ཆགས་ཐོག་མ་ཆགས་ཡོང་དུས་ དེའི་རྣམ་ཤེས་དེ་ཡང་དེ་དང་རིགས་འདྲ་བའི་རྣམ་ཤེས་ཤིག་ ལ་བརྟེ ན ་ནས་བྱུང་བ་ལས་གློ ་ བུར་དུ་རྣམ་ཤེ ས ་མ་ཡི ན ་པ་ ཞིག་གིས་རྒྱུ་བྱས་ནས་གསར་དུ་བྱུང་བ་ཞིག་མིན། སྐྱེ་བ་མང་ པོར་གོམས་འདྲིས་བྱས་ཏེ་འཚང་རྒྱ་བ་ཟེར་བའི་སངས་རྒྱས་ ཆོས་ལུགས་ཀྱི་ལྟ་ཚུལ་དེ་ལ་དགག་པ་རྒྱག་ཆེད་ཕྱི་རོལ་མུ་ སྟེགས་པས་སྐྱེ་བ་མང་པོར་གོམས་འདྲིས་བྱས་ཏེ་འཚང་རྒྱ་བ་ ཟེར་བ་དེ་མེད་པར་སྐྱེ་བ་གཅིག་རང་ཡིན་ཏེ་དེ་ཚར་ན་བཞུ་ མར་ལ་ཕུ་བཏབ་པ་ཇི་བཞིན་གང་ཡང་མེད་ཅེས་ཟེར།

འདོན་ཐེངས་བཞི་པ། ༢༠༡༢

ཁ་པར་ཚོང་པ་དང་ཉོ་མཁན་ཨུ་ཚུགས་ཅན།

ཐེངས་ཤིག་ཕོ་གསར་ཨུ་ཚུགས་ཅན་ཞིག་ཡོད་པ་དེ་ཁ་པར་ཚོང་ཁང་ དུ་ཁ་པར་ཉོ་སར་སོང་། སྐབས་དེར་ཁོས་དེ་སྔ་ནས་གྲ་སྒྲིག་ཡོད་པ་ བཞིན་ཚོང་ཁང་དུ་འཛུལ་མ་ཐག་ Nokia x1-01 བྲིས་པའི་ཤོག་ གུའི་དུམ་བུ་དེ་ཅོག་ཙེའི་སྟེང་བཞག་པ་དང་། ཚོང་པས་སིམ་ཤོག་(sim card)གཉིས་བླུགས་རྒྱུ་ཡོད་པའི་ནོ་ཁེ་ཡའི་ཁ་པར་ཞིག་སྤྲད་ནས་གོང་ ཚད་སྒོར་༡༧༥༠ རེད། བཅག་ཡག་ཁྱོན་ནས་མེད་ཟེར། ཕོ་གསར་ཨུ་ ཚུགས་ཅན་དེས་སྐུ་མཁྱེན་དེ་འདྲ་མ་ལབ་སྒོར་༡༤༠༠ བྱེད་རོགས་ཟེར། ཚོང་པ་དེས་་ངས་ཁྱེད་ལ་གོང་ཏག་ཏག་ལབ་ཡིན་་་ད་བཅག་ཡག་ཁྱོན་ ནས་མེད་ཟེར་ཀྱང་། ཕོ་གསར་ཨུ་ཚགས་ཅན་གྱིས་མ་ཉན་པར་ཉིན་ཕྱེད་ ཙམ་ཚོང་ཁང་སྒོ་ཁར་ལངས་བསྡད་པས། རེ་ཞིག་ཚོང་པ་དེ་འུ་ཐུག་ ནས་བསམ་བློ་གཟབ་གཟབ་ཞིག་བཏང་པས་རིག་པ་ཞིག་དྲན་ཏེ། ཕོ་ གསར་ཨུ་ཚུགས་ཅན་ལ་་ཡ་ད་བྱས་ན་་་འགྲིགས་ཀྱི་རེད། ཁྱེད་རང་གི་ འདོད་པ་བཞིན་ཁ་པར་ལ་སྒོར་༡༤༠༠ བྱོས། ཡིན་ནའང་མེ་(གློག་སྨན) ལ་སྒོར་༣༥༠ ཏག་ཏག་རེད་ད་ལབ་པས། ཕོ་གསར་ཨུ་ཚགས་ཅན་གྱིས་ ལགས་སོ། ཐུགས་རྗེ་ཆེ། ལབ་བཞིན་ཁ་པར་དང་མེ་གཉིས་སྡོམ་སྒོར་ ༡༧༥༠ ཏག་ཏག་སྤྲད་དེ་ཉོས་ནས་སོང་ངོ་།།

53


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ཧ་ཆི་ཀོ། Hachiko

ར་ས་ཕོ་ཉ།

སུ་འགྲུལ་བཞུད་པ་ཚོས་ཡིད་དབང་འཕྲོག་འོས་པ་ནི་བརྟན་འཇགས་ མཐོང་རྒྱུ་ཡོད་པའི་ཧ་ཆི་ཀོས་རང་གི་སྦྱིན་བདག་སྒུག་བཞིན་པ་དེ་ཡིན། ཤི་བྷུ་ཡ་མེ་འཁོར་བབས་ཚུགས་སུ་རྟག་ཏུ་ཧ་ཆི་ཀོ་དང་མཁས་དབང་ གཉིས་ཡང་ཡང་མཐོང་མྱོང་བའི་མི་མང་པོས་དེ་ལྟར་སྦྱིན་བདག་སྒུག་ ནས་བསྡད་པའི་དམ་ཚིག་ཅན་གྱི་ཧ་ཆི་ཀོའ་ི བྱེད་སྟངས་དེ་ལ་ཡིད་སྨོན་ ཤོར་ནས་ཧ་ཆི་ཀོ་ལ་བལྟ་རྟོགས་དང་འཚོ་སྐྱོང་བྱས་འདུག།

དེ ་ ལྟར་ཧ་ཆི ་ ཀོ ས ་ལོ ་ ངོ ་ དགུ་སྟེ ་ མདོ ར ་ན་རང་གི ་ ཚེ ་ སྲོ ག ་ཧྲི ལ ་པོ ་ མ་ རྫོགས་ཀྱི་བར་ཉིན་ལྟར་མེ་འཁོར་བབས་ཚུགས་སུ་རང་གི་སྦྱིན་བདག་ མཁས་དབང་ཡུའི་ནོ་སྒུག་སར་བསྐྱོད་པས། ཉིན་ཞིག་མཁས་དབང་ ཡུའི་ནོའ་ི སློབ་མ་ཨ་ཀི་ཏ་ཞེས་པའི་ཁྱིའི་རིགས་ཀྱི་ཞིབ་འཇུག་པ་གསར་ པ་ཞི ག ་ཡོ ད ་པ་དེ ས ་མེ ་ འཁོ ར ་བབས་ཚུགས་སུ་ཧ་ཆི ་ ཀོ ་ མཐོ ང ་ནས་ རྗེས་འདེད་བྱས་པས་མཐར་མཁས་དབང་ཡུའི་ནོའ་ི མེ་ཏོག་གཡོག་བྱེད་ མཁན་ཞིག་གི་ནང་དུ་འབྱོར་ནས་ཁོང་གི་ས་ནས་ཧ་ཆི་ཀོའ་ི ལོ་རྒྱུས་ཆ་ ཚང་ཤེས་པས། དེ་ནས་མི་རིང་བར་སློབ་མ་དེས་ཨ་ཀི་ཏའི་ཁྱི་རིགས་ གྲངས་བཤེར་ཞེས་པའི་ཡིག་ཆ་ཞིག་དཔར་སྐྲུན་བྱས། 《དེབ་དེ་ནང་ ཧ་ཆི ་ ཀོ ་ ཐེ ་ བའི ་ ཨ་ཀི ་ ཏ་ཞེ ས ་པའི ་ ཁྱི འི ་ རི ག ས་གཙང་མར་ལྷག་ཡོ ད ་ པ་༣༠ ཙམ་ལས་མེད་ཟེར། 》 དེ་ནས་ཁོང་གི་ཡང་བསྐྱར་ཁྱི་དེའི་སར་ ཕེབས་ནས་དཔེ་ཟླ་མེད་པའི་ཧ་ཆི་ཀོ་ཞེས་པའི་རྩོམ་ཡིག་འགའ་ཤས་ ཧ་ཆི་ཀོ་ནི་《ཕྱི་ལོ་༡༩༢༣ ཟླ་བ་༡༡ ཚེས་༡༠ ནས་ ༡༩༣༥ ཟླ་བ་༣ ཚེས་༨ སྤེལ་བ་ལས། རྩོམ་ཡིག་གཅིག་ཉི་ཧོང་གི་ཚགས་ཤོག་གྲགས་ཅན་Asaབར་འཚོ་གནས་བྱས།》 hi Shimbunཞོགས་པའི་ཉི་མ་ཞེས་པ་དེའི་ནང་འཁོད་པ་ལས། ཧ་ཆི་ ཀོ་ནི་རྒྱལ་ཁབ་ཀྱི་འཚོ་བའི་ནང་དུ་ཚུད་ཅིང་དགེ་རྒན་དང་ཕ་མ་ཚོས་ ཉི་ཧོང་དུ་དམ་ཚིག་གཡོ་བ་མེད་པའི་ཁྱི་རུ་གྲགས་པ་ཧ་ཆི་ཀོ་ནི་༡༩༢༣ རྒྱུན་དུ་ཕྲུག་གུ་ཚོར་ཧ་ཆི་ཀོའ་ི ལོ་རྒྱུས་ལ་སྦྱར་ནས་བསླབ་བྱ་གནང་གི་ ཟླ་བ་༡༡ ཚེས་༡༠ ཉིན་ཨོ་དྷ་ཏེ་Odateཞེས་པའི་ཉི་ཧོང་གི་གྲོང་ཁྱེར་ ཡོད། དེའི་ཉེ་འདབས་སུ་ཞིང་པ་ཞིག་གི་ནང་དུ་ཨ་ཀི་ཏ་Akitaཞེས་པའི་ཁྱིའི་ རིགས་སུ་སྐྱེས། ༡༩༢༤ ལོར་ཀྲོག་ཡོའ་ི Tokyoམཐོ་རིམ་སློབ་གྲྭའི་སོ་ ༡༩༣༥ ཟླ་བ་ ༣ ཚེས་ ༨ ཉིན་ཤི་བྷུ་ཡའི་རྒྱ་ལམ་སྟེང་ཧ་ཆི་ཀོ་འཇིག་རྟེན་ ནམ་མཁས་དབང་proffessorཡུའི་ནོ་ Ueno ཞུ་བ་ཞིག་གིས་ཧ་ཆི་ འདི་དང་ཁ་བྲལ་ཡོད་ཅིང་། ཕུང་པོར་བརྟག་དཔྱད་བྱེད་པའི་དུས་སྙིང་ ཀོ་གཅེས་ཉར་སེམས་ཅན་དུ་ཉར། མཁས་དབང་ཁོང་འཚོ་བཞུགས་ཀྱི་ ལ་ནད་ཕོག་ཡོད་པ་དང་། གྲོད་ཁོག་ནང་བྱ་ཤ་བརྔོས་པ་གསུམ་བཞི་ རིང་ཧ་ཆི་ཀོས་ཉིན་ལྟར་ཕྱི་དྲོ་ཤི་བྷུ་ཡ་Shibuya station ཞེས་པའི་ ཡོད་འདུག མེ ་ འཁོ ར ་བབས་ཚུགས་སུ་རང་གི ་ སྦྱི ན ་བདག་མཁས་དབང་དེ ་ བསུ་ བར་བསྐྱོད་ཀྱི་ཡོད་འདུག འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ ༡༩༢༥ ཟླ་བ་༥ ༡༩༣༤ ཟླ་བ་༤ པའི་ནང་མེ་འཁོར་བབས་ཚུགས་དེར་ཧ་ཆི་ཀོའ་ི འདྲ་ པའི་ནང་གློ་བུར་དུ་མཁས་དབང་དེ་ཀླད་ཁྲག་འདྲེས་ནས་འདས་གྲོངས་ བརྙན་ཞིག་ཟངས་ལས་བཟོས་ཡོད་ཅིང་། འཛམ་གླིང་དམག་ཆེན་ སུ་གྱུར་པས་ཧ་ཆི་ཀོས་སྒུག་བསྡད་པའི་མེ་འཁོར་བབས་ཚུགས་སུ་ལོག་ གཉིས་པའི་སྐབས་འདྲ་བརྙན་དེ་ཞིག་པ་ལས། སླར་ཡང་༡༩༤༨ ཟླ་བ་ མ་ཐུབ། མཁས་དབང་ཁོང་འདས་པའི་རྗེས་སུ་ཧ་ཆི་ཀོ་གཞན་ཞིག་ལ་ ༨ པའི་ནང་སྔོན་མའི་འདྲ་བརྙན་བཞེངས་མཁན་དེའི་བུས་འདྲ་བརྙན་ སྤྲད་ཡོད་ནའང་། བརྩེ་སེམས་ཀྱི་དམ་ཚིག་གཡོ་བ་མེད་པའི་ཧ་ཆི་ཀོས་ གཉིས་པ་དེ་བཞེངས་པ་རེད། དེས་ན་དེང་སང་ཉི་ཧོང་གི་ཤི་བྷུ་ཡ་མེ་ རྟག་པར་བྲོས་ཕྱིན་ནས་སྦྱིན་བདག་འདས་པོ་དེའི་ཁྱིམ་དུ་ལོག་ཡོང་གི་ འཁོར་བབས་ཚུགས་སུ་འཐོན་སྒོ་ལྔ་ཡོད་པ་ལས་གཅིག་ལ་ཧ་ཆི་ཀོ་གྷུ་ ཡོད་ཅིང་། ཧ་ཆི་ཀོས་མཁས་དབང་ཁོང་གི་ཁྱིམ་ཚང་དེར་རང་གི་སྦྱིན་ ཆི་ Hachiko exit སྟེ་ཧ་ཆི་ཀོ་འཐོན་སྒོ་ཞེས་བཏགས་ཡོད།། ཕྱིས་སུ་ བདག་ད་ཆ་གནས་སྡོད་བྱེད་ཀྱི་མེད་པ་ཤེས་པའི་རྗེས། ཉིན་ལྟར་ཕྱི་དྲོ་ ཧ་ཆི་ཀོ་ཞེས་པའི་གློག་བརྙན་ཁ་ཤས་ཀྱང་བཟོས་ཡོད་པ་དང་། བོད་དོན་ མེ ་ འཁོ ར ་བབས་ཚུགས་སུ་རང་གི ་ སྦྱི ན ་བདག་མཁས་དབང་ཡུའི ་ ནོ ་ རྒྱབ་སྐྱོར་བ་རི་ཅར་ཊེ་གྷེ་རེས་ཀྱང་གཅིག་འཁྲབ་ཡོད་པ་རེད་འདུག་པ་ འཚོལ་སར་ཕྱིན་ནས་སྒུག་བསྡད་པས་ཤི་བྷུ་ཡ་མེ་འཁོར་བབས་ཚུགས་ ཅེས་སོ།། 54


འདོན་ཐེངས་བཞི་པ། ༢༠༡༢

རྒྱ་གར་གྱི་དགེ་རྒན་ཉིན་མོ།

ཆུང་ཚེ་རིང་།

སྲུང་བརྩི་ཞུ་ཡི་ཡོད་པ་དང༌། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སློབ་ གྲྭ་ཁག་ཏུ་ཡང་དེ་དང་སྟབས་བསྟུན་གྱིས་དགེ་རྒན་གྱི་ཉིན་མོར་སྲུང་ བརྩི་ཞུ་ཡི་ཡོད།

དེ་ཡང་མཁས་པའི་དབང་པོ་དེ་ཉིད་ཕྱི་ལོ་ ༡༨༨༨ ལོའ་ི ཟླ་ ༩ ཚེས་ ༥ ༄༅། །འཛམ་གླིང་རྒྱལ་ཁབ་ཁག་གི་ནང༌། དགེ་རྒན་ནི། རྒྱལ་ཁབ་ ཉིན་རྒྱ་གར་ལྷོ་ཕྱོགས་མ་དྷ་ར་སེ་(Madras)ནས་བྱང་ཤར་གྱི་མཚམས་ འཛུགས་སྐྲུན་བྱེད་མཁན་གྱི་གཙོ་བོ་དང༌། མ་འོངས་པའི་སོན་རྩ་གསོ་ སུ་མལ་ལེ་བཞི་བཅུ་འདས་ན་སླེབས་པའི་ཡུལ་ཏི་རུ་ཏ་ནི་(Tiruttani) སྐྱོང་བྱེད་མཁན་སོགས་སུ་ངོས་འཛིན་པ་ལྟར། བོད་ཀྱི་སྤྱི་ཚོགས་ནང་ ཞེས་པར་སྐུ་འཁྲུངས། ཁོང་གི་ཡབ་ཡུམ་ནི་ཧིན་དྷུའི་ཆོས་ལ་དད་མོས་ དུའང་གནའ་སྔ་མོ་ནས་དགེ་རྒན་ལ་ཆེ་མཐོང་ཆེན་པོ་ཞུ་སྲོལ་ཡོད། དེ་ ཤིན་ཏུ་ཆེ་བའི་བྲམ་ཟེའི་རིགས་རྒྱུད་ཡིན་པ་དང༌། ཁོང་དགུང་ལོ་ ༡༢ ཡང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའ་ི སྐབས་གཏན་ལ་ཕབ་པའི་མི་ཆོས་ བར་གྱི་དུས་སྐབས་ཚང་མ་རང་ཉིད་ཀྱི་འཁྲུངས་ཡུལ་གོང་གསལ་དེ ་ གཙང་མ་བཅུ་དྲུག་གི་ནང་དུ་ཡོན་ཏན་ཅན་ལ་གུས་བཀུར་ཞུ་དགོས་ དང༌། དེ་མིན་ཏི་རུ་པ་ཏི༌ཞེས་པའི་ཡུལ་དུ་བསྐྱལ་ཞིང༌། ཡུལ་དེ་གཉིས་ པ་གསལ་་ཡོད་པ་དང༌། རང་རེའི་བོད་ཀྱི་ས་དགེ་བཀའ་རྙིང་བོན་དང་ ཀ་གནས་རྩ་ཆེན་དུ་བརྩི་བས་གནས་སྐོར་བ་མང་པོ་འདུ་འཛོམས་བྱེད་ བཅས་པའི་གསུང་རབ་ཁག་གི་ནང་དུ། དགེ་རྒན་ནི་ཡོན་ཏན་ཀུན་གྱི་ སའི་ལྟེ་གནས་སུ་གྲགས་ཆེ། ཕ་མ་དང་འཚར་ལོངས་བྱེད་ཡུལ་གྱི་ཤུགས་ གཞི་ཡིན་པས། དེ་ཉིད་བསྟེན་ཚུལ་མ་ལོག་པ་བྱེད་དགོས་ཚུལ་ནན་ཏན་ རྐྱེ ན ་འོག ་དམ་པ་འདི ་ཉི ད ་ཆུང་དུས་ནས་ཧི ན ་དྷུའི ་ ལྟ་གྲུབ་ཀྱི ་ རྣམ་ གཞག་ཐད་མྱོང་རྒྱུས་ཆེན་པོ་ཡོད་པ་ཞིག་ཏུ་གྱུར། ཆེན་པོས་གསུངས་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགེ་རྒན་ལ་ཁྲིམས་ཐོག་ནས་ཆེ་ མཐོང་ཆེན་པོ་ཞུས་ཡོད། དཔེར་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ ནང༌། སློབ་རིམ་ཚང་མའི་སློབ་དགེ་རྣམས་སྤྱི་ཚོགས་ནང་མཐོང་ཆེར་ བརྩིས་ཏེ་ཤེས་ཡོན་བཟང་ཤོས་ཁག་སློབ་དགེར་འཇུག་ཐབས་བྱ་རྒྱུ་ཡིན་ པ་གསལ་ཡོད་ལ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ ཀྱི་ནང་དུའང་། བཙན་བྱོལ་བོད་མིའི་སློབ་གྲྭའི་འཛིན་སྐྱོང་ལམ་སྲོལ་ དེ་དགེ་རྒན་དབུས་བཞག་ཡིན་པ་སོགས་དགེ་རྒན་གྱི་གལ་གནད་དང་ བྱེད་སྒོའ་ི སྐོར་ཞིབ་ཕྲ་གསལ་ཡོད།

མཁས་དབང་འདི ་ཉི ད ་ཡེ ་ཤུའི ་ ཆོ ས ་ཁྱབ་སྤེ ལ ་སློ བ ་གྲྭ་ནས་སློ བ ་སྦྱོ ང ་ གནང་རྗེས་མ་དྷ་ར་སེའི་ཡེ་ཤུའི་མཐོ་སློབ་ཏུ་སློབ་གཉེར་ལེགས་པར་ གནང༌། ཁོང་ནི་ཕྱག་དེབ་ཀློག་རྒྱུར་མཉེས་ལ་མི་ཚེའི་དོན་གནད་མང་ པོའ་ི སྐོར་ལ་ཐུགས་བསམ་གཏིང་ཟབ་པོ་བཞེས་མཁན་ཞིག་རེད། ཁོང་ ཆུང་དུས་ནས་གཉེན་སྒྲིག་གནང་བ་དང༌། ཁོང་གི་སྐུ་ཟླས་ཁོང་གི་ཕྱག་ ལས་སོགས་གང་ཅིར་ཕན་གྲོགས་ཆེན་པོ་ཞུས་ཡོད།

འོ་ན་ཅིའི་ཕྱིར་རྒྱ་གར་ནང་གི་ བོ ད ་མི འི ་ སློ བ ་གྲྭ་ཁག་ཏུ་དགེ ་ རྒན་གྱི་ཉིན་མོ་དེ་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༥ ཉིན་སྲུང་བརྩི་ཞུ་ བ་ཡིན་ནམ་ཞེ་ན། དེ་ནི་ཉིན་ དེ ར ་རྒྱ་གར་གྱི ་ རླབས་ཆེ ན ་གྱི ་ ལྟ་གྲུབ་མཁས་པ་དང༌། རླབས་ ཆེན་གྱི་དགེ་རྒན་ཆེ་མོ་བ། རྒྱ་ གར་གྱི་སྲིད་འཛིན་སྐུ་ཞབས་ སར་ཝེ་པལ་ལི། རཱདྷཱ་ཀི་རི་ཤེ་ནན་(Sir Sarvepalli Radhakrishnan)མཆོག་གི་འཁྲུངས་ཚེས་འཁེལ་གྱི་ ཡོད་སྟབས། རྒྱ་གར་རྒྱལ་ཡོངས་སུ་ཉིན་འདིར་དགེ་རྒན་གྱི་ཉིན་མོ་ཞེས་

གཙུག་ལག་སློབ་གཉེར་ཁང་ནས་སློབ་ཐོན་བྱུང་རྗེས་མཁས་པའི་དབང་ པོ་འདི་ཉིད་ཕྱི་ལོ་ ༡༩༠༩ ལོར་མ་དྷ་ར་སེའི་གཙོ་སྐྱོང་མཐོ་སློབ་(Presidency College)ཀྱི་ལྟ་གྲུབ་མཁས་དབང་གི་ཕྱག་རོགས་སུ་བསྐོ་ གཞག་བྱུང་བ་ལྟར། མཐོ་སློབ་དེར་ཁོང་གིས་སློབ་ཁྲིད་གནང་། ནམ་ རྒྱུན་ལྟ་གྲུབ་ཀྱི་སློབ་ཚན་རྣམས་སློབ་ཕྲུག་ཚོས་ཉོབ་སྣང་སྐྱེ་གཞི་ཞིག་ ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང༌། མཁས་དབང་འདིའི་སློབ་ཁྲིད་གནང་ རྩལ་གྱིས་སློབ་ཕྲུག་ཚོའི་ཡིད་དབང་མེད་དུ་འཕྲོག་སྟེ། ལྟ་གྲུབ་ཀྱི་སློབ་ ཚན་ལ་སྤྲོ་བ་དང་བཅས་ཏེ་ཞུགས། མཁས་དབང་འདིས་སློབ་ཁྲིད་ཙམ་ དུ་མ་ཟད་སློབ་ཕྲུག་དང་འབྲེལ་ལམ་ཟབ་མོ་བཟུང་སྟེ་ཁོང་ཚོའི་བསམ་ སྤྱོད་གཉིས་ཀ་ཡ་རབས་དང་ལྡན་པ་ཡོང་ཐབས་མཛད།

ཁོང་གི་ཕ་མེས་ཀྱི་ཆོས་ལུགས་ཧིན་དྷུ་དང༌། སློབ་གཉེར་བྱེད་ཡུལ་ ཡེ ་ཤུའི ་ སློ བ ་གྲྭའི ་ཤུགས་རྐྱེ ན ་གཉི ས ་བསྡོ མ ས་པའི ་ འབྲས་བུར་མཁས་ དེ་བཞིན་ལོ་ལྟར་བོད་མིའི་སློབ་གྲྭ་ཁག་གི་ནང་ཕྱི་ཟླ་ ༩ ཚེས་ ༥ ཉིན་ དབང་འདི་ཉིད་ཆོས་ལུགས་ཚང་མར་གུས་བརྩི་ཞུ་མཁན་ཞིག་ཏུ་གྱུར་ དགེ་རྒན་གྱི་ཉིན་མོ་ཞེས་སྲུང་བརྩི ་ཞུ་བའང་དོ ན་དུ་དགེ ་རྒན་ལ་ཆེ ་ ཀྱང༌། ཆོས་ལུགས་སོ་སོས་གང་དང་གང་གསུངས་པ་རྣམས་བདེན་པ་ ཡིན་མིན་བརྟག་དཔྱད་གནང་མཁན་ཞིག་ཡིན། མཐོང་དང༌། གུས་བརྩི་ཞུ་ཆེད་ཡིན།

55


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ཁོ ང ་ལྟ་གྲུབ་ལ་མཁས་པའི ་ བསམ་བློ ་ བ་ཞི ག ་ཡི ན ་པ་ཙམ་དུ་མ་ཟད། རྩོམ་པ་པོ་ཞིག་ཀྱང་ཡིན་པ་སྟེ། དུས་སྐབས་དེ་ཙམ་ནས་ཁོང་གིས་ནུབ་ ཕྱོགས་རྒྱལ་ཁབ་ཀྱི་ཚགས་དེབ་ཁ་ཤས་ནང་ལྟ་གྲུབ་དང་ཆོས་ལུགས་ཀྱི་ སྐོར་ལ་ལྗགས་རྩོམ་སྤེལ་འགོ་བཙུགས་པ་དང༌། དེ་རྗེས་རྒྱ་གར་གྱི་རྩོམ་ རིག་མཁས་དབང་ཉི་དབང་མགོན་པོའམ་ར་བིན་དྷ་ར་ནཱ་ཐ། ཊེ་གོར་ (Rabindranath Tagore)གྱི་ལྟ་གྲུབ་སྐོར་ལ་དེབ་གཅིག་འབྲི་གནང་ མཛད།

མེད་དུ་འཕྲོག དེ་རྗེས་ཁོང་གིས་ཁྱབ་འཇུག་གི་འཇུག་པ་བཅུ་པ་《ཀལ་ ཀི་ཡིན་ནམ། ཡང་ན་དཔལ་ཡོན་གྱི་འབྱུང་འགྱུར་ཡིན་》(Kalki or the Future of Civilization)ཞེས་པའི་དེབ་ཅིག་བརྩམས། དེབ་འདིའི་ ནང་ཚན་རིག་དང་འཕྲུལ་ཆས་ཀྱིས་མིའི་ཕྱིའི་ལུས་པོ་བདེ་ཐབས་མང་ པོ་བསྐྲུན་ཡོད་པ་དངོས་འབྲེལ་ཡིན་རུང༌། མིའི་ནང་སེམས་ཀྱི་བདེ་ བ་ནི་དེ་ཙམ་གྱིས་བསྐྲུན་མི་ཐུབ་པའི་སྐོར་སོགས་རྩལ་དུ་བཏོན་ནས་ གསུངས་ཡོད།

ཕྱི་ལོ་ ༡༩༡༨ ལོར་མའི་སོར་གཙུག་ལག་སློབ་གཉེར་ཁང་(University of Mysore)གིས་རེ་སྐུལ་ཞུས་དོན་ལྟར། སློབ་གཉེར་ཁང་དེའི་ ལྟ་གྲུབ་མཁས་དབང་གི་མཚན་གནས་བཞེས་ཏེ། ལོ་ངོ་གསུམ་རིང་སློབ་ ཁྲིད་མཛད་ཞོར་《དེང་གི་ལྟ་གྲུབ་ནང་ཆོས་ལུགས་ཀྱི་གོ་གནས།》(The Reign of Religion in Contemporary of Philosophy)ཞེས་ པའི་དེབ་ཅིག་བརྩམས། དེབ་དེ་ནི་ལྟ་གྲུབ་ཀྱི་སྐོར་ལ་ལེགས་གྲུབ་ཤིན་ ཏུ་ཆེན་པོ་བྱུང་བའི་དེབ་ཅིག་ཡིན་སྟབས། འཛམ་གླིང་གི་གཙུག་ལག་ སློབ་གཉེར་ཁང་གི་ལྟ་གྲུབ་ཚན་ཁག་གི་སློབ་ཕྲུག་ཚང་མས་བལྟ་ཀློག་ བྱེད་ཀྱི་ཡོད།

མཁས་དབང་འདི ་ཉི ད ་ལ་དབྱི ན ་ཡུལ་གྱི ་ ཨོ ག ་སེ ་ ཕོ ར ་ཌི ་ (Oxford) གཙུག་ལག་སློ བ ་གཉེ ར ་ཁང་ནས་གོ ་ གནས་ཤི ག ་ཕུལ་དོ ན ་ལྟར་དེ ར ་ ཕེབས་ཏེ་མཛད་འགན་བཞེས། ཁོང་ནི་ཤར་ཕྱོགས་དང་ནུབ་ཕྱོགས་ གཉིས་ཀའི་ལྟ་གྲུབ་ཀྱི་རྣམ་གཞག་ལ་མཁས་པར་གྱུར་ཞིང༌། ཁོང་གིས་ ཕྱི་རྒྱལ་ཁག་ཏུ་གསུང་བཤད་གནང་བ་ཁག་གི ས་མི་མང་པོ འ་ི བསམ་ བློར་འགྱུར་བ་ཐེབས་པ་དང༌། མི་མང་པོས་རྒྱ་གར་གྱི་ལྟ་གྲུབ་ཅེས་པ་ ཡང་སྙིང་གང་འདྲ་ཞིག་ཡིན་མིན་ཤེས་ཐུབ་པ་བྱུང༌། དུས་དེར་ཁོང་གིས་ 《སེམས་གཙོ་སྨྲ་བའི་མི་ཚེའི་ལྟ་བ》(Idealistic view of Life)ཞེས་ པའི་དེབ་ཅིག་འབྲི་བར་མཛད།

ཕྱི་ལོ་ ༡༩༢༦ ལོའ་ི ཟླ་ ༦ པར་མཁས་དབང་འདི་ཉིད་ཁཱམ་བྷ་རའི་ཇིར་ (Combridge)བསྐོང་ཚོགས་བྱས་པའི་དབྱིན་ཡུལ་རྒྱལ་རྒྱུད་་གཙུག་ ལག་སློབ་གཉེར་ཁང་གི་ལྷན་ཚོགས་དང༌། ལོ་དེའི་ཟླ་བ་ ༩ པར་ཧ་ ཝར་ཌི་(Harvard)གཙུག་ལག་སློབ་གཉེར་ཁང་དུ་བསྐོང་ཚོགས་བྱས་ པའི་རྒྱལ་སྤྱིའི་ལྟ་གྲུབ་མཁས་པའི་ལྷན་ཚོགས་སུ་ཚོགས་བཅར་གནང༌། སྐབས་དེའི་ཚོགས་འདུའི་ཐོག་གནང་བའི་ཁོང་གི་གསུང་བཤད་ཀྱི་ནང་ དོན་གཙོ་བོ་ནི། དེང་རབས་ཀྱི་དཔལ་ཡོན་ནང༌། ནང་བསམ་བློ་ཡར་ རྒྱས་གཏོང་ཕྱོགས་མེད་པའི་སྐྱོན་གནད་སྐོར་རེད།

ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་པ་དང་མཁས་དབང་འདི་ ཉིད་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང༌། རིག་གཞུང༌། ཚན་རིག་ བཅས་ཀྱི་ལྷན་ཚོགས་(UNISCO)ནང་རྒྱ་གར་གཞུང་གི་སྐུ་ཚབ་གཙོ་ བོར་མངགས་གཏོང་གནང་བ་དང༌། ཕྱི་ལོ་ ༡༩༤༩ ལོར་ལྷན་ཚོགས་དེའི་ ཚོགས་གཙོར་གྱུར། དེ་བཞིན་ ༡༩༤༧ ནས་ཁོང་རྒྱ་གར་གྲོས་ཚོགས་ཀྱི་ ཚོགས་མི་དང༌། ༡༩༤༩ ལོར་ཨུ་རུ་སུ་མཉམ་སྦྲེལ་རྒྱལ་ཁབ་ཏུ་བཅའ་སྡོད་ རྒྱ་གར་གཞུང་གི་གཞུང་ཚབ་པའི་འགན་བཞེས།

ཕྱི་ལོ་ ༡༩༢༡ ལོར་མཁས་དབང་འདི་ཉིད་རྒྱ་གར་ནང་གི་ལྟ་གྲུབ་མཁས་ པའི་གོ་གནས་གལ་འགངས་ཆེ་ཤོས་ཏེ། ཀ་ལི་ཀ་ཏ་གཙུག་ལག་སློབ་ གཉེ ར ་ཁང་གི ་ བསམ་བློ ་ དང་བཟང་སྤྱོ ད ་ཚན་རི ག ་ཁང་གི ་ མཁས་ དབང་དུ་འདེམས་བསྐོ་གནང་བར་མ་ཟད། དབྱིན་ཡིག་ནང་རྒྱ་གར་གྱི་ ལྟ་གྲུབ་སྐོར་ལ་དེབ་ཅིག་འབྲི་གནང་ཡོང་བའི་སྐུལ་མ་ཞུས། ཁོང་གི་ ལྗགས་རྩོམ་ཁག་གི་ཤུགས་རྐྱེན་ལ་བརྟེན་ནས། འཛམ་གླིང་ནང་རྒྱ་གར་ གྱི་ལྟ་གྲུབ་ཀྱི་རྣམ་གཞག་ལ་དགའ་མོས་དང༌། དོན་གཉེར་བྱེད་མཁན་ ཤིན་ཏུ་མང་པོ་བྱུང༌།

མཁས་དབང་འདིའི་དགོངས་པ་ཟབ་ལ་དབྱིན་སྐད་སྒྲ་དག་ལ་གོ་བདེ་ བས། དུས་དེ་ནས་ཡོ་རོབ་དང་ཨ་རིའི་གྲགས་ཅན་གཙུག་ལག་སློབ་ གཉེར་ཁང་ཁག་ཏུ་གསུང་བཤད་གནང་བར་གདན་འདྲེན་ཞུ་མཁན་ མང་པོ་བྱུང་ཞིང༌། ཁོང་གི་གསུང་བཤད་ཀྱིས་མི་མང་པོའ་ི ཡིད་དབང་ 56

ཕྱི་ལོ་ ༡༩༣༠ ལོར་མཁས་པའི་དབང་པོ་འདི་ཉིད་རྒྱ་གར་དུ་ཕྱིར་ཕེབས་ ནས། རང་གི་ཕུན་སུམ་ཚོགས་པའི་ཤེས་ཡོན་དང༌། ཉམས་མྱོང༌། འཇོན་ ཐང༌། བརྩོན་འགྲུས་བཅས་ལ་བརྟེན་ནས་སློབ་ཁྲིད་ཁྱད་དུ་འཕགས་པར་ གནང༌། ཁོང་ཝལ་ཊར་ལ་ཡོད་པའི་ཨན་དྷ་ར་གཙུག་ལག་སློབ་གཉེར་ ཁང་གི་ཉེ་བའི་རིགས་བདག་ཏུ་(Vice-chancellor of Andhra University)བསྐོ་གཞག་བྱུང་བ་ལྟར། དགེ་རྒན་དང་སློབ་ཕྲུག་གི་བློ་ སྟོབས་གོང་དུ་སྤེལ་ནས་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་སྤེལ་ཐུབ་པ་ བྱུང༌། དེ་འདྲའི་གྲུབ་འབྲས་ལ་བརྟེན་ནས་ཕྱི་ལོ་ ༡༩༣༡ ལོར་ཁོང་གི་གོ་ གནས་སྤར།

ཕྱི་ལོ་ ༡༩༦༣ ལོར་མཁས་དབང་འདི་ཉིད་ཨོག་སེ་ཕོར་ཌི་གཙུག་ལག་ སློབ་གཉེར་ཁང་གི་ཤར་ཕྱོགས་ཀྱི་ཆོས་ལུགས་དང་མི་ཆོས་ཀྱི་ཐོག་སེ་ ཕལ་ཌིང་(Spalding)ཞེས་པའི་མཁས་པའི་མཚན་གནས་ཐོག་གདན་ འདྲེན་ཞུས་ཤིང༌། དེ་ནི་ཨེ་ཤ་ཡའི་མི་ཞིག་ལ་མཚན་གནས་གལ་ཆེན་


དེ་ཕུལ་བ་ཐེངས་དང་པོ་རེད། དེར་བརྟེན་མཁས་པའི་དབང་པོ་འདིས་ ཡང་བསྐྱར་གྲུབ་འབྲས་ལྡན་པའི་ལོ་ངོ་གསུམ་དབྱིན་ཡུལ་དུ་བསྐྱལ་བ་ དང༌། དེའི་རིང་ཁོང་གི་གསུང་བཤད་ཁག་《ཤར་ཕྱོགས་ཀྱི་ཆོས་ལུགས་ དང་ནུབ་ཕྱོགས་པའི་ལྟ་བ།》ཞེས་པའི་འགོ་བརྗོད་འོག་པར་སྐྲུན་བྱས་ ཤིང༌། སྐབས་དེའི་དུས་བབ་(Times)ཚགས་པར་གྱིས་དེ་ལ་བསྐྱར་ཞིབ་ ཀྱི་དཔྱད་བརྗོད་སྤེལ་ཏེ། བསྔགས་བརྗོད་བྱས་པར་མ་ཟད། ཐ་ན་དེབ་དེ་ ནུབ་ཕྱོགས་ཀྱི་དཔལ་ཡོན་གྱི་འགྱུར་འགྲོས་མཚོན་པའི་གལ་ཆེའི་མཚོན་ རྟགས་ཤིག་ཡིན་པར་བཤད་ཡོད། མཁས་དབང་འདིར་མཁས་པའི་ཆེ་མཐོང་དང་གཟེངས་བསྟོད་མཐོ་གྲས་ ཁག་ཐོབ་མྱོང་ཡོད་ཅིང༌། ཨུ་རུ་སུར་གཞུང་ཚབ་ཀྱི་འགན་ཁུར་བཞེས་ རྗེས་ཁོང་དང༌། སྲིད་བློན་ནེ་རུ་དང་འབྲེལ་འདྲིས་ཟབ་མོ་བྱུང་། དེ་ འདྲའི་རྒྱབ་ལྗོངས་འོག་ཕྱི་ལོ་ ༡༩༥༢ ནས་ ༡༩༦༢ བར་མཁས་དབང་ འདིས་རྒྱ་གར་གྱི་སྲིད་འཛིན་གཞོན་པའི་འགན་བཞེས་པ་དང༌། ཕྱི་ ལོ་ ༡༩༦༢ ནས་སྲིད་འཛིན་གྱི་འགན་བཞེས། ཕྱི་ལོ་ ༡༩༦༧ ལོར་སྲིད་ འཛིན་གྱི་ལས་གནས་ནས་འཁྱུར་རྗེས། རང་གི་དགའ་ཉེ་བློ་དཀར་ཚོ་ དང་མཉམ་དུ་ལོ་ངོ་བརྒྱད་རིང་ཞི་ཞིང་བདེ་བའི་འཚོ་བར་རོལ་ཞིང༌། ཕྱི་ལོ་ ༡༩༧༥ ལོའ་ི ཟླ་བ་ ༤ ཚེས་ ༡༧ ཉིན་མཁས་པའི་དབང་པོ་འདི་ཉིད་ དགོངས་པ་རྫོགས་པ་རེད།

རྒྱ་གར་གཞུང་གིས་རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་ཚོགས་སྡེར་རེ་སྐུལ་ གནང་དོན་ལྟར། མཁས་དབང་འདིའི་འཁྲུངས་ཚེས་དེ་དགེ་རྒན་གྱི་ཉིན་ མོར་གཏན་འབེབས་དང་གསལ་བསྒྲགས་གནང་དོན་ལྟར། ལོ་ལྟར་སློབ་ གྲྭ་ཁག་ཏུ་ཉིན་འདིར་སློབ་ཕྲུག་ཚོས་རང་གི་དགེ་བའི་བཤེས་གཉེན་ ལ་གུས་བཀུར་གྱི་བསམ་པ་མཚོན་པའི་ཤིས་ཤོག་དང༌། ཕྱག་རྟགས། མེ་ ཏོག་སོགས་འབུལ་བར་མ་ཟད། སློབ་ཕྲུག་ཚོའི་ངོས་ནས་དགེ་རྒན་ཚོར་ གཞས་སྣ་དང༌། གཏམ་བརྗོད་སོགས་འཁྲབ་སྟོན་བྱེད་ཀྱི་ཡོད། མཁས་དབང་འདི འི ་ གསུང་རྩོ མ ་མང་པོ ་ ཡོ ད ་པའི ་ ཁྲོ ད ་དུ་ནང་པའི ་ ཆོས་ཀྱི་སྐོར་གསུངས་པའང་ཡོད་ཅིང༌། རང་ཅག་བོད་མི་རྣམས་ཀྱི་བླ་ ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ༡༩༥༦ ལོར་རྒྱ་གར་དུ་ཆིབས་སྒྱུར་གནང་སྐབས། མཁས་དབང་འདི་དང་ཞལ་ མཇལ་བྱུང་ཡོད་པར་མ་ཟད། མགོན་པོ་གང་གི་ལྗགས་རྩོམ་གྲགས་ཅན་ རྡུལ་ཕྲན་གཅིག་ཁོ་ནའི་ནང་གི་འཇིག་རྟེན་ཞེས་པའི་ནང་དུའང་། ཁོང་ གི་སྐོར་ཕྲན་བུ་བཀོད་གནང་ཡོད། ཁོང་དང་དུས་མཉམ་གྱི་མཁས་པ་ དང༌། དེང་སྐབས་ཀྱི་དཔྱད་བརྗོད་པ་ཚོས་ཁོང་ལ་གདེང་འཇོག་གནང་ སྐབས། གཅིག་མཐུན་ཞིག་ཡོད་པ་ནི། མཁས་དབང་འདི་ཉིད་ལྟ་གྲུབ་ ཀྱི་རྣམ་གྲངས་གཅིག་ཙམ་མ་ཟད། ལྟ་གྲུབ་ཀྱི་རྣམ་གྲངས་མང་པོ་དང༌། ཆབ་སྲིད། སློབ་ཁྲིད་སོགས་ཕྱོགས་མང་པོའ་ི ཐད་གྲུབ་འབྲས་དེ་ཙམ་ བྱུང་བ་ནི་ཧང་སངས་དགོས་པ་ཞིག་ཡིན་པར་གླེང་གི་ཡོད།།

གླེན་པ་གཉིས་ཀྱི་སྒྲུང་།

འདོན་ཐེངས་བཞི་པ། ༢༠༡༢

སྔོན་ལུང་པ་ཞིག་ལ་རྡོ་རྗེ་དང་ཀུན་དགའ་ཟེར་བའི་གྲོགས་པོ་གླེན་པ་ གཉིས་ཡོད། རྡོ་རྗེ་ནི་སེམས་ནང་གི་སྐད་ཆ་ཁ་ནས་བཤད་མ་ཐུབ་པར་ བསྒོམ་ནས་རྟག་ཏུ་བློ་བུག་དོག་ནས་སྡོད་མཁན་ཞིག་དང་། ཀུན་དགའ་ ནི་རྩེད་མོ་གླེན་རྟགས་ཚ་པོ་དེ་འདྲ་རྩེ་བར་དགའ་མཁན་ཞིག་ཡིན། ཉི ན ་ཞི ག ་ཀུན་དགས་རྡོ ་ རྗེ ་ ལ་མཚར་གཏམ་ཐེ བ ས་ཆག་ཞི ག ་བཤད་ ཀྱང་རྡོ་རྗེས་གད་མོ་མ་བགད་པར་བརྟེན། ཀུན་དགས་རྡོ་རྗེ་བགད་ ཆེད་ཨི་ཙི་གུ་ལུ་བསླངས་པས། རྡོ་རྗེ་གད་མོ་ཤོར་ཀྱང་ད་དུང་མུ་འཐུད་ བསླངས་པས་རྡོ་རྗེ་ཤི་གྲབས་བྱས། འོན་ཀྱང་དེའི་མོད་ལ་ཁང་པའི་ཕྱི་ རོལ་ནས་ཁྱིས་ཟུག་པ་ལས་རེ་ཞིག་ཀུན་དགས་ཨི་ཙི་གུ་ལུ་བསླང་རྒྱུ་ བཞག་ནས་བལྟ་བར་སོང་། ཉིན་ཞིག་ཁོང་གཉིས་ཆུ་བརྒལ་བར་མཚོ་ཞིག་གི་འགྲམ་དུ་སོང་། ཀུན་ དགས་ཆུ་རྐྱལ་ཡག་པོ་ཤེས་ཀྱང་རྡོ་རྗེས་ཡག་པོ་ཤེས་ཀྱི་མེད། དེར་ཁོང་ གཉིས་ཆུ་རྩེད་རྩེས་ནས་ལུས་པོ་ཡོངས་རྫོགས་ནུབ་ཙམ་གྱི་ཆུ་དཀྱིལ་དུ་ སླེབས་དུས། ཀུན་དགས་རྩེད་མོ་རྩེས་ནས་རྡོ་རྗེ་ཆུའི་ནང་མར་ཡུན་རིང་ བསྣུབས་པས་རྡོ་རྗེ་ཤི་གྲབས་བྱས། འོན་ཀྱང་སྟབས་ལེགས་ནས་མཚོའི་ འགྲམ་ཏུ་ཤྭ་བ་ཞི ག ་ཆུ་འཐུང་སར་སླེ བ ས་པ་ཀུན་དགས་མཐོ ང ་ནས་ བལྟ་བར་ཕྱིན། གོང་གསལ་རྩེད་མོ་གླེན་རྟགས་ཚ་པོ་དེ་གཉིས་རྩེ་དུས་ རྡོ་རྗེས་རང་ཉིད་ཤི་གྲབས་བྱེད་ཚུལ་ཀུན་དགའ་ལ་ཚིག་གཅིག་མ་ལབ་ ཀྱང་སེམས་སུ་བཟོད་མི་ཤེས་པའི་འཇིགས་སྣང་དང་ཁོང་ཁྲོ་ཟ།

ཡང་ཉིན་ཞིག་ཁོང་གཉིས་རྟ་གཞོན་ནས་ཕྱིན། ཀུན་དགའ་ནི་རྟ་བཞོན་ རྒྱུར་དགའ་ཞི ང ་བཞོ ན ་མཁས་ལ་རྡོ ་ རྗེ ་ ནི ་ དེ ་ ལས་ལྡོ ག ་སྟེ ་ རྟ་བཞོ ན ་ རྒྱུར་སྐྲག་ཅིང་བཞོན་ཡང་ཡག་པོ་ཤེས་ཀྱི་མེད། རྡོ་རྗེས་རྟ་བཞོན་ནས་ སྔོན་ལ་ཕྱིན། ཀུན་དགས་དེའི་མཇུག་དེ་གར་ཕྱིན། ཀུན་དགས་རྡོ་རྗེ་ རྟ་བཞོ ན ་རྒྱུར་སྐྲག་གི ་ ཡོ ད ་པ་ཤེ ས ་ཀྱི ་ ཡོ ད ་པས་རྩེ ད ་མོ ་ རྩེ ས ་ནས་རྡོ ་ རྗེའི་རྟ་ལ་རྟ་ལྕག་ཞུས། རྡོ་རྗེའི་རྟ་རྒྱུགས་ཕྱིན་པས་རྡོ་རྗེ་ཞེད་ཐག་ཆོད་ ནས་མ་བྱས་དང་ཟེར་ཀྱང་ཀུན་དགས་མ་ཉན་པར་ད་དུང་རྡོ་རྗེའི་རྟའི་ མཇུག་ཏུ་རྒྱུགས་ཕྱིན་ནས་རྟ་ལྕག་ཞུས་པས། རྡོ་རྗེས་ཁོང་ཁྲོ་ཟ་ནས་སྐེད་ པ་ནས་གྲི་བཏོན་ནས་ཙུག་གུར་སྡོད་དང་ཟེར་ནས་མིག་གིས་མ་བལྟས་ པར་གྲི་རྒྱབ་གཡུག་བྱས་པས། རྒྱབ་ནས་རྟ་ལྕག་ཞུ་བར་འོང་བའི་ཀུན་ དགའི་སྐེ་ལ་ཕོག་ནས་དེ་མུར་ཀུན་དགའ་ས་ལ་བརྒྱལ། ཡུན་རིང་མ་ འགོར་བར། ཀུན་དགའ་སྲོག་དང་བྲལ། རྡོ་རྗེ་གྲོགས་པོ་དང་བྲལོ།། རང་ཚོད་རང་གིས་མ་བཟུང་།། རང་གཏམ་གཞན་ལ་མ་བཤད།། གླེན་རྟགས་ཁོ་ན་བྱེད་ན།། གླེན་པ་གྲོགས་དང་བྲལ་ཡོང་།། 57


ཁྱི་མོ་དུད་འགྲོ་སྐྱེ་གནས་ལས་འཕོས་པའི་གཏམ་རྒྱུད།

སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

དེ་ལ་སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། ཡུལ་དེ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་རྣམ་ཐོས་བུ་ཡི་ལོངས་སྤྱོད་ལ་འགྲན་པ་མུ་སྟེགས་ཅན་ལ་ དགའ་བ་ཞིག་ཡོད་པ་དེ་ལ། ཁྱེའུ་ཞིག་ཡོད་པ་ལ་རྩེར་གཞུག་པའི་ཕྱིར་ཕ་དེས་ཁྱི་གུ་མོ་ཞིག་བྱིན་པ་དེ་ཆེར་སྐྱེས་པ་ན་མུ་སྟེགས་བྱེད་རྣམས་མཐོང་ བ་ན་རྒྱུག་ཅིང་རྨུག་པར་བྱེད་ལ། དགེ་སློང་དག་མཐོང་ན་དྲུང་དུ་འགྲོ་ཞིང་ལྕེས་བལྡགས་ཏེ་མཇུག་མ་དྲིལ་ཞིང་གཡས་ཕྱོགས་སུ་བསྐོར་བར་བྱེད་ དོ།། དེ་ཤཱ་རིའི་བུས་ཉན་ཐོས་ཀྱི་སྤྱན་གྱིས་གཟིགས་ནས་འདུལ་བའི་དུས་ལ་བབ་པར་རིགས་ནས་ཁྱིམ་བདག་དེའི་ཁྱིམ་དུ་བྱོན་པ་ན། ཁྱི་མོ་དེས་ རྒྱང་རིང་བ་ནས་བསུས་ཏེ་གུས་པར་ལྕེས་བལྡགས་ཏེ་བསྐོར་བ་བྱེད་པ་ན། ཁྱིམ་བདག་དེས། ཁྱི་མོ་ལོག་པར་ལྟུང་བའི་ལུས་ཅན་འདིས་ཀྱང་འདི་ལྟ་ བུའི་བཀུར་སྟི་བྱེད་ན། དགེ་སློང་འདི་ནི་བདག་ཉིད་ཆེན་པོ་ཞིག་གོ་སྙམ་སྟེ་ནང་དུ་སྤྱན་དྲངས་ནས་བསོད་སྙོམས་ཕུལ་ཞིང། འཕགས་པས་ཆོས་ བསྟན་པས་ཁྱིམ་གང་གི་མི་རྣམས་ཀྱིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཅིང་སྐྱབས་འགྲོ་དང་བསླབ་པའི་གཞི་རྣམས་བླངས་ཏེ་སྦྱིན་པ་དག་སྦྱིན་ཅིང་ བསོད་ནམས་དག་བྱེད་དོ།། དེའི་དུས་སུ་འཕགས་པ་ཤཱ་རིའི་བུ་ཡང་བྱོན་ཏེ་ཆོས་གསུངས་པ་ལས་ཁྱི་མོ་དེས་ཀྱང་དད་པས་ཉན་པར་བྱེད་ཅིང། ཁྱིམ་ བདག་དེས་ཀྱང་བདག་འཕགས་པ་དང་ཕྲད་ཅིང་ཆོས་ཐོས་ནས་འབྲས་བུ་ཐོབ་པ་འདི་ཁྱི་མོ་འདིའི་དྲིན་ཡིན་ནོ་སྙམ་ནས་ཁྱི་མོ་དེ་ཤིན་ཏུ་སྐྱོང་བར་ བྱེད་པ་ལས། ནམ་ཁྱི་མོ་དེ་ནད་ཀྱིས་ཟིན་པ་ན། ཤཱ་རིའི་བུས། བུ་འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ།། འདུས་བྱས་ཐམས་ཅད་ནི་སྡུག་ བསྔལ་བའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ། མྱ་ངན་ལས་འདས་པ་ནི་ཞི་བའོ།། ང་ལ་སེམས་དགའ་བར་གྱིས་ཤིག་དང། དུད་འགྲོའ་ི སྐྱེ་གནས་ དང་འབྲལ་བར་འགྱུར་ཡང་སྲིད་དོ་ཞེས་གསུངས་ཤིང། ཁྱི་མོ་དེ་ཡང་སེམས་དགའ་བཞིན་དུ་ཤི་བར་གྱུར་པ་ན་ཁྱིམ་བདག་དེའི་ཆུང་མ་ཆེན་མོའ་ི མངལ་དུ་སྐྱེས་སོ།། ཤཱ་རིའི་བུས་ཁྱི་མོའ་ི རོ་དེ་ཕྱོགས་དབེན་པ་ཞིག་ཏུ་ཞོག་ཅིག་དང། རུས་པ་དེས་ཕྱིས་དེ་ཉིད་ལ་ཕན་པར་འགྱུར་རོ་གསུངས་པས་ ཁྱིམ་བདག་དེས་ཀྱང་སུས་མི་མཐོང་བའི་ཕྱོགས་ཤིག་ཏུ་བཞག་གོ། དེར་ཟླ་དུས་ཚང་བ་ན་བུ་མོ་ལྟ་ན་སྡུག་པ་ཞིག་སྐྱེས་ཏེ། དེ་ཉིད་ཆེར་གྱུར་པ་ན་ བྱད་གཟུགས་དང་ལང་ཚོས་དྲེགས་ནས་ཕན་ཚུན་དུ་གཡེངས་ཏེ་ཆོས་ཉན་དུ་མི་བཏུབ་པར་གྱུར་པ་ན། ཤཱ་རིའི་བུས་སྔར་གྱི་ཁྱི་མོའ་ི རུས་པ་དེ་མདུན་ དུ་བཞག་ནས། དེ་ཉིད་ཀྱི་ཚེ་རབས་དྲན་པར་བྱིན་གྱིས་བརླབས་པས། བུ་མོ་དེ་རབ་ཏུ་སྐྱོ་བ་སྐྱེས་ཤིང་འཕགས་པའི་དྲིན་དྲན་ནས། དགའ་བས་ཆོས་ ཉན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང་རབ་ཏུ་བྱུང་བར་གསོལ་བར། ཕ་མས་ཀྱང་གནང་ཞིང་འཕགས་པས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་ གཏད་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས། རིང་པོར་མ་ལོན་པར་དགྲ་བཅོམ་མའི་གོ་འཕང་ཐོབ་ཅིང་འཕགས་པ་ཤཱ་རིའི་བུ་ལ་དྲིན་བཟོ་བའི་ ཚིག་བརྗོད་ཅིང་བཀུར་སྟི་བྱེད་དོ།། དེར་ཐམས་ཅད་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ལ་ལས་ཀྱི་རྒྱུ་ཞུས་པས། སྔོན་བསྐལ་པ་བཟང་པོ་འདི་ཉིད་ཀྱི་སྐྱེ་དགུ་རྣམས་ཚེ་ ལོ་ཉི་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འོད་སྲུང་བྱོན་ཅིང། དེའི་བསྟན་པ་ལ་འདི་ཉིད་དགེ་སློང་མ་ཞིག་ཏུ་གྱུར་ཏེ། སྡེ་སྣོད་གསུམ་ལ་བསླབ་པས་རིག་ པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏེ། རྙེད་པ་མང་པོ་བྱུང་བ་དང། བདག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕན་ གདགས་པར་བྱའོ་སྙམ་དུ་བསམ་ནས་ཆོས་བཞིན་དུ་དགེ་འདུན་སྡེ་གཉིས་ཀྱི་ཞལ་ཏ་བ་བྱས་སོ།། དེ་ནས་ཕྱིས་བྲེལ་བ་ཞིག་བྱུང་སྟེ། སློབ་པ་དང་མི་ སློབ་པའི་དགེ་སློང་མ་མང་པོ་ཞིག་ལ་ལས་བཅོལ་བས། དེ་དག་གིས་བདག་ཅག་གི་དགེ་བའི་ཕྱོགས་བཏང་སྟེ་ཁྱེད་ཀྱི་དོན་མི་གྲུབ་བོ་ཞེས་སྨྲས་པས། དེ་ཁྲོས་ནས། ངས་ནི་ཁྱི་མོ་དང་འདྲ་བ། ཁྱེད་རྣམས་རྟག་ཏུ་གསོ་བར་བྱེད་ན་ཁྱོད་ནི་སྐད་ཅིག་ཙམ་ཡང་བདག་གི་དོན་མི་བྱེད་དམ་ཞེས་སྨྲས་སོ།། དེ་ནས་དེ་རྣམས་ཀྱིས་དེ་ལ་ཐུགས་བརྩེ་བའི་དབང་གིས་ ཁྱོད་ཀྱིས་ངེད་སུ་ཡིན་པ་དང། ཁྱོད་བདག་སུ་ཡིན་པ་ཤེས་སམ། དེས་སྨྲས་པ། ངས་ཤེས་ ཏེ་ཁྱོད་ཀྱང་རབ་ཏུ་བྱུང་བ་ཡིན་ལ་ང་ཡང་རབ་ཏུ་བྱུང་པ་ཡིན་ནོ།། དེ་དག་གིས་སྨྲས་པ། ཆེ་ཞེ་འུ་ཅག་རབ་ཏུ་བྱུང་བར་འདྲ་མོད་ཀྱི། ཁྱོད་ནི་བཆིང་ བ་ཐམས་ཅད་ཀྱིས་བཅིངས་པའི་སོ་སོའ་ི སྐྱེ་བོ་ཡིན་ལ་ངེད་ཀྱི་བྱ་བ་བྱས་པ་ཡིན་གྱི་ཉེས་པ་ལ་ཉེས་སོ་ཞེས་བཤགས་པར་གྱིས་ཤིག། ཁྱོད་འཁོར་བ་ ན་འཁོར་ཞིང་སྡུག་བསྔལ་ཆེན་པོ་རྙེད་ཏ་རེ། དེ་ཐོས་པ་དང་འགྱོད་པ་ཆེན་པོ་སྐྱེས་ནས་བཤགས་པ་བྱས་ཤིང། ལྷག་པར་ཡང་ཆོས་བཞིན་དུ་གཉིས་ ཀའི་དགེ་འདུན་གྱི་ཞལ་ཏ་བྱས་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཁར། བདག་འོད་སྲུང་གི་བསྟན་པར་རབ་ཏུ་བྱུང་ནས་ཚེ་གཅིག་ ཏུ་ཚངས་པར་སྤྱོད་དེ་ཆོས་བཞིན་དུ་ཞལ་ཏ་བགྱིས་པའི་དགེ་བས་གང་དུ་སྐྱེས་པ་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བ་ དང། གཟུགས་བཟང་ཞིང་ལྟ་ན་སྡུག་པར་གྱུར་ཅིག། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་ གྱུར་ཅིག། མི་གཉེས་པར་བྱེད་པར་མ་གྱུར་ཅིག། དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་ བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཅིག། བདག་ཁྲོས་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཚིག་རྩུབ་སྨྲ་བའི་རྣམ་ པར་སྨིན་པ་མྱོང་བར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། དེའི་དུས་ཀྱི་དགེ་སློང་མ་དེ་ནི་འདི་ཡིན་ཏེ། ཚིག་རྩུབ་སྨྲས་པའི་ རྒྱུ་དེས་སྐྱེ་བ་ལྔ་བརྒྱར་ཁྱིར་སྐྱེས་ཤིང། འཕགས་པ་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་པས་མིར་སྐྱེས་པ་དང། སྔར་གྱི་སྨོན་ ལམ་བཏབ་པས་འབྲས་བུ་ཐོབ་པར་གསུངས་སོ།། 58


ལེ་ལོ་ཅན་གྱི་ཇཱེཀ་།

འདོན་ཐེངས་བཞི་པ། ༢༠༡༢

ཆུ་སྐྱེས་སྒྲོལ་མས་བསྒྱུར།

ཇཱེཀ་དང་ཨ་མ་ལགས་གཉིས་ས་ཆ་སྐྱོ་བོ་ཞིག་ལ་སྡོད་ཀྱི་ཡོད་ལ་ཁོང་གཉིས་ཀྱི་འཚོ་ཐབས་ནི་ཧ་ཅང་སྐྱོ་བོ་ཞིག་ཡིན། མ་རྒན་མོ་དེས་འཚེམ་ བུ་རྒྱག་པ་དང་ལྷམ་བཟོ་བ་ལ་བརྟེན་ནས་དངུལ་ཉུང་ཉུང་ཞིག་བསོག་ཐུབ་ཀྱི་ཡོད། འོན་ཀྱང་ཇཱེཀ་ནི་དགུན་ཁར་མེ་སྲོས་ནས་དུས་ཚོད་རྫོགས་པ་ དང༌། དབྱར་དུས་སྒྱིད་ལུག་ངང་མི་ཚེ་སྐྱེལ་གྱི་ཡོད། མཐར་ཨ་མ་ལགས་ཀྱིས་༼ཁྱེད་རང་གིས་གྲོད་ཁོག་གི་ཆེད་དུ་ལས་ཀ་ཞིག་བྱེད་དགོས་རེད་མ་ གཏོགས་རྗེས་ཕྱོགས་གང་ཡང་མེད་པར་ལུས་ཀྱི་རེད་༽ཅེས་བཤད། དེར་བརྟེན་ཁོས་ཞིང་པ་ཞིག་གི་གླ་པ་བྱས་ནས་ལས་ཀ་བྱས། ཞིང་པ་དེས་ཁོ་ལ་ ཉིན་རེར་མོ་ཙི་གཅིག་སྤྲོད་ཀྱི་ཡོད་པ་དེ་ཁྱེར་ནས་གཙང་པོ་ཞིག་བརྒྱུད་ནས་ནང་ལ་ལོག་ཡོང་བའི་ལམ་བར་དུ་བརླགས་པ་རེད། ཁོས་ལམ་བར་གྱི་ གནས་ཚུལ་རྣམས་ཨ་མ་ལགས་ལ་བཤད་དུས། ཨ་མ་ལགས་ཀྱིས་༼ཕྲུ་གུ་ལྐུགས་པ་ཞེ་པོ་ཅིག་འདུག ཁྱེད་རང་གིས་དངུལ་ངེས་པར་དུ་ཨམ་ཕྲག་ ནང་བླུགས་དགོས་རེད་༽ཅེས་བཤད། དེར་ཇཱེཀ་ཡིས་༼ངས་རྗེས་མ་ནས་དེ་འདྲ་བྱེད་ཀྱི་ཡིན་༽ཞེས་ལན་བཏབས། ཕྱི་ཉིན་དེར་ཁོས་ཞིང་པ་གཞན་ ཞིག་གི་ཕྱུག་རྫི་བྱས། ཞིང་པ་དེས་ཉིན་རེ་ལ་འོ་མ་ཤེལ་དམ་གང་རེ་གླ་ཆའི་ཚུལ་དུ་སྤྲད། ཁོས་ཨ་མ་ལགས་ཀྱིས་གསུངས་པ་བཞིན་འོ་མའི་ཤེལ་དམ་ དེ་ཨམ་ཕྲག་ནང་བླུགས། ནང་དུ་ལོག་ཡོང་བའི་ལམ་བར་དུ་འོ་མ་ཚང་མ་ལུད་ནས་ཤེལ་དམ་ལས་ཕྱིར་འཕྱུར་ཏེ་གང་སར་འཕོ་བ་རེད། དེར་ཨ་མ་ ལགས་ཀྱིས༼སྐྱག་ལྐུགས་ཁྱེད་རང་ཡིན་ན། འོ་མ་ངེས་པར་དུ་མགོའ་ི སྒང་ལ་བཞག་ནས་འཁྱེར་ཡོང་དགོས་རེད་༽ཅེས་བཤད་པར། ཁོས་༼རྗེས་ ཕྱོགས་ངས་དེ་འདྲ་བྱེད་ཀྱི་ཡིན་༽ཞེས་ཁས་བླངས།ཕྱི་ཉིན་དེར། ཇཱེཀ་ཞིང་པ་གཞན་ཞིག་གི་སར་ལས་ཀ་བྱེད་དུ་སོང༌། ཞིང་པ་དེས་ཉིན་དེའི་གླ་ཆའི་ ཚུལ་དུ་འོ་མའི་ཁ་སྤྲི་ཅན་གྱི་ཕྱུར་ར་གང་འཚམ་སྤྲད། ཨ་མ་ལགས་ཀྱིས་གསུངས་པ་བཞིན་མགོའ་ི སྒང་ལ་བཞག་ནས་འཁྱེར་ཡོང༌། འོན་ཀྱང༌། ནང་ ལ་འབྱོར་མཚམས་སུ་འོ་མའི་ཁ་སྤྲི་ཅན་གྱི་ཕྱུར་ར་དེ་ཉི་མས་བཞུར་ནས་ཁོང་གི་སྐྲ་གསེང་ནས་མར་འཛག་བཞིན་ནང་དུ་སླེབས། ཡང་ཨ་མ་ལགས་ ཀྱིས་༼ཕ་འདྲ་བའི་བུ་ལྐུགས་པ་འདི། ཁྱེད་རང་གིས་དེ་ལག་པའི་ནང་ལ་འཁྱེར་ཡོང་དགོས་རེད་ ༽ཅེས་བཤད་པར། ཇཱེཀ་ཡིས་ ༼རྗེས་མར་ངས་དེ་ ལྟར་བྱེད་ཀྱི་ཡིན་༽ཞེས་ལབ། ཡང་ཕྱི་ཉིན་དེར། ཁོས་བག་ལེབ་བཟོ་མཁན་ཞིག་གི་ནང་ལས་ཀ་བྱས་པར། གླ་ཆ་ལ་ཞི་མི་ཞིག་རག་པ་དེ་གཟབ་གཟབ་བྱས་ནས་ལག་པའི་ ནང་ལ་འཁྱེར་ཡོང་བ་རེད། ལམ་ཕྱེད་ཙམ་ལ་སླེབས་དུས། ཞི་མི་དེས་སྤར་འབྲད་ཚ་ཐག་ཆོད་ཞིག་བརྒྱབ་པས་ཁོས་ཞི་མི་དེ་མ་གློད་རང་གློད་ཆགས་ ནས་ནང་ལ་ལོག་སླེབས་པ་རེད། ཨ་མས་༼ལྐུགས་པ། ཞི་མིའི་སྐེ་ལ་ཐག་པ་བརྒྱབ་ནས་ཁྱེད་རང་གི་རྗེས་ལ་འཁྲིད་ཡོང་དགོས་རེད་༽ཅེས་བཤད་པ་ རེད། ཇཱེཀ་ཡིས་༼རྗེས་མ་ངས་དེ་ལྟར་བྱེད་ཀྱི་ཡིན་༽ལབ་ནས་ཕྱི་ཉིན་དེར་ཁོང་རང་ཤན་པ་ཞིག་གི་སར་ལས་ཀ་བྱེད་དུ་ཕྱིན་པ་རེད། དེས་ལུག་ཤ་ རྐང་པ་གཅིག་གླ་ཆ་ལ་སྤྲད་པ་དེ་ཐག་པས་བསྡམས་ནས་ཁོ་རང་གི་རྗེས་ལ་དྲུད་ཡོང་བ་རེད། ཁོ་རང་ནང་ལ་སླེབས་དུས་ཤ་དེར་ས་རྡུལ་དང་གད་ སྙིགས་འགོས་ནས་བཙོག་པ་ཆགས་ཡོད་སྟབས། ཡང་ཨ་མ་ལགས་ཀྱིས་ ༼ གླེན་ལྐུགས་འདི། ཁྱེད་རང་གིས་ལུག་ཤ་དེ་དཔུང་པའི་སྒང་ལ་འཁྱེར་ ཡོང་དགོས་རེད་༽ཅེས་བཤད། ཡང་ཇཱེཀ་ཡིས་ ༼རྗེས་མ་ངས་དེ་ལྟར་བྱེད་ཀྱི་ཡིན་༽ལབ་ནས་ཕྱི་ཉིན་དེར་ཡང་ཞིང་པ་ཞིག་གི་སར་ལས་ཀ་བྱས་ ཤིང༌། དེས་ཁོ་ལ་འགྲུལ་བཞུད་ཀྱི་ཆེད་དུ་ཡིན་ཅེས་བོང་བུ་ཞིག་སྤྲད། ཇཱེཀ་ནི་ཕོ་གསར་ཤུགས་ཆེན་པོ་ཞིག་ཡིན་རུང༌། བོང་བུ་དེ་དཔུང་པའི་སྒང་ལ་འདེགས་རྒྱུར་ཁག་ཙམ་བྱུང་བ་རེད། ཁོས་བོང་བུ་དེ་ཕྲག་པའི་སྒང་ ལ་བཞག་སྟེ། དབུགས་ཧལ་ཧལ་དང་རླུང་འཚུབ་འཚུབ་ངང་ཕྱུག་བདག་ཞིག་གི་ཁང་འགྲམ་བརྒྱུད་ནས་ལམ་དུ་བསྐྱོད། ཕྱུག་བདག་དེར་སྐྱེ་འབྲས་ མཚར་བའི་བུ་མོ་ཞིག་ཡོད་པ་དེས། ད་བར་གད་མོ་བགད་མྱོང་མེད་སྟབས། ཕྱུག་བདག་དེས་མི་སུ་ཞིག་གིས་ཁོ་མོ་ལ་གད་མོ་སློང་ཐུབ་པ་ཡིན་ན། དེའི་མནའ་མར་སྟེར་རྒྱུའི་དམ་བཅའ་བཞག་ཡོད། ཇཱེཀ་ནི་བོང་བུའི་ལྗིད་ཀྱིས་མནན་ནས་མགོ་བོ་ས་ལ་མ་ཐུག་ཙམ་བྱས་ནས་འགྲོ་བཞིན་ ཡོད་པ་དང༌། བོང་བུའི་སུག་ལག་བཞི་པོ་ནི་ནམ་མཁར་ཟིང་ཙམ་ཟིང་ཙམ་བྱེད་ཀྱི་ཡོད། དེ་དུས་ཕྱུག་བདག་གི་བུ་མོ་ནི་ཡིད་སྐྱོ་སྣང་དང་བཅས་ཁང་པའི་སྒེའུ་ཁུང་ལས་མར་ བབས་ཏེ་ཕྱི་ལོགས་ལ་བལྟས་ནས་བསྡད་སྟབས། ཁོའ་ི ཡོང་སྟངས་དེ་དགོད་བྲོ་པོ་ཞིག་ མཐོང་ནས་རང་དབང་མེད་པར་དགོད་སྒྲ་ཆེན་པོ་ཞིག་ཤོར་བ་དང༌། དེའི་གཡས་གཡོན་ གྱི་མི་རྣམས་ཡ་མཚན་སྐྱེས་ནས་ཅི་ཞིག་བྱུང་ཡོད་པར་སྙམ་སྟེ་རྒྱུག་ཤར་གློད་ནས་བལྟ་རུ་ སླེབས། དེ་རྗེས་ཇཱེཀ་དང་ཕྱུག་བདག་གི་བུ་མོ་ཆང་ས་བརྒྱབ་པ་དང༌། བུ་མོའ་ི པཱ་ལགས་ དང་ཇཱེཀ་ཡི་ཨ་མ་ལགས་བཅས་ཁོང་ཚོ་དགའ་པོའ་ི ངང་མཉམ་དུ་བསྡད་པ་རེད། དུས་དེ་ ནས་བཟུང་ཇཱེཀ་ཁོ་རང་ཡང་ཡང་ཕྱི་ལོགས་སུ་ལས་ཀར་འགྲོ་དགོས་བྱུང་མེད། 59


60

ངས་ཨ་ཁུ་ཤེས་རབ་ཁོ་རིགས་པའི་ལམ་ནས་ ཕམ་པར་བྱས་ནས། ས་སྟེང་འདིར་ངའི་སྙན་ གྲགས་ཀྱིས་ཆོད་པ་བྱེད་དགོས།

རྒྱལ་པོ་དེ་རང་ཉིད་གཅིག་པུ་ཨ་ཁུ་ཤེས་རབ་འཚོལ་བར་རྟ་བཞོན་ནས་ཕྱིན།

ལགས་སོ་རྒྱལ་པོ་རིན་པོ་ཆེ། ངས་ དམག་མི་སྐད་གཏོང་ག།

ཨ་ཁུ་ཤེས་རབ་ཟེར་བ་ཏོག་ཙམ་སྤྱང་པོ་ཞིག་ ཡོད་འདུག་པ་དེ་ག་པར་ཡོད་རེད་དམ། ང་ཁོ་ དང་འགྲན་དགོས་ཡོད། ལྐུགས་པ་རང་རེད། ངས་རིག་ པ་འགྲན་རྒྱུ་ཟེར་བ་ལས། དམག་ རྒྱག་དགོས་ཟེར་གྱི་མེད།

ལྐུགས་པ་དེ།

རྒྱལ་པོ་རིན་པོ་ཆེ་ སྤྱང་ཤོས་རེད།

ད་རྫུན་བཤད་ན་ ཡག་ཤོས་རེད།

རྒྱལ་པོ་རིན་པོ་ཆེ་ སྤྱང་ཤོས་རེད།

རིག་རྩལ་འགྲན་པ།

ཚང་མས་ཤེས་གསལ་ལྟར་འཛམ་བུ་ གླིང་འདི་ནང་ནས་མི་སྤྱང་ཤོས་དེ་ང་མ་རེད་ པས། ཧ་ཧ། ང་རེད་པཱ།

ག་རེ། གནམ་ས་སྐད་ཀྱིས་ཆོད་གྲབས་བྱེད་ མཁན་ཨ་ཁུ་ཤེས་རབ་ཟེར་བ་ཁྱོད་ཡིན་པས། བྱས་ན། རིག་རྩལ་འགྲན་དུ་ཤོག

ཁྱོད་ཀྱིས་ང་ལ་མགོ་ སྐོར་བཏང་ཐུབ་ན་་་

ངས་ཁྱེ ད ་ཀྱི ས ་ཐུགས་འདུན་ངེ ས ་ པར་དུ་བསྐང་ཆོག མ་གཞི་ཁྱེད་རང་ འདི་ལྟར་ཕེབས་མི་དགོས། ང་ཡར་ ཤོག་ཞེས་བཀའ་གནང་ན་དེ་ག་རེད་ པ།

ཨོ་ཧོ། བྱས་ན་ཁྱེད་ང་དང་འགྲན་ དུ་ཡོང་བ་ཡིན་པ་རེད། ང་ཨ་ཁུ་ ཤེས་རབ་ཡིན།

ངས་ལུང་པ་འདིར་མི་སྤྱང་པོ་གཅིག་ཡོད་ རེད་ཟེར་བ་གོ་བྱུང་། མི་དེའི་ཁྱིམ་ཚང་ག་པར་ཡོད་ རེད་དམ།

ངས་ཨ་ཁུ་ཤེ ས ་རབ་འཚོ ལ ་གྱི ་ ཡོད། ང་ཁོ་དང་རིག་རྩལ་འགྲན་ དགོས།

ཁོ་རེ་ལྐུགས་པ། འདིར་ཤོག་དང་། ངར་སྐད་ཆ་ཞིག་འདྲི་རྒྱུ་ཡོད།

ང་ཚོའི་ལུང་པའི་ནང་གི་མི་ཚང་མ་སྤྱང་ཐག་ ཆོད་ཡོད། ཁྱེད་ཀྱིས་སུ་འཚོལ་གྱི་ཡོད།

གང་འཚམས་ཕྱིན་པའི་ རྗེས་་་་་་་

སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།


ངས་ང་རང་གི་བོང་གུ་དེ་ཡང་ འཁྲིད་དགོས།

བྱས་ན། མགྱོཌ་པོ་ ཤོག ང་ལ་བྲེལ་བ་ ཞེ་དྲག་ཡོད།

རྒྱལ་པོ་ཁྱེད་རང་རྣམ་དཔྱོད་ཅན་ ཡིན་པས། ཁྱོད་དང་འགྲན་པར་རྣམ་ དཔྱོད་མང་ཙམ་འཁྱེར་ཡོང་དགོས་པར་ སོང་། བོང་གུའི་སྟེང་རྣམ་དཔྱོད་ཐོལ་པ་ ཁུར་ཡོང་མཁན་ཡིན།

འགྲིག་གི་རེད། འགྲིག་གི་རེད། མགྱོགས་པོ་ཤོག་ཨང་།

ཁྱེད་ཏོག་ཙམ་སྒུག་ཐུབ་ན། ངས་ཕྱིན་ནས་ལམ་སེང་ཁྱེར་ནས་ ཡོང་ཆོག དེ་ནས་འགྲན་ཆོག

ཝ་ཡེ། རྟ་དང་བོང་གུ་གཉིས་ཀ་ འཁྲིད་དེ་ག་རེ་བྱེད་ཀྱི་ཡིན།

འོ་རེད། ཁྱེད་ཀྱི་རྟ་དེ་ང་ལ་གཡར་ ན། ངས་མགྱོགས་པོ་སླེབས་ཡོང་།

ཨ་ཙི། དགོངས་དག་རྒྱལ་པོ་རིན་པོ་ཆེ། ངའི་དུས་རྒྱུན་ང་རང་གི་ཀླད་པ་ཁྱིམ་དུ་ བཞག་པ་མ་གཏོགས། ་ ཕྱི་ལ་ཁྱེར་གྱི་མེད། ་ ་

དཱ། ལམ་སེང་རིག་པ་ འགྲན་དུ་ཤོག འུ་གཉིས་ཀྱི་རྣམ་དཔྱོད་ཀྱི་ རྩལ་སྟོན་རེ་བྱེད་དོ།།

འོ་ཛི། ས་རུབ་གྲབས་ བྱེད་ཀྱི་འདུག་ཀྱང་། ཨ་ཁུ་ཤེས་རབ་ མཐོང་སར་སླེབས་མཁན་མི་ འདུག།

ད་་ངས་ཨ་ཁུ་ཤེས་རབ་ཀྱི་རིག་པ་ག་ ཚོད་ཡོད་མེད་ཤེས་སོང་། ཡིན་ནའང་། རྟ་གཅིག་ཤོར་སོང་ང་།

རྒྱལ་པོ་དེས་ཨ་ཁུ་ཤེས་རབ་ཀྱིས་རང་ཉིད་ཚོུད་མང་པོའི་སྔོན་ནས་མགོ་སྐོར་བཏང་ཚར་བ་ཤེས་ པས། ད་ནས་བཟུང་ལུང་པར་འདིར་མི་ཡོང་རྒྱུའི་བློ་ཐག་བཅད།

ཁོས་འདི་ཟེར་ན། ངས་འདི་ཟེར་ ཧ་ཧ། ང་ཐོབ་ རྒྱུ་རེད།

ཧ། གྲོགས་པོ་མགྱོགས་ཙམ་ འགྲོ།

ཚོུད་འགའ་ཤས་ཀྱི་རྗེས་ལ་་་་་་་

ཧ་ཧ་ཧ། ཨ་ཁུ་ཤེས་རབ་ཁོ་ང་ལ་ ཞེད་ནས་འཚབ་འཚུབ་བྱེད་ཀྱི་འདུག ད་ ཁོ་ངའི་ལག་པར་ཕམ་རྒྱུ་རེད། ཧ།

རྒྱལ་པོས་ཨ་ཁུ་ཤེས་རབ་དང་འགྲན་རྒྱུའི་ཆེད་དུ། རིག་འཕྲུལ་ འདྲ་མིན་བསམ་བློ་བཏང་ནས་བསྡད།

མགྱོགས་ཙམ་ཤོག་ ཨང་། ངས་ཁྱེད་རང་ སྒུག་གི་ཡིན་དཱ།

འདོན་ཐེངས་བཞི་པ། ༢༠༡༢

61


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

དབེན་ས་པ་བློ་བཟང་དོན་གྲུབ།

འབའ་པ་སངས་རྒྱས་ཚེ་རིང་།

༄། ། རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་མཆོག་ནི། ཕྱི་ལོ་ ༡༥༠༥ ལོ་རབ་བྱུང་བརྒྱད་པའི་ཤིང་གླང་ལོའ་ི བོད་ཟླ་དང་པོའ་ི ཚེས་བཅུའི་ཉིན་ གཙང་གི་ཕྱོགས་དབེན་ས་ཞེས་པའི་གནས་སུ་ཡབ་བསོད་ནམས་རྡོ་རྗེ་ དང་། ཡུམ་དཔལ་འཛོམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། འཁྲུངས་ མ་ཐག་ཏུ་ཨོཾ ་ མ་ཎི ་ པདྨེ ་ ཧཱུཾ ་ ཞེ ས ་པའི ་ གསུང་བྱོ ན ་པ་སོ ག ས་ངོ ་ མཚར་ བའི་ལྟས་དུ་མ་བྱུང་། སྐུ་གཞོན་ནུའི་སྐབས་ནས་ངེས་འབྱུང་དང་སྙིང་ རྗེ་སོགས་རང་ཤུགས་ཀྱིས་ཐུགས་རྒྱུད་ལ་འཁྲུངས་པ་དང་། ལྷག་པར་ དུ་རྗེ་ཙོང་ཁ་པ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་དེའི་བསྟན་པ་ དྲི་མ་མེད་པ་ཆ་ཚང་བ་འཛིན་ཅིང་སྤེལ་ནུས་པ་ག་དུས་འོང་སྙམ་པ་ འབའ་ཞིག་ཐུགས་ལ་བརྣགས་ཏེ་རང་ཉིད་གཅིག་པུར་དབེན་པའི་བྲག་ ཕུག་ཅི ག ་ཏུ་ཞག་ལྔ་དྲུག་ཙམ་རེ ་ བཞུགས་པས་ཡབ་ཡུམ་གྱི ས ་ཡང་ ཡང་འཚོལ་དགོས་པ་བྱུང་། དེའི་གནས་སྐབས་ནས་རྒྱལ་བ་ཤཱཀྱ་ཐུབ་ པ་དང་རྗེ་བློ་བཟང་གྲགས་པ་གཉིས་ཀྱིས་ཞལ་གཟིགས་ཤིང་བྱིན་གྱིས་ རླབས་པའི་སྣང་བས་དུས་འདའ་བ་བྱུང་། དགུང་ལོ་བརྒྱད་ཀྱི་ཚེ་གཟིམ་ ལམ་དུ་སེ​ེག་རིའི་རྩེ་ནས་ཟླ་བ་ཉ་གང་བ་ཞིག་ཤར་བས་རང་ཉིད་ཀྱི་སྐུ་ ལ་དར་དཀར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན། ཕྱག་ཏུ་རྡོར་དྲིལ་ འཛིན་ཏེ་ཟླ་བ་དེ་ལ་ཞུགས་ནས་དྲིལ་བུ་བསིལ་བའི་སྒྲས་འཇིག་རྟེན་ མ་ལུས་ཁྱབ་པ་ཞིག་རྨིས་བྱུང་བ་འདི་ནི་འཕྲིན་ལས་ཤིན་ཏུ་རྒྱས་པའི་ ལྟས་བཟང་པོའ།ོ །ཕྱི་ལོ་ ༡༥༡༥ རབ་བྱུང་དགུ་པའི་ཤིང་ཕག་ལོ་དགུང་ ལོ་བཅུ་གཅིག་ཐོག་ཆོས་རྗེ་གྲགས་པ་དོན་གྲུབ་ལས་བར་མ་རབ་བྱུང་ དང་དགེ་ཚུལ་གྱི་སྡོམ་པ་བཞེས་དེ་མིག་བཞིན་སྲུང་བར་མཛད། མཚན་ བློ་བཟང་དོན་གྲུབ་གསོལ། ཆོས་རྗེ་གྲགས་པ་དོན་གྲུབ་ལས་དུས་འཁོར་ དང་འཇིགས་བྱེད་གྱི་དབང་། ལམ་རིམ་སོགས་ཀྱི་ཁྲིད་གསན་ཅིང་ ཆོ ས ་རྗེ ་ བློ ་ གྲོ ས ་རྒྱལ་མཚན་ལས་གསང་འདུས་དང་མི ་ འཁྲུགས་པའི ་ དབང་སོགས་ཆོས་བཀའ་ཤིན་ཏུ་མང་བར་གསན། གཞན་ཡང་རྗེ་ཐུབ་བསྟན་རྣམ་རྒྱལ་དང་། བླ་མ་སྐྱབས་མཆོག་དཔལ་ བཟང་སོགས་ལས་དམ་ཆོས་རབ་ཏུ་མང་བ་གསན། ལྷག་པར་རྗེ་སྐྱབས་ མཆོ ག ་དཔལ་བཟང་ལས་དབང་ལ་སོ ག ས་པའི ་ གདམས་ངག་རྣམས་ ཞུས་གནང་མཛད་པའི ་ ཚེ ་ དག་པའི ་ སྣང་བ་ངོ ་ མཚར་བ་སྣ་ཚོ ག ས་ གཟིགས། ཕྱི་ལོ་༡༥༢༡ རབ་བྱུང་དགུ་པའི་ལྕགས་སྦྲུལ་དགུང་གྲངས་ བཅུ་བདུན་ཐོག་འབྲུམ་ནད་ཀྱིས་སྐུ་ལུས་ཟིན་པའི་ཚེ་ཉིན་གཅིག་ཆབ་ སྒོར་རྟེན་འབྲེལ་བསྟོད་པ་ཁ་ཏོན་དུ་བྱེད་པ་ཞིག་བྱུང་བ་ན་དེའི་གསུང་ གདངས་ཐོས་པ་ཙམ་གྱིས་ལུས་ལ་སྤུ་ཟིང་བྱེད་ཅིང་སྣང་བ་གཏིང་ནས་ འགྱུར་བ་ཞིག་བྱུང་བས། ཕྱིར་ཕེབས་ཏེ་གཟིགས་པའི་ཚེ་དགེ་སློང་ཤིན་ ཏུ་དང་བ་འདྲེ ན ་པ་ཞི ག ་འདུག་པས་ནང་དུ་གདན་དྲངས་ཏེ ་ བསྙེ ན ་ བཀུར་མཛད། དེ་ནི་ཚེ་འདིར་ཟུང་འཇུག་གི་གོ་འཕང་རྙེད་པའི་གྲུབ་ 62

ཆེན་ཆོས་རྡོ་རྗེ་ཡིན་འདུག རྗེས་སུ་འཛིན་པའི་གསོལ་བ་འདེབས་པ་ ན་ཞལ་གྱིས་བཞེས་ཏེ་འཇམ་མགོན་སྙན་རྒྱུད་ཀྱི་གདམས་ངག་ཡོངས་ སུ་རྫོ ག ས་པ་གནང་ནས་རྒྱལ་བ་དབེ ན ་ས་པ་ཆེ ན ་པོ ་ མཆོ ག ་འཇམ་ མགོན་སྙན་རྒྱུད་ཀྱི་བསྟན་པའི་བདག་པོར་མངའ་གསོལ། དཔོན་སློབ་ གཉིས་བྱ་བྲལ་གྱིས་བོད་ཀྱི་གནས་ཆེན་དུ་མ་དང་ལྷག་པར་གནས་ཆེན་ པདྨ་ཅན་དུ་ཡུན་རིང་སྒྲུབ་པ་ལ་གཞོལ་བར་མཛད། དེ་ནས་གྲུབ་ཆེན་ མཆོ ག ་གི ས ་སྙན་རྒྱུད་སྤྲུལ་པའི ་ གླེ ག ས་བམ་གཏད་དེ ་ བཀའ་རྒྱ་དམ་ པོར་བཏབ། དེ་ལྟ་བུའི་མན་ངག་ཟབ་མོ་རྣམས་གསན་ནས་དབེན་པའི་ རི་སུལ་དུ་ཞབས་རྡོ་རྗེ་སྐྱིལ་ཀྲུང་བཅས་པའི་སྐུ་ཤ་རུལ་བ་སོགས་བྱུང་ ཡང་ཇི་མི་སྙམ་པ་ལ་སོགས་པའི་དཀའ་བ་དཔག་ཏུ་མེད་པ་མཛད་པ་ ན་ཐུན་མོང་དང་ཐུན་མོང་མིན་པའི་ཏིང་ངེ་འཛིན་ལ་སོགས་པའི་མདོ་ སྔགས་ཀྱི་གཞུང་ནས་བཤད་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་རྒྱུད་ ལ་འཁྲུངས་ཏེ་རི་བྲག་སོགས་གང་ལའང་ཐོགས་མེད་དུ་བྱོན་ཅིང་སྤྲུལ་ སྒྱུར་སྣ་ཚོགས་མཛད་པ་དང། ལྷག་པར་མཁྱེན་པའི་གཏེར་ཁ་རབ་ཏུ་ བརྡོལ་ཏེ་བཀའ་མདོ་རྒྱུད་དགོངས་འགྲེལ་དུ་མ་ཞལ་ནས་ཐོགས་མེད་ དུ་འདོན་ཐུབ་པ་བྱུང་། ལེགས་སྦྱར་གྱི་སྐད་སོགས་སྐད་རིགས་མི་འདྲ་ བ་དུ་མའང་རང་ཤུགས་ཀྱིས་མཁྱེན་ཏེ་བརྒྱད་སྟོང་པ་སཾ་སྐྲྀ་ཏའི་སྐད་དུ་ ཞལ་འདོན་ཡང་མཛད། དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་རྣམས་མངོན་ དུ་གྱུར་པ་ན་གནས་མཆོག་པདྨ་ཅན་ལ་སོགས་པ་གདུལ་བྱ་མང་པོར་ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་རི་བོ་དགེ་འཕེལ་སོགས་ལ་ ཕེབས་བཞུགས་སྐབས་གང་སྣང་བདེ་སྟོང་གི་རོལ་པར་ཤར་བའི་རིག་པ་ བརྟུལ་ཞུགས་ཀྱི་སྤྱོད་པས་དུས་འདའ་བར་མཛད་པ་ན་དབེན་ས་སྨྱོན་ པ་ཞེས་སྒྲོག་པ་ཡང་བྱུང་ངོ་།། དེ་ནས་མཁའ་འགྲོ་མའི་ལུང་བསྟན་བཞིན་ཀུན་མཁྱེན་ལེགས་པ་དོན་ གྲུབ་ལ་སྙན་རྒྱུད་ཀྱི་གདམས་པ་སོགས་གནང་བར་མཛད། ཕྱི་ལོ་ ༡༥༣༧ རབ་བྱུང་དགུ་པའི ་ མེ ་ བྱ་ལོ ་ དགུང་ལོ ་ སོ ་ གསུམ་ཐོ ག ་འབྲས་སྤུངས་ སུ་རྗེ་དགེ་འདུན་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ ཤིང། དེ་ནས་བཟུང་ཚུལ་ཁྲིམས་གཡག་རྔ་བཞིན་དུ་ཤིན་ཏུ་སྲུང་བར་ མཛད། རྗེ་དགེ་འདུན་རྒྱ་མཚོ་དང་། མཁན་པོ་ལེགས་པའི་བློ་གྲོས། པཎ་ ཆེ ན ་བྱམས་པའི ་ བློ ་ གྲོ ས ་སོ ག ས་ལས་དབང་ལུང་མན་ངག་སོ ག ས་དུ་ མ་གསན། རེ་ཞིག་གི་ཚེ་དབེན་པར་ཐུགས་དམ་ལ་མཉམ་པར་བཞག་ པའི་ཐོ་རངས་ཤིག་ཟིལ་དང་འུར་ཆོམ་ཤིན་ཏུ་ཆེ་བའི་ངང་ནས་སྐུ་རྒྱབ་ ཀྱི་མགོན་པོའ་ི བྲིས་སྐུ་དེས་གསུངས་སྙམ་པ་ལ། ཉི་ཤུ་རྩ་བཞིའི་མཁའ་ འགྲོའ་ི གཙོ། །དཔའ་བོ་ཆེན་པོ་འདིར་བཞུགས་ལ། །ཆུ་སྐྱེས་ཁོང་པའི་ པད་དཀར་བཞིན། །སྦས་པའི་ཚུལ་གྱིས་བྱིན་གྱིས་རློབས། །ཟེར་བ་ཞིག་ བྱུང་གསུངས། དེ་ལྟར་ལྷ་དང་བླ་མས་ལུང་བསྟན་པ་བཞིན་དབུས་རིའི་ རྩེར་དབེན་དགོན་བཏབ་ནས་མདོ་ཁམས་དང་མངའ་རིས་དབུས་གཙང་ སོགས་ནས་འདུས་པའི་གདུལ་བྱའི་ཚོགས་ལ་ཟབ་རྒྱས་ཆོས་ཀྱི་བདུད་ རྩིས་རབ་ཏུ་ཚིམ་པར་མཛད། མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་འཇམ་ མགོན་སྙན་རྒྱུད་ཀྱི་གདམས་པ་མ་ལུས་པ་གནང་སྟེ་སྙན་རྒྱུད་ཀྱི་བསྟན་


འདོན་ཐེངས་བཞི་པ། ༢༠༡༢

པའི་བདག་པོར་མངའ་གསོལ། བྱིན་རླབས་ཀྱི་མཚན་ཁ་འབར་བའི་ མྱ་ངན་ལས་འདས་པའི་ཚུལ་བསྟན་ཅིང་དེའི་ཚེ་ངོ་མཚར་བའི་ལྟས་དུ་ གསུང་རྩོམ་ཡང་པོད་ཁ་ཤས་རྩོམ་པར་མཛད། དེ་ལྟར་ཚེ་འདིར་ཟུང་ མ་ཞག་མང་པོའ་ི བར་དུ་བྱུང་བ་ལགས་སོ།། གསུང་ལས་སྐྱེས་པའི་སློབ་ འཇུག་གི་གོ་འཕང་ཐོབ་པར་ཡོངས་སུ་གྲགས་པའི་གྲུབ་ཆེ ན་རྒྱལ་བ་ མ་ཤིན་ཏུ་མང་བའི་ནང་ནས་གྲགས་ཆེ་བ་འགའ་སྨོས་ན། མཁས་གྲུབ་ དབེན་ས་པ་ཆེན་པོ་མཆོག་གི་སྐུ་དངོས་ཀྱི་གདུལ་བྱ་ཡོངས་སུ་རྫོཌ་ནས་ སངས་རྒྱས་ཡེ་ཤེས། མཁན་ཆེན་ནོར་བཟང་རྒྱ་མཚོ། པཎ་ཆེན་དམ་ ཕྱི་ལོ་ ༡༥༦༥ རབ་བྱུང་དགུ་པའི་ཤིང་གླང་ལོ་དགུང་ལོ་རེ་གཅིག་ཐོག་སྐུ་ ཆོས་ཡར་འཕེལ་ལ་སོགས་པ་རྣམས་སོ།། །།

དཔའ་བོའ་ི སྙིང་སྟོབས།

ཁ་བའི་ལྗོངས་སུ་གདོང་དམར་རྗེས་རབས་སྟག་ཤར་གངས་ཕྲུག་གཞོན་ནུ་ཚོས། འུར་རྡོའ་ི ཐག་སྒྲས་རྟ་ནོར་ལུག་ཁྱུ་སྤང་ལྗོངས་སྔོན་མོའ་ི དབུས་སུ་འདྲེན། དུང་བའི་བརྩེ་གླུ་ལྷང་ལྷང་གྱེར་བཞིན་སྨན་ཆུང་བུ་མོར་སྤྲོ་བ་སྦྱིན། ཁམས་པའི་བུ་ཆུང་བག་ཡངས་སྤྱོད་བཟང་ཡིད་འཛིན་ཕྲ་མོར་ལྷེན་ནེར་མངོན།

གངས་ལྷ་མོ།

ཕ་ཁྱིམ་འཛིན་དུས་ཤེས་རབ་ཐབས་ཇུས་བློ་གྲོས་བང་མཛོད་ཁྱོད་ལ་ལྡན། མ་ཁྱིམ་སྐྱོང་བར་བརྩོན་འགྲུས་རྟ་ཕོའ་ི ཁ་སྲབ་ངར་མོ་ཁྱོད་ཀྱིས་བསྡམས། བསོད་ནམས་གཡང་འཁྱིལ་ཡུལ་ལུང་ཀུན་དུ་བདེ་སྐྱིད་མ་རྩ་རྒྱ་ཆེར་བསྐྲུན། ཕ་བཟང་བུ་རྒོད་ཨ་མའི་ཐུགས་སུ་གཟི་མིག་དགུ་སྒྲིག་རྒྱན་ལྟར་བརྗིད།

མི་རིགས་ལ་རྒྱའི་སྙིང་སྟོབས་བསྐྱེད་དེ་ཕ་ས་དྲོན་མོ་ལྷོད་ཀྱིས་བྲལ། གངས་ལྗོངས་ཡུལ་གྱི་བདེ་དོན་དམིགས་ནས་དཔའ་ངར་མེ་ཕུང་མཁའ་རུ་མཆེད། རྟ་དཀར་ཁྱུང་ཆེན་སྲབ་ཁ་བསྡམས་བཞིན་བཙན་དགྲ་གཏོར་བའི་བློ་སྟོབས་རྒྱས། ཆོས་ཀྱི་ཞིང་དབུས་མ་བསྐུལ་དངས་བླངས་དཔུང་རོགས་སེམས་རྣམས་ཕྱོགས་གཅིག་འདུས།

ཀྱེ་མ་གངས་ལྗོངས་མི་རིགས་དཔའ་ངར་མཚོན་བྱེད་དཔའ་རྒོད་ཁྱེད་རྣམས་ཀྱེ། རྗེས་རབས་རྒྱུད་འཛིན་ཡིད་ངོར་བརྐོས་པའི་དཔའ་བོའ་ི སྐུ་བརྙེན་ལྷག་པར་བརྗིད། གངས་ཅན་པ་ཡི་མདུན་ལམ་གསལ་བྱེད་དྲང་བདེན་གསོན་ཤུགས་ཁྱེད་ཅག་ཀུན། རྩམ་ཟན་བདག་ཚོའི་བསྟོད་དབྱངས་གསན་ཚེ་བསམ་པའི་སྡུག་ཡུས་གྲོལ་བར་མཛོད། །

ཕ་ས་དྲོན་མོར་མཆོག་ཤེས་ཉི་འོག་བག་ཡངས་འཚོ་བའི་ལྷིང་འཇགས་དུས། ཤར་ཕྱོགས་དམར་པོའ་ི ངན་སེམས་ཤིག་གིས་མཐོ་སྒང་མཁའ་དབྱིངས་ཡུན་གྱིས་སྒྲིབ། ཕྱི་དགྲ་བཙན་པོས་ངན་དགུ་ཚང་བའི་བསླུ་བྲིད་ཞག་ནག་འཁོན་པའི་དུས། རྒན་གཞོན་ཀུན་གྱིས་སྙིང་གི་ངུ་འབོད་སྟག་ཤར་ཁྱེད་ཚོའི་སེམས་ངོར་ལྷུང༌།

གཅེས་པར་འོས་པའི་ཁ་བའི་ཡུལ་གྱི་སྙིང་ནོར་མགོན་པོར་དབུ་རྩེར་བཀུར། འཕགས་པའི་ཞིང་དུ་བག་ལྷོད་ངང་ནས་ཆོས་སྲིད་ཁྲི་འཕང་མཐོན་པོར་འཁོད། བླ་མའི་བཀའ་བཞིན་གཅེས་པར་འཛིན་ཞིང་ཚེ་མཇུག་ལས་ཀྱི་སྣེ་མོར་འགྲིམ། མི་ཚེ་ཧྲིལ་པོ་བདེན་དོན་ཆེད་དུ་ལོངས་སྤྱོད་ཡོངས་རྫོགས་ཕངས་མེད་དོར།

༢༠༠༨ ༠༦ ༡༦མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླང་དམག་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་ཉིན་མོར་བྲིས།

63


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

གངས་ཅན་བོད་ཀྱི་བྱ་རིགས་ངོས་གཟུང་བ།

བོད་ཀྱི་བྱ་རིགས་མི་འདྲ་བ་༤༠ཐམ་པའི་མིང་དང་འགྲེལ་བཤད་ལྷན་དུ་ བཀོད་པ། ར་ས་ཕོ་ཉ།

༡ ལྷ་བྱ་གོང་མོ། ༼རི་བོ་མཐོན་པོའ་ི སར་གནས་ལ། བྱ་དེའི་སྐད་རྣ་བ་ ཐང་པོ་མེད་པ་སོགས་ཀྱིས་གོ་ན་རྣ་བ་ལ་ཕན་སྐད།༽ ༢ ཁུ་བྱུག cuckoo ༼བྱ་ དེ ས ་སྐད་བརྒྱབ་པས་རྩ་ ཆུའི་དུག་རྣམས་སེལ།༽ ༣ གཡེབ་བྱ། Shrike ༼བཤད་སྲོ ལ ་ལ་ཁུ་བྱུག་ གི་བློན་པོ་ཡིན་ཟེར། བྱ་ དེའི་ལྟོ ་ བ་བསྟན་ན་ལོ ་ འདིར་ཟས་ལེགས་པ་དང་ རྒྱབ་བསྟན་ན་གོས་ལེགས་ པ་ཡོ ང ་བའི ་ བཤད་སྲོ ལ ་ ཡོད།༽ ༤ པིང་ཀྱུར་མ། eagle ༼ བྱ ་ དེ ས ་ ཙི ་ ཙི ་ ད ང ་ སྦྲུ ལ ་ སྦ ལ ་ པ ་ སོ ག ས ་ འཛིན་ནུས་ཞིང་། བཤད་ སྲོ ལ ་ལ་ཀླུའི ་ ཁ་གནོ ན ་ ཡིན་ཟེར། ༽

64

༥ བྱ་གླག Hawk ༼བྱ་དེའི་ལུག་གུ་དང་ གླ་བ་སོ ག ས་གསོ ད ་ ཐུབ། བྱ་དེའི་གླ་བ་ ཤིང་གསེབ་ཏུ་བྲོ ས ་ སོ ང ་ཚེ ་ ཁྱི ་ སྐད་རྒྱག་ ཟེར།༽ ༦ བྱ་གག ༼ནགས་ ད ང ་ པ ང ་ ལྗོ ང ས ་ འ དྲེ ས ་ མ འི ་ བ ར ་ བསྡད།༽

༧ ཁྲ falcon ༼བྱ་དེ་ ལ་བྱི ་ ཁྲ་དང་ཁྲ་ཆེ ན ་པོ ་ སོགས་ཀྱི་དབྱེ་བ་ཡོད།༽

༨ འུག་པ། owl ༼སྲམ་ གྱི ས ་ཉ་ཁྱེ ར ་ནས་འུག་པ་ ལ་སྤྲད།༽ ༩ བྱ་སྐྲ་སྐག ༼བྱ་དེའི་སྒྲོ་ མདོག་ཕལ་ཆེར་དཀར་པོ་ ཡིན། བྱ་དེའི་སྐད་རྒྱག་པ་ ལ་ལྟས་བཟང་པོ་བརྩི། བྱ་དེ་ས་མཚམས་སོ་སོར་ཁྱོ་ཤུག་རེ་ལས་མེད། བྱ་ དེས་རང་གི་ཕ་མ་གསོད་པར་གྲགས།༽ ༡༠ སྲེག་པ། ༼བྱ་དེ་ཁྱུ་དང་བཅས་གནས་ཤིང་། རྩ་སོགས་ཀྱི་གསེབ་ཏུ་ སྡོད།༽ ༡༡ སྲིན་བྱ། ༼འུག་པ་དང་འདྲ་བ་གང་ཞིག་ལ་འུག་པ་ལས་ཆུང་བ་ཡོད། སྐད་སྣ་ཚོགས་རྒྱག་རྒྱུ་ཡོད།༽ ༡༢ བྱ་རྒོད། vulture ༼བྱའི་ནང་ནས་གནམ་མཐོ་ཤོས་སུ་ཕུར་ཐུབ་ མཁན་གཅིག་པུ་ཡིན། མིག་རྒྱང་ཤིན་ཏུ་རིང་པོ་མཐོང་། ཟས་སུ་སེམས་ ཅན་ཤི་བའི་རོ་དང་རུས་པ་རྡོ་སོགས་ཟ་བ་ལས་སེམས་ཅན་མི་གསོད་པ་ ཡིན།༽ ༡༣ སེར་བྱ་ངང་པ། mandarin duck ༼མཚོའི་ཁར་བབ་ནས་ཁེར་རྐྱང་དུ་ གནས།༽

༡༤ དི་དི་ཀུ་ཀུ། mallee fowl ༼དགུན་ཟླ་བ་གསུམ་ཤི ང ་སྡོ ང ་གི ་ ནང་དུ་ཉལ།༽ ༡༥ འཇོལ་མོ། ༼སྐད་ཤིན་ཏུ་སྙན་ པོ་ཡོད་པའི་བྱིའུ་ཤིག་ཡིན། ཚོན་ གཞི་མཐིང་ག་དང་ལྗང་གུའི་རིགས་ གཉིས་ཡོད་ཀྱང་ལྗང་གུ་དེར་སྐད་དེ་ཙམ་སྙན་པོ་མེད།༽ ༡༦ ཁང་བྱིའུ། sparrow ༼ཁྱོ་ཤུག་རེ་གཉིས་ཁང་པའི་ཀ་བརྡུང་བར་ ཚང་བཅའ་ནས་སྡོད་ཅིང་། ཁྱུ་བྱས་ནས་ཡང་སྡོད་པ་ཡོད།༽ ༡༧ ཁྱིམ་བྱ། ༼བྱ་དེ་ཡིན། མིས་གསོས་ནས་སྒོ་ང་དང་ཤ་ཟ་བ་དེ་ཡིན།༽ ༡༨ ཁྭ་ཏའམ་བྱ་རོག crow ༼འདྲེ་བྱའི་རིགས་ཡིན། ལུས་པོ་ཕུག་རོན་ ཙམ་ལ། སྐད་མི་སྙན་པ་ཞིག་ཡོད། མཚན་མོ་ཁྭ་ཏའི་སྐད་རྒྱག་ན་ལྟས་ ངན་བརྩིས།༽ ༡༩ ཕོ་རོག ༼ལྷ་བྱའི་རིགས་དང་། གཟུགས་ཕུང་ཁྭ་ཏ་ལས་ཆེ་བ་དང་ ། རྐང་པ་སོགས་སུ་སྤུ་བཟང་པོ་ཡོད། གྷནྜིའི་སྐད་འདྲ་པོ་རྒྱབ། ཁྱུར་བྱས་


ནས་མི་སྡོད་པ་ཡིན།༽ ༢༠ ཀྱུང་ང་། ༼བྱ་དེའི་ཁ་མདོག་ནག་པོ་ནག་རྐྱང་ལ་རྐང་པ་དང་མཆུ་ དམར་པོ་ཅན་ཞིག་ཡོད། ཁྱུ་བྱས་ནས་སྡོད་པ་ཡིན།༽ ༢༡ པུ་ཤུད། ༼དམངས་ཁྲོད་དུ་བྱའི་དྲུང་ཡིག་རེད་ཟེར། མགོ་དང་མཆུ་ སྡོམ་པའི་སྨྱུ་གུ་འདྲ་བ་ཡོད་པ་དང་། ས་ལ་ས་ཁྲ་འབྲི་བ་འདྲ་པོ་བྱེད། ཚུར་བཟུང་ན་ལམ་སེང་གདོང་ལ་སྐྱག་པ་བཏོར་མཁན་ཞིག་ཡོད།༽ ༢༢ བྱ་གོ་བོ། ༼བྱ་དེའི་མགོ་བོ་དཀར་པོ་དང་གཟུགས་པོ་དམར་སེར་ ཡིན། ཟས་སུ་རྡོ་དང་རུས་པ་ཟ་ལ་བྲག་རིའི་གསེབ་ཏུ་གནས་ཤིང་། ཕྲུག་ གུ་ཐོག་མར་སྐྱེ་དུས་ཁྱི་ཕྲུག་སྐྱེ་བ་ཡིན།༽ ༢༣ གོ་ལིང་མིག་དམར། ༼རི་བྱ། སྐད་གོ་ལིང་ཞེས་རྒྱག་ཞིང་མིག་ དམར་པོ་ཡིན། རི་མཐོ་སར་མ་གཏོགས་མེད།༽ ༢༤ ཅ་ཁ་སྒྲོལ་མ། ༼བྱིའུ་དེ་ཐང་མཐིལ་དུ་ས་དོང་ཕུག་ནས་ཉལ་བར་ བྱས། མིང་གི་རྣམ་གྲངས་ལ་ཅོང་ཁ་ཡང་ཟེར།༽ ༢༥ གླང་རྫི། ༼ཆུ་བྱ། ཉིན་གང་མཚོ་དང་གཙང་པོའ་ི འགྲམ་དུ་ཉ་ཆེན་ཤ་ སྟག་འགུག་ནས་སྡོད།༽ ༢༦ བྱིའུ་རྡོ་ཉལ་མ། ༼བྱིའུ་དེས་རྡོའ་ི སྟེང་མཇུག་མ་རྡབ་ནས་ཨེ་ཉལ་ ལྟོད་པ་ཡིན་ཟེར།༽ ༢༧ དཀར་རྩི། ༼བྱིའུ་འདམ་བགས་ཀྱི་ཚང་བཟོ་མཁན། བྲག་དང་ཁང་ པ་སྟེང་གནས།༽ ༢༨ གཟི་དུག ༼ནགས་དང་ཛ་རི་སོགས་སུ་གནས་པའི་བྱ་ཡིན། ལུས་ཀྱི་ སྒྲོ་སྔོ་ཁྲ་དང་སྐད་རྒྱག་རྒྱུ་ཅང་མེད།༽ ༢༩ ཁྲུང་ཁྲུང་། crane ༼དགུན་ཁ་བྱང་ལ་འགྲོ་བ་དང་། དབྱར་ཀ་མེ་ ཏོག་ཡག་པོ་ཡོད་སའི་ཐང་དུ་འཚོ།༽ ༣༠ ཆུ་སྐྱར། ༼དབྱར་དགུན་མེད་པར་ཆུ་གང་དུ་ཡོད་ས་དེར་འཁོར་ སྡོད་པ་ཡིན།༽ ༣༡ དོང་བབ། ༼བྱ་དེ་ནི་སྒལ་པ་སྔོན་པོ་དང་མགོ་རྩེར་སྒྲོའ་ི རྭ་ཅོ་སྔོན་ པོ་ཡོད། གངས་རི་དང་རྫ་རི་མཚམས་སུ་ཡོད།༽ ༣༢ དུར་བྱ། ༼བྱ་དེ་ནི་དུར་ཁྲོད་སོགས་ཀྱི་རུས་པ་ཟ་མཁན་མཆུ་སེར་པོ་ ཅན་ཞིག་ཡོད།༽ ༣༣ ཕུག་རོན། ༼བྲག་གི་གསེབ་ཏུ་བསྡད་ཤིང་། དགུན་ཁ་<སྤུ་རྣམས་ བུད་ནས་>ཉལ་སྡོད་པ་ཡིན། ༽ ༣༤ རི་རྫི་སྟག་དཀར། ༼ཉིན་རྒྱབ་ཆུ་ཚོད་གསུམ་པ་ཙམ་ལ། བཅུ་རྙེད་ བཅུ་བརླག་ཞེས་སྐད་རྒྱག་པ་ཡིན།༽ ༣༥ སྟག་བྱིའུ། ༼མིག་ནག་ལ་དེའི་སྟེང་དཀར་པོ་ཡོད། མགོར་གཙུག་ ཕུད་ལྗང་གུ་ཡོད།༽ ༣༦ བེར་བྱིའུ། ༼ལུས་ཡོངས་རྫོགས་ལྗང་སེར་ཡིན།༽ ༣༧ ཐང་བྱིའུ། ༼ཐང་ཤིང་དང་སྲོམ་མམ་ས་ལ་སོགས་ཀྱི་སྟེང་འཚོ་བའི་ བྱིའུ་ལྗང་གུ་ཞིག་ཡིན།༽ ༣༨ སྨྱུག་བྱིའུ། ༼སྨྱུག་མའི་གསེབ་བསྡད་པའི་བྱིའུ་སྔོན་པོ་དེ་འདྲ་ཡོད།༽ ༣༩ འང་གུ། ༼ཕུག་རོན་དང་འདྲ་བ་ལ་གཟུགས་ཕུང་ཆེ་བ་དང་ཁང་པ་

འདོན་ཐེངས་བཞི་པ། ༢༠༡༢

ཡོད་སར་ཡང་བསྡད།༽ ༤༠ ནེ་ཙོ། ༼བྱ་དེ་ནི་ཤོག་པ་ལྗང་མདོག་དང་མཆུ་དམར་ཞིང་གུག་པ་ ཡིན། འཛམ་གླིང་ནང་མི་སྐད་བཤད་ནུས་པའི་བྱ་གཉིས་ལས་མེད་པའི་ གཅིག་ཡིན།༽

མཆན། བོད་ཀྱི་བྱ་དང་རི་དྭགས་མིང་ཚུན་ཆད་བརླག་ཉེན་ལ་ཁད་ འདུག་པས། ཕྲན་གྱིས་འདིར་བོད་ཀྱི་བྱའི་མིང་རིགས་མི་འདྲ་བ་༤༠ཙམ་ འདིར་བཀོད་ཡོད། འོན་ཀྱང་བྱའི་མིང་གི་ཡི་གེ་མ་དག་པ་དང་ད་དུང་ འདི ར ་མ་འཁོ ད ་པའི ་ བོ ད ་ཀྱི ་ བྱའི ་ མི ང ་མངས་སུ་མཆི ས ་པར་ཁོ ་ བོ ས ་ ཡིད་ཆེས་བྱེད་ཀྱི་ཡོད།

Virus? ཝཡེརསེ་བྱ་བ་དེ་གང་ཡིན་ནམ། 《༡》 ཝཡེ ར སེ ་ འམ་གཉེ ན ་སྲི ན ་ནི ་ ཆེ ས ་ཆུང་བའི ་ སྐྱེ ་ དངོ ས ་ཕྲ་མོ ་ ཞི ག ་ ཡིན་ཞིང་། དེ་ནི་གློག་རྡུལ་གྱི་ཆེ་ཤེལ་ལ་མ་བརྟེན་པར་མཐོང་མི་ནུས་ པའི་ཆོས་ཤིག་ཡིན། འཛམ་གླིང་ནང་གི་ཆུ་དང་རླུང་གིས་མཚོན་པའི་ དངོས་པོ་མཐའ་དག་གི་སྟེང་དུ་ཝཡེརསེ་རྙེད་རྒྱུ་ཡོད། 《༢》 ཝཡེརསེ་ནི་བྷེཀ་ཊི་རི་ཡ་bacteria སྟེ་ཕྲ་སྲིན་དག་དང་མི་འདྲ་ བར་རང་ངོས་ནས་བསྐྱར་སྐྲུན་བྱ་རྒྱུའི་ནུས་པ་མེད་ཅིང་། ཁོང་ཚོས་ གཉེན་ཁ་རྒྱས་པའམ་ནད་རིགས་འགོས་ཟིན་པའི་cell སེལ་ཏེ་ སྦུབས་ཕྲན་ཚོའི་DNAཌི་ཨེན་ཨེ་སྟེང་ཕྱིན་ནས་དེ་དག་ཝཡེརསེ་ མང་པོ་བསྐྱར་སྐྲུན་བྱེད་ཆེད་དུ་སྤྱོད་ཀྱི་ཡོད།

《༣》 ཁྱེ ད ་ཀྱི ་ ལུས་པོ ས ་ནད་རི ག ས་འགོ ག ་བྱེ ད ་ཀྱི ་ མ་ལག་immune system སྤྱད་ནས་ཝཡེརསེ་ཡིས་ནད་འགོ་བའི་སྤྱོད་པ་དེར་འཐབ་ མོ་བྱེད་ཀྱི་ཡོད།

《༤》 ཝཡེརསེ་ཡིས་སྤྱིར་བཏང་གི་འཆམ་པ་དང་། influenza ཨིན་ ཕུལེན་ཛ་ཞེས་པའི་ཚ་བའི་རིམས་ནད་དང་། HIV/AIDS ཨེ་ཌ་ སེའམ་རེག་དུག་ཞེས་པ་ལ་སོགས་པའི་ན་ཚ་དང་ནད་རིམས་དེ་དག་ གི་རྒྱུ་རྐྱེན་བྱེད་ཀྱི་ཡོད། 65


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ལས་ཀ་འཚོལ་བ།

ཉིན་ཞིག་བུ་ཉིན་བསྐྱལ་གཅན་གཟན་ཁང་ཞིག་ཏུ་ལས་ཀ་འཚོལ་བར་ ཕྱིན་པ་རེད། སྐབས་དེར་ལས་མི་བསྡུ་མཁན་དེས་བུ་ཉིན་བསྐྱལ་ལ་བྱ་ རིགས་ཤིག་གི་འདྲ་པར་བསྟན་ནས། ཁྱེད་ཀྱིས་བྱ་དེའི་མིང་ག་རེ་ཡིན་ མིན་ཤེས་སམ་ཞེས་དྲི་བ་བཏང་། བུ་ཉིན་བསྐྱལ་གྱིས་པར་དེར་ཡག་ པོར་བལྟས་རྗེས་་ཧ་གོ་མ་སོང་ལབ། ལས་མི་བསྡུ་མཁན་དེས་་་ཁྱེད་ རང་རྒྱུགས་ཚད་ལོན་མ་སོང་བས་ལས་ཀ་གལ་གནད་ཅན་རག་ཡག་ ཡོད་མ་རེད། འོན་ཀྱང་ལས་ཀ་གཞན་ཞིག་སྤྲད་ཆོག ཤོད་དང་། ཁྱོད་ ཀྱི་མིང་ག་རེ་ཡིན། ཞེས་དྲིས་པར་བུ་ཉིན་བསྐྱལ་གྱིས་ཨམ་ཕྲག་ནང་ ནས་ཁོ་རང་གི་པར་ཞིག་སྟོན་ནས་་་་ད་ཁྱེད་ཀྱིས་པར་ལ་བལྟས་ནས་ ངའི་མིང་ག་རེ་ཡིན་ཤེས་པ་བྱོས་དང་་ལབ་པས། ལས་མི་བསྡུ་མཁན་དེ་ རེ་ཞིག་ཁ་སྐྱེངས་པོ་བྱུང་བ་རེད།

རིག་རྩལ་།

ཁྱེད་ཀྱིས་ཙི་ཙི་བློ་བཟང་ གི་བྱ་འཕུར་དེ་ངོ་ཤེས་པ་ བྱོས་དང་། 66


བྱ་འཕུར་།

འདོན་ཐེངས་བཞི་པ། ༢༠༡༢

ར་ས་ཕོ་ཉ།

མགོ་དམར།

རྒྱ་བོ་ཨོག་བཏགས།

འཆེ་བ།

མིག་ལོག

པང་གདན།

རྒྱ་བོ།

མིག་ལུག

རྒྱ་བོ་མགོ་མཇུག

དབྱར་ཁའི་ཆར་མཇུག་ཏུ་ནམ་མཁའ་ སྔོ་བསངས་སུ་གྱུར་སྐབས། རི་བོང་ བཀྲ་ཤིས་དང་ཙི་ཙི་བློ་བཟང་འདྲ་བའི་ ན་གཞོན་ཚོས་ལྷ་སའི་མཁའ་དབྱིངས་ སུ་བྱ་འཕུར་གློ ད ་པར་དགའ་པོ ་ བྱེ ད ་ ཀྱི་ཡོད། རི་བོང་བཀྲ་ཤིས་ནི་ཙི་ཙི་བློ་ བཟང་ལས་ཏོ ག ་ཙམ་ཆེ ་ བ་ཡོ ད ་དུས་ གང་ཐུབ་ཀྱི ས ་ཙི ་ ཙི ་ བློ ་ བཟང་ལ་བྱ་ འཕུར་གློ ད ་རོ ག ས་བྱེ ད ་ཀྱི ་ ཡོ ད ་ཅི ང ། སྤྱིར་བཏང་ལྷ་སའི་མཁའ་དབྱིངས་སུ་ བྱ་འཕུར་གློ ད ་རྒྱུ་དེ ་ ལས་སླ་པོ ་ ཞི ག ་ མིན། གང་ཡིན་ཟེར་ན། ཐོག་རྩེག་ཅན་གྱི་ཁང་ པ་དང་གློག་སྐུད་སོགས་ཀྱིས་རླུང་ སྒྲི བ ་པ་དང་བྱ་འཕུར་གྱི ས ་སྐུད་ པ་འཁོན་པ་སོགས་བྱེད་མུར། བྱ་ འཕུར་གཅིག་གིས་གཅིག་ལ་འཛིང་ མོ ་ བྱས་ཏེ ་ སྐུད་པ་གཅོ ད ་ཐབས་ བྱེད་ཀྱི་ཡོད། བྱ་འཕུར་ཕན་ཚུན་ གཅོད་ཆེད་ཕྲུག་གུ་ཚོས་བྱ་འཕུར་གྱི་སྐུད་པར་ཇ་དམ་ཤེལ་ཀོ་སོགས་ཞིབ་ཞིབ་བཟོས་ནས་སྤྱིན་དང་ལྷན་དུ་ བྱུགས་ཀྱི་ཡོད། དེ་ལ་རྣག་བཏང་པ་ཟེར། ཡིན་ནའང་། རི་བོང་བཀྲ་ཤིས་དང་ཙི་ཙི་བློ་བཟང་གཉིས་ཀྱིས་ནམ་ མཁའ་ཞེ་དྲག་མཐོ་པོ་མིན་པའི་སར་བྱ་འཕུར་གློད་ཀྱི་ཡོད་ལ།

བྱ་འཕུར་གཞན་པ་དེ་འདྲ་སླེབས་ན་ད་དུང་ནམ་མཁའ་དམའ་སར་སྡུད་པར་བྱེད། ཙི་ཙི་བློ་བཟང་ནི་ལུས་ པོ་དང་ལོ་ན་ཕྲ་བས་བྱ་འཕུར་དེ་ཙམ་གློད་ཤེས་ཀྱི་མེད་ནའང་། ཁོང་རང་གིས་བྱ་འཕུར་རང་རྐྱ་འཕེར་བ་བཟོ་ ཐུབ་པས་མ་ཚད། བྱ་འཕུར་གྱི་རྣམ་གྲངས་ཀྱང་མང་པོ་ཤེས་ཀྱི་ཡོད་པ་དཔེར་ན། ༡ མིག་ལོག ༢ རྒྱ་བོ། ༣ མགོ་ དམར། ༤ མིག་ལུག ༥ འཆེ་བ། ༦ པང་གདན། ༧ རྒྱ་བོ་མགོ་མཇུག ༨ རྒྱ་བོ་ཨོག་བཏགས། སོགས་ཡིན།

67


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

མིང་ཆུང་དང་མཐའ་ཡས་ཀྱི་སྟག་གྲུ་ཆུང་ཆུང།

བསམ་གླིང་ལྷ་མོ་ཚེ་རིང་།

ཚལ་གྱི་ལྡུམ་ར་ཆེན་པོ་ཞིག་འདམ་ར་བར་ཁ་ཕྱོགས་ནས་བསྐྲུན་ཡོད་པ་ དང། སྐྱེད་ཚལ་ལྡུམ་ར་དེའི་ར་བས་ཁོང་གཉིས་ཀྱི་འགྲོ་ལམ་བཀག་ ཡོད། ཕྲུ་གུ་གཉིས་པོས་སེམས་སྐྱོ་པོའ་ི ངང་། རང་གི་གཅེས་སུ་འོས་ པའི་སྟག་གྲུ་ཆུང་ཆུང་ལ། རྒྱང་རིང་ནས་ལྟ་བཞིན་ལྟ་བཞིན་ཡུན་རིང་ མ་སོང་གོང་མངོན་རྒྱུ་མེད་པར་གྱུར། ཁོང་གཉིས་བྱ་ཐབས་གང་ཡང་མ་ བྱུང་བར། ད་ནི་སྟག་གྲུ་ཆུང་ཆུང་དེ་བརླག་མི་ཡོ​ོང་ངམ་སྙམ་ནས་སེམས་ མི་བདེ་བར་མཚན་མོ་དེ་སྐྱེལ་བར་བྱེད།

མིང་ཆུང་ནི་གཅུང་མོ་དང་མཐའ་ཡས་ནི་གཅེན་པོ་རེད། ཁོང་གཉིས་ ལ་རྩེད་ཆས་གྲུ་གཟིངས་ཤིག་ཡོད། གྲུ་གཟིངས་དེའི་མིང་ལ་སྟག་གྲུ་ ཆུང་ཆུང་ཟེར་བ་དང་གྲུ་དར་སྔོན་པོ་ཞིག་གིས་བརྒྱན་ཡོད། ཕྲུ་གུ་ གཉིས་ཀྱིས་ཉིན་ལྟར་འདམ་རའི་ནང་དུ་སྟག་གྲུ་ཆུང་ཆུང་གཏོང་བར་ འགྲོ། ཁོ་པས་གྲུ་གཟིངས་ངོ་མ་བཞིན་དུ་དྭངས་ཤིང་གཙང་བའི་ཆུ་ མོའ་ི ནང་དུ། དལ་ཞིང་འཇམ་ལ་མཛེས་སྡུག་ལྡན་པའི་ངང་སྐྱོད་པ་ལས། སྟག་གྲུ་ཆུང་ཆུང་དེ་ཡང་ཁོང་གཉིས་ཀྱི་སར་འགྲོ་འདོད་ཆེན་པོ་བྱུང་ སྐྱོད་བཞིན་སྐྱོད་ རྩེ ད ་ཆས་ཀྱི ་ གྲུ་གཟི ང ས་གཞན་ནང་བཞི ན ་མགོ ་ རྟི ང ་ལོ ག ་པ་སོ ག ས་ ཡང། ཆུ་མོས་ཤུགས་ཀྱིས་འཁྱེར་ཏེ་ལོག་མི་ཐུབ། བཞིན་མཐར་ཆུ་འགྲམ་དུ་འདམ་རྩ་མང་པོ་སྐྱེས་ཡོད་ས་ཞིག་ཏུ་སྡོད་ བྱེད་ཀྱི་མེད། ཐུབ་ཙམ་བྱུང། འོན་ཀྱང་སྟག་གྲུ་ཆུང་ཆུང་ལ་ལྟག་ལོག་བརྒྱབ་ནས་ ལོག་ཐུབ་པའི་ནུས་པ་ག་ལ་ཡོད། དུས་ཚོད་ཀྱང་ཕྱི་པོ་ཆགས་པ་དང་ས་ ཆུང་མུན་པ་རུབ་པ་མ་ཟད། ད་དུང་སྐར་མ་གཅིག་ཤར་གཉིས་ཤར་གྱིས་ ནམ་མཁའི་སྐར་གྲལ་སྒྲིག་པ་རེད། དེ་ལས་ཆེས་ཡིད་དུ་འོང་བ་ཞིག་ནི། བསིལ་བསིལ་ཅན་གྱི་ཟླ་བའི་འཛུམ་མདངས་སྟག་གྲུ་ཆུང་ཆུང་ལ་ཕོག སྟག་གྲུ་ཆུང་ཆུང་རྣམ་ཀུན་རྩེ ད ་ཆས་གཞན་དང་མཉམ་དུ་ཤི ང ་སྒམ་ ནང་དུ་སྡོད་པ་ལས། འཛམ་གླིང་ཕྱི་ཡི་རང་བྱུང་ཁམས་མཐོང་མྱོང་མེད། སྟག་གྲུ་ཆུང་ཆུང་གིས་ཡ་མཚན་ཆེན་པོས་ལྟ་བཞིན་ལྟ་བཞིན་རང་བྱུང་ ཁམས་ཆེན་པོ་དེ་ཅི་འདྲའི་ཡིད་དུ་འོང་བ་ལ་ཨང། གློ་བུར་དུ་ཁུ་སིམ་པའི་མཚན་མོ་དེར་སྙན་འཇེབས་ལྡན་པའི་གླུ་ དབྱངས་ཀྱི་སྒྲ་ལྷང་ལྷང་དུ་ཐོས། སྟག་གྲུ་ཆུང་ཆུང་གིས་ཕར་ཚུར་ལྟ་ ཆུའི་ཕར་ངོས་སུ་ཡ་མཚན་ཅན་གྱི་འོད་སྣང་ཆེམ་ཆེམ་འཕྲོ་ལ། ཉིན་ཞིག་མིང་ཆུང་དང་མཐའ་ཡས་གཉིས་གྲུ་གཟིངས་དེ་ཆུའི་ནང་དུ་ དུས། གློད་པར་འགྲོ་དུས། གྲུ་གཟིངས་ཀྱི་ལུང་ཐག་དེ་ཆད་པ་རེད། ད་འགྲིག་ འཇའ་ཚོན་འདྲ་བའི་ལྒང་གཞུའི་འོད་མདངས་ཤིག་ཀྱང་མངོན་འོང། མ་སོང། གྲུ་གཟིངས་དེ་ཆུ་གཞུང་དུ་མགྱོགས་ནས་མྱུར་དུ་སྐྱོད། ཕྲུ་གུ་ ད་དུང་སྐད་སྒྲ་ཕྲ་ལ་སྙན་པ་མང་པོ་ཞིག་དང་ལྷན་དུ། གཟུགས་བོང་ གཉིས་ཀྱིས་ཀྱང་གྲུ་གཟིངས་ཀྱི་རྗེས་སུ་གང་མགྱོགས་རྒྱུགས་ནས་ཟིན་ ཤིན་ཏུ་ཆུང་བའི་བུ་དང་བུ་མོ་ཁྱུ་ཞིག་ཐོན་བྱུང། ཁོང་ཚོའི་གྱོན་ཆས་ ཐབས་བྱས་ཀྱང། སྟག་གྲུས་ཆེད་མངགས་སྙད་རྐོ་བ་བཞིན་ཆུ་མོའ་ི རྒྱ་སྲལ་དཀར་པོའ་ི འདམ་མའི་སྟོད་གོས་དང། པད་མ་ཟིང་སྐྱའི་སྨད་ སྟག་ དཀྱིལ་དུ་རྒྱུགས་སྟབས། ཕྲུ་གུ་གཉིས་པོར་བྱ་ཐབས་གང་ཡང་མ་བྱུང། གོས། ཀུ་མུད་འདབ་མའི་ལྷེབ་གྱོན་ལ་སོགས་པ་གྱོན་འདུག མཐའ་མ་དེར་ཕྲུ་གུ་གཉིས་མདུན་དུ་རྒྱུགས་སའི་ལམ་དེར། སྐྱེད་ གྲུ་ཆུང་ཆུང་གིས་ཡ་མཚན་པ་ཞིག་ལ། ཤ་མོ་ཁྱུ་ཞིག་དེ་མ་ཐག་ས་འོག་ 68


འདོན་ཐེངས་བཞི་པ། ༢༠༡༢

ནས་ཐོན་པ་དང། བུ་དང་བུ་མོ་ཚོས་དེའི་སྟེང་རས་གཙང་མ་གཡོག་ ནས་ཅོག་ཙེའི་ཚབ་བྱས་སོང། ཁོང་ཚོས་སྡེར་མ་དང་དཀར་ཡོལ། གྲི་ ཆུང་དང་ཐུར་མ་སོགས་ཚང་མ་བཏོན། དེ་རྗེས་གསེར་ལས་གྲུབ་པའི་ རྐུབ་སྟེགས་ཆུང་ཆུང་མང་པོ་ཞིག་ཀྱང་བསྒྲིགས། ཁག་ཅིག་གིས་རོལ་ ཆ་གཏོང་ལེན་ཡོ་ཆས་ཀྱང་གྲ་སྒྲིག་བྱས་འདུག སྟག་གྲུ་ཆུང་ཆུང་གི་ སེམས་ལ། དེ་ཚོ་ཏན་ཏན་མིང་ཆུང་དང་མཐའ་ཡས་ཀྱིས་བཤད་པའི་ལྷ་ སྒྲུང་ནང་གི་ལྷ་ཞེས་པ་དེ་ཚོ་ཡིན་རྒྱུ་རེད་སྙམ།

ནང་དུ་འཛུལ་ནས་ཆུ་མོའ་ི ནང་དུ་འཁྱམ་ཕྱིན། དེ་ནི་ཇི་འདྲའི་སྐྱིད་ སྣང་ལྡན་པ་ཞིག་རེད། སྟག་གྲུ་ཆུང་ཆུང་གིས་སྤོབས་པ་མཐོ་པོའ་ི ངང་ ལྷའི་རྒྱལ་པོ་དང་རྒྱལ་མོ་འཁྱེར་ཏེ་ཟླ་འོད་འོག་གི་མཚན་ལྗོངས་སུ་གང་ སར་འཁྱམས། ཙི་ཙི་སྒམ་པོ་ཕར་ཚུར་ཕུར་བ་དང་འུག་པས་རྒྱང་རིང་ ནས་སྐད་སྒྲ་བསྒྲགས་ཡོང།

ད་དུང་སྟག་གྲུ་ཆུང་ཆུང་གི་རྣ་ལམ་དུ་ལྷ་ཡི་གླུ་སྒྲ་ལྷང་ལྷང་ཐོས་རྒྱུ་ཡོད། དེ་ནི་སྟག་གྲུ་ཆུང་ཆུང་གི་སྐྱིད་ཤོས་ཀྱི་འགྲུལ་བཞུད་ཅིག་ཏུ་གྱུར་པ་རེད། སྐྱིད་སྣང་དོད་པའི་འགྲུལ་བཞུད་ཡུན་རིང་བྱས་རྗེས། རྒྱལ་པོ་དང་རྒྱལ་ མོས་ད་ཆ་ང་ཚོ་ཕྱིར་ལོག་རན་སོང། ཁྱེད་རང་ཆུ་ཁར་བཞུགས་རོགས། ང་ཚོའི་ཕྱེ་མ་ལེབ་ཀྱིས་ཕེབས་བྱམས་འཁྱེར་སླེབས་སོང། ཞེས་བཤད། སྟག་གྲུས་ཕེ བ ས་བྱམས་ཡི ད ་དུ་འོང ་བ་ཞི ག ་ཕྱེ ་ མ་ལེ བ ་ཀྱི ས ་དཔྱང་ འཕྲུལ་དུ་འཁྱེར་ཡོང་པ་མཐོང། སྟག་གྲུ་ཆུང་ཆུང་གིས་ག་ལེར་ཆུ་ཁར་ བསྡད་པས།

འདམ་རའི་མཐའ་ལ་ཡོད་པའི་སྤང་གཤོང་དེའི་སྟེང་ལྷ་དེ་ཚོས་གྲ་སྒྲིག་ གང་མང་བྱས་འདུག ཁོང་ཚོས་སྒོ་ང་བག་ལེབ་དང་ཏན་ཞིམ། འོ་ འཁྱག་བྱི་རིལ། ཤིང་ཏོག་སྣ་ཚོགས། ཨ་རག་མངར་མོ། ཚལ་རིགས་འདྲ་ མིན་སོགས་གསེར་དངུལ་གྱི་སྡེར་མའི་ནང་དུ་བསྒྲིགས་འདུག ཡུད་ ཙམ་སོང་རྗེས་ཁོང་ཚོའི་རྒྱལ་པོ་དང་རྒྱལ་མོ་ཡང་ཕེབས། ཁོང་ཚོས་ ཟས་ལ་རོལ་ཚར་རྗེས། གཞས་དང་ཞབས་བྲོ་བརྒྱབ་ནས་བསྡད། དེ་རྗེས་ ཁོང་ཚོས་གློ་བུར་དུ་སྟག་གྲུ་ཆུང་ཆུང་མཐོང་། ལྷའི་རྒྱལ་པོ་དང་རྒྱལ་མོས་སྟག་གྲུ་ཆུང་ཆུང་སར་ཡོང་ནས། གྲུ་གཟིངས་ ཆུང་ཆུང། ཁྱེད་རང་གིས་ང་གཉིས་ས་ཆ་སྐྱིད་པོ་ཞིག་ལ་འཁྲིད་དང། མེ་ཏོག་སྣ་ཚོགས་བཞད་ཡོད་པའི་ས་ཆ་ཞིག་ལ་འཁྲིད་དང། ཞེས་ བཤད། སྟག་གྲུ་ཆུང་ཆུང་དགའ་ཐག་ཆོད་ནས། ངས་ཁྱེད་ཚོར་རོགས་ པ་བྱེད་རྒྱུ་བྱུང་ན་སྐྱིད་པ་ལ། འོན་ཀྱང་ཆུ་དེ་ཤུགས་ཆེན་པོ་འདུག རྒྱལ་པོ་དང་རྒྱལ་མོ་གཉིས་ཕྱིར་ཐོན། སྟག་གྲུ་ཆུང་ཆུང་གིས་ཆུ་ཁར་ལྟ་ ངས་ས་ཆ་ཡག་ས་ལ་འགྲོ་ཐུབ་པ་མི་འདུག ཅེས་བཤད། ལྷའི་རྒྱལ་ དུས། དེ་ནི་མིང་ཆུང་དང་མཐའ་ཡས་ཀྱིས་རྩེད་མོ་རྟག་པར་རྩེད་སའི་ས་ པོས། ངའི་རྫུ་འཕྲུལ་གྱིས་ཁྱེད་རང་དཀའ་ངལ་མེད་པར་སྐྱོད་ཐུབ་ཀྱི་ ཆ་དེ་རེད། སྟག་གྲུ་ཆུང་ཆུང་གིས་དགའ་སྤྲོའ་ི ངང། ང་འདིར་བསྡད་ རེད། ཅེས་བཤད། དེ་ནས་ལྷའི་རྒྱལ་པོ་དང་རྒྱལ་མོ་སྟག་གྲུ་ཆུང་ཆུང་ ཐུབ་རོགས་བྱས་ན། མིང་ཆུང་དང་མཐའ་ཡས་ཀྱིས་ང་རྙེད་ཀྱི་རེད། 69


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ཅེས་བཤད། རྒྱལ་པོས། ཡིན་དང་ཡིན།

ནམ། ཞེས་ཧང་སངས་པའི་ངང་བཤད། མཐའ་ཡས་ཀྱིས་དེ་ལྷ་ཡིས་བྱས་

ཁྱེད་རང་འདིར་སྡོད་ཐུབ་ཀྱི་རེད། ངས་ཁྱེད་རང་འདིར་འདོགས་ཆོག ཅེས་བཤད། ལྷའི་རྒྱལ་པོས་སྟག་གྲུ་ཆུང་ཆུང་དེ་ཐག་པ་ཞིག་གིས་ཆུ་ ཁར་བཏགས། དེ་ནས་རྒྱལ་པོ་དང་རྒྱལ་མོས་སྟག་གྲུ་ཆུང་ཆུང་ལ་ཐུགས་ རྗེ་ཆེ་ཞུས་པ་མ་ཟད། ཁོང་གཉིས་སྟག་གྲུ་ཆུང་ཆུང་དང་མཉམ་དུ་དགའ་ སྐྱིད་ལོངས་སྤྱོད་བྱེད་རྒྱུ་བྱུང་བར། ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ པ་ཐག་གིས་ཆོད། གྲུ་དར་སྙིང་རྗེ་པོ་འདི་ལྷ་ཡུལ་གྱི་ཡིན་གྱི་རེད། ཅེས་ བཤད། མིང་ཆུང་གིས་བྱས་ན་ང་གཉིས་ཀྱིས་དོ་ནུབ་ལྷ་དེ་ཚོ་མཐོང་ དུ་དངུལ་འོད་ཆེམ་ཆེམ་འཕྲོ་བའི་གྲུ་དར་གསར་པ་ཞིག་སྤྲད། ཐུབ་རོགས་བྱས་ན་ཨང། ཞེས་བཤད། ཁོང་གཉིས་ཀྱིས་དགའ་སྤྲོའ་ི ངང་གནས་ཚུལ་རྣམས་ཨ་མ་ལགས་སུ་ཞུ་བར་ཕྱིན། སྟག་གྲུ་ཆུང་ཆུང་ ནི་རང་གི་རྩེད་ཆས་གྲོགས་པོ་ཚོ་དང་མཉམ་འཛོམས་བྱུང་བར་དགའ་ སྤྲོ་བརྗོད་ལས་འདས། ད་དུང་མདང་ནུབ་ལྷའི་སྐོར་གང་མཐོང་བ་ རྣམས་རྩེད་ཆས་གཞན་ཚོར་ཤོད་སྐབས། ཁོང་ཚོ་ཚང་མས་སྟག་གྲུ་ཆུང་ ཆུང་ལ་ཡིད་སྨོན་ཆེན་པོ་སྐྱེས། མིང་ཆུང་དང་མཐའ་ཡས་གཉིས་པོ་ ཡང་། དོ་ནུབ་ལྷ་དེ་དག་ལ་ལྟ་རྒྱུའི་ཆེད་དུ། དངངས་འཚབ་སྐྱེས་ནས་ བསྡད་འདུག ད་ནི་སྟག་གྲུ་ཆུང་ཆུང་དེ་རྩེད་ཆས་གྲུ་ཆུང་ཡོད་ཚད་ལས་མཛེས་པར་ ༼དབྱིན་སྒྲུང་ནས་སྒྱུར་སྒྲིག་བྱས། དབྱིན་མིང་བོད་མིང་དུ་སྒྱུར་བ་དེ་ འགྱུར། ལྷའི་རྒྱལ་པོ་དང་རྒྱལ་མོ་ནི་ཕྱེ་མ་ལེབ་ཀྱིས་འཁྱེར་འགྲོ་བའི་ བྱིས་པ་ཚོ་ཀློག་བདེ་བའི་ཆེད་དུ་ཡིན།༽ ཕེབས་བྱམས་ནང། དགའ་སྤྲོའ་ི གླུ་དབྱངས་ལེན་ཞིང་ཟླ་བའི་འོད་སྣང་ གི་འོག་ཏུ་ཕུར་སྐྱོད་བྱས། དེ་རྗེས་སྟག་གྲུ་ཆུང་ཆུང་དེ་ཡུད་ཙམ་གཉིད་ ལ་ཤོར། གཉིད་སད་དུས་རང་ཉིད་ལ་མཛེས་སྡུག་ལྡན་པའི་གྲུ་དར་ཞིག་ ཡོད་པར་སྤྲོ་བ་རབ་ཏུ་འཕེལ། ད་དུང་མིང་ཆུང་དང་མཐའ་ཡས་སླེབས་ ན་ཅི་འདྲའི་སྐྱིད་པ་ལ་ཨང་སྙམ། ཕྱི་ཉིན་ཞོགས་པ་ཕྲུ་གུ་གཉིས་པོ་ ཞོགས་ཟས་ཀྱང་མ་ཟས་པར། འདི་གར་རྒྱུགས་ཡོང། ཁོ ང ་གཉི ས ་ཀྱི ས ་གྲུ་གཟི ང ས་ཆུང་ཆུང་ཞི ག ་འདི ་ གར་སླེ བ ས་ཡོ ད ་པ་ མཐོང་བས་ཧང་སངས། མིང་ཆུང་གིས་མགྱོགས་པོ་ལྟོས་དང། གྲུ་ཆུང་ འདི་སྙིང་རྗེ་བ་ལ་ཨང། དེ་གང་ནས་སླེབས་པ་ཡིན་ནམ། ཞེས་བཤད། མཐའ་ཡས་ཀྱིས་དེ་འདྲའི་ཡ་མཚན་ལ། དེ་སུས་ཐག་པས་བཏགས་པ་ ཡིན་ནམ། ང་གཉིས་མ་ཡིན་པའི་མི་སུ་ཡང་འདིར་སླེབས་མི་འདུག ཅེས་བཤད། མིང་ཆུང་གིས་ལྟོས་དང། འདི་སྟག་གྲུ་ཆུང་ཆུང་རེད། མིང་འདི་རང་འཇགས་བསྡད་འདུག འོན་ཀྱང་གྲུ་དར་སྙིང་རྗེ་པོ་དེ་ གང་འདྲ་བྱས་ནས་སླེབས་པ་ཡིན་ནམ། སུས་ང་གཉིས་ཀྱིས་སྟབས་བདེ་ པོའ་ི ངང་གྲུ་གཟིངས་དེ་རྙེད་ཐུབ་རྒྱུའི་ཆེད་དུ་འདིར་བཏགས་པ་ཡིན་ 70


ཨ་ཁུ་རབ་གསལ། དཀོན་མཆོག (དཔའ་རིས།) རླངས་འཁོར་གྱི་འུར་སྒྲ་དང་ནོར་ནག་གི་ངུར་སྒྲའི་ཟོམ་ དུ། འཐབ་འཛིང་གི་རལ་གྲི་ཡིས་སེམས་ཁུང་ལ་སྔར་མེད་ཀྱི་ན་ཚའི་ མནར་ནའང་། དེ་རིང་ཨ་ཁུ་རབ་གསལ་ལགས་ཐབས་ཟད་ཀྱི་མཆི་ མའི་མིག་མཐའ་སྐོར་བཞིན་རང་གི་མི་རབས་ནས་མི་ཐོག་ཏུ་འཚོ་བའི་ བཀྲ་ཤི ས ་སྡེ ་ པ་དང་བྲལ་ནས་རྫོ ང ་ཐོ ག ་གི ་ འཚོ ་ བ་གསར་བ་ཞི ག ་མི ་ རོལ་ཐབས་མེད་བྱུང་། རབ་དཀར་ཀྱི་གངས་རི་རིམ་བཞིན་ཇེ་ཉུང་དང་གཡུ་མདོག་གི་ ལྗོན་ཤིང་ཇེ་མང་དུ་མངོན་པ་དང་བསྟུན་ནས་ཁོང་རང་ལོ་ངོ་དྲུག་ཅུ་ རིང་ལ་འཚོ་བའི་རྩྭ་ཐང་དང་གྱེས་སོང་། ནོར་ལུག་དང་གྱེས་སོང་།...... ཡོད་ཚད་དང་གྱེས་འདུག ཁོང་གི་སྐྱོ་སྡུག་གིས་སེམས་ནི་ཉམ་ཆུང་ དྭ་ཕྲུག་ཞིག་བཞིན། སྐྱབས་མགོན་དང་རེ་འབོད་དེ་དཀོན་མཆོག་ལ་ གསོལ་འདེབས་ལས་མ་རྙེད། ལུས་ལ་བུ་དང་མནའ་མས་བཙན་པོར་ བསྐོན་པའི་གཙང་དག་གི་རྒྱ་ལྭ་འདི་མཐོང་དུས། སེམས་སུ་སུན་སྣང་ དང་ཁོང་ཁྲོ་ལས་མ་གདའ། ཨ་ཁུ་རབ་གསལ་རླངས་འཁོར་གྱིས་གཡོ་འགུལ་ཁྲོད་སེམས་སྡུག་ གི་གཅོང་རོང་དུ་ལྷུང་བའི་སྐབས་སུ། བུ་སྟོབས་ལྡན་གྱི་གཡོན་ལག་ གིས་རླངས་འཁོར་ཁ་ལོ་བསྒྱུར་ཏེ་གཡས་ལག་གིས་སྒམ་ཆུང་ནས་སྒྲ་ ཐག་ཞིག་བླངས་རྗེས་ཨ་ཕ་ལགས། ད་ཁྱོད་སེམས་སྡུག་དགོས་མ་རེད། གྲོང་ཁྱེར་རུ་སོང་ན་འབྲོག་ཁུལ་ལས་ལྡབ་བརྒྱའི་བཟང་འདུག །འདི་ན་ ཁྱོད་དགའ་བའི་རྡུང་ལེན་སྒྲ་ཐག་ཞིག་ཡོད། ཁྱོད་ཀྱི་ཉོན་དང་སེམས་ ཁམས་ཅུང་ཇེ་བཟང་དུ་འགྲོ་ངེས་རེད་ཟེར་ནས་སྒྲ་ཐག་བཏང་། སྐད་ ཅིག་ཉིད་རླངས་འཁོར་གྱི་ཡུལ་ཁམས་ཆུང་ཆུང་འདིར་རྡུང་ལེན་གྱི་སྙན་ འཇེབས་གླུ་དབྱངས་ཀྱི་ཁེངས། ཨ་ཁུ་རབ་གསལ་ནི་མིག་ཟུང་དམ་པོར་ བཙུམ་ནས་མཆུ་ཟུར་འགུལ་འགུལ་ཙམ་བྱེད་པ་ལས་ཅི་ཡང་མ་ལབ་ལ་ ལྷིང་འཇཌ་ངང་བསམ་གཞིགས་དམྱལ་ཁམས་སུ་འགྲིམས། ཕལ་ཆེར་དུས་ཚོད་གསུམ་ཙམ་སོང་རྗེས་ཁོང་ཚོ་རྫོང་ཐོག་ཏུ་ ཐོན། སྟོབས་ལྡན་ནི་རྫོང་འདིའི་རྫོང་དཔོན་གཞོན་པ་ཡིན་ཕྱིར་དགའ་ བསུ་བྱེད་མཁན་མི་ཉུང་བ་ཞིག་ཕེབས། ལ་ལས་ཅ་ལག་འཁྱེར་རོགས་ དང་ལ་ལས་ཨ་ཁུ་རབ་གསལ་སྐྱོར་རོགས་མཛད། རྫོང་གིས་རིམ་པའི་ འགོ་པ་དག་གི་བཀོད་སྒྲིག་ལྟར་ཁོང་ལ་ད་དུང་སྐུ་ཁམས་བདེ་ཆེད་སློབ་ མ་དག་གིས་རབ་ཏུ་བཞད་པའི་མེ་ཏོག་ཅིག་ལེགས་སྐྱེས་སུ་ཕུལ། འུར་འུར་ཟིང་ཟིང་གི་སྒོ་ནས་ཨ་ཁུ་རབ་གསལ་ཁྱིམ་གསར་པའི་ ནང་གཞུས། སྦྲ་གུར་ལ་གོམས་པའི་ཨ་ཁུ་ཕོ་བྲང་ལྟ་བུའི་ཐོག་ཁང་ ནང་ཕེབས་དུས་བྱིས་ཆུང་བློ་མེད་ཅིག་བཞིན་ཐ་ན་ཐོག་ཁང་དུ་སྐེས་

འདོན་ཐེངས་བཞི་པ། ༢༠༡༢

འཛེགས་ཡོད་མེད་ཡང་གསལ་པོར་མ་རྟོགས། བུ་དང་མནའ་མ་ལ་ངོ་ ས་ལ་མི་འཕེན་པའི་ཆེད་སྐྱོ་འཛུམ་བག་བཟོས་གདོང་ལས་སྤྲེལ་རྒན་ ཞིག་དང་གཉིས་སུ་མེད། དགའ་བསུ་དང་རོགས་རམ་བྱེད་མཁན་དག་རིམ་བཞིན་སོང་ཚར་ བའི་་རྗེས། བུ་དང་མནའ་མ་ཡང་ལས་དོན་འཚབ་ཆེན་ཡོད་ཕྱིར་བུད་ སོང་། སྐབས་འདིར། ཨ་ཁུ་རབ་གསལ་གྱིས་སེམས་སུ་སྔར་ཡོད་མ་མྱོང་ ཁེར་རྐྱང་གི་མྱུ་གུ་ཤིག་འབུས། ཁོང་གི་སླར་ཡང་རྩྭ་ཐང་ཐོག་ནོར་ཁྱུ་ ཡིས་ངུར་སྒྲ། ལུག་ཁྱུ་ཡིས་འབའ་སྒྲ། རྟ་ཁྱུ་ཡིས་མཚེར་སྒྲ་སོགས་ དྲན་བྱུང་། དེ་ནི་ཇི་འདྲའི་སོས་དལ་བག་ཕེབས་ཀྱི་འཚོ་བ་ཞིག་རེད་ ཡ། ཁྱིམ་མཚེས་ཨ་ཁུ་ཚེ་མགོན་གྱི་ལུག་ཁྱུ་ཀུན་ལ་གང་འདོད་མིང་ བཏགས་བྱུང་། སྒྲོན་དཀར་ཚང་གི་བྱིས་ཆུང་པད་མ་ཡིས་གདོང་ཀུན་ ལ་ནམ་ཡང་ཞོ་འོ་འགོས། ད་དུང་ཚེ་ལོ་ཚང་གི་དཔལ་ལྡན་གྱི་ཉིན་ བཞིན་དཔེ་ཁུག་ཕྲག་ལ་བཞག་ནས་སློབ་གྲྭར་བསྐྱོད། དྲན་འཛིན་ གྱིས་དར་སྐུད་འབྲེལ་ནས་ཨ་ཁུ་རབ་གསལ་ནི་ཕ་སའི་རྩྭ་ཕྲན་གཅིག་ ཀྱང་མ་ལུས་པ་དྲན་གསོའ་ི ཡིས་ལྷ་ཡུལ་ནང་འཁོར་བས། བུ་དང་མནའ་ མ་དུས་ནམ་ཡོང་ནས་ནུབ་ཇ་གྲ་སྒྲིག་བྱས་པ་ཡང་མ་ཤེས། ནུབ་ཇ་འཐུང་རྗེས་བུ་སྟོབས་ལྡན་ཀྱི་ཨ་ཕར་སེམས་གསོ་ ཆེད་ཁོམ་པ་ཡོད་དུས་ཁྱེད་ཉིད་ཡུལ་སྐོར་སུ་འཁྲིད་ཞེས་བརྗོད་འདོད་ མོད། འོན་ཀྱང་ནག་མའི་གདོང་གཤིས་ལས་སྤྲིན་ནག་ལོང་ལོང་ འཁྲིགས་པ་མཐོང་ཕྱིར། ཅི་ཡང་སྨྲ་མ་ཕོད་པར་རང་གི་གཟིམ་ཤག་ ཏུ་ཕྱིན། ནག་མོས་རང་གི་ཕ་རྫོང་དཔོན་ལ་དེ་རིང་རྩྭ་ཐང་ནས་ཁྱེར་ བའི་དབྱར་རྩྭ་དགུན་འབུ་སྤར་དོ་ཁྱེར་ནས་འཚབ་ཚུབ་ངང་ཕ་མིང་དུ་ བསྐྱོད། ཨ་ཁུ་རབ་གསལ་སླར་ཡང་ཕོ་བྲང་འདྲ་བའི་ཐོག་ཁང་ནང་ཁེར་ རྐྱང་ངང་ལུས། འོན་ཀྱང་ཐེངས་འདིར་ཁོང་རང་དྲན་གསོ་ལྷ་ཡུལ་དུ་ མ་འགྲིམས། ཁོང་གིས་འབྱུང་འགྱུར་གྱི་ལམ་ཆེན་དུ་རྟ་མཆོག་ལྕག་ལ་ སྐུལ། ཁོང་གིས་གངས་དཀར་གྱིས་བཀྲག་མདངས་དེ་ཡུལ་ཁམས་ཀུན་ ལ་གཏོར། ཁོང་ནི་དར་ཤིང་ལས་ཐར་བའི་དར་ལྕོགས་བཞིན་རེ་སྨོན་གྱི་ ཡིག་དྲུག་ལྷགས་པར་བཅོལ། ཁོང་རེ་ཞིག་བུ་སྟོབས་ལྡན་ཀྱི་གཟིམ་ཤག་ སྒོར་ལངས་ནས་སྨྲ་སྒོ་ཕྱེ་ཙམ་བྱས་ཀྱང་། འོན་ཀྱང་ཅི་ཡང་མ་སྨྲས་ལ་ ཁྱིམ་ནས་ཕྱིར་སོང་།
ཕྱི་ཉིན་གྱི་ཞོགས་པ་སྟོབས་ལྡན་ཚང་གི་རྫོང་ཡོངས་ ཀྱི་ནུས་ཤུགས་ཡོད་དགུ་བཏོན་ཏེ་ཨ་ཕ་དྲིན་ཅན་འཚོལ་ཡང་རྐང་རྗེས་ ཙམ་ཡང་མ་རྙེད། ལོ་འགའི་གཞུག་ཏུ་ལ་ལས་ཁོང་ལྷ་ས་ན་གནས་ ཟེར། ལ་ལས་ཁོང་བླ་བྲང་ན་གནས་ ཟེར། ཐ་ན་ལ་ལས་ཁོང་ལྔ་པའི་ལམ་དུ་ བསྐྱོད་ཟེར། ཅི་འདྲ་ཡིན་ཁོང་གི་ཚེ་སྨད་ ཀྱི་རེ་བ་ནི་གུས་བཀུར་དང་རང་དབང་ ཡོད་པའི་སྐྱེ་བ་ཤིག་ཐོབ་པའི་སྨོན་ལམ་ ལས་མ་གདའ།། 71


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

སྡོམ་འཐག།

བོའ་ི མདུན་ཕྱོགས་སུ་མིག་ཧ་ཅང་ཆེན་པོ་དེ་འདྲ་ཡོད།

ར་ས་ཕོ་ཉ།

༼སྡོམ་འཐག་ནི་འབུ་སྲིན་གཞན་དང་མི་འདྲ་བར་རྐང་ལག་བརྒྱད་ཡོད་ ལ། འབུ་སྲིན་རྣམས་ཐག་པས་བསྡམས་པ་སོགས་བྱས་ནས་ཟ་བར་བྱེད་ ཞིང་༼ཁྲག་གམ་བཅུད་འཇིབ་པ་༽ཡུལ་ལུང་འགའ་ཤས་སུ་བྱིའུ་ཆུང་ ཆུང་དེ་འདྲ་ཟ་མཁན་ཡང་ཡོད། བོད་ཀྱི་ཡུལ་ལུང་འགའ་ཤས་སུ་སྡོམ་ འཐག་གི་མིང་ལ་རྒྱ་ཀ་ར་དང་། ཡང་ཁ་ཤས་སུ་འདྲེ་ཕོ་བ་ར་ཞེས་ཀྱང་ གོང་གི་འདྲ་དཔར་དེར་ཁྱེད་ཀྱི་ལྟས་ཚེ་དོ་སྣང་བྱ་དགོས་ས་གཉིས་ཡོད་ འབོད་ཀྱི་ཡོད། སྡོམ་ཐག་ནི་སྡོམ་གྱི་སྐུད་པ་ཡིན། མིང་གི་རྣམ་གྲངས་ལ། པ། བ་རྒྱ། བ་ཐག སྡོམ་སྐུད། སྡོམ་དྲ།༽ ༡ མིག་ནག་པོ་ཆེན་པོ་འདི་འདྲའི་གྲལ་ཡོད་པ། ༢ དཔར་རྒྱག་མཁན་ལ་ལྟ་བཞིན་ཡོད་པ། སྡོམ་འཐག་ལ་མིག་ག་ཚོད་ཡོད་དམ། ༼སྡོམ་འཐག་ཆེན་པོ་དེ་འདྲའི་གློག་བརྙན་གང་མང་འདོན་ཡོད་པ་དེ་ དེ་གཉིས་ལ་འབྲེལ་བ་ཆེན་པོ་ཡོད། དཔག་འཆོང་སྡོམ་འཐག་གིས་མིག་ ཚོ ་ འགའ་ཞི ག ་གི ་ ནང་སྡོ མ ་འཐག་གི ་ མི ག ་ནི ་ ཞེ ད ་སྣང་ཚ་པོ ་ དེ ་ འདྲ་ ཆེན་པོ་དེ་ཚོས་དངོས་པོ་དཔེ་མང་པོ་མཐོང་ཐུབ་ཀྱི་ཡོད་ལ། དངོས་པོ་ སྟོན་ཡོད་ནའང་དེ་དག་ནི་ཧོ་ལི་ཝུཌ་ཡི་རྟོག་བཟོ་ཙམ་ལས་དོན་དངོས་ གང་ཞིག་འགུལ་བསྐྱོད་བྱས་པ་དང་མིག་དེ་ཚོ་བརྟག་ཞིབ་བྱེད་པར་ དེ་ལྟར་མིན།༽ བེད་སྤྱོད་བྱེད་ཀྱི་ཡོད། དེས་ཁོང་ཚོར་དཔར་རྒྱག་རྒྱུར་དཀའ་ངལ་བཟོ་ ༡༽ སྡོམ་འཐག་རིགས་འགའ་ཤས་ལ་མིག་དྲུག་དང་བཞི་དང་གཉིས་ ཡི་ཡོད། གང་ཡིན་ཟེར་ན། ཁོང་ཚོས་པར་ཆས་ཀྱི་ཤེལ་ཀོ་མཐོང་བ་དང་ བྱས་པ་དེ་འདྲ་ཡོད་ཀྱང་སྡོམ་འཐག་ཕལ་མོ་ཆེར་མིག་བརྒྱད་ཡོད་ལ། དེའི་སྟེང་འཆོང་སྡོད་ཀྱི་ཡོད། ཁོང་ཚོར་དཔར་ཞིག་རྒྱབ་པའི་རྗེས་སོ་ ཁོང་ཚོའི་མིག་གི་གྲལ་སྒྲིག་སྟངས་ལས་ཚན་རིག་པ་ཚོས་སྡོམ་འཐག་དེ་ སོའ་ི གདོང་པའམ་པར་ཆས་གང་རུང་གི་སྟེང་སྡོམ་འཐག་དེ་འཆོང་ཚར་ རིགས་གང་ཡིན་ངོས་འཛིན་པར་ཡང་ཕན་ཐོགས་ཡོང་གི་ཡོད། དེས་ན་ བ་རེད། ཚན་རིག་མཁན་ཚོས་ཐག་ཉེ་ནས་སྡོམ་འཐག་གི་མིག་ལ་ལྟ་འདོད་ཡོང་ ནས་ཐག་ཇི་ཉེ་ནས་ལྟ་བར་གྲ་སྒྲིག་བྱས་པ་རེད། སྡོམ་འཐག་དེ་རྒྱུན་ལྡན་ཞིག་མིན་པར་སྟོན་ཆེད་གཤམ་དུ་དཔག་འཆོང་

སྡོམ་འཐག་གཞན་པ་ཞིག་གི་དཔར་བཀོད་ཡོད། སྡོམ་འཐག་དེར་མདུན་ སྤྱིར་བཏང་སྡོམ་འཐག་གི་མགོ་བོའ་ི སྟེང་མིག་ཁ་ཤས་ཡོད་ནའང་མདུན་ དུ་མིག་ཆེན་པོ་དེ་འདྲ་མཐོང་རྒྱུ་ཡོད་ལ། ད་ལན་སྟེང་ནས་དཔར་བཏབ་ དུ་དེ་ལས་མང་བ་ཡོད། དེ་ལྟར་སྡོམ་འཐག་ལ་མིག་དེ་འདྲའི་མང་པོ་ པས་སྡོམ་འཐག་དེར་མདུན་གྱི་མིག་བཞི་ཙམ་དུ་མ་ཟད་པ་ཤེས་ཐུབ་པ་ ཡོ ད ་ནའང་ཡ་མཚན་པ་ཞི ག ་ལ་སྤྱི ར ་བཏང་སྡོ མ ་འཐག་ལ་མི ག ་གི ་ ཡིན། མཐོང་ཤུགས་ཡག་པོ་མེད། ཕལ་ཆེར་ཁོང་ཚོས་གཡས་གཡོན་དུ་འགུལ་ བཞིན་པའི་སྣང་མུན་གྱི་དབྱིབས་ཙམ་རིག་གི་ཡོད་པ་ཡིན། སྡོམ་འཐག་ ༣༽ སྡོམ་འཐག་གི་མིང་གི་རྣམ་གྲངས། ལྟེ་བལ་ཅན། འཐག་མཁན། དྲ་ གིས་རྔོན་རྒྱག་དུས་མིག་སྐྱོ་བོ་དེ་ལ་ཁྱད་དུ་འཕགས་པའི་གཡོ་འགུལ་ བ་ཅན། སྤྲེའུ་འདྲ། བལ་ཅན། འབུ་སྡོམ། རྒྱ་ཀ་ར། འདྲེ་ཕོ་བ་ར་སོགས་ ཚོར་ཤེས་དང་ཟས་ཚོར་ཤེས་ཀྱི་ནུས་པས་རོགས་རམ་བྱེད་ཀྱི་ཡོད། སྔར་ནས་ཡོད་ལ་དེ་དག་སྟེང་། ད་ལན་ཁོ་བོས་མིང་གསར་པ་ཞིག་ སྡོམ་འཐག་གི་མིག་ནི་dragonflyའབུ་བླ་མ་མ་ནིའི་མིག་ནང་བཞིན་ མིག་གཅིག་གི་ནང་མཐོང་ངོས་མང་པོ་ཡོད་པ་དེ་འདྲ་མིན་པར་སྤྱིར་ བཏང་གི་མིག་མཐོང་ངོས་གཅིག་ཅན་དེ་འདྲ་ཡིན། ༢༽ དམིགས་བསལ་དཔག་འཆོང་སྡོམ་འཐག་jumping spiderགི་ རིགས་ནི་མིག་གིས་ཧ་ཅང་ཡག་པོ་མཐོང་ཐུབ་ཀྱི་ཡོད། ཁོང་ཚོའི་མགོ་ 72

བཏགས་འདོད་པ་ནི་༼མིག་མང་ཅན།༽ཞེས་པ་དེ་ཡིན། ཡང་རྐང་མིག་ བརྒྱད་པ་ཞེས་ཀྱང་བཏགས་ཆོག


འདོན་ཐེངས་བཞི་པ། ༢༠༡༢

སྐྱ་རེངས་ཀྱིས་ཁྱེད་ལ་ཅི་ཞིག་བརྗདོ ་ ཐུབ་བམ།

བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།. །མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།. ། བདག་གི་ བདེ་དགེ་གཞན་ལ་བཏང་བ་ཡིས།. །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རླབས།. །ཞེས་པའི་ཚིག་དོན་དྲན་ཐུབ་ན་རབ་ཡིན་ལ།. དེ་ལྟར་མ་ཐུབ་ན་གཞན་སུ་གང་ལ་ ཡང་གནོད་པ་བྱ་རྒྱུ་མིན་དྲན་ནས་གཞན་ལ་གནོད་པ་སྤོང་བ་དང་།. གཞན་སེམས་ ཅན་ཐམས་ཅད་ལ་ཕན་པའི་བྱ་བ་འབའ་ཞིག་བྱ་རྒྱུ་ཡིན་དྲན་ནས་གང་ཐུབ་ཐུབ་ ཕན་པའི་བྱ་བ་བསྒྲུབ་རྒྱུ་དེ་ཡིན་ལགས། དྲི་བ།. བོད་ཡིག་ཡར་རྒྱས་གཏོང་བར་ཐབས་ལམ་ག་རེ་ཡོད་དམ།. བོད་སྐད་དུ་ བསྒྱུར་བའི་རྒྱའི་གློག་བརྙན་དེ་ཚོ་བལྟས་ན། ཁེ་ཕན་དང་གནོད་ཉེན་གང་ཆེ་བ་ ཡོད་དམ།. ལན།. བོད་མི་རྒན་གཞོན་ཀུན་གྱི་སེམས་ཚོར་ནང་བོད་ཡིག་ལ་གཙིགས་མཐོང་ ཆེན་པོ་འོང་བའི་ཐབས་ཤེས་ཐོག་བོད་ཡིག་སྦྱོང་ས་དང་བོད་ཡིག་བེད་སྤྱོད་གཏོང་ སའི་ཁོར་ཡུག་རྒྱ་ཆེར་སྐྲུན་ཐུབ་ན་བོད་ཡིག་ཡར་རྒྱས་འགྲོ་ཐུབ།. སྤྱིར་གློག་བརྙན་ བལྟ་བ་ནི ་ བག་མེ ད ་ཀྱི ་ ལས་ཡི ན ་པས་ཁེ ་ ལས་ཉེ ན ་ཆེ ་ བ་ཡི ན ་པས་བོ ད ་སྐད་དུ་ བསྒྱུར་བའི་རྒྱའི་གློག་བརྙན་བལྟ་ན་ཡང་རང་རང་གི་བྱ་བ་མང་པོ་འཐུས་ཤོར་འགྲོ་ བས་ཁེ་ལས་ཉེན་ཆེ་བ་མྱོང་བས་གྲུབ་པ་ཡིན་ནོ།. །

དྲི་བ། གྲྭ་པ་ཐེབས་ཆག་ཅིག་དང་མི་སྐྱ་བསམ་པ་རྣམ་དག་བྱེད་མཁན་གཉིས་ལས་ སུ་དྲག་གམ། ལན། བསླབ་པ་གསུམ་ལ་དོ་སྣང་ཁྱོན་ནས་མེད་པའི་གྲྭ་པའམ་གྲྭ་གཟུགས་དེ་ལས་ ལས་འབྲས་ལ་བརྩི་སྲུང་གང་ཡོང་བྱེད་པའི་མི་སྐྱ་ཡ་རབས་ཅན་ཞིག་ལོས་ཡག། འོན་ཀྱང་སྙིང་ནས་ཆོས་རྣམ་དག་ནུས་པ་ཐོན་པ་ཞིག་བྱེད་འདོད་ན་དེའི་གོ་སྐབས་ རབ་བྱུང་གི་རྟེན་ལས་ལྷག་པ་གང་དུ་ཡང་མི་རྙེད་དོ།། དྲི་བ། དེང་སང་མི་གཞན་ལ་ཡིད་ཆེས་མ་བྱས་པར་ཚང་མར་དོགས་ཟོན་བྱེད་ དགོས་པའི་སློབ་གསོ་སྤྲོད་བཞིན་ཡོད་ན། དེ་ལ་ཕན་ཐོགས་ཡོད་མེད་དང་དེའི་ མཇུག་འབྲས་སྐོར་ལ་གསལ་བཤད་གནང་རོགས། ལན། དོགས་ཟོན་བྱས་ནས་ཕན་ཐོགས་ན་ལྟ་འགྲིག་པ་རེད་དེ། དོགས་ཟོན་བྱེད་མི་ བྱེད་གཉིས་ཀར་གནོད་འཚེ་ཕོག་པ་འདྲ་བ་ལ། མི་བག་ལྷོད་པོ་དེ་གནོད་པ་དངོས་ སུ་མེད་པའི་ཚེ་སྐྱིད་པོ་ཡོད། དོགས་པ་རྣམ་རྟོག་ཚ་པོ་དེ་རྟག་ཏུ་མི་སྐྱིད་པ་ནི་རང་ སྡུག་རང་གིས་ཉོས་པ་ཡིན། དེ་ལས་བྱམས་བརྩེའི་བསམ་པས་ཡ་རབས་བཟང་ སྤྱོད་ཀྱི་གོམས་གཤིས་མི་མང་ཁྲོད་སྤེལ་ཏེ་རང་ཉིད་ཀུན་དང་མཛའ་བ་ཞིག་ཡོང་ རྒྱུར་འབད་བརྩོན་བྱེད་ན་དགེ་མཚན་ཆེ་བར་སེམས། དོགས་པ་རྣམ་རྟོག་གི་མཇུག་ འབྲས་ནི་དེ་དང་འདྲ་བ་ཞིག་སྟེ། རྫོགས་མཐའ་མེད་པའི་སྡུག་བསྔལ་གྱིས་མི་ཚེ་ཟད་ པར་བྱེད་རྒྱུ་དེར་ཟད། དྲི་བ།. འཇིག་རྟེན་པ་ཞིག་གིས་ཉིན་རེའི་འཚོ་བའི་ནང་ཆོས་འཁྱེར་བདེ་ཞིག་ ཉམས་ལེན་བྱེད་སྟངས་གསུང་རོགས།. ལན།. བྱེད་བདེ་ཞིང་ཕན་ཡོན་ཆེ་བ་ནི་གཏོང་ལེན་སྒོམ་པ་དེ་ཡིན་ལ།. སྒོམ་ ཚུལ་ནི་བླ་མཆོད་ལས།. དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།. །མར་གྱུར་འགྲོ་

དྲི་བ།. དུས་འཁོར་དབང་ཆེན་ཞུ་བར་སྔོན་འགྲོ་ཆ་རྐྱེན་གང་དགོས་སམ།. ཞུས་ པའི་རྗེས་སུ་ཉམས་ལེན་ཇི་ལྟར་བྱ་དགོས། ལན།. དུས་འཁོར་དབང་ཆེན་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ནི་ངེས་འབྱུང་ བྱང་སེམས་ཡང་དག་པའི་ལྟ་བ་གསུམ་པོ་ཡིན་ལ།. དེའི་ཐོག་དཔལ་དུས་ཀྱི་འཁོར་ ལོ་ལ་དད་པ་དང་དུས་དབང་ཞུ་འདོད་ཀྱི་ཀུན་སློང་བཟང་པོ་དགོས། དེ་ལྟར་མ་ བྱུང་ན་གཞན་ཕན་གྱི་བསམ་པ་བཟང་པོ་ཞིག་ངེས་པར་དགོས་པའི་ཐོག་དད་པས་ ཀུན་ནས་བསླངས་ཏེ་དུས་དབང་ཞུ་འདོད་ཅིག་མ་མཐར་དགོས། དངོས་གཞིའི་ སྐབས་དབང་བརྡ་ཡག་པོ་འཕྲོད་ཐུབ་པར་བྱ་དགོས།. ཞུས་ཚར་རྗེས་སུ་དཔལ་ དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་རྣལ་འབྱོར་སྒོམ་ཐུབ་ན་རབ་རེད།. དེ་མ་ཐུབ་ན་ ཐུན་དྲུག་མ་ཆད་པའི་ཐོག་དུས་འཁོར་གྱི་བདག་བསྐྱེད་རྒྱས་བསྡུས་གང་རུང་འདོན་ ན་འབྲིང་ཙམ་རེད།. དེ་ཡང་མ་ཐུབ་ན་སྔ་མ་ལས་སྤྱོད་པ་ཅུང་ཙམ་ཡག་ཏུ་གཏོང་ ཨེ་ཐུབ་ངེས་པར་དུ་བལྟ་དགོས་སོ།། དྲི་བ།. རང་ཉིད་ཀྱིས་བོད་ཡིག་ཡག་པོ་ཤེས་ན་དམིགས་བསལ་གྱི་ཁེ་ཕན་གང་ ཡོད།. བོད་ཡིག་ཡག་པོ་ཤེས་རྒྱུ་དེ་དབྱིན་ཡིག་ལས་ཁག་པ་ཡོད་དམ།. ལན།. རང་ཉིད་ཀྱིས་བོད་ཡིག་ཡག་པོ་ཤེས་ན་རང་གིས་ནང་ཆོས་སྦྱང་བར་ཕན་ ཐོག་ཆེན་པོ་ཡོད་པ་མ་ཟད་བོད་ཡིག་མི་ཤེས་པའི་དཀའ་ངལ་མང་པོ་ཞིག་སེལ་ ཐུབ་པའི་ཐོག་བོད་རིགས་ན་གཞོན་ཚོ་ལ་བོད་ཡིག་གང་ཐུབ་བསླབ་ནས་བོད་ཀྱི་ རིག་གཞུང་ལ་ལེགས་སྐྱེས་ཕུལ་ཐུབ། བོད་ཡིག་ཡག་པོ་ཤེས་རྒྱུ་དེ་དབྱིན་ཡིག་ཡག་ པོ་ཤེས་པ་ལས་ཁག་པ་ཡོད་མིན་ནི་སྦྱོང་བ་པོ་སོ་སོར་རག་ལས་པ་ཞིག་རེད་མ་ གཏོགས་མཐའ་གཅིག་ཏུ་དཀའ་སླ་ཡོད་པ་མ་རེད།. དྲི་བ།. ནང་ཆོས་ཀྱིས་ཚེ་འདི་དང་ཕྱི་མ་གཉིས་ལ་ཕན་འདོགས་ཚུལ་སོ་སོ་ནས་ གསུང་རོགས།. ལན། ནང་ཆོས་བྱེད་ན་ཚེ་འདིར་རང་ཉིད་ལ་རྙོག་གྲ་དང་སྡུག་བསྔལ་ཉུང་ཞིང་མི་

73


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

ཚད་ལྡན་ཞིག་ཏུ་གྱུར་པ་མ་ཟད་སྤྱི་ཚོགས་ཁྲོད་དུའང་ཕན་པའི་ཞབས་ཞུ་མི་ཉུང་ བར་བྱེད་ཐུབ།. ནང་ཆོས་བྱེད་ན་ཚེ་ཕྱི་མ་ལ་ཕན་ཚུལ་ནི།. སྐྱེ་བ་སྔ་ཕྱི་དྲན་ མཁན་ནི་ཤིན་ཏུ་མང་པོ་ཡོད་པས་སྐྱེ་བ་སྔ་ཕྱི་ངེས་པར་ཡོད་ལ། ཚེ་འདིར་ནང་ ཆོས་བྱེད་དུས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བཟང་པོར་གྱུར་པའི་དབང་གིས་ཚེ་ ཕྱི་མ་ལའང་དུད་འགྲོ་སོགས་སྐྱེ་བ་ངན་པ་མི་ལེན་ཞིང། ལུས་ངག་ཡིད་གསུམ་གྱི་ སྤྱོད་པ་བཟང་པོ་ཡིན་པའི་མི་དང་ལྷའི་སྐྱེ་བ་ལེན་ནས་ནང་ཆོས་ཉམས་ལེན་བྱེད་དེ་ རང་གཞན་མང་པོར་ཕན་ཐོགས་པ་དང་མཐའ་མ་ཐར་པ་དང་ཐམས་ཅད་མཁྱེན་ པ་ཞེས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་ཚོ་ཐོབ་ནས་སེམས་ཅན་ཐམས་ཅད་ ལ་ཕན་ཐོགས་བྱེད་ཐུབ་པ་ཡིན་ནོ།། དྲི་བ།. བདེན་བཞི་སྐོར་དེ་སངས་རྒྱས་ཀྱི་ཆོས་ལུགས་ལ་གལ་ཆེ་ཚུལ་ཇི་ལྟར་ཡིན་ པ་དང་།. བདེན་བཞིའི་ཉམས་ལེན་བྱེད་ཚུལ་གང་ཡིན་ནམ།. ལན།. སྟོན་པ་སངས་རྒྱས་ཀྱི་ཆོས་ལུགས་ནི་འགྲོ་བའི་སྡུག་བསྔལ་མ་ལུས་པ་སེལ་ ཞིང་བདེ་བ་གོང་ན་མེད་པ་ཐོབ་པའི་ཆེད་ཡིན་ལ། དེ་ཐོབ་པ་ལ་བདེན་བཞིའི་ འཇུག་ལྡོག་མ་ཤེས་པར་ཐབས་མེད་པས་བདེན་བཞིའི་འཇུག་ལྡོག་ཤེས་དགོས། དེ་ ཡང་དངོས་པོའི་གནས་ལུགས་ཇི་ལྟར་ཡིན་པ་དེ་ལྟར་གཏན་ལ་ཕབ་པ་ཡིན་ཞིང།. དངོས་པོའི་གནས་སྟངས་ལ་གནོད་པའི་ཕྱོགས་དང། ཕན་ཐོགས་པའི་ཕྱོགས།ཕན་ གནོད་གང་ཡང་མེད་པའི་ཕྱོགས་བཅས་གསུམ་ཡོད་པའི་ནང་ནས་དང་པོ་གནོད་ པའི ་ ཕྱོ ག ས་ཀྱི ་ དབང་དུ་བྱས་ནས་སྡུག་ཀུན་གཉི ས ་དང་ཕན་ཐོ ག ས་པའི ་ ཕྱོ ག ས་ ཀྱི་དབང་དུ་བྱས་ཏེ་འགོག་ལམ་གཉིས་སྟོན་པས་གསུངས་པ་ཡིན།.དེ་འདྲ་གསུང་ དགོས་པའི་རྒྱུ་མཚན་ནི་ང་ཚོ་སེམས་ལྡན་ཐམས་ཅད་བདེ་བ་འདོད་ལ་སྡུག་བསྔལ་ མི་འདོད་པ་རྐྱང་རྐྱང་ཡིན་སྟབས་སྡུག་བསྔལ་སྤངས་ཤིང་བདེ་བ་མཐར་ཐུག་པ་ ཐོབ་དགོས་པ་ཡིན་ལ།. དེ་ཡང་ཐོག་མར་ཤེས་དགོས་པས་དེའི་ཚུལ་ནི་དངཔོ་སྡུག་ བདེན་གྱི་ངོ་བོ་འཁོར་བ་སྤྱི་དང་བྱེ་བྲག་སོ་སོའི་སྡུག་བསྔལ་ཤེས་དགོས།. དེའི་རྗེས་ སུ་སྡུག་བསྔལ་གྱི་རྒྱུ་ལ་དཔྱད་དེ་ཀུན་འབྱུང་གི་ངོ་བོ་ཤེས་པར་བྱེད།. དེ་ནས་རྒྱུ་ ཀུན་འབྱུང་དེ་གཏན་ནས་མེད་པ་བཟོ་རྒྱུ་ཡོད་མེད་ལ་དཔྱད་དེ་ཀུན་འབྱུང་འགོག་ པའི་འགོག་བདེན་ཤེས་དགོས།. དེའི་རྗེས་འགོག་བདེན་ཐོབ་བྱེད་ཀྱི་ཐབས་ལ་ དཔྱད་དེ་ལམ་གྱི་བདེན་པའི་ངོ་བོ་ཤེས་དགོས།.དེ་ལྟ་བུའི་རིམ་པ་ལ་བློས་ཡང་ཡང་ གོམས་པར་བྱེད་པ་ནི་བདེན་བཞི་ཉམས་སུ་ལེན་ཚུལ་ཡང་ཡིན་ནོ།། དྲི་བ། བོན་གྱི་རྫོགས་པ་ཆེན་པོ་དང་རྙིང་མའི་རྫོགས་པ་ཆེན་པོ་གཉིས་གོ་དོན་ གཅིག་པ་རེད་དམ་ཐ་དད་རེད། ལན། བོན་གྱི་རྫོགས་པ་ཆེན་པོ་དང་རྙིང་མའི་རྫོགས་པ་ཆེན་པོ་གཉིས་ལ་མིང་འདྲ་ ཡང་དོན་ཁྱོན་ནས་མི་འདྲ་བ་ཡིན། ངོ་བོ་མི་འདྲ་བའི་ཚུལ་ཤེས་པ་ལ་རྙིང་མའི་ རྫོགས་པ་ཆེན་པོའི་ནང་གསེས་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་བཅས་ལེགས་ པར་ཤེས་ཐུབ་དགོས། ད་ལན་ཚིག་ཉུང་ཉུང་གི་ངོ་སྤྲོད་ཐབས་མེད་། འབྱུང་ཁུངས་ མི་འདྲ་བ་ནི། རྙིང་མའི་རྫོགས་པ་ཆེན་པོ་བསྟན་པའི་རྒྱུད་རྣམས་སྟོན་པ་ཤཀྱ་ཐུབ་ པས་གསུངས་པ་ཡིན་ལ། བོན་གྱི་རྫོགས་ཆེན་སྐོར་སྟོན་པ་གཤེན་རབ་ཀྱིས་གསུངས་ པར་བཤད་དོ།། དྲི་བ། ཐུའུ་བཀན་ཆོས་ཀྱི་ཉི་མས་ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་ཞེས་ གསུངས་འདུག་པས་ཆོས་ནང་འདྲེས་པའི་བོན་དེ་གང་ཡིན་ནམ། ལན།

74

ནང་ཆོས་ཀྱི་བསླབ་པ་གསུམ་གྱི་ཉམས་སུ་བླངས་པའི་རིམ་པ་ལ་བོན་ཆོས་

ནམ་ཡང་འདྲེས་ཡོད་པ་མ་ཡིན། རྗེ་ཐུའུ་བཀན་གྱིས་ཆོས་ནང་བོན་འདྲེས་གསུངས་ པའི་བོན་ནི་འགའ་ཞིག་གིས་ནང་པ་ཁས་ཆེ་ནས་ལྷ་གསོ་ཀླུ་གསོ་དང་བསང་དང་ དར་ལྕོག་འཛུགས་པ། མདོས་སྐྱེལ་བ་བཅས་གཙོ་བོ་བྱས་པ་རྣམས་ལ་དགོངས་པ་ ཡིན་ནོ།། དྲི་བ། ས་དགེ་བཀའ་རྙིང་བཞིའི་ལྟ་བའི་ཐད་མི་འདྲ་བ་ཡོད་དམ་གཅིག་པ་ཡིན། ལན། ས་དགེ་བཀའ་རྙིང་བཞིའི་ལྟ་བ་ཚིག་ཟིན་ལ་བཤད་ཚུལ་མི་འདྲ་བ་དུ་མ་ཡོད་ ཀྱང། ཐམས་ཅད་ཀྱིས་ཐལ་འགྱུར་བའི་ལྟ་བ་ལ་གནས་པའི་ཐོག་མདོ་སྔགས་ཟུང་ དུ་འབྲེལ་བའི་ལམ་ཉམས་སུ་བླང་ཚུལ་བཤད་པ་ཁོ་ན་ཡིན་ལ། བསོད་ནམས་ཀྱི་ ཚོགས་ཀྱིས་རྒྱབ་ཕྱོགས་ཤིང་རིགས་པ་དྲི་མ་མེད་པས་དཔྱད་ཐུབ་པའི་རྣལ་འབྱོར་ པས་དཔྱད་པ་ན་ཐམས་ཅད་དགོངས་པ་གཅིག་པས་ས་དགེ་བཀའ་རྙིང་བཞི་གར་ རྩོད་མེད་ཀྱི་གྲུབ་ཐོབ་མང་པོར་ཕེབས་ཟིན་པ་ལགས་སོ།། དྲི་བ། མི་ཚེ་དོན་ལྡན་ཡོང་བར་གང་བྱེད་དགོས་སམ། ལན། གཞན་ལ་གནོད་པ་མི་བྱེད་པར་གང་ཐུབ་ཀྱིས་ཕན་ཐོགས་བྱ་རྒྱུ་དང་། དེ་ལ་ ཡང་རྣམ་དཔྱོད་ཀྱི་ཤེས་རབ་གྲོགས་སུ་ངེས་པར་དགོས་པས། ནང་ཆོས་གཙོས་ཤེས་ ཡོན་ལ་དོ་སྣང་མི་ལྷོད་པ་བྱེད་ཐུབ་ན་སྙིང་པོ་ལོན་པ་ཡིན་ནོ།། དྲི་བ། དཀའ་ངལ་ཤིན་ཏུ་ཆེན་པོ་ཕྲད་སྐབས་བསམ་བློ་གང་འདྲ་གཏོང་དགོས་ སམ། ལན། དེ་ལ་ནི་རྒྱལ་སྲས་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། ། དེ་ལ་མི་དགའ་བྱར་ཅི་ཡོད། ། གལ་ཏེ་བཅོས་སུ་མེད་ན་ནི། ། དེ་ལ་མི་དགའ་བྱེད་ཅི་ཕན།། ཞེས་གསུངས་པའི་དགོངས་དོན་ལ་ཆོས་ཁས་ལེན་མི་ལེན་སུས་ཀྱང་བསམ་བློ་རྣལ་ མ་ཞིག་བཏང་ཐུབ་ན་མི་ཕན་པ་མི་སྲིད་ཅེས་ཚིག་ཐག་བཅད་ཆོག།


འདོན་ཐེངས་བཞི་པ། ༢༠༡༢

འཛམ་གླིང་ཕྱི་རོལ་གྱི་སྲོག་ཆགས།

ར་ས་ཕོ་ཉ།

ཚན་རིག་པ་ཚོས་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་དང་འབྲེལ་བ་བྱེད་ རྒྱུ་ནི་མིའི་འགྲོ་བ་འདི་གཏོང་རྒྱུའི་ཉེན་ཁར་ཡིད་ཆེས་བྱེད་ཀྱི་ཡོད།

འཛམ་གླིང་ཕྱི་རོལ་དུ་སེམས་ཅན་འཚོ་གནས་བྱེད་ཀྱི་ཡོད་དམ་ཞེ་ན། བྱེད་ཀྱི་ཡོད། འོན་ཀྱང་མིས་མ་མཐར་ཡང་ཁོང་ཚོ་དང་འབྲེལ་བ་བྱེད་ རྒྱུ་དེ ་ སྤོ ང ་གི ་ ཡོ ད ་པ་ཡི ན ་ཞེ ས ་འཛམ་གླི ང ་འདི འི ་ ཚན་རི ག ་པའི ་ སྣེ ་ འཁྲིད་མཁན་སེ་ཊིཕན་་་ཧཱག་ཀིང་Stephen Hawkingགིས་བརྗོད་ ཡོད། ཧཱག་ཀིང་གིས་འཇིག་རྟེན་གྱི་གསང་བ་ཆེན་པོའ་ི ཐོག་བསམ་ཚུལ་ གསར་པ་ཞིག་སྟོན་གྱི་ཡོད་པའི་ནང་འཛམ་གླིང་གི་ཕྱི་རོལ་དུ་སེམས་ ཅན་འཚོ་གནས་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་པ་ཌི་སི་་་ཀོ་ཝ་རི་ བརྙན་འཕྲིན་ནང་འཐོན་ཡོད། ཁོང་གིས་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་དེ་དག་ཕལ་ཆེར་རྒྱུ་སྐར་ ཙམ་དུ་མ་ཟད་པར་ནམ་མཁའི་འཇིག་རྟེན་གྱི་ཆ་ཤས་གཞན་པའི་ནང་ དུའང་འཚོ་གནས་བྱེད་ཀྱི་ཡོད་པ་དང་། ཡང་ན། སྐར་ཚོགས་ཀྱི་ལྟེ་བ་ དང། ཡང་ན་སྐར་མ་ཕན་ཚུན་བར་གྱི་སྟོང་ཆ་ནང་ལྡིང་སྡོད་སྲིད་པ་ ཡིན་ཞེས་བརྗོད། ཧཱག་ཀིང་གི་འཛམ་གླིང་ཕྱི ་རོ ལ ་གྱི ་སེ མས་ཅན་ཐད་ཀྱི ་རི ག ་པ་དེ ་ནི ་ སྤྱིར་བཏང་གི་ལས་སླ་པོ་དེ་འདྲ་ཞིག་མིན། ཁོང་གིས་འཇིག་རྟེན་ལ་ galaxyདགུ་ཚིགས་སྐྱ་མོ་ཐེར་འབུམ་བརྒྱ་༡༠༠་༠༠༠་༠༠༠་༠༠༠ཡོད་པ་ དང་། དེ་དག་རེ་རེར་ཡང་སྐར་ཚོགས་ས་ཡ་བརྒྱ་ཕྲག་མང་པོ་ཡོད་པའི་ འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་རྒྱ་ཆེན་པོ་ དེའི་ནང་འགྲོ་བ་ཆགས་པའི་གླིང་ནི་འཛམ་བུ་གླིང་གཅིག་པུ་མིན་པ་ འདྲ། ངའི་རྩིས་རིག་གི་ཀླད་པའི་ནང་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་གྱི་ ཐད་དོན་དངོས་དང་རྗེས་སུ་མཐུན་པ་ཞིག་ཨང་གྲངས་རྐྱང་པའི་ལམ་ ནས་བསམ་གཞིག་བྱེད་ཀྱི་ཡོད། དངོས་གནས་བརྩོན་དགོས་པ་ནི་ འཛམ་གླིང་གི་ཕྱི་རོལ་གྱི་སེམས་ཅན་དེ་ཚོ་དོན་དངོས་གང་འདྲ་ཞིག་ ཡོད་མེད་རྙེད་པ་བྱ་རྒྱུ་དེ་ཡིན། ཞེས་རང་ལོ་ ༦༨ ལ་ཕེབས་པ་དེས་ལུང་ འདྲེན་ལྟ་བུར་བརྗོད། ཧག་ཀིང་གིས་ཚོད་དཔག་བྱས་པའི་ལན་ནི་དེ་ ཚོ་ཕལ་ཆེ་བ་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་འཛམ་གླིང་འདིར་ཁྱབ་བརྡལ་ ཕྱིན་ཟིན་པའི་སྲོག་ཆགས་རགས་པའམ་ཕྲ་མོ་དེ་ཚོ་དང་འདྲ་མཚུངས་ སུ་ཡོད་ཆོག་པ་ཡིན། ཁོང་གི་ཡིག་ཆ་གཞིར་གཟུང་གི་ལྗོངས་རིས་ཞིག་གི་ནང་རྐང་པ་གཉིས་

ཅན་གྱི་རྩ་གཟན་གྱི་སེམས་ཅན་༼སྲིན་བུ་ནང་བཞིན་གྱི་རྩངས་པ་ཁ་ རལ་སེར་པོ་ལྟ་བུའི་༽ཁྱུ་ཚོགས་འཛམ་གླིང་ཕྱི་རོལ་གྱི་བྲག་ངོས་སྒང་ ནས་འཕུར་ནས་ཡོང་བ་བསྟན་ཡོད་པ་དང་། ཡང་། ལྗོ ང ས་རི ས ་གཞན་ཞི ག ་གི ་ ནང་གཟའ་མི ག ་དམར་གྱི ་ ཟླ་བ་ཡུ་རོ ་ པ་ Europaཟེར་བ་འཁྱགས་པ་འཐུག་པོས་བསྐོར་ནས་ཡོད་པ་དེ་དག་གི་ འོག་གི་རྒྱ་མཚོའི་ནང་དམར་མདངས་ཅན་གྱི་འོད་ཆེམ་ཆེམ་འཕྲོ་བའི་ མཚོ་གནས་སྲོག་ཆགས་ཁྱུ་ཚོ་མང་པོ་ཆགས་ནས་ཡོད་པ་སྟོན་ཡོད། ལྗོངས་རིས་དེ་ཚོ་སེམས་ཀྱི་ཚོད་དཔག་དང་རྟོག་བཟོ་བྱས་པ་དེ་འདྲ་ ཡིན་ནའང་ཧག་ཀིང་གིས་ཚེ་སྲོག་གྲུབ་པ་འགའ་ཤས་རྣམ་དཔྱོད་ཅན་ དང་ཉེན་ཁ་བཟོ་མཁན་ཡིན་སྲིད་པའི་གལ་གནད་ཅན་གྱི་གནད་དོན་ ལ་བསམ་བློའ་ི སྣེ་ཁྲིད་བྱེད་པར་བེད་སྤྱོད་བྱས་ཡོད། ཁོང་གིས་ཡ་མཚན་ གྱི་སྲོག་ཆགས་དེ་ཚོ་དང་འབྲེལ་བ་བྱེད་ན་འགྲོ་བ་མི་རིགས་རྩ་མེད་ འགྲོ་སྲིད་པའི་ཡིད་ཆེས་བྱེད་པ་དང་། འཛམ་གླིང་ཕྱི་རོལ་གྱི་སེམས་ ཅན་གྱིས་འཛམ་གླིང་འདིར་དཔུང་རྒོལ་བྱས་ནས་བརྟེན་ས་བྱས་པའི་ རྗེས་ཚུར་སྤོ་ཡོང་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད། ང་ཚོས་འཕྲད་འདོད་མེད་པའི་ཕུལ་བྱུང་གི་སེམས་ཅན་དེ་ཚོ་ཡར་རྒྱས་ ཇི་ལྟར་འགྲོ་བ་སོགས་ལ་བལྟ་བ་ཙམ་བྱས་ནས་སྡོད་དགོས། ངའི་སེམས་ ནང་ཁོང་ཚོ་ནི་གྲུ་ཆེན་པོའ་ི ནང་འཚོ་གནས་བྱེད་པ་དང་། སོ་སོའ་ི གླིང་ གི་ས་གཞི་ནས་ཐོན་ཁུངས་བེད་སྤྱོད་ བྱེད་ཀྱི་ཡོད་པ་འཆར་གྱི་འདུག སྔོན་ འཐོ ན ་ཅན་གྱི ་ འཛམ་གླི ང ་ཕྱི ་ རོ ལ ་ གྱི ་ སེ མ ས་ཅན་དེ ་ ཚོ ་ གཅི ག ་བྱས་ན་ འབྲོག་པ་ཡང་ཡིན་སྲིད་པ་དང་། དེ་ ཡང་དཀའ་ངལ་སེལ་ཐབས་དང་ཁོང་ ཚོ ས ་སླེ བ ས་ཐུབ་པའི ་ གླི ང ་ཕྲན་དུ་ ཞུགས་ཐབས་བྱེད་སྲིད་པ་ཡིན།

75


སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ།

སྐྱ་རེངས་འདོན་ཐེངས་ དང་པོ། ༢༠༠༧ ཤོག་གྲངས། ༦༠ དེབ་གྲངས། ༡༠༠༠ རིན་གོང་སྒོར། ༣༠

སྐྱ་རེངས་འདོན་ཐེངས་ གཉིས་པ། ༢༠༠༨ ཤོག་གྲངས། ༨༦ དེབ་གྲངས། ༡༠༠༠ རིན་གོང་སྒོར། ༣༥

སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་བཞི་པ། ངེས་སྟོན་པ་དང་དེབ་གཟུགས་སྒྲིག་སྦྱོར་བ། ར་ས་ཕོ་ཉ། རྩོམ་སྒྲིག་པ་རྒན་པ། བསྟན་འཛིན་དཔལ་མཆོག རྩོམ་སྒྲིག་པ་གཞོན་པ། སངས་རྒྱས་ཚེ་རིང་། འགྲེམས་སྤེལ་བ། འཇམ་དབྱངས་དབང་ཕྱུག རི་མ་བ། མགོན་པོ་བློ་གྲོས། གློག་ཀླད་དུ་འཇུག་མཁན། ཚེ་རིང་དོན་གྲུབ། སྐྱ་རེངས་ཡིག་ཟམ།

སྐྱ་རེངས་འདོན་ཐེངས་ གསུམ་པ། ༢༠༠༩ ཤོག་གྲངས། ༨༠ དེབ་གྲངས། ༡༠༠༠ རིན་གོང་སྒོར། ༣༥

76

སྦྲགས་ཁང་། Kyareng Tibetan Youth Digest Drepung Loseling Monastic University P.O.Tibetan Colony Mundgod 581411 Karnataka State India གློག་འཕྲིན། kyarengdigest@yahoo.com kyareng@gmail.com དྲ་རྒྱའི་ཁ་བྱང་། www.kyareng.org འབྲེལ་གཏུགས་ཁ་པར་ཨང་གྲངས། རྩོམ་སྒྲིག་པ། ༩༩༠༢༡༣༥༤༣༡/༩༨༤༥༥༡༠༥༤༥/༩༩༠༠༣༦༤ ༣༥༣ འགྲེམས་སྤེལ་བ། ༩༩༨༠༠༠༡༡༢༡


འདོན་ཐེངས་བཞི་པ། ༢༠༡༢

77


Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.