Skip to main content

ཝ་མོ་དང་བྱ་སྲེག་པ།

Page 1

ཝ་མོ​ོ་དང་བྱ་སྲེ​ེག་པ།

རི​ི་མོ​ོ་བ། བསྟན་འཛི​ིན་བྱང་ཆུབ།

ཤེ​ེས་རི​ིག་ལས་ཁུངས་ནས་དཔར་འགྲེ​ེམས་ཞུས།


སྔོ​ོན་གླེ​ེང་། ༄༅། །བོ​ོད་མི​ིའི​ི་སྒྲི​ིག་འཛུགས་ཤེ​ེས་རི​ིག་ལས་ཁུངས་ནས་ལོ​ོ་རབས་དགུ་བཅུ་པའི​ི་ འགོ​ོ་སྟོ​ོད་ཙམ་ནས་བོ​ོད་སློ​ོབ་ཁག་གི​ི་སློ​ོབ་ཕྲུག་ཚོ​ོར་སློ​ོབ་དེ​ེབ་ལས་གཞན་པའི​ི་གཞོ​ོགས་

འདེ​ེག ས་རྒྱུ་ཆའི​ི་ སྟོ​ོང ་ཆ་སྐོ​ོང ་ཐབས་སླད་བརྗོ​ོད ་བྱ་འདྲ་མི​ིན ་ལྡན་པའི​ི་ དུས་དེ​ེབ ་

དང་། མཚར་གཏམ། དུས་ཆེ​ེན་ངོ​ོ་སྤྲོ​ོད། མི​ི་སྣའི​ི་ལོ​ོ་རྒྱུས། ཕ་ཡུལ་ཕྱོ​ོགས་བསྒྲི​ིགས་དེ​ེབ་ ཕྲེ​ེང་། གླི​ིང་སྒྲུང་། གངས་ལྗོ​ོངས་བྱི​ིས་པའི​ི་བརྙན་དེ​ེབ་སོ​ོགས་དེ​ེབ་རི​ིགས་སྣ་མང་འདོ​ོན་

སྤེ​ེལ་ཞུས་དང་ཞུ་བཞི​ིན་ཡོ​ོད་མོ​ོད། ཕྱི​ི་ལོ​ོ་ ༢༠༡༥ ནས་བཟུང་ཨ་རི​ིའི​ི་བོ​ོད་ཀྱི​ི་ཐེ​ེབས་རྩའི​ི་ མཐུན་འགྱུར་འོ​ོག་ལོ​ོ་རེ​ེར་སློ​ོབ་ཕྲུག་གི​ི་ཁམས་དང་མཐུན་པའི​ི་ཨི​ིན་ཡི​ིག་བྱི​ིས་སྒྲུང་དེ​ེབ་ གྲངས་ ༡༠ རེ​ེ་བོ​ོད་སྒྱུར་ཞུ་འགོ​ོ་ཚུགས་ཡོ​ོད། བོ​ོད་སྒྱུར་ཞུས་པའི​ི་དཔེ​ེ་དེ​ེབ་རྣམས་ལས་ མི​ི་རི​ིགས་གཞན་གྱི​ི་རྩོ​ོམ་རི​ིག་གི​ི་སྒྱུ་རྩལ་དང་། འབྲི​ི་ཐབས། འཚོ​ོ་བ། རི​ིག་གཞུང་སོ​ོགས་

རི​ིག་ཚན་ཁག་རྒྱུས་ལོ​ོན་ཐུབ་རྒྱུ་དང་། དེ​ེ་དག་ལས་ལེ​ེགས་ཆ་བླངས་ཏེ​ེ་རང་མི​ི་རི​ིགས་ ཀྱི​ི་ཁྱད་ཆོ​ོས་བཟང་པོ​ོའི་ིཐོ​ོག་མཛེ​ེས་རྒྱན་དུ་སྤྲས་རྒྱུར་དམི​ིགས་པ་ཡི​ིན།

ཕྱི​ི་ལོ​ོ་ ༢༠༢༢ ལོ​ོ་ནས་བཟུང་བོ​ོད་སྒྱུར་དང་། སྲོ​ོལ་རྒྱུན་གྱི​ི་བྱི​ིས་སྒྲུང་། ལེ​ེགས་

བཤད་གཏམ་རྒྱུད། གསར་རྩོ​ོམ་བཅས་ཀྱི​ི་ལམ་ནས་རྩོ​ོམ་སྒྲི​ིག་ཞུས་ཡོ​ོད་ན། རྒྱ་ཆེ​ེའི​ི་ ཀློ​ོག་པ་པོ​ོ་སྤྱི​ི་དང་། ཡང་སྒོ​ོས་སློ​ོབ་ཕྲུག་ཚོ​ོས་སྤྲོ​ོ་བ་ཆེ​ེན་པོ​ོས་ལྗགས་ཀློ​ོག་གནང་བའི​ི་ རེ​ེ་བ་ཞུ་རྒྱུ་བཅས། བོ​ོད་མི​ིའི​ི་སྒྲི​ིག་འཛུགས་ཤེ​ེས་རི​ིག་ལས་ཁུངས་ནས།


གནའ་སྔ་མོ​ོ་ཞི​ིག་ལ། ཝ་མོ​ོ་དང་། བྱ་སྲེ​ེག་པ་གཉི​ིས་གྲོ​ོགས་པོ​ོ་ཡི​ིན།

1


ཉི​ིན་ཞི​ིག བྱ་སྲེ​ེག་པ་ཟས་འཚོ​ོལ་དུ་ཕྱི​ིན།

2


3


ཝ་མོ​ོ་ ཡི​ིས ་བྱ་སྲེ​ེག ་པར་ཕྲུ་གུ་བདུན་ཡོ​ོད ་པའི​ི་ ནང་ནས་ གཅི​ིག་བཟས། བྱ་སྲེ​ེག་པས་ཝ་མོ​ོ་གླགས་མི​ི་འཁེ​ེལ་སྟབས། ཤེ​ེས་ཀྱང་མ་ཤེ​ེས་ཁུལ་བྱས་ནས་བསྡད།

4


5


ཝ་མོ​ོ་ཟ་རྔམ་ལངས་ནས་ཉི​ིན་མ་རེ​ེ་རེ​ེ་བཞི​ིན་བྱ་སྲེ​ེག་པའི​ི་ཕྲུ་ གུ་རེ​ེ་རེ​ེ་བྱས་ནས་ཟོ​ོས་པས། བྱ་སྲེ​ེག་པའི​ི་སྙི​ིང་ལ་ན་ཟུག་ གཏོ​ོང་ཡང་། ཝ་མོ​ོ་ལ་ཅི​ི་ཡང་བྱེ​ེད་མ་ནུས་པར་ཐབས་ཟད་འུ་ ཐུག་ནས་བསྡད།

6


7


ཉི​ིན་ཞི​ིག བྱ་སྲེ​ེག་པ་ཟས་འཚོ​ོལ་དུ་འགྲོ​ོ་སྐབས། ནགས་ཚལ་ གྱི​ི་འདབས་ན་རྔོ​ོན་པ་ཞི​ིག་གི​ིས་རྙི​ི་འཛུགས་བཞི​ིན་པ་མཐོ​ོང་།

8


9


བྱ་སྲེ​ེག་པའི​ི་སེ​ེམས་ནང་། ད་ཝ་ལ་འཁོ​ོན་ལན་སློ​ོག་པའི​ི་དུས་ ལ་བསླེ​ེབས་སོ​ོང་སྙམ་ནས། མགྱོ​ོགས་པོ​ོ་ཝ་ཡི​ི་འཁྲི​ིས་ལ་ཕྱི​ིན་

ཏེ​ེ། གྲོ​ོགས་པོ​ོ། ཕ་གི​ི་ན་བཟའ་རྒྱུ་ཞི​ིག་འདུག ཁྱོ​ོད་རང་མེ​ེད་ པས་ང་གཅི​ིག་པུས་ཟ་མ་ཕོ​ོད། ངེ​ེད་གཉི​ིས་མཉམ་དུ་ཟ་བར་ འགྲོ​ོ། ཞེ​ེས་ལབ་སྟེ​ེ་ཁྲི​ིད་ཕྱི​ིན།

10


11


བྱ་སྲེ​ེག ་པས་རྙི​ི་ སྟེ​ེང ་གི​ི་ཤ་བསྟན་ནས། གྲོ​ོག ས་པོ​ོ་ ཝ་མོ​ོ་ ལགས། ཁྱེ​ེད་ཀྱི​ིས་སྔོ​ོན་ལ་མཆོ​ོད་དང་། ཞེ​ེས་ལབ་པར། ཝ་

མོ​ོས། འདི​ིར་རྙི​ི་བཙུགས་མེ​ེད་དམ། ཞེ​ེས་ཞེ​ེད་སྣང་སྐྱེ​ེས་ཞོ​ོར་ ཕྱི​ིར་བསྣུར་ཞི​ིག་བྱས།

བྱ་སྲེ​ེག་པས། རྙི​ི་བཙུགས་ཡོ​ོད་མེ​ེད་ངས་བལྟས་ཆོ​ོག། ཅེ​ེས་ ལབ།

12


13


བྱ་སྲེ​ེག་པས་གཤོ​ོག་པ་བརྐྱངས་པ་དང་། རྐང་པ་བསྐུམས་ཏེ​ེ་

ཤ་དེ​ེའི​ི་སྟེ​ེང་ནས་ཁམ་འགའ་བཏོ​ོགས་པ་དང་། གྲོ​ོགས་པོ​ོ་ཝ་ མོ​ོ་ལགས། རྙི​ི་བཙུགས་མི​ི་འདུག ཐུགས་ལྷོ​ོད་ལྷོ​ོད་བྱས་ནས་ མཆོ​ོད་དང་། ཞེ​ེས་བཤད།

14


15


ཝ་མོ​ོ་ལྟོ​ོགས་རྔམ་གྱི​ིས་ཤ་ཡོ​ོད་སར་ཕྱི​ིན་ཏེ​ེ་འཐེ​ེན་པས། རྙི​ི་ ནང་ཚུད་པ་རེ​ེད།

16


17


ཝ་མོ​ོས ་མཇུག་མ་གཡུག་གཡུག་བྱེ​ེད་བཞི​ིན། གྲོ​ོགས་པོ​ོ་ སྲེ​ེག་པ་ལགས། གྲོ​ོགས་པོ​ོ་སྲེ​ེག་པ་ལགས། ང་སྐྱོ​ོབ་དང་། ཞེ​ེས་ཡང་ཡང་བོ​ོས།

18


19


བྱ་སྲེ​ེག་པས། བྱམས་ལ་ཉེ​ེ་རི​ིང་བྱས་པ་དང་། །གྲོ​ོགས་ལ་ བརྐུས་པའི​ི་ཉེ​ེས་པ་ཡི​ིན། །ཁྲེ​ེལ་མེ​ེད་སྙི​ིང་མེ​ེད་ཝ་མོ​ོ་ལ། །ལས་

ཀྱི​ི་རྣམ་སྨི​ིན་བྱུང་བས་གདའ། །སེ​ེམས་ལ་བཞག་ན་བྱ་སྲེ​ེག་ པ། །ངན་ཀྱང་བུ་ཤ་ལོ​ོན་པར་གདའ། །ཞེ​ེས་ལབ།

20


21


ཝ་མོ​ོས། ལས་ལ་དགེ​ེ་སྡི​ིག་ཡོ​ོད་པར་ཆ་མཆི​ིས་ཏེ​ེ། །རྣམ་སྨི​ིན་

འཕྲལ་དུ་འོ​ོང་བ་ཆ་མ་མཆི​ིས། །བདག་ལ་སྔར་དྲི​ིན་ཁྱོ​ོད་ཉི​ིད་

ཆེ​ེ་བ་ལས། །ད་རེ​ེས་ང་ནི​ི་ཁྱོ​ོད་ཀྱི​ིས་བསླུས་པས་ཕུང་། ། ཞེ​ེས་ བཤད།

22


23


སྐབས་དེ​ེར་རྔོ​ོན་པ་སླེ​ེབས་པ་དང་། ཝ་མོ​ོ་རྙི​ི་ དྲ་ནང་བཅུག་སྟེ​ེ་ཁྱེ​ེར་ནས་ཕྱི​ིན་པ་རེ​ེད།

གནོ​ོད་སེ​ེམས་ཅན་གྱི​ི་ཚི​ིག་མི​ི་ཉན། ། དེ​ེ་ཡི​ི་ཚི​ིག་རྣམས་ཉན་བྱེ​ེད་ན། ། བདག་ལ་ཕན་པ་མི​ི་འབྱུང་སྟེ​ེ། །

ཝ་ནི​ི་སྲེ​ེག་པས་ཕུང་བ་བཞི​ིན། །

24


Turn static files into dynamic content formats.

Create a flipbook
ཝ་མོ་དང་བྱ་སྲེག་པ། by Sherig Books - Issuu