Skip to main content

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོའི་བོད་ཡིག་སློབ་དེབ། དབུ་ཅན།

Page 1

Tibetan Textbook for Tibetan Weekend Schools in North America

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ།

སྔོན་འགྲོའི་སློབ་དེབ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས།


བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ།

སྔོན་འགྲོ།


བསྐྱར་ཞིབ་རྩོམ་སྒྲིག་འགན་ཁུར་བ།

ཚེ་རིང་བསམ་གྲུབ།

རྩོམ་སྒྲིག་ལས་རོགས།

སྐལ་བཟང་དབྱངས་སྒྲོན། བློ་བཟང་ཚེ་རིང་། སངས་རྒྱས་སྒྲོལ་མ།

རྩོམ་སྒྲིག་པ།

སྣང་གསལ་བསྟན་འཛིན་ནོར་བུ།

བསྐྱར་ཞིབ་རྩོམ་སྒྲིག་པ། འབྲེལ་མཐུད་པ།

དགེ་འདུན་དོན་ཡོད།

དེབ་གཟུགས་དང་རྒྱབ་ཤ་ཇུས་འགོད་པ། ཞུ་དག་པ།

ཚེ་རིང་བསམ་གྲུབ། ཌོག་ཊར་མཆོག

དགེ་འདུན་དོན་ཡོད།

བྱ་གཞུང་དཔལ་ལྡན་རྡོ་རྗེ།

ཚེ་དབང་ཕུན་ཚོགས། བསྟན་འཛིན་དབྱིག་གཉེན། བྱ་གཞུང་དཔལ་ལྡན་རྡོ་རྗེ། བློ་བཟང་ལེགས་སྒྲུབ།

གཏན་འབེབས་ཚོགས་ཆུང་གི་ཚོགས་མི།

(ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན།)

(བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་ རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན།)

ཨོ་རྒྱན་བསྟན་འཛིན།

བསོད་ནམས་བཟང་པོ།

(ཤེས་ལྷན་བོད་ཀྱི་སྐད་ཡིག་ཚན་པའི་འགན་འཛིན།) བསམ་གྲུབ། (བོད་ཡིག་སློབ་དེབ་རྩོམ་སྒྲིག་པ།)

དཀར་གཞུང་བཀྲ་ཤིས་རྡོ་རྗེ།

(ཤེས་རིག་བརྡ་ཆད་ཚན་པའི་འགན་འཛིན།)

(ཤེས་ལྷན་རྩོམ་སྒྱུར་ཚན་པའི་འགན་འཛིན།)

(སཾ་བྷོ་ཊ་བོད་སློབ་ཚོགས་པའི་བོད་ཡིག་རྒྱུས་སྟོན་པ།) (བོད་ཡིག་སློབ་དེབ་རྩོམ་སྒྲིག་པ།)

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས།


Department of Education, CTA Gangchen Kyishong, Dharamsala – 176215 Distt Kangra, H.P. India

༄༅།

ཆེད་བརྗོད།

ཤེས་རིག་ལས་ཁུངས་།

།བོད་ཀྱི་སྐད་ཡིག་ནི་བཅུ་ཕྲག་རིག་གཞུང་བདུད་རྩིའི་ཉིང་བཅུད་འཛིན་པའི་སྣོད་བཟང་པོ་དང་

Cable: Phone: Fax: E-mail: Web

sherig +91-1892-222572, 222721 01892-222481 education@tibet.net www.sherig.org, www.bodyiglobjong.com

ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་

གངས་ལྗོངས་ལུགས་གཉིས་ཀྱི་དབུགས་རྒྱུན་སྐྱོང་བའི་སྲོག་རྩའང་ཡིན། དེས་ན་རང་གི་སྐད་ཡིག་རྒྱུན་འཛིན་

ལགས་དང་ལས་རོགས་རྣམས་ཀྱིས་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་དེབ་རྩོམ་སྒྲིག་བྱས་པ་

པ་སྨོས་ཅི་དགོས། མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱིས་མི་རབས་མི་ཐོག་བརྒྱུད་

ཀྱིས་བསྐྱར་ཞིབ་དང་གཏན་འབེབས་གནང་སྟེ།

དང་གོང་སྤེལ་བྱེད་པ་ནི་བོད་མི་ཡོངས་རྫོགས་ཀྱི་ཕྲག་ཏུ་རང་བཞིན་གྱིས་བབས་པའི་འགན་ཁུར་ཞིག་ཡིན་

ནས་འགྲོ་མ་ཐུབ་ཚེ་མི་རིགས་དེ་ཉིད་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ། དེར་བརྟེན་མི་ལོ་བཅུ་ཕྲག་

དང་། ཕྱི་ལོ་ ༢༠༡༥ ལོར་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པ་དང་བསྐྱར་ཞིབ་ཚོགས་ཆུང་ཆེད་བཙུགས་ སློབ་དེབ་རྣམས་སྤུས་ཚད་དང་ལག་ལེན་དངོས་ནང་ཚད་

ལྡན་ཡོང་སླད། ཕྱི་ལོ་ ༢༠༡༦ སློབ་དུས་རིང་བྱང་ཨ་རི་བོད་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནང་ཚོད་

གཅིག་གི་གོང་དུ་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་གཞི་རིམ་

ལྟའི་ཐོག་བེད་སྤྱོད་ལག་བསྟར་གནང་ནས་ཕུལ་འབྱོར་བྱུང་བའི་དགོངས་འཆར་ཁག་དང་། གཞན་ཡང་ལྷག་

ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསླབ་གཞི་རྩ་འཛིན་དང་སློབ་དེབ་སོགས་ལ་བསྐྱར་

གྲྭ་དང་བོད་ཁྱིམ་གྱི་ཉམས་མྱོང་ཅན་གྱི་སྔོན་དགེ་དང་།

ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་ཏེ་ད་ཕན་རྒྱ་བལ་ནང་ལག་བསྟར་ཞུས་དང་ཞུ་བཞིན་ཡོད་ལ།

དེ་

ཞིབ་དང་བཟོ་འགོད་གསར་གཏོད་གང་ཅིར་གནང་ཡོད། དེ་མཚུངས་ཕྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་ཤེས་རིག་

ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་ལས་ འཆར་གསར་གཏོད་ཀྱིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་ བར་འབད་བརྩོན་བྱེད་བཞིན་ཡོད་པའི་ཁོངས། ཕྱི་ལོ་ ༢༠༡༣ ཟླ་ ༩ པའི་བྱང་ཨ་མི་རི་ཀའི་བོད་ཀྱི་སྐད་ཡིག་

བསམ་ཅན་སྒེར་ཁག་གིས་ཡིག་ཐོག་གནང་བའི་དགོངས་འཆར་ཁག་ལ་གཞི་བཅོལ་བ་དང་། དཔེ་སྟོན་སློབ་

གཞི་རིམ་འོག་མའི་དགེ་རྒན་ཁག་ཅིག་གདན་ཞུས་

ཀྱིས་བསྐྱར་ཞིབ་གནང་ཕྱོགས་གོ་བསྡུར་ཞུས་པ་དང་འབྲེལ་མཐའ་མའི་བཅོས་སྒྲིག་ཞུས་པར་ཤེས་རིག་ལས་

ཁུངས་ཀྱི་ཆེད་འཛུགས་གནང་བའི་བསྐྱར་ཞིབ་ཚོགས་ཆུང་དང་། སློབ་དེབ་རྩོམ་སྒྲིག་པ་སྣང་གསལ་བསྟན་ འཛིན་ནོར་བུ་བཅས་ཀྱིས་བསྐྱར་ཞིབ་དང་མཐའ་མའི་གཏན་འབེབས་གནང་།

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས ༡༢ དང་ ༡༣ བཅས་ཉིན་གཉིས་ཀྱི་ཨ་རིའི་པོརཊ་ལེནཌ་ཚོགས་འདུ་དྲུག་

དང་རིག་གཞུང་སློབ་གྲྭ་ཁག་གི་སློབ་དགེ་ཚོའི་ཚོགས་ཆེན་གྱི་གྲོས་ཆོད་དང་། ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་ཨ་

པའི་ཐོག་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་དེབ་རྣམས་ཕྱི་ལོ་ ༢༠༡༧ སློབ་དུས་ནས་ལག་བསྟར་

གྲོས་ཆོད་དགོངས་དོན་ལ་གཞིགས་ཏེ།

མཚམས་གནང་འཐུས་གཏན་འཁེལ་ཡོད་པ་བཞིན། སློབ་དེབ་འདི་དག་ལག་བསྟར་བརྒྱུད་རིམ་ནང་བརྗོད་བྱ་

རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚོགས་པའི་བོད་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྐུ་ཚབ་ཀྱི་ཚོགས་འདུའི་ འདི་ནས་སྔར་ཡོད་ལས་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་ནས་ཤེས་

རིག་ལས་ཁུངས་ཀྱིས་ཐད་ཀར་ནུབ་ཕྱོགས་གནས་བཞུགས་བོད་མིའི་ཕྲུ་གུ་ཚོའི་ཆེད་བསླབ་གཞི་བཟོ་འགོད་ མ་དགོས་པར་ཁོངས་སོ་སོ་ནས་བཟོས་པའི་བསླབ་གཞི་དང་སློབ་དེབ་ལ་བསྐྱར་ཞིབ་དང་།

རྩོམ་སྒྲིག་ཕྱག་

རོགས། སློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་གནང་ཕྱོགས་བཅས་སུ་ཐག་གཅོད་བྱུང་སྟེ།

གནང་རྒྱུ་དང་།

བསྐྱར་ཞིབ་གནང་ཕྱོགས་ལོ་ལྔ་རེའི་མཚམས་དང་དགོས་གལ་གཟིགས་ཚེ་ལོ་གསུམ་རེའི་

རྗོད་བྱེད་དང་། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་དང་། ཕ་མ། ཚོགས་ སྒེར་ཅི་རིགས་ནས་དགོངས་འཆར་ཡིག་ཐོག་གནང་སྐྱོང་ཡོང་བའི་རེ་སྐུལ་ཅི་ཆེ་ཞུ་རྒྱུ་བཅས། ཤེས་རིག་ལས་ ཁུངས་ནས། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༥ ཉིན།


1228 17th Street NW Washington, DC 20036 Tel: 212.213.5010 Email: ordc@tibet.net Web: www.tibetoffice.org

བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། THE OFFICE OF TIBET

སྔོན་གླེང་།

༄༅། །བྱང་ཨ་མི་རི་ཀའི་བོད་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་ལྟ་སྐབས། ཆིག་སྟོང་དགུ་བརྒྱ་བརྒྱད་ ཅུའི་ནང་སྤར་མཐིལ་གང་གི་མི་འབོར་རྣམས་ད་ཆ་ཉིས་ཁྲི་ལྷག་ཏུ་གྱུར་ཡོད་པ་འདི་ནི་འདི་ལོའི་ཕྱི་ཟླ་

ཚེས་ ༩།༡༠ ཉིན་ནིའུ་ཡོག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་གྱི་མཛད་སྒོར་བོད་ མི་ཆིག་ཁྲི་བཞི་སྟོང་ལྷག་འདུ་འཛོམས་བྱུང་བ་ནས་ཞིབ་རྟོགས་ཡོང་ངེས་ཡིན།

འོན་ཀྱང་ནུབ་ཕྱོགས་ཡར་

ཐོན་ཅན་གྱི་རྒྱལ་ཁབ་བྱང་ཨ་མི་རི་ཀ་ལྟ་བུའི་ནང་གནས་བཞུགས་བོད་མི་རྣམས་ལ་ཕྱི་དངོས་པོའི་མཐུན་

རྐྱེན་ཕུན་སུམ་ཚོགས་པ་འཛོམས་ཡོད་རུང་། སྤྱི་ཚོགས་ཀྱི་གནས་སྟངས་འོག་མི་རིགས་ཀྱི་ལ་རྒྱར་བཟུང་བའི་

སྐད་རིགས་ཉམས་པའི་ཉེན་ཚབས་ཀྱང་དེ་བས་ཆེ་བ་ཡོད། དེར་བརྟེན་འདི་ག་བྱང་ཨ་རིའི་སྐུ་ཚབ་དོན་ཁང་

དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ མི་ཉམས་རྒྱུན་འཛིན་ཐུབ་ཐབས་སླད།

ལས་གཞི་དུ་མ་སྤེལ་དང་སྤེལ་མུས་ལ་བརྟེན་ནས་བོད་མིའི་འདུས་

སྡོད་ཁག་གི་ནང་བོད་ཡིག་གཟའ་མཇུག་སློབ་གྲྭ་མང་པོ་འགོ་འཛུགས་ཐུབ་པ་བྱུང་ཡོད།

དེ་ལྟའི་སློབ་གྲྭ་

གྲངས་ཉི་ཤུ་རྩ་གཅིག་དང་། དང་བླངས་བོད་དགེ་བརྒྱ་དང་བཅོ་ལྔ། སློབ་ཕྲུག་གྲངས་ཆིག་སྟོང་ལྷག་ཙམ་སློབ་ ཞུགས་ཀྱིས་གཟའ་མཇུག་འཆར་ཅན་སློབ་གྲྭ་ཚོགས་ཀྱིན་ཡོད། སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཙམ་མ་ཟད།

རིག་གཞུང་འཁྲབ་སྟོན་དང་། རོལ་ཆ། ནང་ཆོས་ངོ་སྤྲོད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་སློབ་ཁྲིད་གནང་ བཞིན་ཡོད།

དེ་ལྟར་ཡང་ས་ཁུལ་སོ་སོའི་དགེ་སློབ་ཀྱི་གནས་སྟངས་ལ་གཞིགས་ཏེ་སློབ་ཁྲིད་བྱེད་བཞིན་

པ་ལས། སྤྱི་ཡོངས་ཀྱིས་ཚད་འཛིན་བྱ་སའི་གཅིག་གྱུར་གྱི་སློབ་དེབ་མེད་སྟབས། ཨ་རིའི་ནང་འཚར་ལོངས་ འབྱུང་བཞིན་པ་དང་བོད་ཡིག་རྒྱུན་མཁོའི་སློབ་ཚན་མ་ཡིན་པའི་ཟུར་སྦྱོང་དགོས་མཁན་སློབ་ཕྲུག་རྣམས་

ཀྱི་གནས་ཚད་ལ་དཔག་པའི་སློབ་དེབ་གཏན་འབེབས་དགོས་པར་གཟིགས་ཏེ། འདི་ག་ལས་ཁུངས་དང་། ས་ གནས་བོད་དགེ། འཐུས་མི། རྩོམ་སྒྲིག་པ་བཅས་ཀྱིས་ཚོགས་ཆུང་ཟུར་བཙུགས་ཀྱིས་འཛིན་རིམ་བརྒྱད་པ་བར་ སྡེ་ཚན་གསུམ་དུ་དབྱེ་སྟེ། སྡེ་ཚན་དང་པོར་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་དང་། སྡེ་ཚན་གཉིས་ པར་འཛིན་རིམ་གསུམ་པ་ནས་ལྔ་པ་བར། སྡེ་ཚན་གསུམ་པར་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་བཅས་

སྡེ་ཚན་སོ་སོའི་སློབ་དེབ་རྩོམ་སྒྲིག་གིས་ཟིན་བྲིས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། སྡེ་ཚན་དང་པོའི་

སློབ་དེབ་འདི་ནི་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་གཙོས་ཁོང་གི་ཕྱག་རོགས་སྐལ་བཟང་ དབྱངས་སྒྲོན་ལགས་དང་། བློ་བཟང་ཚེ་རིང་ལགས། སངས་རྒྱས་སྒྲོལ་མ་ལགས་བཅས་ཀྱི་ཚོགས་ཆུང་ནས་ རྩོམ་སྒྲིག་གནང་བ་དང་།

བཟོ་སྒྲིག་ཞུས་པ་ཞིག་ཡིན།

དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ནས་བསྐྱར་ཞིབ་དང་

དེ་ལྟའི་སློབ་དེབ་པར་སྐྲུན་ཐུབ་པ་ནི་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་གྱིས་རྩོམ་སྒྲིག་ཚོགས་ཆུང་གི་ ཚོགས་མི་ལྷན་རྒྱས་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་ཚོགས་ མི་རྣམ་པ་ཡོངས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སློབ་དེབ་འདི་ཇི་ལྟར་དམིགས་པ་བཞིན་དགེ་ རྒན་དང་། སློབ་ཕྲུག ཕ་མ་བཅས་ཀྱི་མངོན་འདོད་འགྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། མཐའ་དོན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་དང་མི་རིགས། བོད་

མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ ཆེད།

དུས་ཀུན་སྐུ་ངལ་བསྐྱོན་དང་སྐྱོན་བཞིན་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་སྙིང་ཁོང་རུས་པའི་

གཏིང་ནས་ཡིད་སྨོན་ཞུས་ཤིང་།

༸མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་རྡོ་རྗེའི་ངོ་བོར་བརྟན་པའི་གསོལ་

འདེབས་རྩེ་གཅིག་ཏུ་ཞུ་རྒྱུ་དང་། དཔལ་ལྡན་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་དུས་རྟག་ཏུ་མཐུན་འགྱུར་ སྦྱོར་སྤྲོད་མཛད་པར་ཡི་རང་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་

དབུ་དཀར་ཚང་སྐལ་རྡོར་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༥ བཟང་པོར། དགེ་ལེགས་འཕེལ།


རྩོམ་སྒྲིག་པའི་གཏམ།

III

༄༅། །སའི་གོ་ལའི་ཁྱིམ་ཚང་ཆེན་པོ་འདིའི་ནང་དུ་མི་རིགས་འདྲ་མིན་དང་སྐད་ཡིག་འདྲ་མིན་གྲངས་ལས་འདས་པ་ཞིག་ཡོད་རུང་། དེའི་ཁྲོད་རང་སྐྱ་འཕེར་ཞིང་། ཚད་དང་ལྡན་པའི་བརྡ་

སྤད ྲོ ་ཀྱི་གཞུང་ལུགས་ཆ་ཚང་བ་ཞིག་ཡོད་པའི་སྐད་ཡིག་གི་གྲངས་འབོར་ཧ་ཅང་ཉུང་ཉུང་ཆགས་ཡོད། འོན་ཀྱང་། གངས་ཅན་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་ཚད་ལྡན་ཅན་གྱི་གྲས་སུ་ཚུད་ཡོད།

དེ་སྔ་བོད་ཕྲུག་ཚོས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གི་མཐུན་རྐྱེན་འཛོམས་པའི་ཁོར་ཡུག་ཁྲོད་དུ་སློབ་སྦྱོང་བྱས་པ་དང་། བོད་སྐད་ནི་ཁོ་པ་ཚོའི་ཕ་སྐད་རང་ཡིན་

པ་ལས། སྐད་ཡིག་གཞན་ཞིག་གི་ཤུགས་རྐྱེན་ཧ་ལམ་ཐེབས་མྱོང་མེད། ཡིན་ན་ཡང་། དེང་སྐབས་བོད་མི་མང་དག་ཅིག་གངས་ཅན་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་རྒྱབ་ལྗོངས་མེད་ པའི་ཡུལ་གྲུ་མང་པོར་འཚོ་གནས་བྱས་དང་བྱེད་བཞིན་ཡོད།

ཡུལ་གྲུ་དེ་ཚོའི་ནང་དུ་འཚར་ལོངས་འབྱུང་བཞིན་ཡོད་པའི་བོད་ཕྲུག་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་ནི་རང་གི་ཕ་སྐད་ལ་འགྱུར་ཐུབ་ཀྱི་མེད་པ་མ་ཟད། ལྷག་དོན་ཁོངཚོར་

བོད་ཀྱི་སྐད་དང་ཡི་གེ་སློབ་ཁྲིད་བྱེད་སྐབས་ངེས་པར་དུ་སྐད་ཡིག་གཉིས་པའི་སློབ་ཁྲིད་ཀྱི་ཐབས་ལམ་ལ་བརྟེན་ནས་ངོ་སྤྲོད་བྱེད་དགོས་པའི་ཛ་དྲག་གི་གནས་སྟངས་ཤིག་ཐོན་བཞིན་ཡོད།

དེར་བརྟེན། ཕྲན་ནས་བོད་ཡིག་གི་སློབ་དེབ་འདི་བརྒྱུད་དེ་སྲོལ་རྒྱུན་གྱི་ཤེས་བྱ་རྣམས་གང་ཐུབ་ཀྱིས་རྒྱུན་འཛིན་ཡོང་ཐབས་བྱས་པ་དང་ཆབས་ཅིག འདྲ་མིན་ཞིག་བེད་སྤྱད་དེ་བོད་ཕྲུག་ཚོས་གོ་བདེ་བ་དང་། སྦྱོང་བདེ་བ། ཤེས་བདེ་བ་ཞིག་ཡོང་རྒྱུར་དམིགས་ནས་རྩོམ་སྒྲིག་བྱས་ཡོད།

དེང་རབས་ཀྱི་སློབ་ཁྲིད་ཐབས་ལམ་

སྔོན་འགྲོའི་སློབ་དེབ་འདིའི་ནང་དུ་རྒྱུན་ལྡན་བོད་ཀྱི་རིག་གཞུང་དང་། བོད་མིའི་འཚོ་བའི་ཁྲོད་དུ་མཐོང་ཐུབ་པའི་ཚོན་མདོག་དམར་པོ་དང་། ལྗང་ཁུ། སྔོན་པོ། སེར་པོ་བཅས་རིགས་

བཞི་བེད་སྤྱོད་བྱས་ནས་དབྱངས་དང་གསལ་བྱེད།

མགོ་ཅན་དང་འདོགས་ཅན་བཅས་ཀྱི་ཡིག་འབྲུ་རྣམས་ལ་སྒྲ་གདངས་མཐོ་འབྲིང་དམའ་གསུམ་གྱི་ཁྱད་པར་དབྱེ་འབྱེད་བྱས་ཡོད་ཅིང་།

དེ་ཡང་ཐོག་མར་དབྱངས་བཞི་ངོ་སྤྲོད་བྱེད་སྐབས་ཚོན་མདོག་དམར་པོ་བེད་སྤྱོད་བྱས་ནས་དབྱངས་བཞིའི་སྒྲ་གདངས་རྣམས་སྒྲ་མཐོ་བའམ་སྒྲ་དྲག་པ་ཞིག་ཡིན་པ་མཚོན་ཐབས་བྱས། ནས་རིམ་བཞིན་གསལ་བྱེད་སུམ་ཅུའི་སྒྲ་གདངས་ལ་དབྱེ་འབྱེད་བྱེད་རྒྱུ་འགོ་བཙུགས་ཡོད།

སྲོལ་རྒྱུན་ལ་གསལ་བྱེད་སུམ་ཅུ་ངོ་སྤྲོད་བྱེད་པའི་སྐབས་སུ་གསལ་བྱེད་ཀྱི་ཡིག་འབྲུ་སོ་སོའི་གཤིས་རྒྱུད་དང་བསྟུན་ཏེ་སྒྲ་གདངས་ལ་རིགས་ཀྱི་སྡེ་ཚན་ལྔ་སྟེ། ཕོ་དང་མོ།

དང་ཤིན་ཏུ་མོ། མོ་གཤམ་བཅས་དབྱེ་སྲོལ་ཡོད་པ་དང་། སྐབས་འགར་ཕོ་དང་། མ་ནིང་། མོ་བཅས་སྡེ་ཚན་གསུམ་གྱི་དབྱེ་སྲོལ་ཞིག་ཀྱང་ཡོད་པ་རེད། ཡིན་ན་ཡང་།

དེ་

མ་ནིང་

དེང་སྐབས་ཕྱིའི་

ཡུལ་གྲུ་ཁག་ཏུ་བོད་ཡིག་སློབ་ཁྲིད་བྱེད་སྐབས་གསལ་བྱེད་སུམ་ཅུར་ཕོ་དང་། མོ། མ་ནིང་ལྟ་བུའི་ཐ་སྙད་བེད་སྤྱོད་བྱས་ཏེ་སྒྲ་གདངས་ཀྱི་ཁྱད་པར་མ་ཕྱེ་བར་དེའི་ཚབ་ཏུ་སྒྲ་གདངས་མཐོ་བ་

དང་། འབྲིང་བ། དམའ་བ་བཅས་ཀྱི་མིང་བཏགས་ནས་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད། གང་ཡིན་ཟེར་ན།

ཕྱི་རྒྱལ་གྱི་སློབ་ཕྲུག་ཚོས་བོད་ཡིག་ནང་གི་གསལ་བྱེད་འགའ་རེའི་སྒྲ་གདངས་


IV

ལ་དབྱེ་བ་གསལ་པོ་ཕྱེ་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད། དཔེར་ན། གསལ་བྱེད་ “ཞ་”/sha/ དང་ “ཤ་” /shá/ གཉིས་དབར་གྱི་སྒྲ་གདངས་ཀྱི་ཁྱད་པར། གསལ་བྱེད་ “ཟ་”/ sa/ དང་ “ས་”/sá/ གཉིས་དབར་གྱི་སྒྲ་གདངས་ཀྱི་ཁྱད་པར།

དེ་བཞིན་གསལ་བྱེད་ “འ་”/a/ དང་“ཨ་”/á/ གཉིས་དབར་གྱི་སྒྲ་གདངས་ཀྱི་ཁྱད་པར་སོགས་ཡོད།

དེ་དག་གཅིག་མཚུངས་ཀྱིས་ཕྱི་རྒྱལ་ཡུལ་གྲུའི་ནང་དུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་ཚོའི་ཐོག་ཏུ་ཡང་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན།

གོང་གི་དཀའ་ངལ་

ཕྲན་གྱིས་ནུབ་ཕྱོགས་ཀྱི་སློབ་གྲྭ་ཆེན་

མོའི་ནང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སྐབས། དེ་སྔའི་སྲོལ་རྒྱུན་གྱི་སྡེ་ཚན་དབྱེ་སྲོལ་དེར་བསྒྱུར་བཅོས་ཕྲན་བུ་ཞིག་བཏང་ཡོད་པ་སྟེ། “མོ་” ཡི་སྡེ་ཚན་གྱི་ཁོངས་སུ་ཡོད་པའི་གསལ་

བྱེད་ “ཤ་”དང་“ས་”གཉིས་ལོགས་སུ་བཏོན་ནས་“ཕོ་”ཡི་སྡེ་ཚན་གྱི་ནང་དུ་གསར་དུ་བསྣན་པས། གསལ་བྱེད་དེ་གཉིས་ཀྱི་སྒྲ་གདངས་དེ་གསལ་བྱེད་“ཞ་”དང་ “ཟ་” གཉིས་ཀྱི་སྒྲ་གདངས་ ལས་སྒྲ་མཐོ་བ་ཞིག་ཡོད་པ་གསལ་པོར་འདོན་ཐུབ་པ་དང་།

དེ་ནས་“མོའམ་མོ་གཤམ་”གྱི་སྡེ་ཚན་ནང་ནས་གསལ་བྱེད་“ཧ་”ལོགས་སུ་བཏོན་ཏེ་“མ་ནིང་”གི་ཁོངས་སུ་བསྣན།

དེ་བཞིན་

གསལ་བྱེད་“འ་”དང་“ཨ་”གཉིས་དབར་གྱི་སྒྲ་གདངས་ལ་ཁྱད་པར་ཡོད་པ་དེ་གསལ་པོར་ཐོན་པའི་ཆེད་དུ་གསལ་བྱེད་“ཨ་” ནི་“ཕོ་”ཡི་སྡེ་ཚན་གྱི་ཁོངས་སུ་བསྣན་ཏེ་གསལ་བྱེད་“འ་”ལས་ སྒྲ་གདངས་མཐོ་བ་ཡོད་པ་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད། ཕྲན་ནས་གོང་གི་ནུབ་ཕྱོགས་ཀྱི་སློབ་གྲྭ་ཆེན་མོའི་སློབ་ཁྲིད་བྱ་ཐབས་དེར་གཞིར་བཟུང་ནས་སློབ་དེབ་འདིའི་ནང་གི་གསལ་བྱེད་

སུམ་ཅུའི་སྒྲ་གདངས་ཀྱི་ཁྱད་པར་ངོ་སྤྲོད་བྱེད་དུས། ཚོན་མདོག་དམར་པོ་དང་། ལྗང་ཁུ། སྔོན་པོ། སེར་པོ་བཅས་རིགས་བཞི་བེད་སྤྱོད་བྱས་ནས་གསལ་བྱེད་སོ་སོའི་སྒྲ་གདངས་མཚོན་

ཐབས་བྱས་ཡོད་པ་སྟེ། ཚོན་མདོག་དམར་པོས་སྒྲ་གདངས་མཐོ་བའི་གསལ་བྱེད་རྣམས་མཚོན་ཐབས་བྱས་པ་དང་། ཚོན་མདོག་ལྗང་ཁུས་སྒྲ་གདངས་འབྲིང་བའི་གསལ་བྱེད་རྣམས་མཚོན་

ཞིང་། གསལ་བྱེད་དེ་ཚོའི་སྒྲ་གདངས་འདོན་སྐབས་ངེས་པར་དུ་ཁའི་ནང་གི་དབུགས་ཁའི་ཕྱི་རུ་འདོན་དགོས་ཡོད། དེ་ནས་སྒྲ་གདངས་དམའ་བའི་གསལ་བྱེད་རྣམས་གཙོ་བོ་ཚོན་མདོག་ སྔོན་པོས་མཚོན་ཐབས་བྱས་ཡོད་ཀྱང་། གསལ་བྱེད་དེ་ཚོའི་ཁོངས་ནས་གསལ་བྱེད་ “ང་” “ཉ་” “ན་” “མ་”བཅས་བཞི་ལ་སྣ་སྒྲ་ལྡན་པའི་དབང་གིས་དམིགས་སུ་བཀར་ནས་ཚོན་མདོག་ སེར་པོ་བེད་སྤྱོད་བྱས་ཏེ་མཚོན་ཐབས་བྱས་ཡོད། ཚོན་མདོག་བཞི་པོ་དེས་གསལ་བྱེད་སུམ་ཅུའི་སྒྲ་གདངས་ཀྱི་ཁྱད་པར་རྣམས་ངོ་སྤྲོད་གསལ་པོ་ཞིག་བྱེད་ཐུབ་པ་མ་ཟད། མགོ་ཅན་གསུམ་

དང་། འདོགས་ཅན་བཞི་ལྡན་པའི་བོད་ཡིག་གི་ཡིག་འབྲུ་དེ་ཚོར་སྒྲ་གདངས་མཐོ་བ་དང་། འབྲིང་བ། དམའ་བ་བཅས་ཀྱི་ཁྱད་པར་ཡོད་པ་དེ་ཡང་གསལ་པོའི་ངང་ནས་ངོ་སྤྲོད་བྱེད་ཐུབ་ཀྱི་

ཡོད་པས་དོན་གཉེར་ཅན་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོང་བར་ཞུ། ཞེས་རྩོམ་སྒྲིག་པས་ཟླ་ཚེས་བཟང་པོར་ཕུལ་བ་དགེའ།ོ །


V

དཀར་ཆག

རྩོམ་སྒྲིག་པའི་གཏམ།.............................................................................................................................................. III

འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་དང་སྨོན་ལམ།............................................................................................. 1 དར་ལྕོག་བརྒྱུད་ནས་ཚོན་མདོག་ངོ་སྤྲོད།.................................................................................................................... 4 གསལ་བྱེད་སུམ་ཅུའི་སྣང་གསལ་སྒྲ་གདངས་མཚོན་སྟངས།......................................................................................... 6 གསལ་བྱེད་སུམ་ཅུའི་སྣང་གསལ་སྒྲ་མདོག་མཚོན་སྟངས།............................................................................................................... 7

གསལ་བྱེད་ཀ་སྡེ།..................................................................................................................................................... 8 ཁ་སྐད་སྦྱོང་བརྡར།....................................................................................................................................................................14 གྲངས་ཀ................................................................................................................................................................................. 15

གསལ་བྱེད་ཅ་སྡེ།................................................................................................................................................... 16 ཁ་སྐད་སྦྱོང་བརྡར།....................................................................................................................................................................22

གསལ་བྱེད་ཏ་སྡེ།.................................................................................................................................................... 23


VI

ཟས་མཆོད་འབུལ་སྟངས།..........................................................................................................................................................29

གསལ་བྱེད་པ་སྡེ།................................................................................................................................................... 30 ཁ་སྐད་སྦྱོང་བརྡར།....................................................................................................................................................................36

གསལ་བྱེད་ཙ་སྡེ།................................................................................................................................................... 37 ལུས་ཀྱི་ཆ་ཤས་ངོ་སྤྲོད།............................................................................................................................................................. 43

གསལ་བྱེད་ཞ་སྡེ།................................................................................................................................................... 44 ཁ་སྐད་སྦྱོང་བརྡར།....................................................................................................................................................................50

གསལ་བྱེད་ར་སྡེ།................................................................................................................................................... 51 ཁ་སྐད་སྦྱོང་བརྡར།....................................................................................................................................................................57

གསལ་བྱེད་ཧ་སྡེ།.................................................................................................................................................... 58 ཁ་སྐད་སྦྱོང་བརྡར།....................................................................................................................................................................62 ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།............................................................................................................................. 64

དབྱངས་བཞི།......................................................................................................................................................... 66


VII

ཁ་སྐད་སྦྱོང་བརྡར།....................................................................................................................................................................73

གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ། (ཀ-ཅ) ......................................................................................................... 74 ཁ་སྐད་སྦྱོང་བརྡར།....................................................................................................................................................................86

གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ། (ཏ-པ) .......................................................................................................... 87 ཁ་སྐད་སྦྱོང་བརྡར།.................................................................................................................................................................. 100

གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ། (ཙ-ཞ) ......................................................................................................... 101

ཁ་སྐད་སྦྱོང་བརྡར།.................................................................................................................................................................. 111

གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ། (ར-ཧ) ......................................................................................................... 112 ཁ་སྐད་སྦྱོང་བརྡར།.................................................................................................................................................................. 122 ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།........................................................................................................................... 123

ལོག་པ་དང་མཐུག་པོའི་ཡི་གེ།................................................................................................................................ 125 ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།........................................................................................................................... 126

ཡ་བཏགས་བདུན།

........................................................................................................................................... 127


VIII

ར་བཏགས་བཅུ་གཉིས།

.................................................................................................................................... 129

ལ་བཏགས་ཅན་དྲུག

........................................................................................................................................ 133

ཝ་བཏགས་བཅུ་གཉིས།

.................................................................................................................................... 136

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།........................................................................................................................... 132 ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།........................................................................................................................... 135 ཁ་སྐད་སྦྱོང་བརྡར།.................................................................................................................................................................. 149 འདོགས་ཅན་བཞི་ཡི་སྣང་གསལ་སྒྲ་མདོག་མཚོན་སྟངས།............................................................................................................. 151 འདོགས་ཅན་བཞི་ལ་དབྱངས་སྦྱོར་ཚུལ།..................................................................................................................................... 153 ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།........................................................................................................................... 163 བོད་ཨིན་ཐ་སྙད་ཤན་སྦྱར།

Tibetan-English Glossary...................................................................................................................................164


1

འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་དང་སྨོན་ལམ།

བླ་མ་དང་མགོན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །

ཨོཾ་ཨ་ར་པ་ཙ་ན་དྷཱི༔

དྷཱི༔ དྷཱི༔ དྷཱི༔ དྷཱི༔ དྷཱི༔ དྷཱི༔ དྷཱི༔ བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །

...

བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །

བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། ། བློ་གྲོས་སྤོབས་པའི་སྣང་བ་སྩལ་ཏུ་གསོལ། །

1


2

ཞོགས་པ་བདེ་ལེགས།

ཉིན་གུང་བདེ་ལེགས།

དགོང་དྲོ་བདེ་ལེགས།

གཟིམ་འཇགས་གནང་།

2


3

བཀྲ་ཤིས་ལགས།

ཞོགས་པ་བདེ་ལེགས།

པ་ལགས།

ཉིན་གུང་བདེ་ལེགས།

རྒན་ལགས།

ཨ་མ་ལགས།

སློབ་གྲོགས་ཚོ།

སྔ་དྲོ་བདེ་ལེགས།

དགོང་དྲོ་བདེ་ལེགས།

གཟིམ་འཇགས་གནང་།

3


དར་ལྕོག་བརྒྱུད་ནས་ཚོན་མདོག་ངོ་སྤྲོད།

4

གནམ་སྔོན་པོ།

ནམ་མཁའ།

མེ་དམར་པོ།

མེ།

སྤྲིན་པ་དཀར་པོ།

ཆུ་ལྗང་ཁུ། ས་སེར་པོ།

རླུང་། ཆུ། ས།

4


5

ཚོན་མདོག་ངོ་སྤྲོད། དཀར་པོ།

ནག་པོ།

ཐལ་མདོག

ལྗང་ཁུ།

སྔོན་པོ།

སེར་པོ།

དམར་པོ།

མུ་མེན།

རྒྱ་སྨུག

ཟིང་སྐྱ།

ལི་ཝང་། 5


གསལ་བྱེད་སུམ་ཅུའི་སྣང་གསལ་སྒྲ་གདངས་མཚོན་སྟངས།

6

• ཚོན་མདོག་དམར་པོས་སྒྲ་གདངས་མཐོ་བའམ་སྒྲ་དྲག་པ་མཚོན།

• ཚོན་མདོག་ལྗང་ཁུས་སྒྲ་གདངས་འབྲིང་བ་དང་དབུགས་ཕྱི་རུ་འདོན་དགོས་ པ་མཚོན།

• ཚོན་མདོག་སྔོན་པོས་སྒྲ་གདངས་དམའ་བའམ་སྒྲ་ཞན་པ་མཚོན།

• ཚོན་མདོག་སེར་པོས་སྒྲ་གདངས་དམའ་བ་དང་སྣ་སྒྲ་འདོན་དགོས་པ་མཚོན། 6


7

གསལ་བྱེད་སུམ་ཅུའི་སྣང་གསལ་སྒྲ་མདོག་མཚོན་སྟངས།

ཀ་ཁ་ག་ང་།

ཅ་ཆ་ཇ་ཉ།

ཏ་ཐ་ད་ན།

པ་ཕ་བ་མ།

ར་ལ་ཤ་ས།

ཧ་ཨ།

ཙ་ཚ་ཛ་ཝ།

ཞ་ཟ་འ་ཡ།

7


གསལ་བྱེད་ཀ་སྡེ།

8

ཀ་ ཁ་ ག་ ང་ ཀ་

ཁ་

ག་

ང་

8


9

ཀ་ར།

ཀ ཀ་

ཀ་ར་བཟས་ན་མངར་མོ་ཡོད་པ་རེད།

9


10

ཁ།

ཁ། ཁ་

འདི་ཁ་རེད།

10


11

ག་རེ།

ག ག་

འདི་ག་རེ་རེད།

11


12

ང་།

ང་། ང་

ང་བོད་པ་ཡིན།

12


13

སྒྲ་གདངས་ངོས་འཛིན་བྱོས།

ང་ ག་ ཁ་ ཀ་

13


14

ཁ་སྐད་སྦྱོང་བརྡར།

ཀ༽ སློབ་ཕྲུག་ཚོ། སྐུ་ཁམས་བཟང་།

ཁ༽ རྒན་ལགས། སྐུ་ཁམས་བཟང་།

ཀ༽ ཁྱེད་རང་གི་མིང་ལ་ག་རེ་ཟེར་གྱི་ཡོད། ཁ༽ ངའི་མིང་ལ་དབང་མོ་ཟེར་གྱི་ཡོད།

ཀ༽ དབང་མོ་ལགས། ཁྱེད་རང་ལོ་ག་ཚོད་ཡིན། ཁ༽ ང་ལོ་བརྒྱད་ཡིན།

14


15

གྲངས་ཀ

6

7

8

9

10

1

༡༡ 11

༡༦ 16

2

༡༢ 12

༡༧ 17

3

༡༣ 13

༡༨ 18

4

༡༤ 14

༡༩ 19

5

༡༠

༡༥ 15

༢༠ 20

15


གསལ་བྱེད་ཅ་སྡེ།

16

ཅ་ ཆ་ ཇ་ ཉ་ ཅ་

ཆ་

ཇ་

ཉ་

16


17

ཅ་ག

ཅ། ཅ་

ཁོང་ཚོས་ཅ་ག་བྱེད་ཀྱི་འདུག

17


18

ཆ་ག་པ།

ཆ། ཆ་

འདི་འབུ་ཆ་ག་པ་རེད།

18


19

ཇ།

ཇ། ཇ་

ང་ཇ་ལ་དགའ་པོ་ཡོད།

19


20

ཉ།

ཉ། ཉ་

ཆུའི་ནང་དུ་ཉ་འདུག

20


21

སྒྲ་གདངས་ངོས་འཛིན་བྱོས།

ཇ་ ཆ་ ཅ་ ཉ་

21


22

ཁ་སྐད་སྦྱོང་བརྡར།

ཀ༽ ཚོང་དཔོན་ལགས། སྐུ་ཁམས་བཟང་།

ཁ༽ སྐུ་ཁམས་བཟང་། བུ། ཁྱོད་ལ་ག་རེ་དགོས།

ཀ༽ ང་ལ་ཤེལ་ཀ་ར་དང་། ཁ་ཟས་དགོས།

ཁ༽ ལགས་སོ། །ཏོག་ཙམ་སྒུགས་ཨང་།

22


གསལ་བྱེད་ཏ་སྡེ།

23

ཏ་ ཐ་ ད་ ན་ ཏ་

ཐ་

ད་

ན་

23


24

ཏ་ལ།

ཏ། ཏ་

འདི་ཤིང་ཏ་ལ་རེད།

24


25

ཐ་མ།

ཐ། ཐ་

ཁོ་ཐ་མ་རེད།

25


26

ད་ར།

ད། ད་

ངས་ད་ར་འཐུང་གི་ཡོད།

26


27

ན།

ན། ན་

བུ་མོ་འདི་ན་འདུག

27


28

སྒྲ་གདངས་ངོས་འཛིན་བྱོས།

ཏ་ ད་ ཐ་ ན་

28


29

ཟས་མཆོད་འབུལ་སྟངས།

སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། ། སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །

འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །

སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །

29


གསལ་བྱེད་པ་སྡེ།

30

པ་ ཕ་ བ་ མ་ པ་

ཕ་

བ་

མ་

30


31

པ་ཕ།

པ། པ་

འདི་པ་ཕ་རེད།

31


32

ཕ་མ།

ཕ། ཕ་

ང་ཕ་མ་ལ་དགའ་པོ་ཡོད།

32


33

བ་ར།

བ། བ་

བ་ཕྱུགས་བ་ར་ཡི་ནང་དུ་འདུག

33


34

མ་མ།

མ། མ་

འདི་མ་མ་རེད།

34


35

སྒྲ་གདངས་ངོས་འཛིན་བྱོས།

པ་ མ་ བ་ ཕ་

35


36

ཁ་སྐད་སྦྱོང་བརྡར།

ཀ༽ ཨ་མ་ལགས། ཞོགས་པ་བདེ་ལེགས།

ཁ༽ ཞོགས་པ་བདེ་ལེགས། བུ། ཞོགས་ཇ་ག་རེ་དགོས།

ཀ༽ འོ་མ་དང་བག་ལེབ་དགོས། ཨ་མ་ལགས། ག་རེ་མཆོད་ཀྱི་ཡིན། ཁ༽ ངས་བག་ལེབ་མཉམ་དུ་སྒོ་ང་ཟ་ཡི་ཡིན། ཀ༽ པ་ལགས་དང་ཨ་ཅག་ལགས་གཉིས་ ཀྱིས་ག་རེ་མཆོད་ཀྱི་རེད།

ཁ༽ ཁོང་གཉིས་ཀྱིས་བག་ལེབ་དང་ སྒོ་ང་མཆོད་ཀྱི་རེད།

36


གསལ་བྱེད་ཙ་སྡེ།

37

ཙ་ ཚ་ ཛ་ ཝ་ ཙ་

ཚ་

ཛ་

ཝ་

37


38

ཙ་ར་ར།

ཙ། ཙ་

ཆུ་ཙ་ར་ར་འཐོན་གྱི་འདུག

38


39

ཚ་ལུ་མ།

ཚ། ཚ་

ཚ་ལུ་མ་ཡི་མདོག་ལི་ཝང་རེད།

39


40

ཛ་རེ་ཛོ་རེ།

ཛ། ཛ་

སྣོད་ཆས་ཛ་རེ་ཛོ་རེར་བཞག་འདུག

40


41

ཝ་མོ།

ཝ། ཝ་

འདི་ལ་ཝ་མོ་ཟེར་གྱི་ཡོད།

41


42

སྒྲ་གདངས་ངོས་འཛིན་བྱོས།

ཛ་ ཚ་ ཙ་ ཝ་

42


43

ལུས་ཀྱི་ཆ་ཤས་ངོ་སྤྲོད། ཐོད་པ།

མིག་སྤུ།

མིག

རྣ་ཅོག

སྣ།

ཁ།

ལག་པ། བརླ།

རྐང་པ།

ཕྲག་པ།

ལྕེ།

གྲོད་ཁོག

མགོ།

སྐེ།

སོ།

མཆུ་ཏོ། མ་ལེ།

སྐྲ།

བྲང་ཁོག

དཔུང་པ།

སྒལ་པ།

ལྟེ་བ།

པུས་མོ།

གྲུ་མོ།

རྐེད་པ།

མཛུབ་མོ།

རྐུབ།

སེན་མོ། རྟིང་ཀ

ཉྭ་རིལ།

43


གསལ་བྱེད་ཞ་སྡེ།

44

ཞ་ ཟ་ འ་ ཡ་ ཞ་

ཟ་

འ་

ཡ་

44


45

ཞ་ར།

ཞ། ཞ་

ཁྱི་འདི་ཞ་ར་ཞིག་རེད།

45


46

ཟ་མ།

ཟ། ཟ་

ཁོང་ཚོས་ཟ་མ་ཟ་ཡི་འདུག

46


47

འ་ཡོ།

འ། འ་

ཁྱི་ཆུང་ཆུང་ལ་འ་ཡོ་ལབ་ཀྱི་རེད།

47


48

ཡ།

ཡ། ཡ་

འདི་ན་ལྷམ་གོག་ཡ་གཉིས་འདུག

48


49

སྒྲ་གདངས་ངོས་འཛིན་བྱོས།

ཞ་ འ་ ཡ་ ཟ་

49


50

ཁ་སྐད་སྦྱོང་བརྡར།

ཀ༽ སྤོ་བོ་ལགས། འདིར་བཞུགས་རོགས་གནང་། ཁ༽ ཐུགས་རྗེ་ཆེ།

ཀ༽ གལ་བྱེད་ཀྱི་མ་རེད།

ཁ༽ བུ་ག་པར་ཕེབས་ཀྱི་ཡོད།

ཀ༽ ང་སློབ་གྲྭ་ལ་འགྲོ་ཡི་ཡོད།

ཁ༽ ཡག་པོ་འདུག སློབ་སྦྱོང་ཡག་པོ་བྱོས།

ཀ༽ ལགས་སོ། །

50


གསལ་བྱེད་ར་སྡེ།

51

ར་ ལ་ ཤ་ ས་ ར་

ལ་

ཤ་

ས་

51


52

ར།

ར།

འདི་ལ་ར་ཞིག་འདུག

ར་

52


53

ལ།

ལ། ལ་

ལ་འདི་མཐོ་པོ་འདུག

53


54

ཤ་མོ།

ཤ་

རྩྭ་ཐང་ལ་ཤ་མོ་མང་པོ་སྐྱེས་འདུག

54


55

ས།

ས། ས་

འདི་ལ་ས་མང་པོ་སྤུངས་འདུག

55


56

སྒྲ་གདངས་ངོས་འཛིན་བྱོས།

ས་ ཤ་ ར་ ལ་

56


57

ཁ་སྐད་སྦྱོང་བརྡར།

ཀ༽ བསྟན་འཛིན་ལགས། ཁྱེད་རང་གི་པ་ལགས་དང་། ཨ་མ་ལགས་ཀྱི་ མཚན་ལ་ག་རེ་ཞུ་ཡི་ཡོད།

ཁ༽ རྒན་ལགས། ངའི་པ་ལགས་ཀྱི་མཚན་ལ་དོན་གྲུབ་དང་། ཨ་མ་ལགས་ཀྱི་མཚན་ལ་སྒྲོལ་མ་ཞུ་ཡི་ཡོད།

ཀ༽ ཁོང་གཉིས་ཀྱིས་ཕྱག་ལས་ག་རེ་གནང་གི་ཡོད།

ཁ༽ ངའི་ཨ་མ་ལགས་དགེ་རྒན་དང་། པ་ལགས་ཚོང་པ་རེད།

57


གསལ་བྱེད་ཧ་སྡེ།

58

ཧ་ ཨ་ ཧ་

ཨ་

58


59

ཧ་ཧ།

ཧ། ཧ་

ཁོང་ཧ་ཧ་ཞེས་གད་མོ་ཤོར་སོང་།

59


60

ཨ་མ།

ཨ། ཨ་

ཁོང་བུའི་ཨ་མ་རེད།

60


61

སྒྲ་གདངས་ངོས་འཛིན་བྱོས།

ཨ་ ཧ་ 61


62

ཁ་སྐད་སྦྱོང་བརྡར།

ཀ༽ བོད་ཡིག་ལ་གསལ་བྱེད་ག་ཚོད་ཡོད།

ཁ༽ བོད་ཡིག་ལ་གསལ་བྱེད་སུམ་ཅུ་ཡོད།

ཀ༽ གསལ་བྱེད་སུམ་ཅུ་ག་རེ་ག་རེ་རེད། ཁ༽ ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ།

ཙ་ཚ་ཛ་ཝ། ཞ་ཟ་འ་ཡ།

ར་ལ་ཤ་ས། ཧ་ཨ་བཅས་རེད།

62


63

གསལ་བྱེད་དབར་གྱི་སྒྲ་གདངས་ཁྱད་པར།

ཇ ཟ

63


64

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།

ཀ་ཁ།

ཁ་ཚ།

ཅ་ག

ཐ་མ།

ད་ར།

ན་ཚ།

ཇ་མ། མ་མ།

ཉ་པ།

ཚ་བ།

ཏ་ལ།

ཞ་ར།

64


65

ཟ་མ།

ཡ་མ།

ལ་ལ།

ཞ་ལ།

ཧ་ཧ།

ཨ་ཕ།

ཤ་ཚ།

ཨ་མ།

ས་ཆ།

ཆ་ག་པ།

ད་ཆ།

ག་ས་ག་ལ།

65


66

ཨི།

དབྱངས་བཞི།

ཨི་

ཨ + ི = ཨི།

66


67

ཨུ།

ཨུ་

ུ ཨ + = ཨུ།

67


68

ཨེ།

ཨེ་

ཨ + ེ = ཨེ།

68


69

ཨོ།

ཨོ་

ཨ + ོ = ཨོ།

69


70

ཨི། ཨུ། ཨེ། ཨོ། ཨི་

ཨུ་

ཨེ་

ཨོ་

70


71

དབྱངས་ཀྱི་མཚོན་རྟགས།

གི་གུ།

ཞབས་ཀྱུ།

གི་གུ་ལྕགས་ཀྱུའི་དབྱིབས་དང་འདྲ།

ཞབས་ཀྱུ་རྒྱ་མཚོའི་རྦ་རླབས་འདྲ།

71


72

འགྲེང་བུ།

ན་རོ།

འགྲེང་བུ་གདོང་གི་མིག་སྤུ་འདྲ།

ན་རོ་རྒོད་ཀྱི་གཤོག་པ་འདྲ།

72


73

ཁ་སྐད་སྦྱོང་བརྡར།

ཀ༽ བོད་ཡིག་ལ་དབྱངས་ག་ཚོད་ཡོད། ཁ༽ བོད་ཡིག་ལ་དབྱངས་བཞི་ཡོད། ཀ༽ དབྱངས་བཞི་ག་རེ་ག་རེ་རེད། ཁ༽ ཨི་ཨུ་ཨེ་ཨོ་བཅས་བཞི་རེད།

73


གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ། (ཀ-ཅ)

74

ཀི་ ཁུ་ གེ་ ངོ་ ཀི་

ཁུ་

གེ་

ངོ་

74


75

ཀི་

ཀུ་

ཀེ་

ཀོ་

གི་

གུ་

གེ་

གོ་

ཁི་ ངི་

ཁུ་ ངུ་

ཁེ་ ངེ་

ཁོ་ ངོ་

75


76

ཀུ་ཤུ།

ཀུ།

ཀུ་

ང་ཀུ་ཤུ་ལ་དགའ་པོ་ཡོད།

76


77

ཁུ་བ།

ཁུ།

ཁུ་

འདི་ཚོ་ཤིང་ཏོག་གི་ཁུ་བ་རེད།

77


78

གི་གུ།

གི།

གུ་

འདི་གི་གུ་རེད།

78


79

ངུ་།

ངུ་།

ཕྲུ་གུ་འདི་ངུ་ཡི་འདུག

79


80

ཅི་ ཆུ་ ཇེ་ ཉོ་ ཅི་

ཆུ་

ཇེ་

ཉོ་

80


81

ཅི་

ཅུ་

ཅེ་

ཅོ་

ཇི་

ཇུ་

ཇེ་

ཇོ་

ཆི་ ཉི་

ཆུ་ ཉུ་

ཆེ་ ཉེ་

ཆོ་ ཉོ་

81


82

ཅུ་ལི།

ཅུ།

ཅུ་

འདི་ཤིང་ཏོག་ཅུ་ལི་རེད།

82


83

ཆུ།

ཆུ།

ཆུ་

ངས་ཆུ་བཏུང་གི་ཡིན།

83


84

ཇོ་བོ།

ཇོ།

ཇོ་

འདི་ལྷ་སའི་ཇོ་བོ་རིན་པོ་ཆེ་རེད།

84


85

ཉི་མ།

ཉི།

ཉི་

གནམ་ལ་ཉི་མ་ཤར་འདུག

85


86

ཁ་སྐད་སྦྱོང་བརྡར།

ཀ༽ དཔལ་ལྡན་ལགས། ཁོང་ས་ཆ་གང་ནས་རེད། ཁ༽ ཁོང་ནིའུ་ཡོག་ནས་རེད།

ཀ༽ ཁོང་གི་མིང་ལ་ག་རེ་ཟེར།

ཁ༽ ཁོང་གི་མིང་ལ་བསྟན་འཛིན་ཟེར། མོ་རང་ཝ་ཤིང་ཊོན་ནས་རེད། མིང་ལ་ལྷ་མོ་མཚོ་ཟེར།

86


གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ། (ཏ-པ)

87

ཏི་ ཐུ་ དེ་ ནོ་ ཏི་

ཐུ་

དེ་

ནོ་

87


88

ཏི་

ཏུ་

ཏེ་

ཏོ་

དི་

དུ་

དེ་

དོ་

ཐི་

ནི་

ཐུ་

ནུ་

ཐེ་

ནེ་

ཐོ་

ནོ་

88


89

ཏེ་ལོ།

ཏེ།

ཏེ་

འདི་སྲོག་ཆགས་ཏེ་ལོ་རེད།

89


90

ཐོ་བ།

ཐོ།

ཐོ་

འདི་ཐོ་བ་རེད།

90


91

དུ་བ།

དུ།

དུ་

ས་ཆ་འདི་ནས་དུ་བ་ནག་པོ་འཐོན་གྱི་འདུག

91


92

ནེ་ཙོ།

ནེ།

ནེ་

ནེ་ཙོ་སྙིང་རྗེ་མོ་འདུག

92


93

སྐད་སྦྱོང་བརྡར།

ས་ཆ་འདི་ལ་

ཏེ་ལོ་ ཐོ་བ་

དུ་བ་

ནེ་ཙོ་

བཞི་

མང་པོ་

ཉུང་ཉུང་ གཅིག་

ཡོད།

འདུག 93


94

པི་ ཕུ་ བེ་ མོ་ པི་

ཕུ་

བེ་

མོ་

94


95

པི་

པུ་

པེ་

པོ་

བི་

བུ་

བེ་

བོ་

ཕི་ མི་

ཕུ་ མུ་

ཕེ་ མེ་

ཕོ་ མོ་

95


96

པོ་ཏ་ལ།

པོ།

པོ་

འདི་ཕོ་བྲང་པོ་ཏ་ལ་རེད།

96


97

ཕོ་བ།

ཕོ།

ཕོ་

ངའི་ཕོ་བ་ན་ཡི་འདུག ཨ་ར་ར་ར་...

97


98

བུ་མོ།

བུ།

བུ་

འདི་ལ་བུ་མོ་གཉིས་འདུག

98


99

མེ།

མེ།

མེ་

འདི་ལ་མེ་འབར་གྱི་འདུག

99


100

ཁ་སྐད་སྦྱོང་བརྡར།

ཀ༽ ནམ་རྒྱུན་ཞལ་ལག་མ་མཆོད་གོང་ལ་ག་རེ་གནང་དགོས་ཀྱི་རེད། ཁ༽ ཞལ་ལག་མ་མཆོད་གོང་ལ་མཆོད་པ་འབུལ་དགོས་ཀྱི་རེད།

ཀ༽ དེའི་རྗེས་ལ་ག་རེ་གསུང་ དགོས་ཀྱི་རེད།

ཁ༽ ཞལ་ལག་མཉེས་པོ་གནང་

རོགས་ཞེས་ཞུ་དགོས་ཀྱི་རེད།

100


གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ། (ཙ-ཞ)

101

ཙི་ ཚུ་ ཛེ་ ཝོ་ ཙི་

ཚུ་

ཛེ་

ཝོ་

101


102

ཙི་

ཙུ་

ཙེ་

ཙོ་

ཛི་

ཛུ་

ཛེ་

ཛོ་

ཚི་ ཝི་

ཚུ་ ཝུ་

ཚེ་ ཝེ་

ཚོ་ ཝོ་

102


103

ཙི་ཙི།

ཙི།

ཙི་

འདི་ལ་ཙི་ཙི་གཉིས་འདུག

103


104

ཚི་གུ།

ཚི།

ཚི་

ཁམ་བུའི་ཚི་གུ་མཁྲེགས་པོ་འདུག

104


105

ཞི་ ཟུ་ འེ་ ཡོ་ ཞི་

ཟུ་

འེ་

ཡོ་

105


106

ཞི་

ཞུ་

ཞེ་

ཞོ་

འི་

འུ་

འེ་

འོ་

ཟི་

ཡི་

ཟུ་

ཡུ་

ཟེ་

ཡེ་

ཟོ་

ཡོ་

106


107

ཞི་མི།

ཞི།

ཞི་

ཞི་མིའི་སྤུ་འཇམ་པོ་ཡོད་པ་རེད།

107


108

ཟོ་བ།

ཟོ།

ཟོ་

ཟོ་བའི་ནང་དུ་ཆུ་འདུག

108


109

འོ་མ།

འོ།

འོ་

ཞི་མི་འོ་མ་འཐུང་རྒྱུར་དགའ་པོ་ཡོད་པ་རེད།

109


110

ཡི་གེ།

ཡི།

ཡི་

འདིའི་ནང་ཡི་གེ་འདྲ་མི་འདྲ་འདུག

110


ཀ༽ བསྟན་འཛིན་ལགས། ཁྱེད་རང་ལ་སྤུན་མཆེད་ག་ཚོད་ཡོད། ཁ༽ རྒན་ལགས། ང་ལ་ཅོ་ཅོ་གཅིག་དང་། ཨ་ཅག་གཉིས་ཡོད།

ཀ༽ ཁྱེད་རང་ལ་གཅུང་པོ་དང་གཅུང་མོ་མེད་དམ། ཁ༽ ང་ལ་གཅུང་པོ་དང་གཅུང་མོ་མེད།

ཀ༽ ཁྱེད་རང་ལ་སྤོ་བོ་དང་རྨོ་མོ་ཡོད་དམ།

ཁ༽ ལགས་ཡོད། ངའི་སྤོ་བོ་དང་རྨོ་མོ་བོད་ལ་ཡོད།

ཀ༽ ཁྱེད་རང་གི་པ་ལགས་དང་ཨ་མ་ལགས་ག་པར་ཡོད། ཁ༽ ངའི་པ་ལགས་དང་ཨ་མ་ལགས་ནིའུ་ཡོག་ལ་ཡོད།

སྤོ་བོ།

རྨོ་མོ།

པ་ལགས ཅོ་ཅོ།

གས།

ཨ་མ་ལ

ཨ་ཅག

གཅུང་པ

ོ། ང་རང་།

་མོ།

གཅུང

ང་རང་གི་ནང་མི།

111

ཁ་སྐད་སྦྱོང་བརྡར།

111


གསལ་བྱེད་ལ་དབྱངས་བཞི་སྦྱོར་ཚུལ། (ར-ཧ)

112

རི་ ལུ་ ཤེ་ སོ་ རི་

ལུ་

ཤེ་

སོ་

112


113

རི་

རུ་

རེ་

རོ་

ཤི་

ཤུ་

ཤེ་

ཤོ་

ལི་ སི་

ལུ་ སུ་

ལེ་ སེ་

ལོ་ སོ་

113


114

རི་བོ།

རི།

རི་

བོད་ལ་རི་བོ་མང་པོ་ཡོད་པ་རེད།

114


115

ལི།

ལི།

ལི་

འདི་ཚོ་ཤིང་ཏོག་ལི་རེད།

115


116

ཤོ།

ཤོ།

ཤོ་

འདི་ལ་ཤོ་ཟེར་གྱི་རེད།

116


117

སོ།

སོ།

སོ་

ཁ་ཡི་ནང་ལ་སོ་ཡོད་པ་རེད།

117


118

ཧི་ ཨུ་ ཧེ་ ཨོ་ ཧི་

ཨུ་

ཧེ་

ཨོ་

118


119

ཧི་

ཧུ་

ཧེ་

ཧོ་

ཨི་

ཨུ་

ཨེ་

ཨོ་

119


120

ཧི་མ་ལ་ཡ།

ཧི།

ཧི་

འཛམ་གླིང་གི་རི་བོ་མཐོ་ཤོས་ནི་ཧི་མ་ལ་ཡ་རེད།

120


121

ཨི་ཁུང་།

ཨི།

ཨི་

ཤིང་སྡོང་འདི་ལ་ཨི་ཁུང་ཆེན་པོ་ཞིག་འདུག

121


122

ཁ་སྐད་སྦྱོང་བརྡར།

ཀ༽ སློབ་ཕྲུག་ཚོ། ཁྱེད་རང་ཚོའི་ཕ་མ་བོད་པ་རེད་དམ།

ཁ༽ ངའི་པ་ལགས་བོད་པ་རེད། ཨ་མ་ལགས་བོད་པ་མ་རེད། ཁོང་གི་ཕ་མ་གཉིས་ཀ་བོད་པ་རེད།

མོ་རང་གི་ཨ་མ་ལགས་བོད་པ་རེད། པ་ལགས་བོད་པ་མ་རེད།

122


123

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།

ཁོ།

གོ།

ངུ་།

ཆུ།

མི།

ལི།

སོ།

ལོ།

ཉོ།

ཞོ།

བུ། ཤོ།

མེ།

རི།

123


124

ཀོ་བ།

ཁེ་པོ།

དེ་ཕོ།

དེ་ཚོ།

ཡུ་བ།

ལོ་མ།

ད་ལོ།

ཉི་ཤུ།

ཕོ་མོ།

མ་ཧེ།

ང་ཚོ།

ལུ་གུ།

ཞེ་ས།

ཟོ་ར།

རི་མོ།

རེ་བ།

124


125

ལོག་པའི་ཡི་གེ་ལྔ།

ཊ།

ཋ།

གྷ།

ཛྷ།

མཐུག་པོའི་ཡི་གེ​ེ་ལྔ།

ལོག་པ་དང་མཐུག་པོའི་ཡི་གེ།

ཌ། དྷ།

ཎ།

ཥ། ཌྷ།

བྷ།

125


126

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།

མ་ཎི། བྷོ་ཊ། གྷོ་ཥ།

དྷརྨ།

ཌ་མ་རུ། དྷ་ས།

126


127

ཡ་བཏགས་བདུན།

ཀྱ་ ཁྱ་ གྱ་ པྱ་ ཕྱ་ བྱ་ མྱ་ ཀྱ་ ཁྱ་ གྱ་ པྱ་ ཕྱ་ བྱ་ མྱ་

127


128

སྒྲ་གདངས་ཀྱི་ཁྱད་པར།

ཀྱ་

ཁྱ་ པྱ་ ཕྱ་

གྱ་

བྱ་

128


129

ར་བཏགས་བཅུ་གཉིས།

ཀྲ་ ཁྲ་ གྲ་ ཏྲ་ ཐྲ་ དྲ་ ཀྲ་ ཁྲ་ གྲ་ ཏྲ་

ཐྲ་ དྲ་

129


130

པྲ་ ཕྲ་ བྲ་ མྲ་ སྲ་ ཧྲ་ པྲ་ ཕྲ་

བྲ་

མྲ་ སྲ་ ཧྲ་

130


131

སྒྲ་གདངས་ཀྱི་ཁྱད་པར།

ཀྲ་ ཁྲ་

ཏྲ་

ཕྲ་

པྲ་ ཐྲ་

གྲ་ དྲ་ བྲ་ མྲ་

སྲ་

ཧྲ་

131


132

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།

ན་ཀྲ།

ས་ཁྲ། གྲ་མ།

པ་ཏྲ། དྲ་བ།

ཕྲ་མོ། བྲ་བོ། སྲ་བ། ཁྲ་ཁྲ།

པྲ་མོ།

ཨ་མྲ། 132


ལ་བཏགས་ཅན་དྲུག

133

ཀླ་ གླ་ བླ་ ཟླ་ རླ་ སླ་ ཀླ་ གླ་

བླ་

ཟླ་

རླ་

སླ་

133


134

སྒྲ་གདངས་ཀྱི་ཁྱད་པར།

ཀླ་ གླ་ བླ་ རླ་ སླ་ ཟླ་

134


135

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།

ཀླ་ཀློ། གླ་ཆ།

བླ་མ།

གློ་བ། སློ་མ།

བླ་བྲེ།

སླ་པོ།

ཟླ་བ།

སླ་ང་།

ཀླུ།

ཟླ་བོ། གླུ།

135


ཝ་བཏགས་བཅུ་གཉིས།

136

ཀྭ་ ཁྭ་ གྭ་ ཉྭ་ དྭ་ ཚྭ་ ཀྭ་ ཁྭ་

གྭ་

ཉྭ་

དྭ་

ཚྭ་

136


137

ཞྭ་ ཟྭ་ རྭ་ ལྭ་ ཤྭ་ ཧྭ་ ཞྭ་

ཟྭ་

རྭ་

ལྭ་

ཤྭ་

ཧྭ་

137


138

བྱ་དེ།

བྱ། བྱ་

བྱ་དེ་ཡིས་བྱ་སྐད་བརྒྱབ།

138


139

པ་ཏྲ།

ཏྲ།

རི་མོ་འདི་ལ་པ་ཏྲ་ཟེར་གྱི་རེད།

ཏྲ་

139


140

ས་ཁྲ།

ཁྲ།

འདི་འཛམ་གླིང་གི་ས་ཁྲ་རེད།

ཁྲ་

140


141

ཨ་མྲ།

མྲ།

ཤིང་ཏོག་ཨ་མྲ་འདི་སེར་པོ་རེད།

མྲ་

141


142

གླ་བ།

གླ།

གླ་

རི་དྭགས་གླ་བ་ཡི་མཆེ་བ་རྣོན་པོ་ཡོད་པ་རེད།

142


143

བླ་མ།

བླ།

བླ་

བླ་མས་བཀའ་ཆོས་གསུངས།

143


144

ཟླ་བ།

ཟླ།

མཚན་མོ་གནམ་ལ་ཟླ་བ་ཤར་གྱི་ཡོད་པ་རེད།

ཟླ་

144


145

ཚྭ།

ཚྭ། ཚྭ་

འདི་ཚྭ་རེད།

145


146

ཞྭ་མོ།

ཞྭ།

ཞྭ་མོ་འདྲ་མི་འདྲ་མང་པོ་འདུག

ཞྭ་

146


147

རྭ་ཅོ།

རྭ།

འདི་ཚོ་གཡག་གི་རྭ་ཅོ་རེད།

རྭ་

147


148

ཤྭ་བ།

ཤྭ།

སྲོག་ཆགས་འདི་ཤྭ་བ་རེད།

ཤྭ་

148


149

ཁ་སྐད་སྦྱོང་བརྡར།

ཀ༽ ཁྱེད་རང་སྲོག་ཆགས་ལ་དགའ་པོ་ཡོད་དམ། ཁ༽ ང་སྲོག་ཆགས་ལ་དགའ་པོ་ཡོད།

ཀ༽ ཁྱེད་རང་སྲོག་ཆགས་ག་རེ་ལ་དགའ་པོ་ཡོད།

ཁ༽ ང་སྲོག་ཆགས་འབྲོང་དང་། དོམ་ཁྲ། ཞི་མི་བཅས་ལ་དགའ་པོ་ཡོད། མོ་རང་ཁྱི་ཕྲུག་དང་། ཙི་ཙི་ལ་དགའ་པོ་ཡོད་པ་རེད།

149


150

མིང་གཞི་དང་འདོགས་ཅན་ངོ་སྤྲོད།

མིང་གཞི།

འདོགས་ཅན།

150


151

འདོགས་ཅན་བཞི་ཡི་སྣང་གསལ་སྒྲ་མདོག་མཚོན་སྟངས།

ཡ་བཏགས། ཀྱ་ ཁྱ་ གྱ་ པྱ་ ཕྱ་ བྱ་ མྱ་

ར་བཏགས། ཀྲ་ ཁྲ་ གྲ་ ཏྲ་ ཐྲ་ དྲ་ པྲ་ ཕྲ་ བྲ་ མྲ་ སྲ་ ཧྲ་

ལ་བཏགས། ཀླ་ གླ་ བླ་ ཟླ་ རླ་ སླ་

ཀྭ་ ཁྭ་ གྭ་ ཉྭ་ དྭ་ ཚྭ་ ཞྭ་ ཟྭ་ རྭ་ ལྭ་ ཝ་བཏགས། ཤྭ་ ཧྭ་ 151


152

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།

ཀྭ་ཡེ།

ཁྭ་ཏ།

ལྭ་བ།

ཤྭ་བ།

ཚྭ་ཆུ།

ཞྭ་མོ།

གྭ་པ། ཟྭ་པོ།

ཉྭ།

རྭ་ཅོ། 152


153

འདོགས་ཅན་བཞི་ལ་དབྱངས་སྦྱོར་ཚུལ།

ཀྱི་

ཀྱུ་

ཀྱེ་

ཀྱོ་

ཁྱི་

ཕྱུ་

ཕྱེ་

ཕྱོ་

བྱི་

གྱི་

གྱུ་

མྱི་

མྱུ་

ཕྱི་

གྱེ་ མྱེ་

གྱོ་ མྱོ་

པྱི་

ཁྱུ་ ཁྱེ་

ཁྱོ་

བྱུ་

བྱོ་

པྱུ་

པྱེ་

བྱེ་

པྱོ་

153


154

ཀྲི་

ཀྲུ་

ཀྲེ་

ཀྲོ་

ཁྲི་

པྲི་

པྲུ་

པྲེ་

པྲོ་

བྲི་

བྲུ་

བྲེ་

བྲོ་

ཏྲི་

གྲི་

ཏྲུ་

གྲུ་

ཏྲེ་

གྲེ་

ཏྲོ་

གྲོ་

ཁྲུ་

ཁྲེ་

ཁྲོ་

ཕྲི་

ཕྲུ་

ཕྲེ་

ཕྲོ་

མྲི་

མྲུ་

མྲེ་

མྲོ་

ཐྲི་

དྲི་

ཐྲུ་ དྲུ་

ཐྲེ་

དྲེ་

ཐྲོ་

དྲོ་

154


155

སྲི་

སྲུ་

སྲེ་

སྲོ་

བླི་

བླུ་

བླེ་

བློ་

ཀླི་

སླི་

ཀླུ་

སླུ་

ཀླེ་

སླེ་

ཧྲི་

ཧྲུ་

རླི་

རླུ་

ཀློ་

གླི་

སློ་

ཟླི་

ཧྲེ་

ཧྲོ་

གླུ་

གླེ་

གློ་

ཟླུ་

ཟླེ་

ཟློ་

རླེ་

རློ་

155


156

ཁྱི།

ཁྱི།

ཁྱི་

ཁྱི་འདི་སྙིང་རྗེ་པོ་འདུག

156


157

ཀྲོ་མ་ཀྲུ།

ཀྲོ།

ཀྲོ་

ཀྲོ་མ་ཀྲུའི་ཁ་དོག་དམར་པོ་རེད།

157


158

སློ་མ།

སློ། སློ་

སློ་མ་འདི་སྨྱུག་མས་བཟོས་པ་རེད།

158


159

གྲོ།

གྲོ།

གྲོ་

གྲོ་ཞིབ་བརྫིས་ནས་བག་ལེབ་བཟོས།

159


160

ཕྱུ་པ།

ཕྱུ། ཕྱུ་

ཕྱུ་པ་འདིའི་ཁ་དོག་ཟིང་སྐྱ་རེད།

160


161

ཕྲུ་གུ།

ཕྲུ།

ཕྲུ་

འདིར་ཕྲུ་གུ་གཉིས་འདུག

161


162

ཕྱེ་མར།

ཕྱེ།

ཕྱེ་

ལོ་གསར་ལ་ཕྱེ་མར་སྒྲིག་གི་ཡོད་པ་རེད།

162


163

ཚིག་གསར་བརྒྱུད་ནས་ཀློག་སྟངས་སྦྱོང་བརྡར།

ཕྲུ་གུ།

ཕྱུ་པ།

ཕྱི་དྲོ།

གྲུ་ཁ།

དྲི་མ།

དྲོ་པོ།

བྲོ་བ།

མྱུ་གུ།

ཕྱེ་མ།

བྱུ་རུ།

སྲུ་མོ། སློ་མ།

བྱེ་མ། གློ་བ།

གྲོ་མ།

བྱི་བ།

163


164

བོད་ཨིན་ཐ་སྙད་ཤན་སྦྱར།

ཀ་ར།

ག་རེ། ཅ་ག ཇ།

ཏ་ལ།

ད་ར།

པ་ཕ། བ་ར།

sugar what care tea

palm tree buttermilk father cowshed

Tibetan-English Glossary

ཁ།

ང་།

ཆ་ག་པ། ཉ།

ཐ་མ། ན།

ཕ་མ། མ་མ།

mouth I grasshopper fish last sick parent nanny

164


165

ཙ་ར་ར། (ཆུ།) ཛ་རེ་ཛོ་རེ། ཞ་ར།

འ་ཡོ། ར།

ཤ་མོ། ཧ་ཧ།

ཀུ་ཤུ།

falling (water) messy blind puppy goat mushroom laugh (ha ha) apple

ཚ་ལུ་མ། ཝ་མོ། ཟ་མ། ཡ། ལ། ས།

ཨ་མ། ཁུ་བ།

orange fox food single mountain pass soil, earth mother juice, soup

165


166

གི་གུ། ཅུ་ལི། ཇོ་བོ། ཏེ་ལོ། དུ་བ།

པོ་ཏ་ལ། བུ་མོ།

ཙི་ཙི།

first vowel sign plum Lord skunk smoke The Potala Palace girl mouse

ངུ་། ཆུ།

ཉི་མ། ཐོ་བ།

ནེ་ཙོ། ཕོ་བ། མེ།

ཚི་གུ།

cry water sun hammer parrot stomach fire nut

166


167

ཞི་མི། འོ་མ། རི། ཤོ།

ཧི་མ་ལ་ཡ། བྱ་དེ།

ས་ཁྲ། གླ་བ།

cat milk mountain dice Himalaya chicken map musk deer

ཟོ་བ།

ཡི་གེ། ལི། སོ།

ཨི་ཁུང་། པ་ཏྲ།

ཨ་མྲ། བླ་མ།

bucket letter pear teeth, tooth hole Padra mango spiritual master, lama

167


168

ཟླ་བ། ཞྭ་མོ། ཤྭ་བ།

ཀྲོ་མ་ཀྲུ། གྲོ་ཞིབ། ཕྲུ་གུ།

moon hat deer tomato flour kid

ཚྭ།

རྭ་ཅོ། ཁྱི།

སློ་མ། ཕྱུ་པ།

ཕྱེ་མར།

salt horn dog winnowing basket Tibetan traditional dress

hemar

168


Tibetan Textbook for Tibetan Weekend Schools in North America

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ།

སྔོན་འགྲོའི་སློབ་དེབ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས།


Turn static files into dynamic content formats.

Create a flipbook
བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོའི་བོད་ཡིག་སློབ་དེབ། དབུ་ཅན། by Sherig Books - Issuu