Skip to main content

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བརྒྱད་པའི་བོད་ཡིག་སློབ་དེབ།

Page 1

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ བོད་ཡིག་སློབ་དེབ།

འཛིན་རིམ་བརྒྱད་པ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་བྱས།


བསྐྱར་ཞིབ་རྩོམ་སྒྲིག་འགན་ཁུར་བ། ཚེ་རིང་བསམ་གྲུབ། རྨང་གཞི་རྩོམ་སྒྲིག་པ།

བསྐྱར་ཞིབ་རྩོམ་སྒྲིག་པ།

ཚེ་འདས་དབང་རྒྱལ་རིགས་མཛེས་ཁུ་ར། ངག་དབང་ཆོས་དར། པ་སངས་ནོར་བུ། བསོད་ནམས་བདེ་ཆེན། བསྟན་འཛིན་དགའ་བ། རྡོ་རྗེ་རྒྱལ་པོ། བྱ་གཞུང་དཔལ་ལྡན་རྡོ་རྗེ།

ཇུས་འགོད་པ།

བྱ་གཞུང་དཔལ་ལྡན་རྡོ་རྗེ།

ཞུ་དག་པ།

བློ་བཟང་རབ་རྒྱས།

འབྲེལ་མཐུད་པ།

བསྐྱར་ཞིབ་ཚོགས་ཆུང་།

བསྟན་འཛིན་དབྱིག་གཉེན། ཚེ་རིང་བཀྲ་ཤིས།

ཚེ་རིང་བསམ་གྲུབ།

(ཤེས་ལྷན་འགན་འཛིན།)

ཌོག་ཊར་མཆོག

(བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན།)

དགེ་འདུན་དོན་ཡོད།

(བོད་ཡིག་ཚན་པའི་འགན་འཛིན།)

ཨོ་རྒྱན་བསྟན་འཛིན། བསོད་ནམས་བཟང་པོ། བོད་དགེ་བསམ་གྲུབ།

(བརྡ་ཆད་ཚན་པའི་འགན་འཛིན།)

(རྩོམ་སྒྱུར་ཚན་པའི་འགན་འཛིན།)

(སམ་བྷོ་ཊའི་བོད་ཡིག་རྒྱུས་སྟོན་པ།)

བྱ་གཞུང་དཔལ་ལྡན་རྡོ་རྗེ། (སློབ་དེབ་རྩོམ་སྒྲིག་པ།) དཀར་གཞུང་བཀྲ་ཤིས་རྡོ་རྗེ། (སློབ་དེབ་རྩོམ་སྒྲིག་པ།)


ཨང་། སློབ་ཚན་གྱི་མིང་།

དཀར་ཆག

ཤོག་ངོས།

1.

ལས་འབྲས་ཀྱི་རྣམ་གཞག ................................................................. 1

3.

ང་ཚོའི་ཕ་ཡུལ་བོད།......................................................................... 12

2. 4. 5.

6. 7.

8. 9.

10. 11.

12. 13.

14. 15.

16.

མོ་ཊ་ཆུང་ཆུང་།................................................................................. 6 དུས་ཆེན་ཁག་གཉིས་ངོ་སྤྲོད།............................................................ 16 དང་སྒྲ་བཤད་པ།............................................................................. 22 བློ་སྦྱོང་ཚིགས་བརྒྱད་མའི་རྩ་འགྲེལ། ................................................. 27 རྒྱལ་རབས་ལོ་རྒྱུས།........................................................................ 32 རྡོའི་སེངྒེ་ཁ་གདངས་པ།................................................................... 42 བདག་སྒྲ།....................................................................................... 51 རྒྱལ་རབས་ལོ་རྒྱུས།........................................................................ 55 ཚངས་དབྱངས་རྒྱ་མཚོའི་................................................................. 61 མགུར་གླུ།...................................................................................... 61 བསང་དང་དར་ལྕོག......................................................................... 64 སྤྱི་སྒྲ་བཤད་པ། ............................................................................. 68 ངའི་མ་འོངས་པའི་དམིགས་ཡུལ།....................................................... 73 དག་ཡིག....................................................................................... 77


སློབ་ཚན་དང་པོ།

ལས་འབྲས་ཀྱི་རྣམ་གཞག ཅི་འདྲ་བ་ཡི་ལས་བྱས་པ།

དང་པོ། ལས་ངེས་པ།

།འབྲས་བུ་དེ་འདྲ་ཉིད་དུ་འགྱུར།

།ཞེས་གསུངས་

པ་ལྟར། རྒྱུ་དགེ་བ་བྱས་ན་འབྲས་བུ་བདེ་བ་ཁོ་ན་ལས་སྡུག་བསྔལ་མི་འབྱུང༌། རྒྱུ་མི་དགེ་བ་བྱས་ན་འབྲས་བུ་སྡུག་བསྔལ་ཁོ་ན་ལས་བདེ་བ་མི་འབྱུང་བའི་རྒྱུ་

འབྲས་ངེས་པ་ཡིན་ཏེ། དཔེར་ན། རྒྱུ་ཁམ་བུ་ལ་འབྲས་བུ་ཀུ་ཤུ་མི་སྐྱེ་བ་ལྟ་ བུའོ། །

དེ་ཡང་སྔོན་དགེ་སློང་སྙན་པ་བཟང་ལྡན་གྱི་ལུས་མི་སྡུག་པ་དང༌། སྐད་

ཤིན་ཏུ་སྙན་པ་བྱུང་བ་གཉིས་ཀ་སྔོན་རྒྱལ་པོ་ཞིག་གིས་མཆོད་རྟེན་ཆེན་པོ་

གཅིག་བཞེངས་སྐབས་དེའི་ལས་བྱེད་པའི་གླ་མིའི་གྲས་སུ་སྐྱེས་ཏེ། མཆོད་

རྟེན་བོངས་ཚད་ཆེ་བས། ཁོས་མཆོད་རྟེན་ཆེན་པོ་འདི་འདྲ་བཟོས་ནས་ཅི་བྱེད། ཚར་དུས་མི་འོང་ཞེས་ངན་སྨྲས་བྱས་པ་དང༌། རྗེས་སུ་མཆོད་རྟེན་ཟིན་པ་ན་

སྔར་སྨྲས་པ་དེའི་འགྱོད་བཤགས་སུ་མཆོད་རྟེན་ལ་དྲིལ་བུ་ཕུལ་བའི་འབྲས་ བུར་གསུངས་པ་བཞིན་ནོ། །

1


གཉིས་པ། ལས་འཕེལ་ཆེ་བ།

ཕྱིའི་རྒྱུ་འབྲས་འཕེལ་ཆེ་བ། ཁམ་བུའི་ས་བོན་ཚི་གུ་ཆུང་ངུ་གཅིག་ལས་ཤིང་ སྡོང་ཆེན་པོ་དང༌། ལོ་ལྟར་ཤིང་ལོ་དང་འབྲས་བུ་བརྒྱ་སྟོང་ཙམ་འབྱུང་བ་བཞིན་ འཕེལ་ཆེན་པོ་ཡོད་ན། དེ་ལས་ཀྱང་ནང་གི་རྒྱུ་འབྲས་འཕེལ་ཆེ།

སྔོན་སངས་རྒྱས་ཞལ་བཞུགས་སྐབས་བྲམ་ཟེའི་ཁྱེའུ་གསེར་དབྱིག་ཅེས་

པ་ལག་པ་ནས་གསེར་ཊམ་ཟད་མི་ཤེས་པ་ཞིག་བྱུང་བའང་སྐྱེ་བ་སྔོན་མར་ཤིང་ ཚོང་མཁན་དུ་གྱུར་སྐབས། ཤིང་རིན་གསེར་ཊམ་གཅིག་བྱུང་བ་རྫ་བུམ་ཆུས་

བཀང་བའི་ནང་དུ་བླུགས་ཏེ། སངས་རྒྱས་འོད་སྲུངས་ལ་ཕུལ་བའི་འབྲས་བུར་ གསུངས་པ་ལྟར་རོ། །

གསུམ་པ། ལས་མ་བྱས་པ་དང་མི་འཕྲད་པ།

རང་གི་ལས་མ་བྱས་པ་ཞིག་ལ་འབྲས་བུ་མི་འབྱུང་བ་སྟེ། དགེ་བའི་ལས་མ་ བྱས་པ་ལ་འབྲས་བུ་བདེ་བ་མི་འབྱུང་བ་དང་། མི་དགེ་བའི་ལས་མ་བྱས་པར་ འབྲས་བུ་སྡུག་བསྔལ་མི་འབྱུང་།

སྔར་ཁྱིམ་བདག་མེ་སྐྱེས་ཞེས་པ་མའི་རོ་དང་མཉམ་དུ་མེར་བསྲེགས་

ཀྱང་མ་ཤི་བར། ཕྱིས་དགྲ་བཅོམ་པ་ཐོབ་པ་ལྟ་བུ་དང༌། ཡང་སྔར་རྒྱལ་པོ་ཤར་

2


པ་ཞེས་པའི་བཙུན་མོ་སྔོ་བསང་མས་ཕྱིར་མི་འོང་གི་འབྲས་བུ་ཐོབ་ལ། འཁོར་ བུད་མེད་ལྔ་བརྒྱ་པོ་རྣམས་ཀྱིས་བདེན་པ་མཐོང་ཡང་། བྲམ་ཟེ་མ་དུ་ཞེས་པས་

སྔོ་བསང་མའི་ཁྱིམ་ལ་མེ་སྦར་བ་ན་རྫུ་འཕྲུལ་གྱིས་ཅུང་ཟད་འཕུར་རྗེས། སྔོ་ བསང་མས་རང་གིས་བྱས་ཤིང་བསགས་པའི་ལས་རང་གིས་བདག་གིར་མི་

བྱེད་ན་སུས་བྱེད་ཅེས་བརྗོད་དེ་ཕྱེ་མ་ལེབ་མེ་ལ་ལྕེབས་པ་བཞིན་དུ་ཐམས་ཅད་ མེ་ནང་དུ་ལྷུང་སྟེ་མེས་ཚིག་ཀྱང༌། བྲན་མོ་སྒུར་ཀྱོག་ཅེས་པ་རྫུ་འཕྲུལ་མ་ཐོབ་ ཀྱང་ཆུ་ཁུང་ནས་བྲོས་ཏེ་ཐར་བ་སོགས་ལས་མ་བྱས་པ་དང་མི་འཕྲད་པ་ཡིན། བཞི་པ། ལས་བྱས་པ་ཆུད་མི་ཟ་བ།

ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ བཞིན། ཡུན་རིང་ནས་རྙིང་པར་འགྱུར་བ་དང༌། ཆུང་དུ་ཕྱིན་ནས་མེད་པར་

འགྱུར་བ་སོགས་གང་ཡང་མེད་པར། ཆུང་ཞིང་ཡུན་རིང་ཡང་ནམ་ཞིག་འབྲས་ བུ་སྨིན་པར་འགྱུར།

འཕགས་པ་སྒུར་ཆུང་དགྲ་བཅོམ་པའི་འབྲས་བུ་ཐོབ་ཀྱང་བསོད་སྙོམས་

མ་རྙེད་ཅིང༌། རྙེད་པ་རྣམས་རྐྱེན་གྱིས་མེད་པར་གྱུར་ནས་གཤེགས་ཁར་ཐལ་

3


སྐྱོ་བཞེས་ཏེ་སྐུ་འདས་པ་ལྟ་བུ་དང༌། ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ཀྱི་ཐར་

པ་ཆ་མཐུན་གྱི་དགེ་རྩ་དགྲ་བཅོམ་པས་མཐོང་མི་ནུས་པ། སྔོན་ཁོ་རང་སྦྲང་

བུའི་སྐྱེ་བ་བླངས་སྐབས་དུད་འགྲོའི་ལྕི་སྦང་སྐམ་པོ་ཞིག་གི་དྲི་ལ་འཁོར་ནས་ བསྡད་པ་ལྕི་སྦང་ཆུས་ཁྱེར་བའི་ཞོར་དུ་མཆོད་རྟེན་ཞིག་ལ་སྐོར་བ་ཐེབས་པ་ལྟ་ བུ་ཤིན་ཏུ་ཆུང་ངུས་ཀྱང་འབྲས་བུ་འབྱིན་པ་ཡིན་ནོ། །

དེང་སང་སྣུམ་འཁོར་སོགས་བརྡབ་སྐྱོན་ཁྲོད། ཁག་ཅིག་འཆི་སྐྱོན་འབྱུང་

བ་དང་། འགའ་ཞིག་རྨས་པར་འགྱུར་བ། ཁ་ཤས་ལ་རྨས་སྐྱོན་སོགས་ཅི་ཡང་ མི་འབྱུང་བ་ལྟ་བུ་མཐོང་ཆོས་ཀྱི་དཔེ་མཚོན་ཧ་ཅང་མང་།

མདོར་ན། ལས་འབྲས་ལ་མཐའ་ཡས་ཤིང༌། ལས་ངན་པ་བསགས་པ་

ལ་འགྱོད་བཤགས་བྱས་ཏེ། དག་ཐུབ་པ་ཞིག་མ་བྱུང་ན་སྡིག་པ་བསགས་པའི་ འབྲས་བུ་མེད་པར་འགྱུར་བ་མི་སྲིད་པས་དགེ་སྡིག་གི་བླང་དོར་མ་ནོར་བ་བྱེད་ དགོས།

4


སྦྱོང་ཚན། ཀ གལ་ཆེའི་མིང་ཚིག

འབྲས་བུ་ཆུད་ཟོས། བསོད་སྙོམས། གསེར་ཊམ། ཕྱིར་མི་འོང་གི་འབྲས་བུ།

བཤགས་སྡོམ་བྱས། ལུང་བསྟན། མཆོད་སྦྱིན། དགེ་སྡིག དགྲ་བཅོམ་ཐོབ། མཆོད་རྟེན། ཁྱིམ་བདག ཕྱེ་མ་ལེབ།

ཁ སློབ་ཚན་བཀླགས་ཏེ་ལན་བྲིས། ༡

རྒྱུ་དགེ་བ་བྱས་ན་འབྲས་བུ་བདེ་བ་ཁོ་ན་ལས་སྡུག་བསྔལ་མི་འབྱུང༌། རྒྱུ་མི་ དགེ་བ་བྱས་ན་འབྲས་བུ་སྡུག་བསྔལ་ཁོ་ན་ལས་བདེ་བ་མི་འབྱུང་བའི་སྒྲུབ་བྱེད་ གང་ཡོད་དམ།

༢ ལས་འཕེལ་ཆེ་བ་ཞེས་པའི་དོན་ཇི་ལྟར་ཡིན་ནམ།

༣ ལས་མ་བྱས་པ་དང་མི་འཕྲད་པ་ཞེས་པའི་དཔེར་བརྗོད་ཅིག་བྲིས།

༤ རྐུན་མ་བརྐུས་ཏེ་མི་སུས་ཀྱང་མ་མཐོང་ན་རང་ལ་ལས་ཀྱི་རྣམ་པར་སྨིན་པ་མི་ འབྱུང་ཟེར་བ་འགྲིག་གམ། མི་འགྲིག་ན་དེར་ལན་ཇི་ལྟར་འདེབས་སམ།

༥ ལས་ངན་པ་བྱས་པའི་འབྲས་བུ་ལ་ཟློག་ཐབས་ཡོད་དམ། ཡོད་ན་ཇི་ལྟར་བཟློག་ དགོས་སམ།

5


སློབ་ཚན་གཉིས་པ།

མོ་ཊ་ཆུང་ཆུང་།

ཤིང་གིས་བཟོས་པའི་མོ་ཊ་ཆུང་ཆུང་སྤུས་ལེགས་དེ་ངས་མཐོང་ཐེངས་རེར་ ཕུན་ཚོགས་མིག་ལམ་དུ་འཆར་གྱི་འདུག འཛིན་རིམ་དང་པོའི་སྐབས་སུ་ཕུན་

ཚོགས་ངེད་གཉིས་འཛིན་གྲྭ་གཅིག་ཡིན་ལ། ཁྱིམ་མཚེས་ཀྱང་ཡིན། འཛིན་

རིམ་ལྔ་པར་མ་སླེབས་བར་དུ་ངེད་གཉིས་རྒྱུན་དུ་སློབ་གྲྭར་མཉམ་དུ་འགྲོ་བ་ དང༌། ནང་ལ་མཉམ་དུ་ལོག་པ། ནང་སྦྱོང་མཉམ་དུ་བྱེད་པ་བཅས་འབྲལ་ ཐབས་མེད་པའི་གྲོགས་པོ་ཡག་པོ་ཞིག་ཡིན།

ཉིན་ཞིག སེམས་པ་མི་སྐྱིད་པའི་གནད་དོན་ཞིག་བྱུང་བ་སྟེ། གུང་

གསེང་སྐབས་སོ་སོས་བཟོས་པའི་མོ་ཊ་ཆུང་ཆུང་དེ་དག་བཏོན་ཏེ་རྩེད་མོ་རྩེས་ པ་ཡིན། ངས་ཕུན་ཚོགས་ཀྱིས་བཟོས་པའི་མོ་ཊ་ཆུང་ཆུང་སྤུས་དག་དེར་ཞིབ་

མོར་ལྟ་སྐབས། གཟབ་གཟབ་མ་བྱས་པས་དེ་ས་ལ་ཟགས་ནས་ཆག་སོང༌། དེ་

ཁོས་མཐོང་ནས་ངུ་བཞིན། “སྐྱིན་ཚབ་ཁྱེར་ཤོག” ཅེས་ཤོད་ཀྱི་འདུག “ངས་ ཆེད་མངགས་བཅག་པ་མིན།” ཞེས་བཤད་ཀྱང་། ཁོ་རླུང་ལངས་ནས། “ཁྱོད་

6


ཀྱིས་གཟབ་གཟབ་མི་བྱེད་པ་ཅི་ཡིན་ནམ། སྐྱིན་ཚབ་མ་སྤྲད་ན་འགྲིག་གི་མ་ རེད།” ཅེས་ཤོད་བཞིན་ནུས་ཤུགས་ཅི་ཡོད་བཏོན་ནས་ང་ལ་འབུད་རྒྱག་བཏང་

བས། མོ་ཊ་ཆུང་ཆུང་ལ་རྡོག་བརྫིས་ཐེབས་ཏེ་ཧྲུག་ཆག་ཏུ་སོང་། ཁོ་དེ་བས་

ཁོང་ཁྲོ་ལངས་ཏེ་ངའི་མོ་ཊ་ཆུང་ཆུང་ཤུགས་ཀྱིས་ས་ལ་བརྡབས་ཏེ། རྡོག་ བརྫིས་བཏང་ནས་ཧྲུག་ཆག་ཏུ་བཏང༌བ་དང་། དཔེ་ཁུག་འཁྱེར་ནས་ཕྱི་བལྟས་ ཙམ་ཡང་མི་སློག་པར་ཕྱིན་སོང༌། ཧྲུག་ཆག་ཏུ་སོང་བའི་མོ་ཊ་ཆུང་ཆུང་དེ་

མཐོང་ནས་ང་ཡང་ཁོང་ཁྲོ་ཆེན་པོ་ལངས་སོང༌། དེར་བརྟེན། ངེད་གཉིས་ཀྱི་ གྲོགས་པོའི་འབྲེལ་བ་དེ་གནས་སྐབས་རིང་ཆད་སོང༌། དེ་ནས་ཟླ་ཤས་ཕྱིན་པའི་རྗེས་ཀྱི་ཉིན་ཞིག

སློབ་གྲྭ་གྲོལ་ནས་ནང་དུ་

ལོག་པའི་ལམ་བར་དུ་ཕུན་ཚོགས་ངའི་རྒྱབ་ཏུ་ཡོང་གི་འདུག ངས་ལྐོག་ཏུ་ཕྱིར་ བལྟས་ཤིག་སློབ་སྐབས། ཁོའི་ལག་པ་གཡས་པ་གོས་ཐུང་གི་ཁུག་མའི་ནང་དུ་ བཅུག་པ་དང་། དངོས་པོ་ཞིག་འབུར་དུ་ཐོན་འདུག་པ་དེ་གང་ཡིན་ནམ་བསམ་ བྱུང༌།

ཁོ་ངའི་རྗེས་ཟིན་གྲབས་ཡོད་དུས་ཁུག་མའི་ནང་ནས་སྤུས་ཀ་ཤིན་ཏུ་

ལེགས་པའི་ཤིང་གི་མོ་ཊ་ཆུང་ཆུང་གསར་པ་ཞིག་བཏོན་བྱུང་བས། ང་རེ་ཞིག་ ཡ་མཚན་སྐྱེས་ནས་ཁོ་པར་བལྟས་ཏེ་བསྡད་པ་ཡིན། ཁོའི་གདོང་པ་ཡང་དམར་ པོར་གྱུར་ཅིང་། འགྱོད་སེམས་ཆེན་པོས། “ཁ་སྔོན་ངས་ཁྱོད་ཀྱི་མོ་ཊ་ཆུང་ཆུང་

7


ལ་རྡོག་བརྫིས་བཏང་བ་དེ་ངའི་ནོར་འཁྲུལ་རེད། དགོངས་པ་མ་འཚོམས། སང་ ཉིན་ང་ཚོའི་ཁྱིམ་ཚང་ས་གནས་གཞན་ལ་སྤོ་རྒྱུ་ཡིན་པས་མོ་ཊ་ཆུང་ཆུང་འདི་

ཁྱོད་ལ་དྲན་རྟེན་དུ་བཟོས་པ་ཡིན།”

ཞེས་ཤོད་བཞིན་མོ་ཊ་ཆུང་ཆུང་དེ་ང་ལ་

སྤྲད་བྱུང༌། ཁ་སྔོན་ངའི་བྱེད་སྟངས་མ་འགྲིག་པ་ཡིན་སྟབས། ངའི་སེམས་ལ་

འགྱོད་པ་ཚད་མེད་སྐྱེས་ནས་ཕུན་ཚོགས་ཀྱི་ལག་གཉིས་དམ་པོར་འཇུས་ནས་ གདོང་ལ་ལྟ་ཙམ་ལས་སྐད་ཆ་གཅིག་ཀྱང་ཐོན་མ་བྱུང༌།

ཕུན་ཚོགས་ཕ་མ་དང་མཉམ་དུ་ས་ཕྱོགས་གཞན་དུ་སྤོས་པ་ནས་བཟུང་

ངེད་གཉིས་ཐུག་འཕྲད་མ་བྱུང༌། དྲན་རྟེན་དུ་སྤྲད་པའི་མོ་ཊ་ཆུང་ཆུང་དེ་མཐོང་

8


ཐེངས་རེར་ཕུན་ཚོགས་ངའི་མདུན་དུ་ལངས་བསྡད་ཡོད་པ་ལྟ་བུའི་ཚོར་སྣང་ ཡོང་གིན་འདུག

གཏམ་དཔེ།

དགྲ་འཁྲུག་པ་ལྷ་ཡི་ཡུལ་ལའང་ཡོད། །

གཉེན་འགྲིག་པ་སྲིན་པོའི་ཡུལ་ལའང་ཡོད། ། བཟང་ལ་བཟང་ལན་འཇལ་བ་དང་། ངན་ལ་ངན་ལན་མི་འཇལ་གཉིས།

ཡ་རབས་བཟང་པོའི་ལུགས་སྲོལ་ཡིན། སྦྱོང་ཚན།

ཚིག་སྒྲུབ་བཟོས།

སྤུས་ཀ གནས་སྐབས། ཧྲུག་ཆག ཚོར་སྣང་། འབུད་རྒྱག

ཐུག་འཕྲད།

གཤམ་གསལ་དྲི་བ་རྣམས་ལ་ལན་བྲིས།

འགྱོད་སེམས། དྲན་རྟེན།

རྡོག་བརྫིས།

སྤོ་བ།

༡། ཁོས་ཤིང་གིས་བཟོས་པའི་མོ་ཊ་ཆུང་ཆུང་སྤུས་ལེགས་དེ་མཐོང་ཐེངས་རེར་མིག་

9


ལམ་དུ་སུ་འཆར་གྱི་ཡོད་དམ།

༢། ཕུན་ཚོགས་དང་ཁོ་གཉིས་མཛའ་བཤེས་ཀྱི་འབྲེལ་བ་ཆད་དོན་ཅི་ཡིན་ནམ།

༣། མཐར་ཁོ་གཉིས་ཀྱི་མཛའ་བཤེས་འབྲེལ་བ་དེ་སླར་གསོ་བྱུང་ནའང་གནས་སྟངས་ ག

གང་འདྲ་བྱུང་ངམ།

གཤམ་གྱི་སྐད་ཆ་རྣམས་སུ་དང་འབྲེལ་བ་ཡོད་པ་བཞིན་འོག་གི་རེའུ་མིག་ནང་

འགེངས་དགོས།(རེའུ་མིག་ནང་ཨང་ཀི་གཅིག་པོ་བསྐང་ན་འགྲིག)

༡། མོ་ཊ་ཆུང་ཆུང་སྤུས་དག་དེར་ཞིབ་མོར་ལྟ་སྐབས་གཟབ་གཟབ་མ་བྱས་པས་དེ་ས་ ལ་ཟགས་ཏེ་ཆག

༢། ངུ་བཞིན། “སྐྱིན་ཚབ་ཁྱེར་ཤོག” ཅེས་བཤད།

༣། “ངས་ཆེད་མངགས་བཅག་པ་མིན།” ཞེས་བཤད།

༤། “སྐྱིན་ཚབ་མ་སྤྲད་ན་འགྲིག་གི་མ་རེད།” ཅེས་ཤོད་བཞིན་ནུས་ཤུགས་ཅི་ཡོད་ བཏོན་ནས་ང་ལ་འབུད་རྒྱག་བཏང་།

༥། ངའི་མོ་ཊ་ཆུང་ཆུང་ཤུགས་ཀྱིས་ས་ལ་བརྡབས་ཏེ། རྡོག་བརྫིས་བཏང་ནས་ཧྲུག་ ཆག་ཏུ་བཏང༌།

༦། ཧྲུག་ཆག་ཏུ་བཏང་བའི་མོ་ཊ་ཆུང་ཆུང་དེ་མཐོང་ནས་ཁོང་ཁྲོ་ཆེན་པོ་ལངས། 10

༧། ངས་ལྐོག་ཏུ་ཕྱིར་བལྟས་ཤིག་སློག་སྐབས། ཁོའི་ལག་པ་གཡས་པ་གོས་ཐུང་གི་ ཁུག་མའི་ནང་དུ་བཅུག་པ་དང་། དངོས་པོ་ཞིག་འབུར་དུ་ཐོན་འདུག་པ་དེ་གང་


ཡིན་ནམ་བསམ་བྱུང༌།

༨། ཁུག་མའི་ནང་ནས་སྤུས་ཀ་ཤིན་ཏུ་ལེགས་པའི་ཤིང་གི་མོ་ཊ་ཆུང་ཆུང་གསར་པ་ ཞིག་བཏོན།

༩། “ཁ་སྔོན་ངས་ཁྱོད་ཀྱི་མོ་ཊ་ཆུང་ཆུང་ལ་རྡོག་བརྫིས་བཏང་བ་དེ་ངའི་ནོར་འཁྲུལ་ རེད།”

༡༠། “སང་ཉིན་ང་ཚོའི་ཁྱིམ་ཚང་ས་གནས་གཞན་ལ་སྤོ་རྒྱུ་ཡིན་པས་མོ་ཊ་འདི་ཁྱོད་ ལ་དྲན་རྟེན་དུ་བཟོས་པ་ཡིན།” ཞེས་ཤོད་བཞིན་མོ་ཊ་ཆུང་ཆུང་དེ་ང་ལ་སྤྲད་བྱུང༌།

༡༡། འགྱོད་པ་ཚད་མེད་སྐྱེས་ནས་ཕུན་ཚོགས་ཀྱི་ལག་གཉིས་དམ་པོར་འཇུས་ནས་ གདོང་ལ་ལྟ་ཙམ་ལས་སྐད་ཆ་གཅིག་ཀྱང་ཐོན་མ་བྱུང༌། རྩོམ་པ་པོའི་སྐད་ཆ།

ཕུན་ཚོགས་ཀྱི་སྐད་ཆ།

བཞི་པ། ཁྱེད་རང་གི་གྲོགས་པོའི་སྐོར་རྩོམ་ཐུང་ཞིག་བྲིས།

11


སློབ་ཚན་གསུམ་པ།

ང་ཚོའི་ཕ་ཡུལ་བོད།

དེ་རིང་ང་ཚོས་བོད་ཀྱི་སྐོར་ལ་གཏམ་གླེང་བྱེད་ཀྱི་ ཡིན། ཐོག་མར་ཡེ་ཤེས་ལགས་ཀྱིས་བོད་སྐོར་གང་ ཤེས་གསུངས་དང་། ལགས་སོ། རྒན་ལགས། བོད་ནི་ང་ཚོའི་ཕ་ཡུལ་རེད། བོད་ལ་རྩྭ་ཐང་ཆེན་པོ་དང་། རྟ། གཡག ལུག་མང་པོ་ཞེ་དྲག་ཡོད་རེད། དེ་མ་ཚད་གངས་རི་མང་པོ་ཡོད་རེད། དཔེར་ན། གངས་རིན་པོ་ཆེ་དང་། ཇོ་མོ་གླང་མ། གཉན་ཆེན་ཐང་ལྷ། རྨ་ཆེན་སྤོམ་ར། ཡར་ལྷ་ཤམ་པོ། རོང་བཙན་ཁ་བ་དཀར་པོ་སོགས་མང་པོ་ཡོད་པ་རེད། རྒན་ལགས། བོད་ནང་དུ་ དགོན་པའང་མང་པོ་ཞེ་དྲག་འདུག བོད་མི་ ཚོ་ཆོས་དད་ཆེན་པོ་དང་། དུས་ཆེན་ཁག་ལ་མི་སྟོང་ ཕྲག་མང་པོས་མཆོད་འབུལ་རྒྱ་ཆེན་པོ་བྱེད་ཀྱི་འདུག དཔེར་ ན། གཙུག་ལག་ཁང་དང་། སེ་འབྲས་དགའ་གསུམ། ས་སྐྱ་ དགོན་པ། བཀྲ་ཤིས་ལྷུན་པོ། གསེར་རྟ་དགོན་པ། རྗེ་སྐུ་འབུམ་སོགས་སུ་སེར་སྐྱ་མང་པོས་བསང་ གསོལ་གཏོང་བ་སོགས་བྱེད་ཀྱི་འདུག

12

དེ་ག་རང་རེད། རིག་འཛིན་ ལགས། ཁྱེད་རང་བོད་དུ་ ཕེབས་མྱོང་ངམ།


ལགས། རྒན་ལགས། ང་རང་ཕ་མ་མཉམ་དུ་ཉིས་སྟོང་ བཅུ་དྲུག་ལོར་ཕྱིན་པ་ཡིན། བོད་ ནང་དུ་སྐྱིད་པོ་ཞེ་དྲག་བྱུང་།

ཡག་པོ་འདུག དེ་ནས་ དཔལ་སྐྱིད་ལགས་ནས་ གསུངས་དང་།

རྒན་ལགས། ང་བོད་དུ་འགྲོ་མྱོང་མེད། ཡིན་ནའང་བོད་ ནང་དུ་མཚོ་དང་མཚེའུ་ཡང་མང་པོ་ཡོད་པ་གོ་བྱུང་། དཔེར་ན། མ་ཕམ་གཡུ་མཚོ་དང་། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། མཚོ་སྔོན་པོ། ལྷ་མོའི་བླ་མཚོ་སོགས་མང་པོ་ཡོད་པ་རེད། འོ་རེད། དེ་ མ་ཚད། ཆུ་བོ་ཆེན་པོ་བཞི་དཔེར་ན། གངས་ ཏེ་སེའི་ཤར་ན་གླང་ཆེན་ཁ་འབབ། ལྷོ་ན་རྨ་བྱ་ཁ་འབབ། ནུབ་ན་ རྟ་མཆོག་ཁ་འབབ། བྱང་ན་སེང་གེ་ཁ་འབབ་བཅས་དང་། མདོ་སྟོད་སྨད་ གཉིས་ཀྱི་ནང་དུ་འབྲི་ཆུ་དང་རྨ་ཆུ་སོགས་ཆུ་བོ་ཆེན་པོ་མང་པོ་ ཡོད་རེད།

རྒན་ ལགས། བོད་ཀྱི་ཤར་ ཕྱོགས་སུ་རྒྱ་ནག་དང་། ནུབ་ཕྱོགས་ སུ་པ་ཀི་སི་ཐན། ལྷོ་ཕྱོགས་སུ་རྒྱ་གར་དང་། བལ་ཡུལ། འབར་མ། བྱང་ཕྱོགས་སུ་ཤར་ཏུར་ ཀི་སི་ཐན། སོག་པོ་བཅས་ཡོད་པ་རེད།

ལགས་ སོ། །སློབ་གྲོགས་ཚོ། ཁྱེད་ཚོས་བོད་སྐོར་ཡག་པོ་ ཤེས་ཀྱི་འདུག དེ་རིང་དེ་ཙམ་ཡིན། རྗེས་མ་མུ་མཐུད་བགྲོ་གླེང་བྱེད་ ཀྱི་ཡིན། 13


ལགས་སོ། །རྒན་ལགས། རྗེས་སུ་ མཇལ་ཡོང་།

སྦྱོང་ཚན། གཤམ་གསལ་སྒོར་ཐིག་ནང་ཁྱེད་ཀྱི་གྲོགས་པོ་དང་ནང་མི་སུ་དང་སུ་བོད་པའི་ཁ་

14

ལག་ག་རེ་ལ་དགའ་པོ་ཡོད་མེད་བྲིས།


15


སློབ་ཚན་བཞི་པ།

དུས་ཆེན་ཁག་གཉིས་ངོ་སྤྲོད། ༡། ཆོས་འཁོར་དུས་ཆེན།

བོད་ཟླ་ ༦ ཚེས་ ༤ ཉིན་ནི། སྟོན་པ་ཤཱཀྱ་ཐུབ་པས་བཀའ་དང་པོ་བདེན་པ་བཞིའི་ ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན།

སངས་རྒྱས་བཅོ མ ་ལྡན་འདས་རྡོ ་ རྗེ ་ གདན་དུ་སངས་རྒྱས་ནས་ཆོ ས ་

ཀྱི ་ འཁོ ར ་ལོ ་ བསྐོར་བའི ་ དུས་ལ་ མ་བབས་པས་རེ ་ ཞི ག ་ཆོ ས ་མ་

གསུངས་པར་བཞུགས་པའི་སྐབས།

ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་ པས་གསེ ར ་གྱི ་ འཁོ ར ་ལོ ་ རྩི བ ས་ སྟོང་ཅན་དང་། ཆོས་དུང་དཀར་པོ་

གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་

ཀྱི་འཁོར་ལོ་བསྐོར་བར་གསོལ་བ་

16


བཏབ་པ་ལ་བརྟེན་ནས། བོད་ཟླ་ ༦ ཚེས་ ༤ ཉིན་དུས་ལ་བབས་པར་གཟིགས་ ནས། ཡུལ་ཝཱ་རཱ་ཎ་སཱིར་འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་པ་བཞིའི་ ཆོས་ཀྱི་འཁོར་ལོ་བསྐོར་གནང་བ་རེད།

དེར་བརྟེན། ཉིན་མོ་དེ་འཛམ་གླིང་ཡོངས་ཀྱི་ནང་པ་སྤྱི་དང་། ལྷག་པར་

བོད་མི་ཚོས་ཕྱག་དང་མཆོད་འབུལ་བྱེད་ཀྱི་ཡོད་པ་དང་། ཉིན་དེར་ལས་ཁུངས་ ཁག་གུང་གསེང་བཏང་སྟེ། ཡོད།

མང་ཚོགས་ནས་དགེ་བའི་ཚོགས་གསོག་གིན་

༢། ལྷ་བབས་དུས་ཆེན།

ལྷ་བབས་དུས་ཆེན་ནི། སྟོན་པ་ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་ཀྱི་

ནང་ཚན་ཞིག་ཡིན་ཞིང་། བོད་མི་ཚོས་བོད་ཟླ་ ༩ ཚེས་ ༢༢ ཉིན་འཁེལ་བར་ ངོས་འཛིན་གྱིས་རྗེས་དྲན་ཞུ་བཞིན་ཡོད།

ལྷ་ཡུལ་དུ་སྐྱེས་པའི་ཡུམ་སྒྱུ་མ་ལྷ་མཛེས་དེ་ཉིད་གཙོ་བོར་གྱུར་པའི་ལྷ་

རྣམས་སྨིན་གྲོལ་གྱི་གནས་སུ་འགོད་པའི་ཕྱིར། གྲངས་

༤༡

སྟོན་པ་ཤཱཀྱ་ཐུབ་པ་དགུང་

ལ་ཕེབས་པའི་སྐབས་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་ཆོས་

གསུང་ཞིང་བཞུགས་པའི་ཚེ།

རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་

17


སྙིང་པོ་གཙོས་རྒྱལ་པོ་གསལ་རྒྱལ་ལ་སོགས་པ་མི་རྣམས་ཀྱིས། འཕགས་པ་ མཽང་གལ་གྱི་བུ་ལ་སངས་རྒྱས་བཅོམ་ལྡན་འདས་མི་ཡུལ་དུ་སྤྱན་འདྲེན་པར་

གསོལ་བ་དང་། འཕགས་པ་མཽང་གལ་གྱི་བུ་ལྷའི་གནས་སུ་བྱོན་ཏེ། སངས་

རྒྱས་བཅོམ་ལྡན་འདས་ལ། འགྲོ་བ་མི་རྣམས་ལྷའི་ཡུལ་དུ་འོང་བར་དཀའ་ཡང་། ལྷ་རྣམས་འཛམ་བུའི་གླིང་དུ་བྱོན་པར་དཀའ་བ་མེད་ན། སྟོན་པ་ཐུགས་རྗེ་ཅན་

མིའི་རིགས་ཀྱི་འགྲོ་བ་རྣམས་ལ་བརྩེ་བས་དགོངས་ནས་འཛམ་བུའི་གླིང་དུ་ བྱོན་པར་ཞུ་ཞེས་གསོལ་བ་བཏབ་པ་ལྟར། སྟོན་པ་བཅོམ་ལྡན་འདས་མི་ཡུལ་ ཕེབས་པར་ཞལ་གྱིས་བཞེས།

སྟོན་པ་མི་ཡུལ་དུ་བྱོན་པའི་ཉིན་མོར། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་

བཟོ་བོ་བིཤྭ་ཀརྨ་ལ།

རི་རབ་ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་ནས་མི་ཡུལ་བར་དུ་

དཀྱིལ་ལ་རིན་ཆེན་བཻཌཱུརྱའི་ཐེམ་སྐས་དང་། དང་། སྟེ།

དེའི་གཡས་ཕྱོགས་སུ་གསེར་

གཡོན་དུ་ཤེལ་ལས་གྲུབ་པའི་ཐེམ་སྐས་འཛུགས་པར་བཀའ་གནང་

ལྷ་ཚངས་པས་རིན་པོ་ཆེའི་རྔ་གཡབ་སངས་རྒྱས་ཀྱི་སྐུ་ལ་གཡོབ་བཞིན་

སྐུའི་གཡས་ཕྱོགས་ཀྱི་གསེར་གྱི་ཐེམ་སྐས་ནས་འོངས་ཤིང་།

ལྷའི་དབང་པོ་

བརྒྱ་བྱིན་གྱིས་ལྷ་ཡི་གདུགས་རྩིབས་སྟོང་ཅན་ཕྱག་ཏུ་བཟུང་སྟེ། སངས་རྒྱས་ ཀྱི་སྐུའི་གཡོན་ཕྱོགས་ཀྱི་ཤེལ་གྱི་ཐེམ་སྐས་ནས་ཕེབས།

18

སངས་རྒྱས་འཁོར་


དང་བཅས་པ་བཻཌཱུརྱའི་ཐེམ་སྐས་ནས་མི་ཡུལ་གྱི་གྲོང་ཁྱེར་གསལ་ལྡན་དུ་བྱོན་ ཏེ།

སེང་གེའི་ཁྲིའི་སྟེང་དུ་བཞུགས་ནས་འགྲོ་བ་མཐའ་ཡས་པར་སྐལ་བ་དང་

འཚམས་པའི་ཆོས་ཚུལ་དུ་མ་བསྟན་པར་མཛད།

བོད་མི་ཚོས་བོད་ཟླ་ ༩ ཚེས་ ༢༢ ཉིན། དགོན་སྡེ་ཁག་ལ་མཆོད་མཇལ་

དུ་འགྲོ་བ་དང་། ཕྱག་མཆོད་འབུལ་བ་སོགས་རྣམ་དཀར་གྱི་དགེ་བའི་ལས་ལ་ བརྩོན་གྱི་ཡོད།

ལྷ་བབས་དུས་ཆེན་མ་ཟིན་སྔོན་ཁང་པར་དཀར་རྩི་གཏོང་བ་དང་།

རི་

19


རྩེ་དང་བྲག་རྡོ་སོགས་ལ་ཡང་དཀར་རྩི་བྱུགས་པ་སོགས་བྱེད། དེ་བཞིན་བོད་

གཞུང་ནས་ཀྱང་དུས་ཆེན་དེ་ཉིད་གཞུང་འབྲེལ་གུང་གསེང་དུ་གཏན་འབེབས་ གནང་སྟེ། གཞུང་དམངས་ཚང་མས་སྲུང་བརྩི་བྱེད་མུས་ཡིན། སྦྱོང་ཚན། ཀ

གལ་ཆེའི་མིང་ཚིག

བདེན་པ་བཞི། ཁྱད་པར་ཅན། འཁོར་ལོ་རྩིབས་སྟོང་ཅན།

ཆོས་དུང་དཀར་པོ། འཁོར་ལྔ་སྡེ་བཟང་པོ། བཙན་བྱོལ། ལས་ཁུངས། ཁ

ཆོས་ཀྱི་འཁོར་ལོ་སྐོར།

གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།

༡། ཆོས་འཁོར་དུས་ཆེན་དང་ལྷ་བབས་དུས་ཆེན་གྱི་དུས་ཚེས་ག་དུས་འཁེལ་གྱི་ ཡོད་དམ།

༢། སྟོན་པ་ཤཱཀྱ་ཐུབ་པར་ཆོས་འཁོར་སྐོར་བར་གསོལ་བ་འདེབས་མཁན་སུ་དང་སུ་ 20

ཡིན་ནམ།


༣། འཕགས་པ་མཽང་གལ་གྱི་བུ་ལ་སྟོན་པ་བཅོམ་ལྡན་འདས་མི་ཡུལ་དུ་སྤྱན་འདྲེན་ པར་གསོལ་བ་འདེབས་མཁན་སུ་རེད་དམ།

༤། སངས་རྒྱས་བཅོམ་ལྡན་འདས་མི་ཡུལ་དུ་སྤྱན་འདྲེན་མཁན་སུ་ཡིན་ནམ། ག

༥། ལྷ་བབས་དུས་ཆེན་མ་ཟིན་སྔོན་དུ་གང་དང་གང་གནང་གི་ཡོད་དམ།

ཆོས་འཁོར་དུས་ཆེན་དང་ལྷ་བབས་དུས་ཆེན་ཉིན་ཁྱེད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་

མེད་སྐོར་ཤོད།

21


སློབ་ཚན་ལྔ་པ།

དང་སྒྲ་བཤད་པ།

དང་ནི་སྡུད་འབྱེད་རྒྱུ་མཚན་དང༌། ། ཚེ་སྐབས་གདམས་ངག་ལྔ་ལ་འཇུག །

ཅེས་གསུངས་པ་ལྟར། དང་ཞེས་པའི་སྒྲ་ནི་སྡུད་པ་དང༌། འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་བཅས་ལྔ་ལ་འཇུག ༡།

སྡུད་པ་ནི། བསྡུ་བྱའི་ཆོས་དུ་མ་སྔོན་དུ་བཀོད་ནས་དེ་དག་རེ་རེའི་རྗེས་

སུ་དང་སྒྲ་སྦྱར་ཏེ་མཐར་བསྡུ་བྱའི་ཆོས་རྣམས་ཕྱོགས་གཅིག་ཏུ་སྡུད་པ་ ལ་ཟེར། དཔེར་ན། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་བཅས་ནི་ དཀོན་མཆོག་གསུམ་མོ། །འདི་ལྟ་བུ་ལ་མཚོན་ན། བསྡུ་བྱ་སངས་རྒྱས་ དང༌། ཆོས་དང༌། དགེ་འདུན་གསུམ་སྡུད་བྱེད་དང་སྒྲ་སྦྱར་ཏེ་དཀོན་

༢།

22

མཆོག་གསུམ་ཞེས་གཅིག་ཏུ་སྡུད་པ་ལྟ་བུའོ། །

འབྱེད་པ་ནི། དབྱེ་གཞི་སྔོན་དུ་བཀོད་ནས་དེའི་དབྱེ་ཆོས་སོ་སོའི་མཐར་

དང་སྒྲ་སྦྱར་ནས་སོ་སོར་འབྱེད་པ་ལ་ཟེར། དཔེར་ན། དཀོན་མཆོག་

གསུམ་ནི། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ནོ། ། འདི་ལྟ་བུ་ ལ་མཚོན་ན། དབྱེ་གཞི་དཀོན་མཆོག་ལས་དབྱེ་ཆོས་སངས་རྒྱས་དང༌།


ཆོས་དང༌། དགེ་འདུན་རྣམས་ལ་དང་སྒྲ་སྦྱར་ནས་སོ་སོར་འབྱེད་པ་ལྟ་བུ་ ༣།

ལ་ཟེར།

རྒྱུ་མཚན་ནི།

ཚིག་དོན་སྔ་མར་དང་སྒྲ་སྦྱར་བ་དེ་ཚིག་དོན་ཕྱི་མའི་

རྟགས་སམ་རྒྱུ་མཚན་དུ་གྱུར་པ་ཞིག་ལ་ཟེར། དཔེར་ན། དུ་བ་མཐོང་བ་ དང་མེ་ཡོད་པ་ཤེས་ལྟ་བུར་མཚོན་ན།

༤།

ཚིག་དོན་སྔ་མའི་རྟགས་དུ་བ་

མཐོང་བ་ལ་བརྟེན་ནས་ཕྱི་མ་མེ་ཡོད་པ་ཤེས་པ་ལྟ་བུའོ ། །

ཚེ་སྐབས་ནི། ཚིག་དོན་སྔ་མའི་རྗེས་སུ་དང་སྒྲ་སྦྱར་བས་ཚིག་དོན་ཕྱི་

མའི་དུས་ཚོད་སྟོན་པ་ཞིག་ལ་ཟེར། དཔེར་ན། ནམ་ལངས་པ་དང་གཉིད་

སད་ཅེས་ཚིག་དོན་སྔ་མ་ནམ་ལངས་པའི་རྗེས་སུ་དང་སྒྲ་སྦྱར་ཏེ། ཚིག་ ༥།

དོན་ཕྱི་མ་གཉིད་སད་པའི་དུས་ཚོད་སྟོན་པ་ལྟ་བུའོ། །

གདམས་ངག་ནི། གཞན་ལ་ཕན་པའི་དོན་སྟོན་པའི་དང་སྒྲ་ཅན་ཞིག་ལ་

ཟེར། དཔེར་ན། ལེགས་པར་སློབས་དང༌། བསླབ་བྱར་རབ་ཏུ་ཉོན་དང༌། ལྟ་བུའོ། ། གཞན་ཡང་།

སྐུལ་ཚིག་ལ་འཇུག་པ་དཔེར་ན། རྒྱུགས་དང༌། བྲིས་དང༌། སྡོད་དང༌།

ལྟ་བུ་དང༌།

ཚིག་དོན་སྔ་ཕྱི་གཉིས་མཚམས་སྦྱོར་ལ་འཇུག་པ་དཔེར་ན། བྱས་དང་

23


བྱེད་མུས། མཐོང་དང་མཐོང་བཞིན་པ་ལྟ་བུ་བྱ་བ་སྔ་ཕྱི་མཚམས་སྦྱོར་

བ་དང༌། ནམ་མཁའ་དང་ས་གཞི། ཁྱོད་དང་ང་ལྟ་བུ་མིང་ཚིག་སྔ་ཕྱི་

མཚམས་སྦྱོར་བར་འཇུག་པ་དང༌། རྡུལ་དང་འདྲེས། གྲོགས་དང་བྲལ། ཀུན་དང་མཐུན་ལྟ་བུ་གཞི་དང་བྱ་བ་གཉིས་མཚམས་སྦྱོར་བ་ལྟ་བུའི་ མཚམས་སྦྱོར་ལ་འཇུག་པའང་ཡོད།

དང་སྒྲ་ཡིན་ན་ཕྲད་ཡིན་པས་མ་ཁྱབ་སྟེ། དཔེར་ན། དང་ཀྱོག དང་ག

དང་དོད། དང་བ་ལྟ་བུའི་དང་སྒྲ་འདི་དག་ཕྲད་མིན་པ་ཤེས་པར་བྱའོ ། ། སྦྱོང་ཚན། ཀ གཤམ་གྱི་བར་སྟོང་དུ་དང་སྒྲ་སྡུད་པ་ལ་འཇུག་སྟངས་རེའུ་མིག་ནང་སྐོངས།

བཅས་ནི་ཕྱོགས་བཞིའོ། །

རྣམས་ནི་དབང་པོ་ལྔའོ། །

བཅས་ནི་རེས་གཟའ་བདུན་ཡིན་ནོ། ། བཅས་ལ་འདོད་ཡོན་ལྔ་ཟེར་རོ། །

24


ཁ གཤམ་གསལ་བར་སྟོང་དུ་དང་སྒྲ་འབྱེད་པ་ལ་འཇུག་སྟངས་སྐོངས། ༡། ཉི་ཟླ་སྐར་གསུམ་ཞེས་པ་ནི། ༢། འབྱུང་བ་བཞི་ནི། ༣། སྒོ་གསུམ་ནི།

བཅས་སོ། །

བཅས་སོ། །

བཅས་ཡིན་ནོ། །

ག གཤམ་གསལ་བརྗོད་པ་རྣམས་ལས་དང་སྒྲའི་འཇུག་ཡུལ་ངོས་ཟུངས།

དཔེར་ན། ཟླ་བ་ཉ་གང་བ་དང་ཚེས་བཅོ་ལྔ་ཡིན་པ་ཤེས། (ཚེ་སྐབས།) ལྟ་བུ། ༡། ཚེས་བཅོ་ལྔར་སླེབས་པ་དང་ཟླ་བ་ཉ་གང༌། (

༢། རང་དོན་དང་གཞན་དོན་གཉིས་ལ་དོན་གཉིས་ཟེར། (

)

)

༣། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནི། སྲོང་བཙན་སྒམ་པོ་དང༌། ཁྲི་སྲོང་ལྡེའུ་ བཙན་དང༌། ཁྲི་རལ་པ་ཅན་རྣམས་སོ། ། (

༤། སྐྱ་རེངས་ཤར་བ་དང་མལ་ལས་ལྡང་། (

)

)

༥། དབྱར་དང་། དགུན་དང་། སྟོན་དང་། དཔྱིད་ནི་དུས་ཚིགས་བཞིའོ། ། ( ) ༦། ས་དྲོས་པ་དང་དཔྱིད་ཀ་སླེབས་པ་ཤེས། (

)

༧། དུས་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟ་བ་གསུམ་མོ། ། (

ང གཤམ་གསལ་དྲི་བ་ཁག་ལ་ལན་བྲིས།

) 25


༡། དང་སྒྲ་སྡུད་པ་དང་འབྱེད་པ་གཉིས་ཀྱི་ཁྱད་པར་ཅི།

༢། དང་སྒྲ་རྒྱུ་མཚན་ལ་འཇུག་པ་ཞེས་པའི་དོན་ཅི་ཡིན་ནམ།

༣། དང་སྒྲ་ཚེ་སྐབས་ལ་འཇུག་ཅེས་པའི་དོན་ཅི་ཞིག་ཡིན་ནམ། ༤། དང་སྒྲ་གདམས་ངག་ལ་འཇུག་ཅེས་པའི་དོན་ཅི།

༥། དང་སྒྲའི་འཇུག་ཡུལ་ལྔ་ཡི་དཔེར་བརྗོད་རེ་བྲིས།

26


སློབ་ཚན་དྲུག་པ།

བློ་སྦྱོང་ཚིགས་བརྒྱད་མའི་རྩ་འགྲེལ།

བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །

དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག ། ཅེས་པའི་དོན་ནི།

མི་གཞན་དག་ཇི་ལྟར་ཡང་གླང་ཐང་པ་བདག་གིས་

ནི། ཡུལ་སེམས་ཅན་ཐམས་ཅད་ལ་བརྟེན་ནས་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་

ཆེས་ལྷག་པའི་དོན་མཆོག་བསྒྲུབ་པར་བྱ་སྙམ་པའི་བསམ་པ་ཡིས་ཀུན་ནས་ བསླངས་ཏེ། མ་རྒན་སེམས་ཅན་འདི་ཐམས་ཅད་རྟག་ཏུ་གཅེས་པར་འཛིན་པར་

ཤོག དེ་ལ་དོན་མཆོག་ནི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་སེམས་ཅན་ལ་ བརྟེན་ནས་བསྒྲུབ་ཏུ་ཡོད་པས་ན། སེམས་ཅན་ནི་ཡིད་བཞིན་གྱི་ནོར་བུ་ལས་ ཀྱང་ཆེས་ལྷག་པ་ཡིན་ནོ། །

གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་བལྟ་ཞིང༌།

གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག ། ཅེས་པའི་དོན་ནི།

གནས་གང་དུ་གྲོགས་སུ་དང་འགྲོགས་པའི་ཚེ་ཡང་

27


བདག་ཉིད་ནི་འགྲོགས་ཡུལ་ཀུན་ལས་དམན་པར་བལྟ་ཞིང༌། གཞན་དག་ལ་ནི་ ཁ་ཙམ་མིན་པར་བསམ་པ་ཐག་པ་ཡིས་རང་ལས་མཆོག་ཏུ་བལྟས་ཏེ་གཅེས་ པར་འཛིན་པར་ཤོག

མདོར་ན་རང་ལས་དམན་པ་ནི་སུ་ཡང་མེད་སྙམ་དུ་ང་

རྒྱལ་དང་ཁེངས་པ་སྐྱུངས་ཏེ་འགྲོ་ཀུན་སྤྱི་བོར་འཁུར་དགོས་པའི་དོན་ནོ། ། སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །

བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག །

ཅེས་པའི་དོན་ནི། འགྲེང་འཆག་ཉལ་འདུག་གི་སྤྱོད་ལམ་ཀུན་ཏུ་རང་རྒྱུད་

ལ་དྲན་ཤེས་ཀྱིས་རྟོག་པར་བྱེད་ཅིང༌།

བརྟགས་པ་ན་ཉོན་མོངས་སྐྱེས་ནས་

འདུག་ན། དེ་མ་ཐག་འདིས་བདག་གཞན་མ་རུངས་པར་བྱེད་ངེས་པས་ན། རང་ སོར ་བཞག་ག་ལ་རུང་སྙམ་དུ་བཙན་ཐབས་སུ་གདོ ང་ནས་བཟློ ག ་པར་ཤོ ག དོན་བསྡུས་ན། ཉོན་མོངས་སྐྱེས་མ་ཐག་རིག་པར་བྱས་ནས་འབུར་འཇོམས་བྱ་ དགོས་པའི་དོན་ནོ། །

རང་བཞིན་ངན་པའི་སེམས་ཅན་རྣམས། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །

རིན་ཆེན་གཏེར་དང་འཕྲད་པ་བཞིན། །རྙེད་པར་དཀའ་བས་གཅེས་འཛིན་ཤོག། ཅེས་པའི་དོན་ནི།

ཡུལ་དུས་གང་ནའང་རུང་སྟེ་རང་བཞིན་ཤིན་ཏུ་ངན་

པའི་སེམས་ཅན་དག་དང༌། དེ་བཞིན་དུ་ཧ་ཅང་ཚབས་ཆེ་བའི་སྡིག་པའི་ལས་ལ་

28


ཞུགས་པ་དང༌། སྡུག་བསྔལ་ཤུགས་དྲག་པོས་ཀུན་ནས་ནོན་པའི་སེམས་ཅན་ རྣམས་མཐོང་ཚེ། སྒྱིད་མི་ལུག་པར་དབུལ་པོས་རིན་ཆེན་གཏེར་དང་འཕྲད་པ་ ལྟར། སེམས་ཅན་འདི་ལྟ་བུ་ནི་བྱང་ཆུབ་སྒྲུབ་པའི་ཡན་ལག་ཏུ་རྙེད་པར་དཀའ་ བས་སོ་སྙམ་དུ་ལྷག་པར་ཡང་གཅེས་པར་འཛིན་པར་ཤོག

བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་བསྐུར་ལ་སོགས་མི་རིགས་པའི། ། གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག ། ཅེས་པའི་དོན་ནི།

བདག་ལ་མི་གཞན་གྱིས་ཕྲག་དོག་གིས་ཀུན་ནས་

བསླངས་ཏེ། གཤེ་ཞིང་མཚང་འདྲུ་བ་དང་བསྡིགས་ཤིང་སྐུར་བ་ལ་སོགས་ཏེ།

ཤིན་ཏུ་མི་རིགས་པའི་གནོད་པ་ཆེན་པོ་ཇི་འདྲ་ཞིག་བྱེད་ནའང་། ཅུང་ཟད་ཀྱང་ མི་ཁྲོ་བར་གྱོང་དང་ཕམ་ཁ་ཐམས་ཅད་རང་གིས་ལེན་པ་དང༌། ཁེ་དང་རྒྱལ་ཁ་ ཐམས་ཅད་གཞན་ལ་འབུལ་ནུས་པར་ཤོག མདོར་ན་རྒྱལ་ཕམ་རྩོད་པ་ན་ཕམ་ ཁ་རང་གིས་ལེན་ཅིང༌། རྒྱལ་ཁ་གཞན་ལ་སྟེར་དགོས་པའི་དོན་ནོ། །

གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །

ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །བཤེས་གཉེན་དམ་པར་བལྟ་བར་ཤོག །

ཅེས་པའི་དོན་ནི། མི་གང་ལ་བདག་གིས་ཕར་ཕན་ཆེན་པོ་གདགས་པའི་

ལན་དུ་ཚུར་ཡང་ཕན་འདོ གས་པའི་རེ ་བ་ཆེར་བྱེད་པ་འགའ་ཞིག ་གིས ་ཕན་

29


ཐོགས་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་ཤིན་ཏུ་མི་རིགས་པའི་གནོད་པ་ཆེན་པོ་བྱེད་ ནའང་།

ཁྲོར་མི་འཇུག་པར་བཟོད་པ་ལ་བསྐུལ་བའི་བཤེས་གཉེན་དམ་པར་

བལྟ་བར་ཤོག

མདོར་ན་དངོས་སམ་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། ། མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག ། ཅེས་པའི་དོན་ནི།

གོང་དུ་ཇི་སྐད་བཤད་པ་རྣམས་མདོར་བསྡུས་ན།

དངོས་སམ་སྟེ་ད་ལྟ་རང་ལ་ཡོད་པའམ་དེ་མེད་ཀྱང་བརྒྱུད་པ་ཡི་སྒོ་ནས་འབྱུང་ བར་འགྱུར་བའི་ཕན་བདེ་མ་ལུས་པ་མ་རྣམས་ཀུན་ལ་ཕར་འབུལ་ཞིང༌།

མ་

ཡི་སྟེ་མ་རྒན་རྣམས་ཀྱི་རྒྱུད་ལ་ཡོད་པའི་རྒྱུ་གནོད་པ་སྡིག་སྒྲིབ་དང་འབྲས་བུ་

གནོད་པ་སྡུག་བསྔལ་ཀུན་གསང་བས་ཏེ་མངོན་ཆུང་གི་སྒོ་ནས་བདག་ལ་ཚུར་ ལེན་ནུས་པར་ཤོག

དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང༌། །

ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་མེད་འཆིང་བ་ལས་གྲོལ་ཤོག །

ཅེས་པའི་དོན་ནི། གོང་དུ་བཤད་པའི་ལག་ལེན་དེ་དག་ཀུན་ཀྱང་འཇིག་

རྟེན་ཆོས་བརྒྱད་ཀྱི་རྟོག་པའི་དྲི་མས་མ་སྦགས་ཤིང་།

ཕྱི་ནང་གི་ཆོས་རྣམས་

ཀུན་བརྫུན་པ་སྒྱུ་མ་ལྟ་བུར་ཤེས་པའི་བློས་གང་ལའང་བདེན་པར་ཞེན་པ་མེད་

30


ཅིང་མཚན་མར་འཛིན་པའི་འཆིང་བ་ལས་གྲོལ་བར་ཤོག ཅེས་པའོ ། ། མཆན།

བློ་སྦྱོང་ཚིགས་བརྒྱད་མ་ནི་དགེ་བཤེས་གླང་རི་ཐང་པ་དང་།

འགྲེལ་བ་འདི་ནི་རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་མཛད་པའོ། །

སྦྱོང་ཚན། ཀ སློབ་ཚན་འདིའི་རྩ་བ་བློར་འཛིན་དགོས། ཁ གཤམ་གྱི་དྲི་བར་ལན་བྲིས།

༡། སློབ་ཚན་འདི་ལ་བློ་སྦྱོང་ཚིགས་བརྒྱད་མ་ཟེར་དོན་གང་ཡིན་ནམ།

༢། ཚི ག ས་བཅད་བརྒྱད་པོ ་ འདི ་ ལས་རང་ཉི ད ་ལ་འབྲེ ལ ་ཆེ ་ བ་གང་རུང་ཞི ག ་ བདམས་ཏེ་མྱོང་ཚོར་བྲིས།

31


སློབ་ཚན་བདུན་པ།

རྒྱལ་རབས་ལོ་རྒྱུས། རྒྱལ་དབང་སྐུ་ཕྲེང་ལྔ་པ།

༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ནི། ཕྱི་ལོ་ ༡༦༡༧ ལོར་འཕྱོངས་རྒྱས་ཕྱིང་དབར་སྟག་རྩེ་ལ། ཡབ་བདུད་འདུལ་རབ་

བརྟན་དང་། ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ནས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་རྒྱན་གྱིས་དབུ་སྐྲ་གཙུག་ཕུད་བཞེས་ ཏེ་མཚན་ལ་ངག་དབང་བློ་བཟང་རྒྱ་མཚོ་ཞེས་གསོལ། 32

ཕྱི་ལོ་ ༡༦༤༢ ལོ་ལ་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དུ་བོད་སོག་གི་བླ་


ཆེན་མི་ཆེན་སོགས་སེར་སྐྱ་མི་མང་གི་དབུས་སུ་གསེར་གྱི་ཁྲི་ལ་ཞབས་སོར་ འཁོད་པ་དང་། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་མཎྜལ་སྐུ་གསུང་ཐུགས་

རྟེན་ཕུལ་བའི་ཐོག་བོད་ལྗོངས་ཡོངས་རྫོགས་མངའ་འབངས་སུ་ཕུལ། དེ་ནས་

བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་ མངའ་ཐང་དབུ་བརྙེས་པ་རེད།

ཕྱི་ལོ་ ༡༦༤༥ ལོར་ཕོ་བྲང་པོ་ཏ་ལ་འཛུགས་སྐྲུན་རྒྱ་བསྐྱེད་གནང་འགོ་

བཙུགས་ཏེ། ཕོ་བྲང་དཀར་པོ་དང་དམར་པོ་གཉིས་ལོ་ཞེ་གསུམ་ནང་ལེགས་ པར་བཞེངས།

ཕྱི་ལོ་ ༡༦༥༢ ལོ་ལ་མན་ཇུ་གོང་མ་དང་པོ་ཤུན་ཙིས་རྒྱལ་དབང་ལྔ་

པ་ཆེན་པོ་མཆོག་པེ་ཅིང་དུ་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་གནང་

སྐབས་ལམ་བར་དུ་བོད་རྒྱ་སོག་གསུམ་གྱི་དགོན་སྡེ་ཆེ་ཆུང་ཚང་མར་ཞབས་ ཀྱིས་བཅགས་ཏེ་ཆོས་སྲིད་ཀྱི་མཛད་པ་རྒྱ་ཆེར་བསྐྱངས།

ྋརྒྱལ་དབང་མཆོག་ནས་བོད་ཀྱི་ས་ཆ་ཡོངས་རྫོགས་ལ་ཞིབ་འཇུག་

གནང་མཁན་གཞུང་ཞབས་པ་ཆེད་གཏོང་གནང་སྟེ། དུད་ཁྱིམ་དང་མི་གྲངས་ ཞིབ་བཤེར་དང་། མི་སེར་གྱི་དཀའ་ངལ་ལ་གཟིགས་རྟོག ལུང་པ་ཡར་རྒྱས་ གཏོང་རྒྱུའི་མཐུན་རྐྱེན་སྦྱོར་རྒྱུ། ས་མཚམས་སྲུང་སྐྱོབ་བྱེད་མཁན་གྱི་དམག་

33


མི འི ་ ཕོ ག ས་ལྷག་འཕྲོས་ཚང་མ་གཞུང་ལ་འབུལ་དགོ ས ་རྒྱུའི ་ ལུགས་སྲོ ལ ་ གསར་བཟོ་གནང་།

བོད་མིའི་འཕྲོད་བསྟེན་གྱི་ཆེད་དུ་ལྕགས་པོ་རི་ལ་སྨན་པ་གྲྭ་ཚང་གསར་

དུ་བཙུགས་གནང་བ་དང་། གཞུང་ཞབས་གཙོས་པའི་མི་མང་ཚོས་སྔ་མོའི་བོད་ ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་གྱོན་སྲོལ་བསྐྱར་གསོ་མཛད། ༸རྒྱལ་དབང་སྐུ་ཕྲེང་བདུན་པ།

༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ནི། ཕྱི་ལོ་ ༡༧༠༨ ལོར་ ལི་ཐང་དུ་སྐུ་འཁྲུངས། ཕྱི་ལོ་ ༡༧༢༠ ལོར་ཁམས་ཕྱོགས་ནས་ཆིབས་ཞབས་

དང་བཅས་དབུས་གཙང་ཁུལ་དུ་གདན་དྲངས་ཏེ། ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་ མངའ་གསོལ་ཞུས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་

པ་བཞེས་ཏེ་མཚན་ལ་བསྐལ་བཟང་རྒྱ་མཚོ་ཞེས་གསོལ་བ་དང་། ཕྱི་ལོ་ ༡༧༥༡

34


ལོར་ཆབ་སྲིད་ཀྱི་ཐུགས་འགན་བཞེས།

༸རྒྱལ་དབང་འདིའི་སྐབས་བཀའ་བློན་སེར་སྐྱ་བཞི་ཡོད་པའི་བཀའ་ཤག་

དང་། རྩེ་སློབ་གྲྭ་གསར་འཛུགས། ནོར་གླིང་བསྐལ་བཟང་ཕོ་བྲང་གསར་རྒྱག་ སོགས་གནང་བ་མ་ཟད། གཞུང་ཞབས་ཆེ་ཕྲ་ཁག་གསར་བསྐོ་གནང་ནས་གཞུང་ གི་སྒྲོམ་གཞི་ལ་ལེགས་བཅོས་གནང་། ཕྱི་ལོ་༡༧༥༧ ལོར་རྩེ་ཕོ་བྲང་དུ་དགོངས་ པ་རྫོགས་སོ། །

ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ།

ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་ནི། ཕྱི་ལོ་ ༡༨༧༦ ལོར་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས། ཕྱི་ལོ་ ༡༨༧༨ ལོར་པཎ་ཆེན་རིན་པོ་ཆེ་

བསྟན་པའི་དབང་ཕྱུག་གིས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་ངག་དབང་བློ་ བཟང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། ཕྱི་ལོ་ ༡༨༩༥ ལོར་བོད་ཀྱི་ཆོས་སྲིད་ 35


གཉིས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༨༩༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་པའི་ དམ་བཅའ་བཞག

ཕྱི་ལོ་ ༡༩༠༤ ལོར་བོད་དུ་ཨིན་ཇིའི་

དམག་དཔོན་ཡཱང་ཧསེ་བེནཌ་(Colonel Younghusband) ཡི་འགོ་འཁྲིད་འོག་ཨིན་དམག་བོད་ལ་

བསླེབས་པས། ྋརྒྱལ་དབང་མཆོག་སྐུའི་ཉེན་གཡོལ་ཆེད་སོག་ཡུལ་དུ་ཕེབས་ དགོས་བྱུང་། དེ་ནས་སྐུ་འབུམ་བྱམས་པ་གླིང་བརྒྱུད་པེ་ཅིང་དུ་གོང་མ་ཀོང་ཤུར་ མཇལ་འཕྲད་དུ་ཕེབས།

ཕྱི་ལོ་ ༡༩༠༨ ལོར་ྋརྒྱལ་དབང་མཆོག་རྒྱ་ནག་ནས་བོད་དུ་ཕེབས་ཐོན་

རྗེས། རྒྱ་མིས་བོད་བཙན་བཟུང་བྱ་རྒྱུའི་ཇུས་ངན་བཏིང་ནས་རྒྱ་བོད་འབྲེལ་བ་

སྡུག་ཏུ་ཕྱིན། རིམ་བཞིན་རྒྱ་དམག་ཁྲི་ཕྲག་བརྒལ་བས་ཁམས་ཕྱོགས་སུ་བཙན་ འཛུལ་གྱིས་ཕྱི་ལོ་ ༡༩༡༠ ལོར་ལྷ་སར་འབྱོར་ནས་མི་གསོད་ཁྲག་སྦྱོར་དང་།

འཕྲོག་བཅོམ་ཚད་མེད་བྱས། གནས་སྟངས་ཛ་དྲག་ཆགས་པར་བརྟེན་སླར་ཡང་ སྐུའི་ཉེན་གཡོལ་ཆེད་ྋརྒྱལ་དབང་མཆོག་རྒྱ་གར་དུ་ཕེབས་དགོས་བྱུང་། 36

ཕྱི་ལོ་ ༡༩༡༢ ལོར་བོད་མི་ཚོས་ཐབས་ཤེས་སྣ་ཚོགས་བརྒྱུད་ྋརྒྱལ་


དབང་མཆོ ག ་རྒྱ་གར་ནས་

བོད་དུ་གདན་འདྲེན་ཞུས། ཕྱི་ ལོ་ ༡༩༡༣ ལོར་བོད་སོག་ དབར་ཆིངས་ཡིག་བཞག་པ་

དང་། བོད་འབངས་སེར་སྐྱ་

ཡོངས་ལ་སྤང་བླང་རྩ་ཚིག་དོན་ཚན་ལྔ་ཅན་བསྒྲགས། ཕྱི་ལོ་ ༡༩༡༤ ལོར་སིམ་ ལའི་ཆིངས་ཡིག་བཞག

བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ཆེད་ཤོག་དངུལ་དང་།

གསེར་དངུལ་གྱི་

ཊམ་ཀ སྦྲག་ཐམ། སྦྲག་རྟགས་བཅས་གསར་གཏོད་མཛད། དེ་བཞིན་གཞུང་ དང་དྲག་པོའི་སྒྲིག་འཛུགས་ལ་ལེགས་བཅོས་དང་རྒྱ་བསྐྱེད། བདེ་འཇགས་སྐོར་ སྲུང་བ་གསར་འཛུགས། རྒྱ་ནག་ནན་ཅིན་དུ་བོད་ཀྱི་དོན་གཅོད་ཁང་བཙུགས་པ་

སོགས་གནང་བ་མ་ཟད། ཨིན་ལན་དུ་བོད་ཕྲུག་བཞི་སློབ་སྦྱོང་དུ་བཏང་བ་ཕྱིར་

ལོག་སྟེ་གློག་ཁང་དང་ཁ་པར་སོགས་བཙུགས་པ་དང་། དེང་དུས་ཀྱི་ཤེས་ཡོན་

འགོ་འཛུགས་གནང་རྒྱུའི་ཆེད་རྒྱལ་རྩེར་ཨིན་ཇིའི་སློབ་གྲྭ་དང་། ལྕགས་པོ་རིར་ སྨན་རྩིས་ཁང་ཡང་གསར་རྒྱག་མཛད་ཡོད།

37


སྦྱོང་ཚན། ཀ གཤམ་གྱི་གོ་དོན་ཉེ་བའི་མིང་ཚིག་ཁག་ཡང་ཡང་བཀླགས་ཏེ་ངེས་པར་གྱིས། ༡། སྐུ་བལྟམས། སྐུ་འཁྲུངས། བཙས་པ། སྐྱེས་པ།

༢། གདན་འདྲེན་ཞུས། སྤྱན་འདྲེན་ཞུས། ཕེབས་བསུ་ཞུས། གདན་དྲངས་པ། ༣། ཁྲི་ལ་བསྐོས་པ། ཁྲི་ལ་མངའ་གསོལ་བ། ཁྲི་ལ་འཁོད་པ། ༤། མཚན་གསོལ། མཚན་ཕུལ་བ། མིང་བཏགས་པ།

༥། བསྐྲུན་པ། གསར་བསྐྲུན། གསར་བཟོ། གསར་བཞེངས། ༦། བཀའ་བགྲོས། བཀའ་བསྡུར། བཀའ་མོལ།

༧། ཞབས་འབྲིང་། ཞབས་ཕྱི། ཞབས་གཡོག ཞལ་ཏ་མ།

༨། དང་ལེན་ཞུ་བ། ཁས་ལེན་ཞུ་བ། ངོས་ལེན་བྱེད་པ། དང་དུ་བླང་བ། ༩། ཕེབས་པ། ཞབས་ཀྱིས་བཅགས། ཆིབས་སྒྱུར་བསྐྱངས། ༡༠། རྒྱ་བསྐྱེད། རྒྱ་ཆེ་རུ་གཏོང་བ།

ཁ དྲི་བ་རྣམས་ཀྱི་ལན་འདེམས་དགོས།

38


༡། ྋགོང་ས་ལྔ་པ་ཆེན་པོ་ལ་བོད་ལྗོངས་ཡོངས་རྫོགས་སུ་ཡིས་ཕུལ། (ཀུབ་ལའི་ཁཱང་། གུ་ཤྲི་ཁཱང་། གོ་ཏན་ཁཱང་། མན་ཇུ་གོང་མ།)

༢། ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་གནང་མཁན་རྒྱལ་དབང་སྐུ་ཕྲེང་ གང་ཡིན་ནམ།

(སྐུ་ཕྲེང་ལྔ་པ། སྐུ་ཕྲེང་བདུན་པ། སྐུ་ཕྲེང་བརྒྱད་པ། སྐུ་ཕྲེང་དགུ་པ།)

༣། རྒྱལ་དབང་ལྔ་པ་ཆེན་པོའི་འཁྲུངས་ཡུལ་གང་ཡིན་ནམ།

(ལྷ་ས། ཨ་མདོ། ཁམས། འཕྱོངས་རྒྱས་ཕྱིང་དབར་སྟག་རྩེ།)

༤། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱི་ལོ་ག་དུས་དབུ་བརྙེས་སམ། ( ༡༦༡༧ ། ༡༦༤༢ །)

ག གཤམ་གྱི་དྲི་བར་ལན་བྲིས།

༡། ༸རྒྱལ་དབང་སྐུ་ཕྲེང་བདུན་པ་གང་དུ་འཁྲུངས་པ་དང་མཚན་ལ་གང་ཞུའམ། ༢། རྒྱལ་དབང་སྐུ་ཕྲེང་བདུན་པས་གསར་གཏོད་གང་དང་གང་མཛད་ཡོད་དམ།

༣། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་འཁྲུངས་ལོ་དང་། འཁྲུངས་ཡུལ་ གང་ཡིན་ནམ།

༤། བོད་ལ་ཨིན་དམག་སླེབས་སྐབས་ྋརྒྱལ་དབང་མཆོག་ཉེན་གཡོལ་ཆེད་གང་དུ་ ཕེབས་ཡོད་དམ།

39


༥། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ ང

ཆེད་གསར་གཏོད་གང་དང་གང་མཛད་ཡོད་དམ།

གཤམ་གྱི་བརྗོད་པ་ལ་འགྲིག་ནོར་རྟགས་རྒྱོབ།

༡། ༸རྒྱལ་དབང་སྐུ་ཕྲེང་བདུན་པ་དྭགས་པོ་གླང་མདུན་དུ་འཁྲུངས་པ་རེད། ༢། ཡཱང་ཧསེ་བེནཌ་ནི་བོད་ཀྱི་བློན་པོ་ཞིག་རེད།

༤། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་བཀའ་ཤག་གསར་འཛུགས་མཛད།

༥། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ནོར་གླིང་བསྐལ་བཟང་ཕོ་བྲང་གསར་ བཞེངས་གནང་།

༦། ༸རྒྱལ་དབང་སྐུ་ཕྲེང་བདུན་པས་ཤོག་དངུལ་དང་སྦྲག་རྟགས་གསར་གཏོད་ མཛད།

༧། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཉེན་གཡོལ་ལ་ཕེབས། ཅ

40

༨། རྒྱལ་རྩེར་ཨིན་ཇིའི་སློབ་གྲྭ་འཛུགས་མཁན་༸རྒྱལ་དབང་སྐུ་ཕྲེང་བདུན་པ་ཡིན། མཐུན་སྦྱོར་གྱིས།


གཡས།

ངོ་མཚར་བ།

ཕོན་ཆེན་པོ།

ཡ་མཚན་པ།

རྒྱ་བསྐྱེད།

ཆིབས་སྒྱུར་སྐབས་ཀྱི་ཞབས་ཕྱི།

གསར་གཏོད།

གྲོས་མཐུན་གྱི་ཡི་གེ

ཆིབས་ཞབས།

ཆེ་རུ་བཏང་བ།

ཆིངས་ཡིག

ཆིངས་ཡིག ཉེན་གཡོལ།

བཀའ་ཤག སྦྲག་རྟགས།

གསར་དུ་བཟོས་པ། འདྲ་མི་འདྲ་མང་པོ།

སྣ་ཚོགས།

ཆ དཔོད་བྲིས་གཏོང་དགོས།

གཡོན།

མང་པོ།

ཆོས་སྲིད། སྦྲག་ཐམ།

རྒྱ་བསྐྱེད།

ཤོག་དངུལ།

བདེ་འཇགས།

གསར་གཏོད།

41


སློབ་ཚན་བརྒྱད་པ།

རྡོའི་སེངྒེ་ཁ་གདངས་པ།

རི་བོ་ཞིག་གི་འདབས་ན་ཁྱིམ་ཚང་གཉིས་ཡོད། ཁྱིམ་གཅིག་ནི་དབུལ་ཞིང༌། གཞན་དེ་ཕྱུག་པོ་ཡིན། ཁྱིམ་བདག་དབུལ་པོ་དེ་ཉིན་རེ་བཞིན་རི་མགོར་སོང་ ནས་བུད་ཤིང་བཏུས་ཏེ་འཚོ་སྐྱེལ་གྱི་ཡོད།

ཁོས་ཉིན་ལྟར། བུད་ཤིང་ཁུར་པོ་ཆེན་པོ་ཞིག་བཏུས་རྗེས། དེ་ལ་རྡོའི་

སེངྒེ་ཞིག་ཡོད་པ་དེའི་གམ་དུ་ངལ་གསོ་བྱས་ནས་རྩམ་པ་ཟ་བ་དང་། ཁོས་ལྟོ་

ཟ་དུས་རྩམ་པ་དང་མར་ཕྱུར་རྡོའི་སེངྒེའི་རྡོ་སྟེགས་ཐོག་འཇོག་གི་ཡོད། ཁོས་ ལྟོ་ཆས་ཟ་ཁར་ད་དུང༌། “ཨ་ཇོ ་ རྡོ ་ སེ ངྒེ ་ ལགས། མར་ཟན་ཅུང་ཟད་བཞེས་

རོགས་གནང་།” ཞེས་

རྩམ་པ་ཅུང་ཟད་རེ་རྡོའི་ སེངྒེ་ལ་མཆོད། དེ་ལྟར་

42


བྱས་ནས་ཉིན་མང་པོ་སོང༌།

ཉིན་ཞིག་ཁོས་སྔར་བཞིན་བྱས་ཏེ། སྐད་ཆ་ཚིག་གཅིག་པོ་དེ་བཤད་པའི་

ཚེ། རྡོའི་སེངྒེས་སྨྲས་པ། “ཐུགས་རྗེ་ཆེ། སྤུན་ཟླ་ལགས། ཁྱོད་ལ་སྙིང་རྗེའི་ བསམ་པ་ཆེན་པོ་འདུག རང་ལ་བྲོ་རྩམ་ཅུང་ཟད་ལས་མེད་ནའང་ང་ལ་ཉིན་རེ་

བཞིན་ཟས་ཀྱིས་བསྙེན་བཀུར་བྱས།” ཞེས་བཤད་པས། མི་དབུལ་པོ་དེ་ཐོག་ མར་འཇིགས་ཡེར་བ་

ཞིག་བྱུང་ནའང༌། རིམ་

གྱི ས ་རྡོ འི ་ སེ ངྒེ ས ་ཁ་ གྲགས་པ་ཙམ་ལས་ཁོ་

ལ་འཚེ་སེམས་མེད་པ་ཤེས་ནས་བག་ཕེབས་ཏེ། ཁོ་ན་རེ། “ཨ་ཇོ་སེངྒེ་ལགས། ཁྱོད་ལ་ཡང་བདག་སྐྱོང་བྱེད་མཁན་མེད་པས། ངས་ཁྱོད་ལ་རྩམ་པ་ཅུང་ཟད་ ཕུལ་བ་ནི་འོས་པ་ཞིག་རེད། ཀྱེ་མ་ང་ཧ་ཅང་དབུལ་བས་འབུལ་རྒྱུ་གཞན་ནི་

མེད།” ཟེར་བར། རྡོའི་སེངྒེ་ན་རེ། “ཁྱོད་ནི་ངོ་མ་མི་གཞུང་དྲང་ཞིག་རེད། འོ་ན་

སང་ཉིན་སྔ་མོ་ཉི་མ་མ་ཤར་གོང་ཁུག་མ་ཞིག་ཁྱེར་ནས་འདིར་ཤོག་དང༌། ངས་ ཁྱོད་ལ་ཕན་ཞིག་འདོགས། ངས་ཁྱོད་ཀྱི་ཁུག་མ་ཁེངས་པའི་དངོས་པོ་ཞིག་སྟེར།” ཟེར། དབུལ་པོས་ཀྱང་། “ལགས་སོ།།” ཟེར་ནས་བུད་ཤིང་ཁུར་ཏེ་ཡུལ་དུ་ལོག

43


ཕྱི་ཉིན་ནམ་མ་ལངས་གོང༌། ཁོས་ཁོ་རང་གིས་རྒྱུན་པར་ཁྱེར་བའི་རྩམ་

ཁུག་དེ་ཁྱེར་ནས་རི་མགོར་བུད་ཤིང་འཐུ་རུ་ཕྱིན། རྡོའི་སེངྒེའི་འགྲམ་དུ་སླེབས་

དུས། རྡོའི་སེངྒེས། “སྤུན་ཟླ། ཁྱོད་འོངས་སམ།” ཞེས་ཟེར་བར། ཁོས་ད་ གཟོད་སྔ་ཉིན་སེངྒེས་བཤད་པ་དྲན་ཏེ། “ང་འོངས་པ་ཡིན།” ཞེས་ལན་བཏབ་ པར། རྡོའི་སེངྒེ་ན་རེ། “ད་ངས་ཁ་གདངས་ན། ཁྱོད་ཀྱིས་ངའི་མིད་པར་ལག་ པ་བསྲིངས་ནས་དྲུས་དང་གསེར་འབྱུང་བས། ཅི་ཙམ་འདྲུ་ཐུབ་པ་དེ་ཙམ་དྲུས་

ནས་ཁུག་མར་ཆུགས། ཉི་མ་མ་ཤར་བའི་སྔོན་ལ་ལག་པ་ཕྱིར་ལེན་དགོས། ཉི་ མ་ཤར་ཚེ་ངའི་ཁ་ཟུམ་པ་ཡིན་པས། དེ་ངེས་པར་སེམས་ལ་འཛིན་དགོས།”

ཞེས་བཤད། “ཁོས་ལགས་སོ།།ལགས་སོ།།” ཞུས་པར། དེ་མ་ཐག་སེངྒེས་ཁ་

གདངས་བྱུང་བས་དྲུས་པའི་ཚེ་ན། དྲུས་འོང་ཚད་གསེར་ཡིན་པས། ཡུད་ཙམ་ གྱིས་ཁུག་མ་ཁེངས། ཁུག་མ་ཁེངས་པ་དང་ཁོས་སྨྲས་པ། “ཨ་ཇོ་སེངྒེ་ལགས། བཀའ་དྲིན་ཤིན་ཏུ་ཆེ།” ཞེས་ཞུས། རྡོའི་སེངྒེ་ན་རེ། “ཁྱོད་ཀྱི་ཁུག་མ་ཁེངས་

སོང་ངམ། ཁུག་མ་ཆེན་པོ་ཞིག་ཁྱེར་འོངས་ན་གསེར་མང་པོ་བཅུག་ཆོག་པ་ལ།”

ཟེར་བར། ཁོས་སྨྲས་པ། “འདི་ངས་ཚེ་གང་ལ་སྤྱད་ནའང་འདང༌། ཁྱེད་ཀྱིས་ ལྟོས་དང༌། འདི་འདྲ་མང་བས་ད་དུང་མི་འདང་ངམ།” ཟེར་བཞིན་ཁུག་མ་ཡར་ བཏེགས། དེའི་ཚེ་ཉི་མ་ཡང་ཤར་བྱུང་བས། ཁོས་བུད་ཤིང་བཏུས་ནས་སླར་

44


ཡང་ཡུལ་ལ་ལོག་གོ། །

དེ་ནས་བཟུང་ཁོ་རི་མགོར་བུད་ཤིང་བཏུ་བར་མ་སོང་ཡང༌། གསེར་མང་

པོ་ཡོད་པས། ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་པ་ཅི་ཡང་མ་བྱུང༌། རྟ་ནོར་ ལུག་གསུམ་ཡང་ཡོད། ཁང་པ་ཡང་གསར་པ་བཟོས། ཟས་གོས་ལོངས་སྤྱོད་

གང་འདོད་ལྟར་ཡོད་པས། ར་བ་ཕྱུགས་ཀྱིས་ཁེངས། བང་མཛོད་འབྲུ་ཡིས་ ཁེངས་ཟེར་བ་ལྟར་གྱུར།

གནས་ཚུལ་དེ ་ ཁྱི མ ་མཚེ ས ་ཕྱུག་པོ ས ་མཐོ ང ་ནས་ཁོ ས ་བསམ་བློ ་ སྣ་

ཚོགས་འདི་ལྟར་བཏང༌། དབུལ་པོ་འདི་ལ་སྔར་ཡིན་ན་བོང་རྒན་སྤུ་མེད་གཅིག་

ལས་མེད། ད་ལྟ་གློ་བུར་དུ་ཁྱིམ་ཆེན་ཞིག་ཏུ་གྱུར་འདུག་པས། བརྐུས་པ་ཡིན་ ནམ་ཕྲོགས་པ་ཡིན། གང་ལྟར་ཡང་གསལ་པོ་ཞིག་འདྲི་དགོས་སྙམ་ནས་རུ་ཉུལ་

བྱེད་ཁུལ་བྱས་ནས་དབུལ་པོའི་ཁྱིམ་ལ་བསླེབས། ཁོས་ཁ་སྙན་ཚིག་འཇམ་མང་ པོ་ཞིག་བཤད་པའི་མཐར་ནོར་འཐོབ་ཚུལ་དང༌། ཁྱིམ་ཇི་ལྟར་ཕྱུག་ཏུ་སོང་བ་

སོགས་དྲིས། དབུལ་པོ་དེ་ནི་རྫུན་མི་ཤོད་མཁན་གཞུང་དྲང་ཞིག་ཡིན་པས། སྦ་

གསང་མེད་པར་གསེར་བྱུང་ཚུལ་ཐམས་ཅད་དྲང་པོར་ཁྱིམ་མཚེས་ལ་བཤད། ཕྱུག་པོས་ཐོས་འཕྲལ་སྲེད་ཞེན་གྱི་འགྲམ་ཆུ་ལྡང་ཞིང༌། འདོད་རྔམ་དྲག་པོས་

བཟོད་གླགས་མེད་པར་གྱུར། རང་ཉིད་དེ་འདྲའི་ནོར་བཟང་པོ་དང་ཅིའི་ཕྱིར་མ་

45


འཕྲད་སྙམ་ནས་ཤུགས་རིང་འབྱིན་བཞིན། རྡོའི་སེངྒེ་ཡོད་སའི་གནས་དང༌། བུད་ཤིང་ཇི་ལྟར་བཏུས་པ་སོགས་གཏིང་ཐག་ཆོད་པ་ཞིག་དྲིས་ནས་ངེས་ངེས་

ཏིག་ཏིག་བྱས་རྗེས་སླར་ཁྱིམ་དུ་ལོག ཁོ་ཁྱིམ་དུ་སླེབས་རྗེས་མཚན་མོ་གཉིད་ ཀྱང་མ་ཁུག་པར་བསམ་བློ་མང་པོ་བཏང་སྟེ། སེངྒེ་བཙལ་དགོས་སྙམ།

བུད་ཤིང་འཐུ་རུ་སོང་ནས་རྡོའི་

དེ་ནས་བཟུང་ཁོས་སློག་པ་ཧྲུལ་པོ་ཞིག་གྱོན་ནས་ཉིན་རེ་བཞིན་རི་མགོར་

བུད་ཤིང་འཐུ་རུ་འགྲོ་ཁུལ་བྱས་ཏེ།

གྲོའི་རྩམ་པ་ཅུང་ཟད་རེ་ཁྱེར་ནས་རྡོའི་

སེངྒེའི་འགྲམ་དུ་བཟས། ཁོས་དབུལ་པོ་དེས་བཤད་པ་ལྟར་ཁ་སྙན་བཤད། དེ་ ལྟར་ཉིན་འགའ་སོང་ན་ཡང་འབྲས་བུ་ཅི་ཡང་མ་བྱུང་བས། ཁོར་སེམས་འཚབ་

ཆེན་པོ་སྐྱེས་ཏེ་དབུལ་པོས་ཁོ་ལ་རྫུན་བཤད་པའམ་ཡང་ན་རྡོའི་སེངྒེས་ཁོ་ལ་ ཡིད་མ་ཆེས་པ་ཡིན་ནམ་སྙམ། དེ་ལྟ་ནའང་གསེར་འཐོབ་ཆེད་སྐྱོ་ངལ་མེད་པར་ རེ་སྒུག་བྱས་པ་རེད། ཉིན་ཞིག

རྡོའི་

སེངྒེས་གསུང་བྱོན་ཏེ། “བུད་ཤི ང ་འཐུ་བའི ་ ཟླ་ བོ་ལགས། ཁྱོད་ཀྱིས་

46


ང་ལ་བསྙེན་བཀུར་བྱས་པས། ཁྱོད་ལ་འོ་བརྒྱལ་བྱུང་མ་སོང་ངམ།” ཟེར་བར། ཁོས་རྡོའི་སེངྒེས་སྐད་ཆ་བཤད་པ་ཐོས་འཕྲལ་ཤིན་ཏུ་དགའ་ནས་སྨྲས་པ། “ཨ་ ཙི། ཨ་ཙི། འོ་བརྒྱལ། ངའི་ཁྱིམ་ཅི་འདྲའི་དབུལ་བ་ཁྱེད་ཀྱིས་མཁྱེན་པ་ལྟར་

ལགས།” ཟེར་བར། རྡོའི་སེངྒེས། “བྲེལ་བ་མ་ལངས། སང་ཉིན་སྔ་མོ་ཁུག་

མ་ཞིག་ཁྱེར་ཤོག་དང༌། ངས་ཁྱོད་ལ་ཕན་ཞིག་འདོགས།” ཟེར་བར། “ཁོས་ ལགས་སོ། །ལགས་སོ། །” ཞུས་ཏེ་ཁྱིམ་དུ་ལོག

ཕྱི་ཉིན་སྔ་མོར་ཁོས་སྒྲོ་བ་ཤིན་ཏུ་ཆེན་པོ་ཞིག་ཁྱེར་ནས་རི་མགོར་རྡོའི་

སེངྒེ་ཡོད་སར་ཕྱིན་པས། རྡོའི་སེངྒེ་ཁ་གདངས་ནས་ཁོ་ལ་གསེར་འདྲུ་རུ་བཅུག་

པ་དང༌། ཉི་མ་མ་ཤར་སྔོན་ལག་པ་ཅིས་ཀྱང་ཕྱིར་ལེན་དགོས་པ་བརྗེད་མི་རུང་

བར་བཤད། ཁོས་ཀྱང་དེ་ལྟར་བྱེད་པར་ཁས་བླངས་ནས་གསེར་དྲུས་ཏེ། ཁྱོར་ བ་གང་རེ་གང་རེ་དང༌། རྡོག་པོ་རེ་རེ་བཞིན་ཁུག་མར་བཅུག དེ་ལྟར་ཡུན་རིང་

འགོར་ནས་རྡོའི་སེངྒེ་ན་རེ། “ད་ཆོག་གམ། ཉི་མ་འཆར་ལ་ཁད་འདུག” ཅེས་ ཟེར་བར། ཁོས། “ལགས་སོ། །ལགས་སོ། །ད་དུང་སྒྲོ་བའི་ཁ་ཁེངས་མི་འདུག་ པས། ཁྱོར་བ་འགའ་དྲུས་ན་ཆོག” ཅེས་མུ་མཐུད་དུ་གསེར་དྲུས་ཏེ་གསེར་རྡོག་

རེ་རེ་བཞིན་སྒྲོ་བར་བཅུག་ན་ཡང༌། སྒྲོ་བ་ཧ་ཅང་ཆེ་སྟབས་ད་དུང་མ་ཁེངས། རྡོའི་སེངྒེས་སླར་ཡང་སྨྲས་པ། “ད་དུང་འདང་མ་སོང་ངམ། ཉི་མ་འཆར་ལ་

47


ཉེ་སོང༌།” ཞེས་གསལ་

འ དེ བ ས ་ བྱ ས ་ ན ་ ཡ ང ༌ ། ཁོས་ད་དུང་།

“ལགས་

ལགས། ད་དུང་ཅུང་ཟད་ ཁེངས་མ་སོང་བས་ཁྱོར་བ་ འགའ་དྲུས་ན་ཆོག” ཅེས་ མུ་མཐུད་དུ་དྲུས། ཁོས་

རྡོའི་སེང་གེའི་མིད་པའི་ནང་

ལག་པ་གཏོང་བཞིན་པའི་སྐབས། ཉི་མ་ཤར་རིའི་རྩེ་ནས་འོ ད་སྟོང་འཕྲོ་བཞིན་

འཆར་བྱུང་བས། རྡོའི་སེངྒེའི་ཁ། ཐག་་་ ཅེས་ཁ་རང་བཞིན་གྱིས་ཟུམ། ཁོས།

“ཨ་ཚ། ངའི་ལག་པ། ངའི་ལག་པ།” ཞེས་འོ་དོད་ཆེན་པོས་བོས་ན་ཡང༌། རྡོའི་ སེངྒེའི་ཁ་ཟུམ་སོང་བས་ཁོའི་ལག་པ་ཕྱིར་འཐེན་ཐབས་མ་བྱུང༌ངོ་། །

48


སྦྱོང་ཚན། ཀ

གཤམ་གྱི་མིང་ཚིག་ཡང་ཡང་བཀླགས་ཏེ་ཚིག་སྒྲུབ་རེ་བཟོས།

དབུལ་ཕྱུག བུད་ཤིང་། ཅུང་ཟད། རྩམ་ཁུག བདག་སྐྱོང་། ལྟོ་གོས། ཟས་གོས། བང་མཛོད། རུ་ཉུལ། འགྲམ་ཆུ་ལྡང་། བཟོད་གླགས། འོ་བརྒྱལ། སློག་པ།

ཧྲུལ་པོ། སྒྲོ་བ། སྲེད་ཞེན།

བརྗོད་དུམ་ཁག་བདེན་པ་ཡིན་མིན་འགྲིག་ནོར་རྟགས་རྒྱོབ།

ཁྱིམ་ཚང་དབུལ་པོ་དེ་གློ་བུར་དུ་ཕྱུག་པོར་ཆགས་པ་ཧ་གོ་བ་དང་རུ་མྱུལ་བྱེད་ ཁུལ་བྱས་ནས་དབུལ་པོའི་ཁྱིམ་ལ་ཕྱིན་ནས་སྐད་ཆ་དྲིས་པ་རེད། (

)

བུ་དེ་གློ་བུར་དུ་ཕྱུག་པོར་གྱུར་པའི་གནས་ཚུལ་དེ་ཨ་ཞང་གིས་ཧ་གོ་བ་དང་ལམ་ སང་བུའི་མདུན་དུ་བརྒྱུགས་ནས་ཞུ་བ་འཐེན་བཞིན་སྐད་ཆ་དྲིས་པ་རེད། ( )

དབུལ་པོ་དེ་ནི་རྫུན་མི་ཤོད་མཁན་གཞུང་དྲང་ཞིག་ཡིན་པས། སྦ་གསང་མེད་པར་ གསེར་བྱུང་ཚུལ་ཐམས་ཅད་ཁྱིམ་མཚེས་ལ་དྲང་པོར་བཤད།(

)

བུ་དེས་སྔར་གྱི་ལོ་རྒྱུས་རྣམས་དྲང་པོར་ཞུས། བུ་དེས་ཨ་ཞང་ལ་སྙིང་རྗེ་ནས་ ལྷམ་དེ་གཡོར་བཞིན“ཨ་ཞང་ལགས་ལྷམ་འདི་གྱོན་ནས་གོམ་པ་གཅིག་ལས་ འགྲོ་མི་ཉན་གསུང་གི་འདུག ( )

49


ད་དུང་སྒྲོ་བའི་ཁ་ཁེངས་མི་འདུག་པས། ཁྱོར་བ་འགའ་དྲུས་ན་ཆོག (

)

ཨ་ཞང་གིས་ཁ་ནས་ཡ། ཡ། ཤེས་སོང༌། ཤེས་སོང་ཞེས་གོམ་པ་མགྱོགས་སུ་ བཏང་།

(

)

ཁོས། “ཨ་ཚ། ངའི་ལག་པ། ངའི་ལག་པ།” ཞེས་འོ་དོད་ཆེན་པོས་བོས་ཀྱང་ ལག་པ་ཕྱིར་འཐེན་ཐབས་མ་བྱུང་། (

)

ཨ་ཞང་གི་ཁ་ནས། ངའི་གསེར། ངའི་གསེར་ཞེས་ལབ་རྡོལ་བྱེད་བཞིན་གྲོངས། (

)

ག གཤམ་གྱི་མིང་ཚིག་དང་ཚིག་ཕྲད་སྦྱོར་ཚུལ་ནོར་བ་བཅོས་ཏེ་གུག་རྟགས་ནང་བྲིས། རི་སྒོར་སོང་།

( )

འཁོར་ཡུག

མར་གཟན།

( )

གཞེས་རོགས་སྣང་། ( )

ད་བཟོད།

( )

བསྲེད་བཞེན།

( )

བུད་ཤིང་བསྟུས་སྟེ ( ) གཉེན་བསྐུར་བྱས། ( ) ལག་པས་གྲུས། ( )

50

ཁ་གཟུམ།

( )

འགམ་དུ་བསྡད།

( )

( )

གཞུང་གྲང་ཞིག་རེད། ( ) ཁ་འདངས་བྱུང་།

( )

འོ་འདོད་བོས།

( )

འཁུག་མ།

( )


སློབ་ཚན་དགུ་པ།

ལེགས་བཤད་ལྗོན་དབང་ལས།

བདག་སྒྲ།

ན་རོ་ཡོད་མེད་པ་བ་མ། ། བདག་པོའི་སྒྲ་སྟེ་ག་ད་ན། །

བ་མ་ས་དང་དྲག་མཐར་པ། ། ང་འ་ར་ལ་མཐའ་མེད་ལ། །

བདག་སྒྲ་ཡར་གྱུར་བ་དང་ནི། ། ཆ་ལ་པ་ཉིད་སྦྱོར་བ་ལེགས། །

ཞེས་གསུངས་པ་ལྟར། ན་རོ་མེད་པའི་པ་བ་མ་དང༌། ན་རོ་ཡོད་པའི་པོ་བོ་

མོ་སྟེ་དྲུག་ནི་བདག་སྒྲའི་ཕྲད་ཡིན། རྗེས་འཇུག་ག་དང་། ད། ན། བ། མ། ས། ད་ དྲག་མཐར་པ་སྦྱོར་དགོས་པ་དང་། རྗེས་འཇུག་ང་། འ། ར། ལ། མཐའ་མེད་མཐར་ བདག་སྒྲ་ཡ་ཡིན་ན་བ་དང་། ཆ་ཡིན་ན་པ་སྦྱོར་དགོས་པ་བཅས་བདག་སྒྲ་དངོས་

ཀྱི་དབང་དུ་བཏང་བ་དྲུག་དང་། མིང་མཐའི་ཅན། ལྡན། མཁན་རྣམས་ཀྱང་བདག་ སྒྲའི་དོན་དུ་འཇུག་པའི་སྐབས་ཡོད།

མིང་གང་ཡང་རུང་བའི་མཐར་པ་དང་པོ། བ་དང་བོ། མ་དང་མོ་དྲུག་ལས་

གང་ཡང་རུང་བ་གསར་དུ་སྦྱར་བས། བདག་པོའམ་གང་ཟག་སྟོན་པར་བྱེད་པ་ ལ་བདག་སྒྲ་ཟེར།

51


ཡང་པ་པོ་བ་བོ་བཞི་ཕོ་དང་མ་མོ་གཉིས་མོ་ཡི་སྐྱེས་བུའི་རྟགས་མཚོན་

པའི་སྐབས་ཡོད་ཀྱང་དེ་དག་བདག་སྒྲ་ལས་མ་འདས། འོན་ཀྱང༌། མིང་མཐའི་ པ་པོ་སོགས་ཡིན་ཚད་བདག་སྒྲར་མི་འཇུག་པའང་ཤེས་པར་བྱ། ༡། པ་པོ་བ་བོ་མ་མོ་དྲུག་བདག་སྒྲ་ལ་འཇུག་ཚུལ། པ། པོ། བ།

འབྲོག་པ། ཞིང་པ། ཕྱུག་པོ། མཁན་པོ། ལྷ་ས་བ། ཤིང་བཟོ་བ། བོ། མ། མོ།

དཔའ་བོ། དགྲ་བོ། གར་མ། ཆང་མ། གཡོག་མོ། འབྲོག་མོ།

༢། ཡང་མཁན་དང་། ཅན། ལྡན་གསུམ་གྱིས་བདག་པོའི་དོན་སྟོན་པའི་

སྐབས་ཀྱང་ཡོད།

གར་མཁན། ཤིང་མཁན། སྙིང་རྗེ་ཅན། ཤོམ་ཅན། ཤེས་ལྡན། ནོར་ལྡན། ༣། བདག་སྒྲས་སྐྱེས་བུའི་ཕོ་མོའི་རྟགས་མཚོན་ཚུལ།

གར་པ། གར་མ། བཙུན་པ། བཙུན་མ། གྲོགས་པོ། གྲོགས་མོ།

52


སྦྱོང་ཚན། ཀ སློབ་ཚན་བཀླགས་ཏེ་གཤམ་གྱི་དྲི་བར་ལན་བྲིས།

༡། ལེགས་བཤད་ལྗོན་དབང་གི་རྩ་བར་བསྟན་པའི་བདག་སྒྲའི་ཕྲད་གང་དག་ཡོད་དམ། ༢། བདག་སྒྲའི་ཕྲད་སྦྱོར་ཚུལ་བྲིས། ༣། བདག་སྒྲའི་གོ་དོན་བྲིས།

༤། བདག་སྒྲ་བསྟན་པའི་ལེགས་བཤད་ལྗོན་དབང་གི་རྩ་ཚིག་བྲིས།

༥། པ་པོ་དང་། བ་བོ། མ་མོ། ཅན། ལྡན། མཁན་རྣམས་བདག་སྒྲར་འཇུག་པའི་དཔེར་ བརྗོད་རེ་བྲིས།

༦། ལྗོན་དབང་གི་རྩ་བར་མ་བསྟན་ཀྱང་བདག་སྒྲར་འཇུག་པ་གང་དག་ཡོད་དམ།

ཁ གཤམ་གྱི་མིང་ཚིག་རྣམས་ཀྱི་མཐར། པ། པོ། བ། བོ་རྣམས་གང་འཐོབ་བྲིས། སོ་ནམ་

། ལྷོ་ཁ་ ། རྐུན༌ ། དམེ༌ ། —— —— —— —— རྫི༌ ། གཏེ༌ ། བྱིས༌ ། ཁ་ལོ༌ ། —— —— —— ——

ག གཤམ་གྱི་མིང་ཚིག་རྣམས་ཀྱི་མཐར་མ་དང་མོ་གཉིས་གང་འཐོབ་བྲིས། ཁྱིམ་བདག༌

། བག༌ ། གཞོན་ནུ༌ ། —— —— —— བཙུན༌ ། རྒྱལ༌ ། རྒད༌ ། ཇ༌ ། —— —— —— ——

53


ང གཤམ་གྱི་མིང་ཚིག་རྣམས་ཀྱི་མཐར། མཁན། ཅན། ལྡན་རྣམས་གང་འཐོབ་བྲིས། མཛེས་

། ལག་ཤེས་ ། སྙན་ངག་ ། —— —— —— བྱས་རྗེས་ ། རྫ་ ། ཤེས་ ། —— —— ——

54


སློབ་ཚན་བཅུ་པ།

རྒྱལ་རབས་ལོ་རྒྱུས།

ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།

ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ནི།

ཕྱི་ལོ་

༡༩༣༥ ལོར་སྐུ་འབུམ་ཉེ་འགྲམ་ལྟག་མཚེར་ཞེས་པའི་ཡུལ་དུ་ཡབ་ཆོས་སྐྱོང་

ཚེ་རིང་དང་། ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་ཚབ་ རྭ་སྒྲེང་རིན་པོ་ཆེ་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་ཏེ། མཚན་ལ་རྗེ་བཙུན་

འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་ དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞེས་གསོལ།

55


ཕྱི་ལོ་ ༡༩༤༠ ལོར་ཕོ་བྲང་པོ་ཏ་ལར་གཞུང་འབྲེལ་གསེར་ཁྲིར་མངའ་

གསོལ་བ་དང་། དགུང་ལོ་བཅུ་དྲུག་སྐབས་བོད་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་

གསོ ལ ་བ་ཕུར་ཚུགས་སུ་བཏབ་པ་ལྟར་ཆོ ས ་སྲི ད ་གཉི ས ་ཀྱི ་ ཐུགས་འགན་ བཞེས།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ། ཕྱི་ལོ་ ༡༩༥༡ ལོར་བཙན་

གནོ ན ་འོག ་གྲོ ས ་མཐུན་དོ ན ་ཚན་བཅུ་བདུན་ཟེ ར ་བར་བོ ད ་ཀྱི ་ སྐུ་ཚབ་ཚོ ས ་

མཚན་རྟགས་མི་འགོད་ཐབས་མེད་བྱུང་། རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་

བཙན་བཟུང་བྱས་པས། ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་རྒྱ་མིའི་

བཙན་དབང་གི་བྱ་སྤྱོད་ལ་བོད་མི་རྣམས་ཀྱིས་ངོ་རྒོལ་སྐད་འབོད་བྱས། ཕྱི་ཟླ་

56


༣ ཚེས་ ༡༧ མཚན་མོར་༸གོང་

ས་མཆོག་སྐུ་འཁོར་དང་བཅས་པ་ གསང་སྟབས་ཀྱིས་བོད་ལྷོ་ཕྱོགས་ བརྒྱུད་ནས་རྒྱ་གར་ལ་བཙན་བྱོལ་ དུ་ཕེབས།

དེའི་རྗེས་རྒྱ་དམག་གིས་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་བ་

དང་། དགོན་སྡེ་བརྒྱ་ཕྲག་མང་པོ་གཏོར་བཅོམ་བྱས་ཏེ། བོད་མི་རྣམས་དམྱལ་བ་ མི་ཡུལ་དུ་འཕོས་པ་ལྟར་སྡུག་བསྔལ་ཚད་མེད་མྱོང་དགོས་བྱུང་།

ྋགོང་ས་མཆོག་སྐུ་འཁོར་དང་བཅས་རྒྱ་གར་དུ་ཕེབས་རྗེས་བོད་ཀྱི་རང་

དབང་སླར་གསོའི་ཆེད། བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་། སློབ་

གྲྭ། གཞིས་ཆགས། དགོན་སྡེ་སོགས་གསར་འཛུགས་གནང་། ཕྱི་ལོ་ ༡༩༦༣ ཟླ་ ༩ ཚེས་ ༢ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་གསལ་བསྒྲགས་གནང་ རྗེས། རིམ་པས་བཙན་བྱོལ་ ནང་ཁྲིམས་བཟོ་ལྷན་ཚོགས་ དང་།

ཁྲིམས་ཞིབ་ཁང་།

འཛིན་སྐྱོང་བཀའ་ཤག་བཅས་

57


ཀ་བ་གསུམ་དང་ལྡན་པའི་མང་གཙོའི་ལམ་ལུགས་དངོས་སུ་ལག་བསྟར་བྱེད་ འགོ་ཚུགས།

བོད་རྒྱ་དབར་གྱི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་

བྱུས་བཏོན་གནང་མཛད་པ་དང་། འཛམ་གླིང་ཡུལ་གྲུ་མང་པོར་ཕེབས་ཏེ་འཚེ་

མེད་ཞི་བའི་ལྟ་བ་དང་། ཆོས་ལུགས་མཐུན་སྒྲིལ། བྱམས་བརྩེ་གོང་འཕེལ་ཡོང་ ཐབས་སུ་ཐུགས་བརྩོན་ལྷོད་མེད་གནང་བས་འཛམ་གླིང་ཞི་བདེའི་དེད་དཔོན་

ཆེན་པོར་གྱུར་ནས། ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་

58


དང་། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གསེར་གྱི་གཟེངས་རྟགས་སོགས་རྒྱལ་སྤྱིའི་ ཆེ་བསྟོད་དང་གཟེངས་རྟགས་བརྒྱ་ཕྲག་མང་པོ་འབུལ་བཞེས་མཛད་དོ། ། སྦྱོང་ཚན།

གཤམ་གསལ་དྲི་བ་རྣམས་ལ་ལན་བྲིས།

༡། ྋགོང་ས་མཆོག་གི་འཁྲུངས་ཡུལ་དང་འཁྲུངས་ལོ་བཅས་མ་ནོར་བར་བྲིས། ༢། ྋགོང་ས་མཆོག་གི་དབུ་སྐྲ་གཙུག་ཕུད་སུས་བཞེས་པ་ཡིན་ནམ།

༦། ྋགོང་ས་མཆོག་ནས་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ག་དུས་གསལ་ བསྒྲགས་གནང་།

༧། མང་གཙོ་ཀ་བ་གསུམ་གང་དང་གང་ཡིན་ནམ། ཁ

༨། ྋགོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་གྲགས་ཅན་ལྔ་བྲིས། སློབ་ཚན་བཀླགས་ཏེ་བར་སྟོང་སྐོངས། ཕྱི་ལོ་

དུ་ཡབ་

སྐུ་འཁྲུངས།

ལོར་སྐུ་འབུམ་ཉེ་འགྲམ་ དང་། ཡུམ་

ཞེས་པའི་ཡུལ་

གཉིས་ཀྱི་སྲས་སུ་ 59


ཕྱི་ལོ་

ལོར་

གཞུང་འབྲེལ་གསེར་ཁྲིར་མངའ་

གསོལ་བ་དང་། དགུང་ལོ་

སྐབས་བོད་ལྗོངས་

ཡོངས་ཀྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྟར་ ཀྱི་ཐུགས་འགན་བཞེས།

ཕྱི་ལོ་

ལོར་བཙན་གནོན་འོག་

ཟེར་བར་བོད་ཀྱི་སྐུ་ཚབ་ཚོས་

ཕྱི་ཟླ་ པ་

ཚེས་

བཙན་བྱོལ་དུ་ཕེབས།

ཕྱི་ལོ་

ཕྱི ་ ལོ ་

མི་འགོད་ཐབས་མེད་བྱུང་།

མཚན་མོར་༸གོང་ས་མཆོག་སྐུ་འཁོར་དང་བཅས་

ཀྱི ས ་བོད་ལྷོ་ཕྱོ ག ས་བརྒྱུད་ནས་ ཟླ་

ཚེས་

ཉིན་མ་འོངས་བོད་ཀྱི་

ཟིན་བྲིས་གསལ་བསྒྲགས་གནང་།

ལོ ར ་ནོ ་ སྦེལ་ཞི ་ བདེ འི ་ གཟེ ང ས་རྟགས་དང་། ཕྱི ་ ལོ ་

ལོ ར ་ཨ་རི འི ་ གསེ ར ་གྱི ་ གཟེ ང ས་རྟགས་སོ ག ས་རྒྱལ་སྤྱི འི ་

དང་ 60

གཉིས་

བརྒྱ་ཕྲག་མང་པོ་འབུལ་བཞེས་མཛད།


སློབ་ཚན་བཅུ་གཅིག་པ།

ཚངས་དབྱངས་རྒྱ་མཚོའི་

མགུར་གླུ།

ཤར་ཕྱོགས་རི་བོའི་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང་། །

མ་སྐྱེས་ཨ་མའི་ཞལ་རས། ། ཡིད་ལ་འཁོར་འཁོར་བྱས་བྱུང་། ། བྱ་དེ་ཁྲུང་ཁྲུང་དཀར་མོ། །

ཐག་རིང་རྒྱང་ལ་མི་འགྲོ། །

ནོར་བུ་རང་ལ་ཡོད་དུས། །

གཤོག་རྩལ་ང་ལ་གཡོར་དང་། །

ལི་ཐང་བསྐོར་ནས་སླེབས་ཡོང་། ། ནོར་བུ་ནོར་ཉམས་མ་ཆོད། །

ནོར་བུ་གཞན་ལ་ཤོར་དུས། ། སྙིང་རླུང་སྟོད་ལ་འཚང་བྱུང་། ། བྲིས་པའི་ཡི་གེ་ནག་ཆུང་། ། མ་བྲིས་སེམས་ཀྱི་རི་མོ། །

ཆུ་དང་ཐིགས་པས་འཇིག་སོང་། ། བསུབས་ཀྱང་ཟུབ་རྒྱུ་མི་འདུག །

ངང་པ་མཚོ་ལ་ཆགས་ནས། ། རེ་ཞིག་སྡོད་དགོས་བསམས་ཀྱང་། ། མཚོ་མོ་དར་ཁ་བསྒྲིགས་ནས། ། རང་སེམས་ཁོ་ཐག་ཆོད་སོང་། །

61


མེ་ཏོག་ནམ་ཟླ་ཡལ་སོང་། ། གཡུ་སྦྲང་སེམས་པ་མ་སྐྱོ། ། བྱམས་པ་ལས་འཕྲོ་ཟད་པར། ། ང་ནི་སྐྱོ་རྒྱུ་མི་འདུག །

སེམས་པ་འདི་ལ་འགྲོ་འགྲོ། ། དམ་པའི་ཆོས་ལ་འགྲོ་ན། །

ཚེ་གཅིག་ལུས་གཅིག་ཉིད་ལ། ། སངས་རྒྱས་ཐོབ་པ་འདུག་གོ། ། རང་སེམས་སོང་བའི་མི་དེ། ། གཏན་གྱི་འདུན་མར་བྱུང་ན། ། རྒྱ་མཚོའི་གཏིང་ནས་ནོར་བུ། ། ལོན་པ་དེ་དང་འདྲ་བྱུང༌། །

སྦྱོང་ཚན། ཀ

62

བར་སྟོང་སྐོངས།

བྱ་དེ་

ཐག་རིང་

བྲིས་པའི་ཡི་གེ་

དཀར་མོ། །

མི་འགྲོ། ། །།

ང་ལ་གཡོར་དང་། །

ལི་ཐང་བསྐོར་ནས་ ཆུ་དང་

།།

འཇིག་སོང་། །


སེམས་པ་འདི་ལ་ ཚེ་གཅིག་

གོ། །

སེམས་ཀྱི་རི་མོ། ། བསུབས་ཀྱང་ །།

ཉིད་ལ། །

སངས་རྒྱས་

མི་འདུག །

ལ་འགྲོ་ན། །

འདུག་

གཤམ་གྱི་ཚིགས་བཅད་འདིར་འགྲེལ་བཤད་བྲིས།

ནོར་བུ་རང་ལ་ཡོད་དུས། ། ནོར་བུ་ནོར་ཉམས་མ་ཆོད། ། ནོར་བུ་གཞན་ལ་ཤོར་དུས། །

སྙིང་རླུང་སྟོད་ལ་འཚང་བྱུང་། །

རང་གིས་ཚིགས་བཅད་གང་རུང་གཉིས་རྩོམས།

63


སློབ་ཚན་བཅུ་གཉིས་པ།

བསང་གསོལ། ལྷ་གསོལ།

བསང་དང་དར་ལྕོག

བསང་བདུགས་པ་ནི ་ མི ་ གཙང་བ་

དང་བཙོག་གྲིབ་བསང་རྒྱུའི་ཆེད་དུ་ ཡིན། བསང་གཏོང་བ་ནི་ལྷ་གསོལ་ བའི་ཆོ་ག་གལ་ཆེ་ཤོས་ཤིག་ཡིན།

བསང་གི་རྫས་གཙོ་བོ་ནི། ༡) ཤུག་

པ། ༢) སྤ་མ། ༣) བ་ལུ། ༤) འཁན་པ། ༥) ཨ་ག་རུ། ༦) གུར་གུམ། ༧) སྤང་ སྤོས་སོགས་ཡིན།

བསང་རྩམ་ནི། གཙོ་བོ་རྩམ་པ་དང་མར་བསྲེས་ནས་བཟོ་བ་དང་། ད་དུང་

ཆང་ཕུད་དང་ཇ་ཕུད། གྲིབ་སེལ་གྱི་ཆབ་འདེབས་པ་སོགས་ཀྱང་བྱེད་སྲོལ་ཡོད།

མདོར་བསྡུས་ན་བོད་རིགས་ལ་དཔེ་བཞག་ན་བསང་གཏོང་རྒྱུ་དང་། ལྷ་གསོལ་ རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན།

64


དར་ལྕོག

དར་ལྕོག་ནི་རིའི་རྩེ་དང་ཁང་པའི་ཐོག་ལ་འཛུགས་པ་དང་། གྲོང་པ་དང་

ཁང་པའི་མདུན་དུ་དར་ཆེན་འཛུགས་སྲོལ་ཡོད། དེ་འཛུགས་དགོས་དོན་ནི་རླུང་ རྟ་དར་བ་དང་། དབང་ཐང་རྒྱས་པའི་ཆེད་དུ་ཡིན། དར་ལྕོག་ལ་ཁ་དོག་ལྔ་ཡོད་པ་ གོ་རིམ་མ་འཁྲུགས་པའི་སྒོ་ནས་སྒྲིག་དགོས། ཁྱུང་།

སེར་པོ། ལྗང་ཁུ། དམར་པོ། དཀར་པོ། སྔོན་པོ།

འབྲུག

རྟ་མཆོག

སྟག

སེང་གེ།

དེའི་གོ་རིམ་ནི། ༡།

༢།

ཁ་དོག་སྔོན་པོ་ཡིས་ནམ་མཁའ་མཚོན། ཁ་དོག་དཀར་པོ་ཡིས་སྤྲིན་པ་མཚོན།

65


༣།

ཁ་དོག་དམར་པོ་ཡིས་མེ་མཚོན།

༥)

ཁ་དོག་སེར་པོ་ཡིས་ས་མཚོན་པ་ཡིན་ནོ། །

༤།

ཁ་དོག་ལྗང་གུ་ཡིས་ཆུ་མཚོན།

དར་ལྕོག་གི་སྒང་ལ་ཆོས་ཀྱི་གཟུངས་སྔགས་དང་། ལྷ་སྐུ། དབུས་སུ་

རྟ་མཆོག་ནོར་བུས་བརྒྱན་པ་དང་། ཕྱོགས་བཞིར་སྟག་དང་། སེང་གེ། ཁྱུང་། འབྲུག་བཅས་ཀྱི་གཟུགས་བརྙན་བཀོད་པའི་རིགས་སྣ་ཚོགས་ཡོད། དེ་ནི་རྣམ་ པར་རྒྱལ་བའི་མཚོན་དོན་ཡིན་ཞེས་བཤད་སྲོལ་འདུག་གོ། ། སྦྱོང་ཚན། ཀ

གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།

༡། བསང་གཏོང་བའི་རྒྱུ་མཚན་གང་ཡིན་ནམ།

༢། བསང་གཏོང་བ་དང་། ལྷ་གསོལ་བ་གཉིས་ཀྱི་དབར་ཁྱད་པར་གང་ཡོད་ དམ།

༣། བསང་རྫས་གང་དང་གང་ཡོད་དམ། 66

༤། དར་ལྕོག་དང་། དར་ཆེན་དབར་ཁྱད་པར་ག་རེ་ཡོད་དམ།


༥། དར་ལྕོག་དང་། དར་ཆེན་འཛུགས་པའི་རྒྱུ་མཚན་གང་ཡིན་ནམ། ཁ

༦། དར་ལྕོག་ལ་ཁ་དོག་ལྔ་ཡོད་པ་དེ་དག་གོ་རིམ་མ་ནོར་བར་བྲིས།

མཐུན་སྦྱོར་གྱིས།

ཁ་དོག་སྔོན་པོ།

སྤྲིན་པ་མཚོན།

ཁ་དོག་དམར་པོ།

ས་མཚོན།

ཁ་དོག་དཀར་པོ།

མེ་མཚོན།

ཁ་དོག་ལྗང་ཁུ།

ནམ་མཁའ་མཚོན།

ཁ་དོག་སེར་པོ།

ཆུ་མཚོན།

ག བསང་གི་རྫས་རྣམས་ལ་རྟགས་རྒྱོབ། ༡། ཤུག་པ། ( )

༤། སྲིང་བལ། ( ) ༧། ལྗང་པ། ( )

༢། ཀུ་ཤུ། ( )

༥། བ་ལུ། ( )

༨། གཟིམ་སྤོས ། ( )

༣། སྤ་མ། ( )

༦། ཨ་ག་རུ། ( )

67


སློབ་ཚན་བཅུ་གསུམ་པ།

སྤྱི་སྒྲ་བཤད་པ།

ལེགས་བཤད་ལྗོན་དབང་ལས།

ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །

ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །

སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། ། སུ་ནི་གང་ཟག་གང་ཀུན་ལའོ། །

ཞེས་གསུངས་པ་ལྟར་ཅི་ཇི་སུ་གང་བཅས་བཞི་ལ་སྤྱི་སྒྲ་ཞེས་ཟེར། གོ་

དོན་ནི། བྱེ་བྲག་དམིགས་སུ་མ་བཀར་བར་སྤྱི་ལ་ཁྱབ་པའི་དོན་སྟོན་པ་ཞིག་ལ་ ཟེར།

ཕྲད་དེ་དག་གི་འཇུག་ཚུལ་ལས་ཅི་ནི་གཙོ་བོ་དྲི་བ་དང༌། ཇི་ནི་དཔེ་བཀོད་

པ་སོགས་ལ་འཇུག

ཡང་སྐབས་ཐོག་གི་ཚིག་གྲོགས་མི་འདྲ་བའི་དབང་གིས་

གཞན་དང་གཞན་ལའང་འཇུག སུ་ནི་གང་ཟག་སྟེ་མི་དང༌། གང་ནི་ཀུན་ཏེ་ཚང་མ་ ལ་སྤྱི་ཁྱབ་ཏུ་འཇུག་གོ ། 68

༡། ཅི་སྒྲ།

ཅི་ནི། ཞིག སྟེ། སླད། འདྲ། ཕྱིར་སོགས་ཀྱི་སྔོན་དུ་སྦྱོར་ཞིང་གཙོ་བོ་དྲི་


བའི་དོན་ལ་འཇུག་པ་ཡིན། དཔེར་ན། དེ་ཅི་ཞིག་ཡིན། ཅི་སྟེ་གཞན་ལ་འཕྱ་བར་

བྱེད། ཅིའི་སླད་དུ་སོང༌། ཐབས་ཤེས་ཅི་འདྲ་བཀོད། ཅིའི་ཕྱིར་ནང་སྦྱོང་མ་བྲིས། ལྟ་བུའོ། །

༢། ཇི་སྒྲ།

ཇི་ནི། སྙེད། སྲིད། ལྟར། བཞིན། སྐད་སོགས་ཀྱི་སྔོན་དུ་སྦྱོར་ཞིང་བརྗོད་

གཞིའི་ཚད་དང་དཔེ་སོགས་སྤྱི་ཁྱབ་ཙམ་སྟོན་པར་འཇུག་གོ །

དཔེར་ན། ཇི་སྙེད་ཤེས་བྱ་མ་ལུས་འབད་པས་སྦྱོངས། ཇི་སྲིད་རང་དབང་

མ་འཐོབ་བར། དེ་སྲིད་ལས་འགུལ་མཚམས་མི་ཆད། དགེ་རྒན་གྱིས་གསུངས་པ་

ཇི་བཞིན་ཡིད་ལ་འཆང༌། ཇི་ལྟར་གཞན་ལ་གནོད་སེམས་བཅངས་ན་དེ་ལྟར་རང་

ལ་འབྲས་བུ་ངན་པ་སྨིན་ཡོང༌། དགེ་རྒན་གྱིས་ཇི་སྐད་གསུངས་པ་ལྟར་གོ་བ་ལེན་ དགོས།

༣། སུ་སྒྲ།

སུ་ནི་གང་ཟག་སྟེ་མིའི་མིང་ཚབ་ལྟ་བུར་འཇུག་པ།

དཔེར་ན། སློབ་གྲོགས་སུ་ཡིན་ཡང་སློབ་སྦྱོང་ལ་འབད་དགོས། སུ་དང་

འཕྲད་ཀྱང་དགའ་བའི་འཛུམ་གྱིས་བསུ། འཛིན་གྲྭའི་ནང་དུ་སློབ་མའམ་དགེ་རྒན་ སུ་དང་སུ་འདུག ལྟ་བུའོ། །

69


༤། གང་།

གང་ནི་ཀུན་ཏེ་སྤྱི་སྒྲ་སྟོན་པ་ཚང་མ་ལ་འཇུག་པ།

དཔེར་ན། གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་

འཚལ་ལོ། །ལས་ཀ་འདི་གང་ལྟར་བྱེད་དགོས། གང་ལ་འགྲོ། ཁང་པའི་ནང་དུ་མི་ གང་དག་འདུག གདུང་འདེགས་ཀྱི་དོན་བྱེད་ནུས་པ་གང་དང་གང་ཡིན་པ་དེ་དང་ དེ་ནི་ཀ་བའོ། །ལྟ་བུའོ། །

༥། སྤྱི་སྒྲའི་ཕྲད་གང་རུང་ཡིན་ན་ཚིག་ཕྲད་ཡིན་མི་དགོས།

དཔེར་ན། ཀ་ཅི། ཅི་བརྟོལ། གན་ཇི་ར། ཇི་དགུ། ཨ་སུ་ར། སུ་ལུ། ཅུ་གང་།

གང་ཟག

70


སྦྱོང་ཚན། ཀ སློབ་ཚན་བཀླགས་ཏེ་ལན་བྲིས། ༡།

སྤྱི་སྒྲའི་ཕྲད་གང་དག་ཡིན་ནམ།

༣།

གང་དང་། སུ་ཡི་དཔེར་བརྗོད་རེ་བྲིས།

༢།

༤། ༥།

སྤྱི་སྒྲ་ཞེས་པའི་གོ་དོན་བྲིས།

ཅི་ཞིག་དང་། ཅི་སྟེ། ཅི་སླད། ཅི་འདྲ། ཅི་ཕྱིར་རྣམས་སྦྱར་ཏེ་ཚིག་གྲུབ་རེ་བྲིས། ཇི་སྙེད། ཇི་སྲིད། ཇི་ལྟར། ཇི་བཞིན། ཇི་སྐད་བཅས་སྦྱར་ཏེ་ཚིག་གྲུབ་རེ་བྲིས།

ཁ གཤམ་གསལ་བར་སྟོང་ནང་ཅི། ཇི། སུ། གང་ཅི་འཐོབ་སྐོངས། ༡།

བུ་མོ་ཁྱོད་ནི་དེ་རིང་———ནས་ཡོང༌། །

ཁྱོད་ལ་ཕ་མ་གཉེན་ཚན་———འདྲ་ཡོད། ། བུ་མོ་ཁྱོད་ཀྱི་མིང་ལ་———སྐད་ཟེར། །

༢།

ཁྱོད་ཀྱི་མཛའ་བའི་གྲོགས་པོ་———ཞིག་ཡིན། །

རྟག་ཏུ་བརྩོན་པ་མ་བཏང་ན། །མི་འགྲུབ་བྱ་བ་———ཡང་མེད། །

༣། མི་དེ་———ཡང་མི་ཤེས་པ་———དུ་ཡང་མི་ཚུད་པ་———དང་ ཡང་མི་མཐུན་པ་ཞིག་རེད།

71


༤། སེམས་ལ་འཆར་སྒོ་———སྙེད་ཅིག་ཤར། ༥།

༦།

ཕ་ཡུལ་གྱི་རྣམ་པ་———འདྲ་ཞིག་རེད། གཞུང་དོན་———བཞིན་རྟོགས།

༧། མི་འདི་———རེད། སྡེ་པ་———གི་རེད། བྱ་བ་———ཞིག་སྒྲུབ་ མཁན་རེད།

ག གཤམ་གསལ་ཅི་ཇི་སུ་གང་སྦྱོར་ས་ནོར་བ་རྣམས་འགྲིག་པར་བཟོས།

མི་ཅི་ཞིག་ཡིན་ཡང་ས་གནས་སུ་ལ་བསྡད་ཀྱང་བྱ་བ་ཇི་ཞིག་བྱས་ཀྱང་དུས་ཚོད་ གང་སྙེད་གཅིག་ནང་གྲུབ་པར་དགོས།

72


སློབ་ཚན་བཅུ་བཞི་པ།

ངའི་མ་འོངས་པའི་དམིགས་ཡུལ།

ཀ་པ། ཁྱེད་རང་མ་འོངས་པར་མི་གང་འདྲ་ཞིག་བྱེད་ཀྱི་ཡིན་ནམ། ལས་ཀ་ག་ ཁ་པ།

ཀ་པ།

ཁ་པ།

རེ་བྱེད་འདོད་ཡོད་མེད་གསུངས་དང་།

ལགས། ངས་མ་འོངས་པར་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སྐོར་ལ་སློབ་

སྦྱོང་བྱེད་གྱི་ཡིན། སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་ཕྱིན་ན། མི་ རྣམས་ལ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་བར་ཕན་ཐོགས་བྱེད་ཐུབ་ཀྱི་རེད།

གལ་ཏེ་དེ་ལྟར་བྱ་ཐུབ་ཚེ་ང་རང་ཡིན་ནའང་སེམས་སྐྱིད་པོ་དང་། འཚོ་ བ་སྐྱིད་པོ་ཞིག་ཡོང་གི་རེད་བསམ་གྱི་ཡོད།

འོ་རེད།

སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་འགྲོ་བར་ཁྱིམ་ཚང་

དང་། སྤྱི་ཚོགས་ནང་གི་ཚོགས་པ་སྒྲིག་འཛུགས་ཁག་ཚང་མར་གོ་ རྟོགས་སྤེལ་ཏེ། འདུག

སྤྱོད་ལམ་ཡར་རྒྱས་གཏང་དགོས་རེད་བསམ་གྱི་

འོ་རེད། སྤྱི་ཚོགས་ཀྱི་འཕྲོད་བསྟེན་དེ་ཤིན་ཏུ་གལ་ཆེན་པོ་རེད། ང་ ཚོའི་ནད་ཡམས་མང་པོ་ཞིག་གཙང་སྦྲ་མེད་པ་དང་། ཟས་དང་སྤྱོད་ ལམ་ལ་བརྟེན་ནས་ཡོང་གི་ཡོད་རེད། ཆམ་ནད་དང་སྐྲན་ནད་ལྟ་བུ།

73


གཞན་ཡང་འགོས་ནད་རིགས་སྤྱི་ཚོགས་ཀྱི་འབྲེལ་བ་བརྒྱུད་ནས་

ཡོང་གི་ཡོད་རེད། དཔེར་ན། གཉན་ནད་རེག་དུག་དང་། མཆིན་ནད་ དུག་ཐབས་ལྟ་བུ་རེད། འདི་ཚོ་འགོས་སྟངས་དེ་རྒྱུན་ལྡན་མིན་པའི་སྤྱི་

ཚོགས་ཀྱི་མིའི་འབྲེལ་བ་བརྒྱུད་ནས་ཡོང་གི་ཡོད་རེད། བྱས་ཙང་དེ་ ཚོ་ཚང་མར་གོ་རྟོགས་དང་སྒྲིག་འཛུགས་བཟོ་རྒྱུ་དེ་ཞེ་དྲག་གལ་ཆེན་ པོ་རེད།

ཀ་པ།

ལགས་སོ། །ཞེ་དྲག་ཡག་པོ་འདུག ད་ལྟ་ནས་དོ་སྣང་དང་སློབ་སྦྱོང་

ཀ་པ།

ངས་མ་འོང ས་པར་ཁོ ར ་ཡུག་སྲུང་སྐྱོབ་ཀྱི ་ ལས་ཀ་བྱེད་ཀྱི ་ ཡི ན །

ཁ་པ།

ཁ་པ།

ཀ་པ། 74

བྱས་ན་རྗེས་མར་ཁྱེད་ཀྱིས་ལས་ཀ་ཡག་པོ་བྱེད་ཐུབ་ཀྱི་རེད། དེས་ན་ཁྱེད་རང་མ་འོངས་པར་ག་རེ་བྱེད་ཀྱི་ཡིན།

འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ས་ཆ་ གང་སར་འཛུགས་སྐྲུན་བྱས་ཙང་། ཁོར་ཡུག་ལ་དོ་ཕོག་ཆེན་པོ་འགྲོ་

ཡི་ཡོད་རེད། དེར་བརྟེན། ངས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་ འདོད་འདུག

དེ་ཧ་ལས་པའི་ཡག་པོ་འདུག

ཁོར་ཡུག་གཏོར་བཅོམ་བྱས་པ་དེས་འགྲོ་བ་མིའི་རིགས་དང་། སེམས་

ཅན། སྐྱེ་དངོས་སོགས་ལ་ཉེན་ཁ་ཆགས་པ་དང་། རང་བྱུང་ཁམས་ཀྱི་ གནོད་སྐྱོན་མང་པོ་ཡོང་གི་ཡོད། དཔེར་ན། ས་ཡོམ་དང་རླུང་འཚུབ་


ཁ་པ།

ཀ་པ།

བརྒྱབ་པ་སོགས་འཇིགས་པ་མང་པོ་ཞིག་ཡོང་གི་ཡོད་རེད།

ཁོར་ཡུག་གཏོར་བཅོམ་ལ་བརྟེན་ནས་འཛམ་གླིང་ལ་དོ་ཕོག་ག་རེ་ འགྲོ་གི་ཡོད་རེད།

ཁོར་ཡུག་གཏོར་བཅོམ་ལ་བརྟེན་ནས་འཛམ་གླིང་གི་ཚ་དྲོད་འཕེལ་ གྱི་ཡོད། ཚ་དྲོད་འཕེལ་ན་འཁྱག་རོམ་བཞུས་ཏེ་མི་དང་སེམས་ཅན་

མང་པོར་དོ་ཕོག་འགྲོ་བ་དང་། དཔེར་ན། རྒྱ་མིས་བོད་ནང་དུ་ཆུ་

མཛོད་བརྒྱབ་པ་དང་གཏེར་ཁ་བསྔོགས་ནས་ཁོར་ཡུག་ལ་གཏོར་

བཅོམ་བཏང་བས། ཚ་དྲོད་རྒྱས་ཏེ་གངས་རི་བཞུས་འགྲོ་གི་ཡོད་རེད།

གངས་རི་ཚང་མ་བཞུས་ཚར་ན་མི་མང་པོར་ཆུའི་དཀའ་ངལ་འཕྲད་ཀྱི་ རེད། བྱས་ཙང་། ངས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་རྒྱུ་དེ་ཞེ་ ཁ་པ།

དྲག་གལ་ཆེན་པོ་རེད་བསམ་གྱི་ཡོད་ལ། མ་འོངས་པར་ང་ཁོར་ཡུག་ སྲུང་སྐྱོབ་པ་ཞིག་བྱེད་ཀྱི་ཡིན།

ལགས་སོ།

།དེས་ན་ངེད་གཉིས་ཀྱི་མ་འོངས་པའི་དམིགས་ཡུལ་

ལེགས་འགྲུབ་ཡོང་བར་ཤོག

75


སྦྱོང་ཚན། ཀ གཤམ་གསལ་སྐད་ཆ་རྣམས་སུས་བཤད་མིན་འོག་གི་རེའུ་མིག་ནང་སྐོངས།

གཏེར་ཁ་བསྔོགས། སྤྱི་ཚོགས་ཀྱི་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། ཆམ་ནད་

དང་སྐྲན་ནད། འཛུགས་སྐྲུན་བྱས། ཟས་དང་སྤྱོད་ལམ་ལ་བརྟེན་ནས་ཡོང་གི་ ཡོད། ཚ་དྲོད་རྒྱས། སྐྱེ་དངོས་སོགས་ལ་ཉེན་ཁ་ཆགས་པ། འགོས་ནད་རིགས།

གཉན་ནད་རེག་དུག རང་བྱུང་ཁམས་ཀྱི་གནོད་སྐྱོན། མཆིན་ནད་དུག་ཐབས། ས་ ཡོམ་དང་རླུང་འཚུབ་བརྒྱབ་པ། འཁྱག་རོམ་བཞུས། ཆུ་མཛོད་བརྒྱབ་པ།

ཀ་པ།

ཁ་པ།

ཁ ཁྱེད་ཀྱིས་འཕྲོད་བསྟེན་དང་ཁོར་ཡུག་གང་རུང་ཐོག་རྩོམ་ཡིག་ཅིག་བྲིས།

76


དག་ཡིག

སློབ་ཚན་བཅོ་ལྔ་པ།

གཉིད་ལོག་པ་དེ་ག་གཉིད་ལ། །

ཚད་པས་སྙིད་པ་ས་སྙིད་ཡིན། །

གདམས་ངག་ཞུ་བ་ག་གདམས་ལ། །

ཐག་པས་བསྡམ་པ་བ་ས་བསྡམ། ། རྩེད་མོ་རྩེ་བ་ར་རྩེ་ལ། །

སེམས་ལ་བརྩེ་བ་བ་ར་བརྩེ།

བཟུང་བའི་བཙོན་ནི་བ་བཙོན་ལ། །

བརྩོན་འགྲུས་བརྩོན་པ་བ་ར་བརྩོན། །

སེམས་ཙམ་པ་ནི་ཙམ་རྐྱང་ལ། །

ཟ་བའི་རྩམ་པ་ར་རྩམ་ཡིན། །

གཙང་དང་གཙང་མ་ག་གཙང་ལ། ། ཡུལ་གྱི་རྩྭ་ནི་ར་རྩྭ་ཡིན། །

77


ཀ གཤམ་གསལ་སྒྲ་གདངས་བསྡུར་ཏེ་མི་མཐུན་པ་མཇུག་ཏུ་བྲིས། གདམས་ དམ་ བསྡམ་ མཚོན་

ཚོན་ བརྩོན་

ཁ འདེམས་སྐོང་གྱིས།

༡། མཚན་མོར་ ༢། ཕ་མའི་

༤། ཞིང་ཁར་

ཉིད་

ཉལ།

ངག་རེད།

སྐྱེས།

གཉིད་ སྙིད་

བརྩེ་ རྩེ་

མེ་ཏོག་ཚད་པས་

ལག་པ་ཐག་པས་

རྩེད་

སྙིད་/ གཉིད་

བསྡམ་/ གདམས་

ཤིང་སྡོང་གི་

བ་བཅད། རྩྭ་/ རྩ་

༢། རྒྱུན་དུ་བཙོ༵ན་འགྲུས་དགོས།

ག གཤམ་གསལ་རྟགས་ཅན་རྣམས་ནོར་བཅོས་གྱིས། ༡། གྲོགས་པོའི་རྩེ༵་བ།

༣། བོད་པས་ཙ༵མ་པ་ཟ།

༥། དབུས་ཙ༵ང་ཆོས་ཀྱི་ཞིང་། 78

༤། གོས་བཙ༵ང་མ་གྱོན། ༦། འབྲོག་པའི་ཙྭ་༵ ཐང་།


རི་ཁྲོད་དབེན་དང་དབྱེན་དཀྲུག་བྱེད། །

ད་ཡིས་འཕུལ་བ་ཤེས་པར་བྱ། །

འབིག་པའི་གསོར་ནི་ག་གསོར་ལ། །

ཡོ་བྱད་བསར་བ་བ་བསར་ཡིན། །

ཕྱགས་མ་དག་ནི་ཕ་ཕྱགས་ལ། །

པགས་པ་མཉེན་པ་མ་མཉེན་ཡིན། །

ལུང་པའི་ལྗོངས་དང་ལྕེ་ཡི་ལྗགས། །

ལ་ལ་ཇ་འདོགས་ཤེས་པར་བྱ། །

གཉིས་པོ་དག་ནི་ག་གཉིས་ལ། །

རྣལ་འབྱོར་མ་ནི་ར་རྣལ་ཡིན། །

སྣག་ཚ་དག་ནི་ས་སྣག་ལ། །

སྒོ་ང་དག་ནི་ས་སྒོ་ཡིན། ། 79


ཀ གཤམ་གསལ་རྟགས་ཅན་རྣམས་དག་ཆ་ནོར་བཅོས་གྱིས། ༡། མིག་ཉི༵ས་ཀས་གཟབ་གཟབ་བལྟས།

༢། བོད་ཀྱི་ཡུལ་འཇོ༵ངས་ཧ་ཅང་མཛེས། ༣། བྱ་མོས་ཉིན་ལྟར་གོ༵་ང་རེ་བཏང་།

༵ ་ཚ་བླུགས་ནས་ཡི་གེ་འབྲི། ༤། སྨྱུ་གུའི་ནང་ནག ༥། ནེ་ཙོའི་གཤོག་པ་ལྗང་ཞིང་ཉེ༵ན།

ཁ སྒྲ་གདངས་ཁྱད་པར་འདོན་ཤེས་པ་དགོས། དབེན། - བེན།

དབྱེན། - བྱེན།

གཉིས། - ཉིས།

རྣལ། - ནལ།

ཕྱགས། - འཕྱག

80

མཉེན། - ཉེན།

གསོར། - སོར།

ལྗོངས། - འཇོང་། སྣག - ནག

བསར། - སར།

ལྗགས། - འཇགས། སྒོ། - གོ།


ག གཤམ་གསལ་དག་ཆ་རྣམས་ནང་སྦྱོང་གྱིས། དབེན་ - གནས་དབེན་པ།

དབྱེན་ - དབྱེན་སྦྱོར་དཀྲུག་ཤིང་།

ཕྱགས་ - ཕྱགས་མས་འཕྱག

མཉེན་ - པགས་པ་མཉེན།

གསོར་ - གསོར་གྱིས་ཨི་ཁུང་ཕུག ལྗོངས་ - གངས་ལྗོངས།

རྣལ་ - སེམས་རྣལ་དུ་གནས། ང

སྒོ་ང་ - སྒོ་ང་བཅུད་ཆེ།

བསར་ - དགོས་ཆས་བསར།

གཉིས་ - མིག་གཉིས་ཀྱིས་བལྟས།

སྣག་ - སྣག་ཚས་བྲིས།

ལྗགས་ - ལྗགས་བྲོ་གཟིགས།

ཡང་ཡང་ཀློག་པ་དང་དཔོད་བྲིས་གཏོང་དགོས།

ཕྱག་ལས། - ཞབས་ཕྱགས།

མཉེན་པོ། - ཉེན་ཁ།

སྣག་ཚ། - རྣག་ཁྲག

ལྗགས་བྲོ།- ཡིད་ལ་འཇགས།

ཡུལ་ལྗོངས།-འཇོང་དབྱིབས།

རྣལ་འབྱོར་བ། - སྣལ་མ།

81


གྲངས་ཀྱི་བཞི་ནི་བ་བཞི་ལ། །

ས་གཞི་དག་ནི་ག་གཞི་ཡིན། །

སྐལ་ལྡན་དག་ནི་ས་སྐལ་ལ། །

དུས་ཀྱིས་བསྐལ་བ་བས་འཕུལ་ཡིན། །

དུད་འགྲོ་གཡི་དང་རིན་ཆེན་གཡུ། །

ག་ཡིས་འཕུལ་བ་ཤེས་པར་བྱ། །

ཁང་པའི་རྨང་ནི་ར་རྨང་ལ། །

ཞིང་རྨོ་བ་ནི་ར་རྨོ་ཡིན། །

མངའ་ཐང་མངའ་ནི་མ་མངའ་ལ། །

མཚོན་ཆས་གསོད་པ་ག་གསོད་ཡིན། །

བསོད་ནམས་དག་ནི་བ་བསོད་ལ། །

སྨོན་ལམ་འདེབས་པ་འ་འདེབས་ཡིན།། 82


ཡང་ཡང་ཀློག་པ་དང་དཔོད་བྲིས་གཏོང་དགོས།

༡། བཞི་བཅུ། - མིང་གཞི།

༢། སྐལ་བཟང་ཐོབ། - བསྐལ་པ་གྲངས་མེད།

༥། གསོད་མཁན། - བསོད་ནམས།

༦། སྨོན་ལམ་འདེབས། - རི་ཡི་འདབས།

༣། སྲོག་ཆགས་གཡི།-རིན་ཆེན་གཡུ། ༤། རྨང་གཞི། - དམངས་གླུ། ༧། ཞིང་རྨོ། - བུ་མོ། ཁ

འདེམས་སྐོང་གྱིས། ང་ལ་རྐང་ལག་ མཇལ་བའི་ མ་འོངས་ རྩིག་པའི་ ཞིང་

༨། མངའ་ཐང་། - སྔ་མོ།

ཡོད།

གཞི་/བཞི་

བ་ཐོབ་བྱུང་།

སྐལ་/བསྐལ་

རྡོ་བརྟན་པོ་དགོས།

སྨང་/རྨང་

པའི་བར་དུ།

བ་ལ་སོན་དགོས།

སྐལ་/བསྐལ་

རྨོ་/སྨོ་

83


སྒྲ་གདངས་བསྡུར་ཏེ་མི་མཐུན་པ་བར་སྟོང་ནང་སྐོངས། བཞི།

གཞི།

མངའ།

ང་།

གལ།

བཟོད། རྨང་།

ལྡེབས།

84

ཤི།

སྐལ།

བསྐལ།

བསོད།

གསོད།

དམངས། འདབས།

རྔ།

མང་། རྡེབ།


85


Turn static files into dynamic content formats.

Create a flipbook
བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བརྒྱད་པའི་བོད་ཡིག་སློབ་དེབ། by Sherig Books - Issuu