Skip to main content

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བདུན་པའི་བོད་ཡིག་སློབ་དེབ།

Page 1

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ བོད་ཡིག་སློབ་དེབ།

འཛིན་རིམ་བདུན་པ།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་བྱས།


བསྐྱར་ཞིབ་རྩོམ་སྒྲིག་འགན་ཁུར་བ། ཚེ་རིང་བསམ་གྲུབ། རྨང་གཞི་རྩོམ་སྒྲིག་པ།

བསྐྱར་ཞིབ་རྩོམ་སྒྲིག་པ།

ཚེ་འདས་དབང་རྒྱལ་རིགས་མཛེས་ཁུ་ར། ངག་དབང་ཆོས་དར།

པ་སངས་ནོར་བུ། བསོད་ནམས་བདེ་ཆེན། བསྟན་འཛིན་དགའ་བ། རྡོ་རྗེ་རྒྱལ་པོ། དཀར་གཞུང་བཀྲ་ཤིས་རྡོ་རྗེ།

ཇུས་འགོད་པ།

དཀར་གཞུང་བཀྲ་ཤིས་རྡོ་རྗེ།

ཞུ་དག་པ།

བློ་བཟང་རབ་རྒྱས།

འབྲེལ་མཐུད་པ།

བསྟན་འཛིན་དབྱིག་གཉེན། ཚེ་རིང་བཀྲ་ཤིས།

བསྐྱར་ཞིབ་ཚོགས་ཆུང་། ཚེ་རིང་བསམ་གྲུབ།

ཨོ་རྒྱན་བསྟན་འཛིན།

(ཤེས་ལྷན་འགན་འཛིན།)

(བརྡ་ཆད་ཚན་པའི་འགན་འཛིན།)

ཌོག་ཊར་མཆོག

(བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན།)

དགེ་འདུན་དོན་ཡོད།

(བོད་ཡིག་ཚན་པའི་འགན་འཛིན།)

བྱ་གཞུང་དཔལ་ལྡན་རྡོ་རྗེ།

(སློབ་དེབ་རྩོམ་སྒྲིག་པ།)

བསོད་ནམས་བཟང་པོ། བོད་དགེ་བསམ་གྲུབ།

(རྩོམ་སྒྱུར་ཚན་པའི་འགན་འཛིན།)

(སམ་བྷོ་ཊའི་བོད་ཡིག་རྒྱུས་སྟོན་པ།)

དཀར་གཞུང་བཀྲ་ཤིས་རྡོ་རྗེ། (སློབ་དེབ་རྩོམ་སྒྲིག་པ།)


ཨང་། སློབ་ཚན་གྱི་མིང་། 1. 2. 3. 4. 5. 6. 7. 8. 9.

དཀར་ཆག

ཤོག་ངོས།

ས་ག་ཟླ་བ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་1 བྱེ་ཐང་གི་གྲུ་གཟིངས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་5 ཁྲོན་པའི་ནང་ནས་ཟླ་བ་ལེན་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 12 རྨོ་མོས་བསྐུར་བའི་ལག་རྟགས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 18 རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནས་འུ་དུམ་བཙན་པོའི་བར།་་་་་་་་་་་་་་་་་་་་་་་་་་་་་་་་་ 23 བོད་སིལ་བུའི་དུས་རབས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 29 ཕྲུ་གུའི་མཉམ་དུ་སྒྲུང་བཟོ་སྟངས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 35 བྱ་ཚིག་སྦྱོང་བརྡར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 47 བོད་སོག་མཆོད་ཡོན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 50

10. མི་དགེ་བ་བཅུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 54 11. སྟག་མོ་ལུས་སྦྱིན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 58 12. དག་ཡིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ 64


སློབ་ཚན་དང་པོ།

ས་ག་ཟླ་བ།

རྒན་རིན་པོ་ཆེ། སྐུ་ཁམས་བཟང་། སྐུ་ཁམས་བཟང་། བུ། ང་ཚོ ས ་ཟླ་བ་བཞི ་ པ་ལ་ས་ག་ཟླ་བ་

ཟེར་བའི་དོན་གང་ཡིན་ནམ།

ས་ག་ཞེས་པ་ནི་སྐར་མ་ཞིག་གི་མིང་སྟེ། བོད་ཟླ་བཞི་

པའི་ཚེས་བཅོ་ལྔའི་ཟླ་བ་དང་མཉམ་དུ་འཆར་ནུབ་བྱེད་ པས་ན་ས་ག་ཟླ་བ་ཟེར།

1


ཨ་ལེ། འོ་ན། ས་ག་ཟླ་བའི་ནང་དུ་ཤ་མི་ཟ་བ་དང་།

ཚེ་ཐར་གཏོང་བ་སོགས་དགེ་བའི་ལས་མང་པོ་བྱེད་པ་ལ་ དམིགས་བསལ་ཕན་ཡོན་ག་རེ་ཡོད་དམ།

དེ་ནི་གོང་དུ་ཞུས་པ་ལྟར། ཟླ་བ་འདི་དུས་ཚེས་ཁྱད་པར་

ཅན་ཡིན་སྟབས། ནམ་རྒྱུན་དང་མི་འདྲ་བར་དགེ་བའི་ལས་བྱས་

ན་སྟོང་འགྱུར་དང་འབུམ་འགྱུར་གྱི ་ ཕན་ཡོ ན ་ཆེ ་ བ་ཡོ ད ་སྟབས། འབུམ་འགྱུར་ཟླ་བ་ཟེར་བ་དང་། བོད་གཞུང་དམངས་གཉིས་ཀྱིས་ སྡིག་སྤོང་དགེ་སྒྲུབ་བྱས་ཏེ་སྲུང་བརྩི་ཞུ་སྲོལ་ཡོད་པ་རེད། ཟླ་བ་འདི་གཞན་ལས་རྩ་ཆེ་བར་

བརྩི་བའི་རྒྱུ་མཚན་གང་ཡིན་ནམ།

འོ། དེ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས།

ས་ག་ཟླ་བའི་ནང་སྐུ་བལྟམས་པ་དང་།

རབ་ཏུ་བྱུང་བ།

བདུད་བཏུལ་བ། སངས་རྒྱས་པ། མྱ་ངན་ལས་འདས་པ་

བཅས་དུས་ཆེན་ལྔ་འཛོམས་ཀྱི་ཟླ་བ་ཡིན་པས་ནང་པ་ རྣམས་ཀྱིས་རྩ་ཆེན་པོར་བརྩི་ཡི་ཡོད། 2


ཟླ་བ་འདིའི་ཚེས་བཅོ་ལྔ་ཉིན་དམིགས་བསལ་གྱིས་

དགེ་བའི་ལས་སྒྲུབ་དགོས་དོན་གང་ཡིན་ནམ།

ཚེས་བཅོ་ལྔ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་

དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་གསུམ་ འཛོམས་ཀྱི་དུས་ཚེས་ཁྱད་པར་ཅན་ཡིན་པས་རེད།

ལགས་སོ། །རྒན་རིན་པོ་ཆེ། བཀའ་དྲིན་ཆེ་ལགས།

3


སྦྱོང་ཚན། ཀ དཔོད་བྲིས་གཏོང་དགོས། སྐུ་བལྟམས་པ།

རབ་ཏུ་བྱུང་བ།

སྲུང་བརྩི།

འབུམ་འགྱུར་ཟླ་བ།

མྱ་ངན་ལས་འདས་པ།

བདུད་བཏུལ་བ།

ཁྱད་པར་ཅན།

དམིགས་བསལ།

ཁ དཔེ་བསྟན་པ་བཞིན་ཚིག་སྒྲུབ་བཟོས། ལེ་ལོ།

སྒྱིད་ལུག

དེང་སང་།

ད་ལྟ།

(བུ་ལེ་ལོ་ཅན་དེ་སྒྱིད་ལུག་བྱས་ནས་ནང་ལ་ཉལ་བསྡད་འདུག) ཕལ་བ།

ཤེས་པ།

དཀྱུས་མ།

རྟོགས་པ།

ག དྲི་བར་ལན་ཐོབས།

ཤེས་རབ།

བློ་གྲོས།

རལ་བ།

ཞིག་པ།

སྦས་པ།

སྐུང་བ།

༡ ས་ག་ཟླ་བ་ཞེས་པའི་མིང་ཇི་ལྟར་བཏགས་པ་ཡིན་ནམ། ༢ དུས་ཆེན་ལྔ་འཛོམས་ཞེས་པ་གང་དང་གང་ཡིན་ནམ།

༣ ཚེས་བཅོ་ལྔར་དམིགས་བསལ་བྱེད་དོན་གང་ཡིན་ནམ། ༤ འབུམ་འགྱུར་ཟླ་བ་ཞེས་ཟེར་དགོས་དོན་གང་ཡིན་ནམ། 4


བྱེ་ཐང་གི་གྲུ་གཟིངས།

སློབ་ཚན་གཉིས་པ།

(ངར་སྒྲ་དང་བཅས།) ཁྱོད་སུ་ཡིན་ནམ།

(མར་སེང་གེ་ལ་ལྟ་བཞིན།) ང་བྱེ་ཐང་གི་གྲུ་གཟིངས་ཡིན། ཁྱེད་རང་སུ་

ཡིན་ནམ།

ཁྱོད་ཀྱིས་ང་སུ་ཡིན་མི་ཤེས་སམ། ང་ནགས་ཀྱི་རྒྱལ་པོ་ཡིན།

ཨ་ལེ། ཁྱེད་རང་ཡིན་ནམ། ངས་ཤེས་སོང་། (ཁྲོ་གཉེར་དང་བཅས།) ཁྱོད་ཀྱིས་རང་ཉིད་ལ་བྱེ་ཐང་གི་གྲུ་གཟིངས་ 5


ཟེར་གྱི་འདུག ཁྱོད་རང་དུད་འགྲོ་ཞིག་གྲུ་གཟིངས་ལ་ག་འདྲ་བྱས་ ནས་འགྱུར་ཐུབ།

(འཛུམ་དམུལ་དམུལ་ངང་།) སྤྱིར་བཏང་ང་དུད་འགྲོ་ཞིག་ཡིན། འོན་

ཀྱང་། མི་རྣམས་ཀྱིས་ང་ལ་བྱེ་ཐང་གི་གྲུ་གཟིངས་ཞེས་འབོད་ཀྱི་ ཡོད། ང་ཚ་གདུག་ཆེ་བའི་དུས་སུའང་བྱེ་ཐང་དུ་འགྲོ་ཐུབ་ཀྱི་ཡོད། ང་ཡིད་ཆེས་ཀྱི་མི་འདུག

ཁྱེད་རང་བྱེ་ཐང་དུ་འགྲོ་ཐུབ་ཀྱི་ཡོད་དམ། (སུན་སྣང་གི་རྣམ་འགྱུར་དང་བཅས།) མེད། ང་བྱེ་ཐང་དུ་འགྲོ་ཐུབ་ཀྱི་མེད།

འོན་ཀྱང་ང་ནགས་ཚལ་དུ་རྒྱུག་ཤར་གློད་ཐུབ་ཀྱི་ཡོད།

(ཁོང་དགོད་ཅིག་ཤོར་ནས།)

དེ་སྲོག་ཆགས་ཚང་མས་བྱེད་ཐུབ་ཀྱི་

རེད། འོན་ཀྱང་། བྱེ་ཐང་དུ་ཉིན་མཚན་མང་པོར་འགྲོ་ཐུབ་མཁན་ ང་གཅིག་པུ་ཡིན།

6


(ཧང་སང་བའི་རྣམ་འགྱུར་དང་བཅས།) ཨ་ཙི། དེ་འདྲ་གང་འདྲ་བྱས་ནས་

འགྲོ་ཐུབ་ཀྱི་ཡོད་དམ།

ངའི་སུག་ལག་ལ་གཟིགས་དང་། ཚང་མ་མཐུག་པོ་དང་འབོལ་ འབོལ་ཡོད་པས། ཉི་མའི་ཚ་དྲོད་ཀྱིས་འཚིག་ཐུབ་ཀྱི་མེད།

ངའི་སུག་ལག་ཀྱང་འབོལ་འབོལ་ཡིན་པས། ཚེར་མ་སོགས་ཟུག་ གི་མེད་ལ། ཤྭ་བ་ཡང་ཟིན་ཐུབ་ཀྱི་ཡོད།

དེ་བདེན་པ་རེད། འོན་ཀྱང་ཚ་གདུག་ཆེ་བའི་བྱེ་ཐང་དུ་རྒྱུག་ཐུབ་ ཀྱི་ཡོད་དམ།

དེ་ཕལ་ཆེར་རྒྱུག་ཐུབ་ཀྱི་མ་རེད་... འོན་ཀྱང་... (སྐད་ཆ་བཤད་པའི་བར་ལ་འཚངས་ཏེ།) ཆུ་མེད་ཚེ་ཁྱེད་རང་བདུན་ཕྲག་

གཅིག་ལའང་འཚོ་ཐུབ་བམ། 7


(མགོ་བོ་ཅུང་སྨད་དེ།) འཚོ་མི་ཐུབ། ཆུ་མེད་པར་ང་ཉིན་ཞག་གཅིག་

ལའང་འཚོ་རྒྱུ་ཁག་པོ་རེད། འོ་ན། ཁྱོད་ཆུ་མ་འཐུང་བར་འཚོ་ཐུབ་ ཀྱི་ཡོད་དམ།

(ཚིག་ཐག་ཆོད་པོས།) ཡོད། ངས་ཆུ་མ་འཐུང་ཡང་བདུན་ཕྲག་གཅིག་

རིང་འཚོ་ཐུབ་ཀྱི་ཡོད། གང་ཡིན་ཞེ་ན། ངས་འཐུང་ཐེངས་གཅིག་ ལ་ཆུ་ལི་ཊར་༢༠༠ འཐུང་ཐུབ་ཀྱི་ཡོད། དེས་བདུན་ཕྲག་གཉིས་

ཙམ་རིང་འདང་གི་ཡོད།

(ཉན་འདོད་ཀྱི་སྤྲོ་སྣང་ཧ་ཅང་ཆེ་བའི་ཉམས་དང་བཅས།) ཁྱེད་ཀྱིས་ཁ་ཟས་གྲོད་

ཁོག་ནང་གསོག་ཉར་བྱེད་ཀྱི་ཡོད་དམ།

མེད། ངས་ཁ་ཟས་ཚང་མ་ནོག་ནང་ལ་གསོག་ཉར་བྱེད་ཀྱི་ཡོད་ པས། བདུན་ཕྲག་གཉིས་ཙམ་རིང་ཅི་ཡང་ཟ་མི་དགོས།

དེ་ཧ་ཅང་ཡག་པོ་འདུག དེས་ན་ཁྱེད་ཀྱིས་ཅི་ཞིག་ཟ་ཡི་ཡོད། ངས་རྩྭ་དང་ལོ་མ་སོགས་ཟ་ཡི་ཡོད། 8


འོ་ན། བྱེ་ཐང་ལ་ཤིང་སྡོང་རིགས་མེད་པས་ཁྱེད་ཀྱིས་ཅི་ཞིག་ཟ་ཡི་

ཡོད།

ངའི་ལྕེ་མཁྲེགས་པོ་ཡོད་པས། བྱེ་ཐང་དུ་ཚེར་ལྡུམ་ཟ་ཡི་ཡོད།

དེ་འདྲའི་ངོ་མཚར་ཆེ་བ་ལ།

(གུས་ཞབས་དང་བཅས།) ནགས་ཀྱི་རྒྱལ་པོ་ཆེན་པོ་ལགས། ང་དང་

མཉམ་དུ་བྱེ་ཐང་ལ་ཕེབས་དང་།

(དངངས་འཚབ་དང་བཅས།) མིན་མིན། ང་དེར་མ་སོང་ན་ཡག་གི་རེད།

ང་ཚ་གདུག་ཆེ་བའི་བྱེ་ཐང་དུ་འགྲོ་ཐུབ་ཀྱི་མེད། ངས་ཆུ་དང་ཁ་ ཟས་གསོག་ཉར་ཐུབ་ཀྱི་མེད་ལ། ཚེར་མ་ཡང་ཟ་ཐུབ་ཀྱི་མེད། དེ་

བས་བྱེ་ཐང་གི་གྲུ་གཟིངས་ལགས། ཁྱེད་རང་ཕེབས་རོགས། ཕེབས་ ལམ་བདེ་བར་སྨོན། ཞེས་བཤད།

9


སྦྱོང་ཚན། ཀ ཚིག་སྒྲུབ་བཟོས།

འཚབ། འཚོ། ཉར། ཉམས། ནོག མཁྲེགས། འགྲོ།

ཁ འབྲི་བ་དང་ཀློག་པ། ངར་སྒྲ།

ཚ་དྲོད།

བྱེ་ཐང་།

གྲུ་གཟིངས།

ཁྲོ་གཉེར།

འཛུམ་དམུལ།

སྲོག་ཆགས།

ཚ་གདུག

སུན་སྣང་། རྣམ་འགྱུར།

ཁྱད་གསོད།

འབོལ་འབོལ།

གློད།

སུག་ལག ཚེར་མ།

ག དྲི་བ་རྣམས་ལ་ལན་ཐོབས།

གྲོད་པ།

དུད་འགྲོ།

རྒྱུ ག ་ ཤ ར ་

ཚེར་ལྡུམ།

༡. རྔ་མོང་གི་མིང་གཞན་དེ་གང་རེད་དམ། ༢. སེང་གེའི་མིང་གཞན་དེ་གང་རེད་དམ།

༣. བྱེ་ཐང་དུ་རྒྱུན་རིང་པོར་འགྲོ་ཐུབ་མཁན་དེ་སུ་ཡིན་ནམ།

༤. ནགས་ཚལ་དུ་མགྱོགས་པོར་རྒྱུག་ཐུབ་མཁན་དེ་སུ་ཡིན་ནམ།

ང སུའི་སྐད་ཆ་ཡིན་མིན་དབྱེ་འབྱེད་ཀྱིས་རེའུ་མིག་ནང་སྐོངས།

ང་བྱེ་ཐང་གི་གྲུ་གཟིངས་ཡིན། / ང་ནགས་ཀྱི་རྒྱལ་པོ་ཡིན། / ང་ཚ་གདུག་ཆེ་བའི་དུས་ སུའང་བྱེ་ཐང་དུ་འགྲོ་ཐུབ་ཀྱི་ཡོད། / ང་ཡིད་ཆེས་ཀྱི་མི་འདུག / ནགས་ཚལ་དུ་རྒྱུག་ 10


ཤར་གློད་ཐུབ་ཀྱི་ཡོད། / དེ་སྲོག་ཆགས་ཚང་མས་བྱེད་ཐུབ་ཀྱི་རེད། / བྱེ་ཐང་དུ་ཉིན་

མཚན་མང་པོར་འགྲོ་ཐུབ་མཁན་ང་གཅིག་པུ་ཡིན། / ངའི་སུག་ལག་ཀྱང་འབོལ་འབོལ་ ཡིན། / ཆུ་མེད་པར་ང་ཉིན་ཞག་གཅིག་ལའང་འཚོ་རྒྱུ་ཁག་པོ་རེད། / ངས་ཆུ་མ་འཐུང་ ཡང་བདུན་ཕྲག་གཅིག་རིང་འཚོ་ཐུབ་ཀྱི་ཡོད། / ངས་འཐུང་ཐེངས་གཅིག་ལ་ཆུ་ལི་ཊར་ ༢༠༠ འཐུང་ཐུབ་ཀྱི་ཡོད། / ཁྱེད་ཀྱིས་ཁ་ཟས་གྲོད་ཁོག་ནང་གསོག་ཉར་བྱེད་ཀྱི་ཡོད་

དམ། / ངས་ཁ་ཟས་ཚང་མ་ནོག་ནང་ལ་གསོག་ཉར་བྱེད་ཀྱི་ཡོད། / ང་བྱེ་ཐང་དུ་འགྲོ་ ཐུབ་ཀྱི་མེད།

སེང་གེ

རྔ་མོང་།

11


སློབ་ཚན་གསུམ་པ།

ཁྲོན་པའི་ནང་ནས་ཟླ་བ་ལེན་པ།

སྔོན་ནགས་ཚལ་ཞིག་ན་སྤྲེའུ་ཁྱུ་ཞིག་ཡོད། འགའ་ཤས་ཤིང་སྡོང་སྟེང་དུ་རྩེད་མོ་ རྩེ་བཞིན་པ་དང་། ཁ་ཤས་ས་སྟེང་དུ་བབས་ཏེ་དགའ་པོའི་ངང་གནས་ཡོད།

དེ་དང་ཐག་མི་རིང་སར་ཁྲོན་པ་ཞིག་ཡོད་པ་དེར་སྤྲེལ་ཆུང་ཞིག་རྩེད་མོ་རྩེ་རུ་ ཕྱིན། ཁོས་ཁྲོན་པའི་ནང་བལྟས་པས། ཁྲོན་པའི་ནང་ཟླ་གཟུགས་ཤར་བ་མཐོང་

12


བས་ཟླ་བ་དངོས་གནས་ཡིན་པར་བསམས་ཏེ། གློ་བུར་དུ་སྐད་ཤུགས་ཆེན་པོའི་

སྒོ་ནས། “ཝ་ཡེ། གྲོགས་པོ་ཚོ། ལྟོས་དང་། ཟླ་བ་ཁྲོན་པའི་ནང་ལ་ཟགས་ འདུག” ཅེས་བོས།

སྤྲེལ་རྒན་གྱིས་འབོད་སྒྲ་ཐོས་མ་ཐག་གང་མགྱོགས་ཁྲོན་པའི་འཁྲིས་ལ་རྒྱུགས་

ཏེ་ལྟ་སྐབས། ཁོ་ཡང་ཡ་མཚན་སྐྱེས་ཏེ། “འོ་ཛི། ད་དཔེ་བསགས་སོང་། ནམ་ མཁའི་ཟླ་བ་ཆུའི་ནང་དུ་ཟགས་འདུག” ཅེས་སྐད་བརྒྱབ། 13


དེ་སྤྲེའུ་གཞན་གྱིས་ཐོས་ནས།

སྤྲེའུ་མང་པོ་ཁྲོན་པའི་འགྲམ་དུ་བརྒྱུགས་ཡོང་།

ཁོང་ཚོས་ཀྱང་། “ད་ཚར་བཞག ངོ་མ་ནམ་མཁའི་ཟླ་བ་ཆུའི་ནང་དུ་ཟགས་འདུག” ཅེས་མཉམ་དུ་སྐད་བརྒྱབ།

སྐབས་དེར་སྤྲེལ་རྒན་གྱིས། “སྐད་ཅོར་མ་རྒྱག ང་ཚོས་ཟླ་བ་མྱུར་དུ་ཕྱིར་འདོན་ ཐབས་བྱེད།” ཅེས་བཤད།

ཐོག་མར་སྤྲེལ་རྒན་གྱིས་ཁྲོན་པའི་ཉེ་འཁྲིས་ན་ཤིང་སྡོང་ཞིག་ཡོད་པ་དེའི་ཡལ་ གར་འཇུས་ནས་བསྡད། དེ་ནས་སྤྲེའུ་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་

14


རྐང་པར་འཇུས་ཏེ ་ མར་ཁྲོ མ ་པའི ་ ཆུ་ལ་མ་རེ ག ་བར་དུ་དེ ་ ལྟར་བྱས་པ་དང་། སྤྲེ ལ ་ཆུང་ལུས་པོ ་ ཡང་བས་འོ ག ་ཏུ་བསྡད་དེ ་ ལག་པ་བསྲི ང ས་ནས་ཟླ་བ་ལེ ན ་ ཐབས་བྱས།

སྤྲེལ་ཆུང་གིས་ཁྲོན་པ་ནས་འོད་འཚེར་བའི་ཟླ་བ་ལེན་སྐབས། ལག་ཏུ་ཆུ་ཐིགས་

འགའ་ལས་མ་ཐོབ། སྤྲེའུ་ཚོས་ཟླ་བ་ལེན་ཆེད་མུ་མཐུད་འབད་བརྩོན་བྱས་ཀྱང་། ཟླ་བ་ལེན་མ་ཐུབ།

དེ་ནས་སྤྲེའུ་རྣམས་ཐང་ཆད་དེ་སེམས་ཤུགས་ཆག སྤྲེའུ་འགའ་ཤས་ཀྱིས།

15


“མགྱོགས་ཙམ་གནོངས་དང་། ད་དུང་ལེན་མི་ཐུབ་པ་གང་ཡིན་ནམ།” ཟེར། སྤྲེའུ་ཁ་ཤས་ཀྱིས། “དཀོན་མཆོག་མཁྱེན། ངོ་ཚ་བ་ལ་ཨང་།” ཞེས་འུར་བརྒྱབ།

སྤྲེལ་རྒན་དེ་སྐེད་པ་དང་རྐང་པ་ན་ནས་མགོ་ཡར་བཀྱགས་པ་ན། ཟླ་བ་ནམ་

མཁའ་ལ་ཡོད་པ་མཐོང་། དེ་མ་ཐག་ཁོས། “ལེན་དགོས་མི་འདུག ལེན་དགོས་ མི་འདུག ཟླ་བ་ནམ་མཁའི་དབྱིངས་སུ་འདུག་ག” ཞེས་བཤད་པ་ན། སྤྲེའུ་ རྣམས་ཧ་ལས་ཏེ། “ཟླ་བ་ནམ་མཁར་ཡོད་ན། ཁྲོན་པའི་ནང་ཇི་ལྟར་ཟགས་ པ་རེད་དམ།” ཟེར་བཞིན་ཚང་མས་མགོ་བོ་ཡར་བཀྱགས་ཏེ་བལྟས་པས་ཟླ་བ་ ནམ་མཁར་སྔར་བཞིན་ཡོད་པ་མཐོང་།

16


སྦྱོང་ཚན། ཀ ཚིག་གྲོགས་རེ་ཚོལ།

དཔེར་ན།gཁྱུ། ལུག་ཁྱུ།

ཁྲོན། མཚན། འགྲམ། འོས། མཉམ། འཁྲིས། ཐིགས། འུར། མཁའ། ཧ།

ཁ ཚིག་སྒྲུབ་བཟོས། ཟགས། འཐམ།

བོས།

བསྲིངས།

ག ཡང་ཡང་ཀློག་འདོན་གྱིས།

ཐོས།

འདོན།

འབད།

བཀྱགས།

འཇུས།

གློ་བུར་དུ་འུར་བརྒྱབ།

བྱ་སྤྱོད་ངོ་མས་ར་སྤྲོད་བྱས།

རང་གི་འོས་འགན་བསྒྲུབས།

ལས་ཀར་མཉམ་ཞུགས་བྱས།

སློབ་གྲྭར་མུ་མཐུད་འགྲོ།

ལུས་སེམས་ངལ་ནས་ཐང་ཆད།

ཞེད་ཐག་ཆོད་ནས་སྐད་ཅོར་ཤོར། སློབ་གྲྭར་ཐོག་མར་འབྱོར།

ཅི་གསུངས་དང་ལེན་བྱེད། འོད་དུ་འཚེར་བའི་ཟླ་བ།

17


སློབ་ཚན་བཞི་པ།

རྨོ་མོས་བསྐུར་བའི་ལག་རྟགས།

དང་པོ།

ལོ་རེ་བཞིན་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ཉིན་ངའི་སྐྱེས་སྐར་ཡིན། ཉིན་ དེར་ངའི་གྲོགས་ཕོ་མོ་དང་། གཉེན་ཉེ་ཚོས་ལག་རྟགས་མང་པོ་ཞིག་བསྐུར་ཡོང་

གི་ཡོད། ངས་དགའ་ཤོས་བྱེད་ས་ནི་རྨོ་མོ་ཡིས་བསྐུར་བའི་ལག་རྟགས་དེ་ཡིན། ཁོང་གི་ལག་རྟགས་ནི་གཞན་གྱི་ལག་རྟགས་ལྟར་འགྲོ་ལུགས་ལྡན་པ་དང་། རིན་

ཐང་ཅན་གྱི་དངོས་པོ་དེ་འདྲ་ཞིག་རྩ་བ་ནས་མིན། དེ་ནི་ཆེས་སྟབས་བདེ་ཞིག་སྟེ། བག་ལེབ་སྐམ་སྲེག་བྱས་པ་ཁ་ཤས་ཤིག་ཡིན། ངས་ལོ་རེ་བཞིན་བག་ལེབ་དེ་

དག་ལག་ཏུ་འབྱོར་ཚེ། སློབ་གྲྭའི་གསོལ་ཐབ་ཀྱི་ཁ་ལག་མི་ཟ་བར། བག་ལེབ་དེ་ ཇ་ཡི་ནང་དུ་སྦངས་ནས་ཟ་ཡི་ཡོད། ངས་བག་ལེབ་ཟ་སྐབས་རྨོ་མོའི་ལག་གཉིས་

སེར་ཀ་ཤར་ཤུར་དང་། ངོ་གདོང་གཉེར་མ་ཤིག་ཤིག་ངང་། དཀའ་ངལ་ལ་མི་ 18


འཛེམས་པར་ངའི་ཆེད་དུ་བག་ལེབ་བཟོས་པ་མ་ཟད། བྱམས་བརྩེའི་ངང་དུམ་བུ་ རེ་རེ་བཞིན་ངའི་ཁར་བཅུག་ནས། ཡུན་རིང་བྱམས་ཀྱིས་བསྐྱངས་པ་དེ་ཡིད་ལ་ གསལ་ལྷང་ངེར་དྲན་ཡོང་གི་ཡོད།

གཉིས་པ།

འདི་ལོའི་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ནི་དེ་ལྟར་ག་ལ་ཡིན། ངས་ལག་ རྟགས་མང་པོའི་དཀྱིལ་ནས་རྨོ་མོ་ཡི་ལག་རྟགས་དེ་བཙལ་བ་ཡིན། ངའི་ལག་ 19


ཏུ་རག་པ་ནི་ཨ་མས་བསྐུར་བའི་ལག་རྟགས་རེ​ེད། ངས་ལག་རྟགས་དེ་ཁ་ཕྱེས་

པ་ན་སྔོན་དང་མི་འདྲ་བར་ཡིག་ཆུང་ཞིག་འདུག ཡིག་ཆུང་དེའི་ནང་འཁོད་པ་ ནི་ངས་སུ་ལའང་བཤད་མི་ཕོད་ལ། ཁྱེད་ཚོས་ཀྱང་ཉན་མི་འདོད་པའི་དོན་རྐྱེན་ ཞིག་རེད། དེ་ནི་ ...

དེ་ནི་ངའི་རྨོ་མོ་ལགས་འཇིག་རྟེན་འདི་ནས་ཞལ་གྱེས་ཟིན་འདུག དེའི་སྐབས་ ངའི་སེམས་ལ་ཆེས་མུན་ནག་ཅིག་དང་། མིག་གཉིས་ནག་རབ་རིབ་ཏུ་གྱུར་ ནས་ངས་མཐོང་བ་ནི་དྲི་རྟགས་འགའ་ཞིག་རེད།

20


རྨོ་མོ་ལགས། བུ་མོ་ང་བཞག་ནས་འཇིག་རྟེན་འདི་ནས་ཁ་བྲལ་དོན་གང་ཡིན་ ནམ།

ཁྱེད་དེ་ལྟར་ངེས་པར་དུ་ཕེབས་དགོས་ན། ང་ལ་སྔ་ཙམ་ཞིག་ནས་མི་གསུངས་ དོན་གང་ཡིན་ནམ།

ཐ་ན་ང་ལ་ཁ་པར་ཞིག་ཀྱང་མ་བཏང་བར་ཁུ་སིམ་སིམ་དུ་ཕེབས་དོན་གང་ཡིན་ ནམ།

དེ་ལྟར་ལོ་རེའི་སྤྲོ་སྣང་ལྡན་པའི་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་སྟེ་སྐྱེས་སྐར་ གྱི་ཉིན་མོ་དེ་འགྱོད་སེམས་དང་། དྲན་གདུང་གི་དུས་ཚེས་ཤིག་ཏུ་གྱུར།

ཁ་ཆེ་ཕ་ལུ།

ཕྲུ་གུར་ཕ་མ་མེད་པ་མི་སྲིད་ཀྱང་། །

ལག་ཐོག་སྟོན་རྒྱུ་ཡོད་པ་རེ་རེ་ཙམ། །

ཚེ་སྟོད་ཡོད་ཀྱང་ཚེ་སྨད་མེད་པ་མང་། །

ཕ་བུའི་དམ་ཚིག་བསྲུང་དུས་བསྲུང་བ་དགའ། ། 21


སྦྱོང་ཚན།

ཀ ཚིག་སྒྲུབ་བཟོས། སྐྱེས་སྐར།

གཉེན་ཉེ།

ལག་རྟགས།

ཤར་ཤུར།

ཤིག་ཤིག

གསལ་ལྷང་ངེར། ནག་རབ་རིབ།

སྐམ་སྲེག

སེར་ཀ

དུམ་བུ།

ཁ བར་སྟོང་སྐོངས།

དེང་རབས། ཞལ་གྱེས།

སྟབས་བདེ། དྲན་གདུང་།

ཁྱེད་ཚོས། ཨ་མས། ཉེར་གཅིག རྨོ་མོ། ཁ་ཕྱེས། འདི་ལོའི་ཟླ་བ་གསུམ་པའི་ཚེས་

ནི་དེ་ལྟར་ག་ལ་ཡིན། ངས་ལག་རྟགས་མང་

པོའི་དཀྱིལ་ནས་

ཡི་ལག་རྟགས་དེ་བཙལ་བ་ཡིན། ངའི་ལག་ཏུ་རག་པ་ནི་

ངས་ལག་རྟགས་དེ་

པ་ན་སྔོན་དང་མི་འདྲ་བར་ཡིག་ཆུང་ཞིག་འདུག

བསྐུར་བའི་ལག་རྟགས་རེ​ེད།

ཡིག་ཆུང་དེའི་ནང་འཁོད་པ་ནི་ངས་སུ་ལའང་བཤད་མི་ཕོད་ལ་ འདོད་པའི་དོན་རྐྱེན་ཞིག་རེད།

ཀྱང་ཉན་མི་

ག དྲི་བ་རྣམས་ལ་ལན་བྲིས།

༡། ཁྱོད་ཀྱི་སྐྱེས་སྐར་ག་དུས་ཡིན་ནམ།

༢། ཁྱོད་ཀྱི་ཞལ་ལག་དགའ་ཤོས་གང་ཡིན་ནམ། ༣། ཁྱོད་ཀྱི་མཚན་ལ་གང་ཟེར་རམ།

༤། ཁྱོད་སློབ་གྲྭ་ལ་ཡོད་པའི་སྐབས་ནང་མི་སུ་ཞིག་མང་ཤོས་དྲན་གྱི་འདུག་གམ།

༥། ཁྱོད་ཀྱི་སྐྱེས་སྐར་ཉིན་སྤྲོ་སྣང་ལྡན་པ་ཞིག་ཡིན་ནམ། ཡང་ན་གཞན་ཞིག་ཡིན། 22


སློབ་ཚན་ལྔ་པ།

རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནས་འུ་དུམ་བཙན་པོའི་བར།

ཕྱི་ལོ་ ༧༤༢ ལོར་ཁྲི་སྲོང་ལྡེའུ་བཙན་འཁྲུངས། དགུང་ལོ་བཅུ་བཞི་ལ་བོད་ཀྱི་

རྒྱལ་པོར་བསྐོས། ཡབ་མེས་ཀྱིས་ནང་ཆོས་གོང་འཕེལ་བཏང་བ་བཞིན། རྒྱལ་པོ་

ཁྲི་སྲོང་ལྡེའུ་བཙན་གྱིས་བློན་པོ་སྦ་གསལ་སྣང་བལ་ཡུལ་དང་། རྒྱ་གར་ལ་བཏང་ ནས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་བོད་ ལ་གདན་འདྲེན་ཞུས། ཕྱི་ལོ་ ༧༦༤ ལོར་བསམ་

ཡས་གཙུག་ ལག་ཁང་

བཞེངས་པ་

དང་། མཁན་

23


ཆེན་ཞི་བ་འཚོ་ལས་སད་མི་མི་བདུན་རབ་ཏུ་བྱུང་སྟེ་དགེ་འདུན་གྱི་སྡེ་ཐོག་མར་ ཚུགས། རྒྱ་གར་ནས་ནང་ཆོས་བོད་སྐད་དུ་བསྒྱུར་ནས་དར་སྤེལ་གནང་།

རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་དམག་ཐེངས་མང་བརྒྱབས་ནས་མངའ་ཐང་རྒྱ་ བསྐྱེད་གནང་།

ཕྱི་ལོ་ ༧༩༧ ལོར་སྲས་མུ་ནེ་བཙན་པོ་རྒྱལ་སྲིད་དུ་བསྐོས་ནས། ལོ་དེའི་རྗེས་ ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་གཤེགས།

མུ་ནེ་བཙན་པོའི་སྐབས་སུ་མི་མང་སྐྱོ་བོ་དང་ཕྱུག་པོའི་དབར་རྒྱུ་ནོར་གྱི་དབུལ་ ཕྱུག་འདྲ་མཉམ་ཐེངས་གསུམ་བཟོས།

མུ་ནེ་བཙན་པོ་གྲོངས་པའི་རྗེས་ཁོང་ལ་

སྲས་མེད་པས་རྒྱལ་པོ་ཁྲི་སྲོང་གི་སྲས་བཞི་པ་སད་ན་ལེགས་མཇིང་ཡོན་གྱིས་ རྒྱལ་སྲིད་ལོ་བཅུ་དྲུག་རིང་བཟུང་།

སད་ན་ལེགས་མཇིང་ཡོན་ལ་སྲས་ལྔ་བྱུང་ཡོད་ཀྱང་སྲས་གཙང་མ་རབ་ཏུ་བྱུང་ བ་དང་། སྲས་ལྷ་རྗེ་དང་ལྷུན་གྲུབ་གཉིས་ལོ་ཆུང་ཆུང་ནས་གྲོངས། འུ་དུམ་བཙན་ པོ་གཤིས་ཀ་རྩུབ་པོ་ཡོད་པས། རྒྱལ་པོ་ལ་མ་བསྐོས་པར་སྲས་མངའ་བདག་ཁྲི་ རལ་པ་ཅན་རྒྱལ་པོའི་ཁྲི་ལ་བསྐོས།

24


རྒྱལ་པོ་མངའ་བདག་ཁྲི་རལ་གྱི་སྐབས་ལ་རྒྱ་གར་ནས་པཎྜི་ཏ་མང་པོ་བོད་ལ་ གདན་འདྲེན་ཞུས་ནས།

བོད་ཀྱི་ལོ་ཙཱ་བ་མང་པོས་སྔོན་མའི་རྒྱལ་པོ་རྣམས་

ཀྱི་སྐབས་ལ་ནང་ཆོས་བོད་སྐད་དུ་བསྒྱུར་ཟིན་པ་རྣམས་ལ་ཞུ་དག་མཛད།

མ་

འོངས་པར་ནང་ཆོས་བོད་སྐད་དུ་བསྒྱུར་ཆེད་ལམ་ལུགས་གཏན་འབེབས་གནང་ སྟེ། ཚིག་མཛོད་སྒྲ་སྦྱོར་བམ་གཉིས་གསར་བཟོ་མཛད།

ཕྱི་ལོ་ ༨༢༢ ལོ་ལ་བོད་དང་རྒྱ་ནག་གཉིས་ཀྱི་དབར་ལ་ཞི་བའི་ཆིངས་ཡིག་བཞག་ ནས་རྡོ་རིང་ལ། རྒྱ་རྒྱ་ཡུལ་ན་སྐྱིད། །བོད་བོད་ཡུལ་ན་སྐྱིད། །ཅེས་བཀོད་དེ་བོད་ 25


དང་རྒྱ་ནག་གི་ས་མཚམས་གུ་གུ་རྨེ་རུ་དང་། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ ཁང་གི་མདུན། རྒྱ་ནག་གི་རྒྱལ་ས་ཁྲང་ཨན་བཅས་སུ་རྡོ་རིང་རེ་རེ་བཙུགས།

རྒྱལ་པོ་ཁྲི་རལ་པ་ཅན་ཕོ་བྲང་གི་ཁྱམས་ར་ལ་ཉི་མ་སྲོ་བའི་སྐབས་བློན་པོ་སྦས་ སྟག་སྣ་སོགས་ཀྱིས་རྒྱལ་པོའི་མཇིང་པ་གཅུས་ནས་བཀྲོངས།

རྒྱལ་པོ ་ཁྲི ་རལ་པ་ཅན་བཀྲོངས་པའི་ རྗེ ས ་འུ་དུམ་བཙན་རྒྱལ་སྲིད ་ལ་བསྐོས།

གཤིས་ཀ་རྩུབ་པོ་ཡོད་པས་ན་མི་མང་གིས་རྒྱལ་པོ་ལ་གླང་དར་མ་ཞེས་འབོད་ཀྱི་ ཡོད། ལོ་གསུམ་གྱི་རྗེས་སུ་རྒྱལ་པོ་གླང་དར་མ་དང་། བློན་པོ་ཆོས་ལ་མི་དགའ་

མཁན་ཚོས་གྲོས་བྱས་ནས། དགོན་པ་དང་ལྷ་ཁང་བཤིག་པ་དང་། གྲྭ་བཙུན་རྣམས་

26


བསད་པ་སོགས་བྱས་པས། ཉིན་གཅིག་རྒྱལ་པོ་གླང་དར་མས་ལྷ་སའི་རྡོ་རིང་གི་

ཡི་གེ་ཀློག་པའི་སྐབས་ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་བརྒྱབ་ནས་བཀྲོངས། དེའི་ རྗེས་ནང་འཁྲུག་བྱུང་སྟེ། རྒྱལ་པོའི་རྒྱལ་རྒྱུད་ཉམས་པ་དང་། བོད་སྤྱི་ལ་དབང་ བའི་རྒྱལ་པོ་མེད་པར་ལོ་༤༡༡ ཙམ་གྱི་རིང་བོད་སིལ་བུར་འཐོར་བ་རེད། སྐབས་

དེར་ཡུལ་ལུང་འགའ་ཤས་ལ་དཔོན་པོ་རེ་ཟུང་གིས་བདག་སྐྱོང་བྱེད་པ་དང་། ཡུལ་ ལུང་འགའ་ཤས་ལ་དཔོན་པོ་སོགས་མེད་པའི་གནས་སྟངས་ཆགས་པ་རེད།

27


སྦྱོང་ཚན། ཀ དྲི་བར་ལན་བྲིས།

༡། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ག་ཚོད་ལ་རྒྱལ་སྲིད་བཞེས་སམ།

༢། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ནང་ཆོས་དར་སྤེལ་ཅི་ལྟར་གནང་ངམ། ༣། སད་མི་མི་བདུན་ལ་རབ་བྱུང་གི་སྡོམ་པ་གནང་མཁན་སུ་ཡིན་ནམ།

༤། རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐབས་ཆོས་ཕྱོགས་ཀྱི་མཛད་པ་གང་གནང་ཡོད་དམ།

༥། རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐབས་སུ་རྡོ་རིང་གསུམ་གང་དང་གང་དུ་བཙུགས་སམ།

ཁ དཔོད་བྲིས་གཏོང་དགོས།

སད་མི་མི་བདུན། རབ་བྱུང་གི་སྡེ། གཏན་འབེབས་གནང་། རྡོ་རིང་བཙུགས། དར་སྤེལ་གནང་།

གདན་འདྲེན་ཞུས།

གསར་བཟོ་མཛད། ཡབ་མེས།

ག བོད་དུ་ནང་ཆོས་དར་འཕེལ་འགྲོ་སྟངས་སྐོར་གོ་བསྡུར་གྱིས།

28


སློབ་ཚན་དྲུག་པ།

བོད་སིལ་བུའི་དུས་རབས། རྒྱལ་པོ་གླང་དར་མ་བཀྲོངས་པའི་རྗེས་ལ་ཁོང་གི་བཙུན་མོ་ཆུང་བ་ལ་སྲས་གཅིག་

འཁྲུངས། སྲས་དེའི་མཚན་ལ་གནམ་ལྡེ་འོད་སྲུངས་ཞེས་བཏགས། བཙུན་མོ་ཆེ་

བས་བཙུན་མོ་ཆུང་བ་ལ་ཕྲག་དོག་བྱས་ཏེ་བུ་ཆུང་ཞིག་བཙལ་ནས་མོ་རང་ལས་

སྐྱེས་པ་ཡིན་ཚུལ་བྱས་པ་དེའི་མིང་ལ་མངའ་བདག་ཡུམ་བརྟན་ཞེས་བཏགས་པ་ རེད།

29


སྲས་གཉིས་ཀ་ཆེན་པོ་ཆགས་པའི་རྗེས་ལ་ནང་ཆོས་ལ་དགའ་པོ་བྱེད་མཁན་གྱི་ བློན་པོ་རྣམས་ནས་རྒྱུ་མཚན་དང་གསལ་བཤད་གནང་ནས་རིམ་བཞིན་ནང་ཆོས་

ཉམས་གསོ་གནང་བ་རེད། འོན་ཀྱང་གནམ་ལྡེ་འོད་སྲུངས་དང་ཡུམ་བརྟན་གཉིས་ མ་འཆམ་པའི་རྐྱེན་གྱིས་འོད་སྲུངས་ཀྱི་རྒྱུད་པས། སྟོད་མངའ་རིས་ཕྱོགས་དབང་ དུ་བསྡུས་པ་དང་།

ཡུམ་བརྟན་གྱི་རྒྱུད་པས་དབུས་གཙང་གི་ཕྱོགས་དབང་དུ་

བསྡུས། མི་མང་ནས་རྒྱལ་པོ་ལ་གུས་ཞབས་མ་བྱས་པར་ངོ་རྒོལ་བྱས་ནས་རིམ་ བཞིན་ལུང་ཆུང་རེ་ལ་དཔོན་པོ་རེ་ཡིས་དབང་འཛིན་བྱས།

སྔོན་མ་བོད་ཀྱི་ས་

མཚམས་སྲུང་སྐྱོབ་བྱེད་མཁན་དམག་མི་ཚོ་ཡང་སོ་སོའི་ས་ཆ་ལ་མ་ལོག་པར་ས་ མཚམས་སྲུང་སྐྱོབ་བྱེད་ས་རང་ལ་གཞིས་ཆགས་ནས་བསྡད།

གནམ་ལྡེ་འོད་སྲུངས་ལ་སྲས་མངའ་བདག་དཔལ་འཁོར་དང་། བཀྲ་ཤིས་བརྩེགས་ པ་སོགས་རྒྱུད་པ་མང་པོ་བྱུང་། བཀྲ་ཤིས་བརྩེགས་པའི་སྲས་འོད་ལྡེ་ལ་སྲས་བཞི་ བྱུང་བས་ཁོང་རྣམས་ཀྱི་མཚན་དང་དབང་བསྒྱུར་སའི་ས་ཆ་འདི་ལྟར་ཡིན། སྲས་ཁྲི་ལྡེ་ཡིས་མདོ་སྨད་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ཟིན།

དཔལ་ལྡེ་རིག་པ་

མགོན་གྱིས་མང་ཡུལ་ཟིན། བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེང་ཟིན། ལྡེ་གཙུག་ མགོན་གྱིས་ཞང་ཞུང་ཟིན། སྲས་ལྡེ་གཙུག་མགོན་ལ་སྲས་གཉིས་བྱུང་བ་ལས། སྲས་ཆེ་བ་རབ་ཏུ་བྱུང་ནས་མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་བཏགས། 30

ལྷ་བླ་མ་


ཡེ་ཤེས་འོད་ཀྱིས་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས་ནས།

རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་རྣམས་ལ་ཞུ་དག་དང་།

སྔོན་ནང་ཆོས་

ལྷ་བླ་མ་ཡེ་

ཤེས་འོད་དང་བྱང་ཆུབ་འོད་གཉིས་ཀྱིས་རྒྱ་གར་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་

ཤ་བོད་ལ་གདན་འདྲེན་ཞུས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱས་རྗེས་ཆེན་པོ་ བཞག་གནང་།

ཕྱི་ལོ་ ༡༠༤༨ ནས་ཕྱི་ལོ་ ༡༠༨༩ བར་བོད་དང་རྒྱ་ནག་དབར་ས་མཚམས་སུ་

དམག་འཁྲུག་ཐེངས་མང་པོ་བྱུང་ནས་བོད་མི་ཁྲི་དྲུག་ཙམ་བསད་པ་དང་། རྒྱ་ནག་ གི་དམག་དཔོན་རང་ཉིད་ཀྱང་དམག་འཁྲུག་ནང་དུ་ཤི་བའི་ལོ་རྒྱུས་རྒྱ་མིའི་དེབ་ ནང་གསལ་ཡོད།

31


མདོར་བསྡུས་ན། ཕྱི་ལོ་ ༨༤༢ ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་ མ་བཀྲོངས་པ་ནས། ཕྱི་ལོ་ ༡༢༥༣ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་

བོད་ཆོལ་ཁ་གསུམ་དབང་དུ་མ་བསྒྱུར་བའི་བར་ལོ་ ༤༡༡ རིང་བོད་སྤྱི་ལ་དབང་ བསྒྱུར་བྱེད་མཁན་གྱི་རྒྱལ་པོ་མ་བྱུང་བར་བོད་སིལ་བུར་གནས་པ་ཡིན་ནོ། །

སྦྱོང་ཚན། ཀ གལ་ཆེའི་མིང་ཚིག

དབང་དུ་བསྡུས་པ། སྲུང་སྐྱོབ། རབ་ཏུ་བྱུང་།

དམག་འཁྲུག

གཞིས་ཆགས།

བྱས་རྗེས།

ཁ སློབ་ཚན་བཀླགས་ཏེ་གཤམ་གསལ་དྲི་བ་རྣམས་ལ་ལན་ཐུང་ངུ་རེ་བྲིས།

༡། གླང་དར་གྱི་བཙུན་མོ་ཆུང་བ་ལ་འཁྲུངས་པའི་སྲས་ཀྱི་མཚན་ལ་གང་ཟེར་རམ། ༢། གླང་དར་གྱི་བཙུན་མོ་རྒན་པས་ཆུང་བ་ལ་ཕྲག་དོག་སྐྱེས་ནས་གང་བྱས་སམ། 32


༣། མི་མང་རྣམས་ཀྱིས་རྒྱལ་པོ་ལ་གུས་ཞབས་མ་བྱས་པར་ངོ་རྒོལ་བྱེད་དགོས་པའི་རྒྱུ་ མཚན་གང་ཡིན་ནམ།

༤། གནམ་ལྡེ་འོ​ོད་སྲུངས་ཀྱི་ཚ་བོ་འོད་ལྡེ་ལ་སྲས་ག་ཚོད་བྱུང་ཡོད་དམ།

༥། ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་གཉིས་ཀྱིས་རྒྱ་གར་ནས་སུ་གདན་འདྲེན་ ཞུས་སམ།

༦། བོད་སྤྱི་ལ་དབང་སྒྱུར་བའི་རྒྱལ་པོ་མེད་པར་ལོ་ག་ཚོད་རིང་གནས་པ་རེད་དམ།

ག བོད་སིལ་བུར་འཐོར་བའི་སྐོར་ལོ་རྒྱུས་ཡིག་ཕྲེང་བརྒྱད་ལས་མི་ཉུང་བ་བྲིས། ང འགྲིག་རྟགས་དང་ནོར་རྟགས་རྒྱོབ།

༡། གླང་དར་མ་ལ་སྲས་གཉིས་བྱུང་བ་རེད།

༢། བཙུན་མོ་ཆུང་བའི་སྲས་ཀྱི་མཚན་ལ་གནམ་ལྡེ་འོད་སྲུངས་ཟེར། ༣། བཙུན་མོ་ཆུང་བས་རྒན་པ་ལ་ཕྲག་དོག་བྱས་པ་རེད།

༤། སྲས་བཀྲ་ཤིས་བརྩེགས་པ་ལ་སྲས་བཞི་བྱུང་བ་རེད།

༥། ལྡེ་གཙུག་མགོན་ལ་སྲས་གཉིས་བྱུང་བས་ཆུང་བ་རབ་ཏུ་བྱུང་བ་རེད།

༦། ས་མཚམས་སྲུང་སྐྱོབ་བྱེད་མཁན་གྱི་དམག་མི་རྣམས་སོ་སོའི་ལུང་པ་ལ་མ་ལོག་ པར་གཞིས་ཆགས་ནས་བསྡད་པ་རེད།

33


ཅ བོད་སིལ་བུ་ཆགས་སྟངས་ཀྱི་རེའུ་མིག་སྐོངས།

གླང་དར་མ། བོད་སིལ་བུའི་དུས་རབས་འགོ་ ཚུགས།

མངའ་བདག་ཡུམ་བརྟན། དབུས་གཙང་།

མངའ་བདག་དཔལ་འཁོར།

བཀྲ་ཤིས་བརྩེགས་མ།སོགས།

འོད་ལྡེ། སྲས་བཞི།

34


སློབ་ཚན་བདུན་པ།

ཕྲུ་གུའི་མཉམ་དུ་སྒྲུང་བཟོ་སྟངས། (སྟོད་ཆ།)

ཕྲུ་གུ་ཚོ། དེ་རིང་ང་ཚོ་ཚང་མ་མཉམ་རུབ་ཀྱིས་སྒྲུང་ཞིག་བཟོ་ཡི་

ཡིན། ཤོད་དང༌། ང་ཚོས་ག་རེའི་ཐོག་ལ་སྒྲུང་བཟོ་ཡི་ཡིན་ནམ། སྤྲེའུའི་སྒྲུང༌། ནེ་ཙོའི་སྒྲུང༌། ད་དུང་ག་རེ་ཡོད་དམ།

སེང་གེ་དང༌། ཝ་མོ་སོགས། (ཕྲུ་གུ་ཚོས་འདྲ་མིན་བཤད་སྲིད།)

འགྲིག་གི་རེད། ད་ང་ཚོས་འགོ་འཛུགས་བྱེད་ཀྱི་ཡིན། དང་པོ་སུས་

འགོ་འཛུགས་ཀྱི་ཡིན་ནམ། (སྐབས་འདིར་ཕྲུ་གུ་ཚང་མ་ཁུ་སིམ་ཆགས་འགྲོ་

གི་རེད། གལ་ཏེ་དེ་ལྟར་གྱུར་ཚེ་རང་ཉིད་ཀྱིས་འགོ་བཙུགས་ན་ཆོག) ངས་འགོ་ 35


འཛུགས་བྱེད་ཆོག སྤྲེའུ་གཅིག་དང་ནེ་ཙོ་གཅིག་ཡོད་པ་རེད། ཁོ་ གཉིས་ཕན་ཚུན་འབྲེལ་བ་ག་རེ་ཡོད། གྲོགས་པོ་རེད།

འགྲིགས་སོང༌། ཁོང་གཉིས་གྲོགས་པོ་འཆམ་པོ་ཞིག་རེད།

(དེ་

ནས་... སླར་ཕྲུ་གུ་ཚོ་ཁུ་སིམ་མེར་ཆགས།) ཁོང་རང་གཉིས་ག་བ་ལ་སྡོད་ཀྱི་

ཡོད་དམ།

ཤིང་སྡོང་སྒང་ལ།

འགྲིགས་སོང༌། ཁོ་གཉིས་ཀ་ཤིང་སྡོང་སྒང་ལ་སྡོད་ཀྱི་ཡོད། དེ་ནས་ ཁོ་གཉིས་ཁ་ལག་འཚོལ་དུ་ཕྱིན། ཐག་རིང་པོ་ཞེ་དྲག་ཕྱིན་པ་རེད།

ག་བ་ལ་ཕྱིན་པ་རེད།

ཤིང་ནགས་ལ་ཕྱིན་པ་རེད།

36


ཤིང་ནགས་ནང་ལ་ག་རེ་ཡོད་རེད། ཤིང་ནགས་ནང་ལ་ཤིང་སྡོང་དང་། ཤིང་ཏོག་མང་པོ་ཞེ་དྲག་ཡོད།

བྱས་ན། ནེ་ཙོ་དང་སྤྲེའུས་ཤིང་ནགས་ནང་ལ་སྡོང་པོ་དང་། ཤིང་

ཏོག་མང་པོ་ཞེ་དྲག་མཐོང་སྐབས། བྱུང་ཡོད་དམ།

ཁོ་གཉིས་ལ་ཚོར་བ་གང་འདྲ་

ཁོ་གཉིས་ལ་དགའ་ཚོར་ཆེན་པོ་བྱུང་བ་རེད། ཁོ་གཉིས་ཀྱི་ཁའི་ནང་

ཆུ་འཁོར་བ་རེད།

བྱས་ན། ཁོ་གཉིས་ཀྱིས་ག་རེ་ལབ་པ་རེད།

དེ་རིང་ཤིང་ཏོག་རྒྱགས་ཚད་བཟའ་ཡི་ཡིན། སྐྱིད་པོ་ཞེ་དྲག་ཡོང་གི་

རེད། དེ་ལ་སེང་གེ་གཅིག་སླེབས་པ་རེད། ནེ་ཙོ་དང་སྤྲེའུ་གཉིས་ ཀྱིས་སེང་གེ་མཐོང་བ་རེད། དེ་ནས་སེང་གེ་དེ་ནེ་ཙོ་དང་སྤྲེའུ་གཉིས་ ཀྱི་ཕྱོགས་སུ་རྒྱུགས་པ་རེད།

དེ་ནས་གང་བྱས་པ་རེད། (སྐབས་འདིར་ཕྲུ་གུ་ཚང་མ་ཁུ་སིམ་ཆགས་སྲིད།) ནེ་ 37


ཙོ་དང་སྤྲེའུ་གཉིས་ཀྱིས་སྲོག་ལས་ཐར་ཕྱིར་གང་བྱས་པ་རེད་དམ། སྤྲེའུ་ལམ་སང་ཨ་མྲའི་སྡོང་པོའི་སྒང་ལ་འཛེགས་པ་རེད།

ནེ་ཙོས་གང་བྱས་སམ།

ནེ་ཙོ་རྗ་མུན་གྱི་སྡོང་པོའི་སྟེང་ལ་འཕུར་བ་རེད། དེ་ནས་སྤྲེའུས་ཤིང་

ཏོག་ཨ་མྲ་བཟས་ཏེ་དེའི་ཚི་གུ་སེང་གེའི་སྒང་ལ་གཡུགས། ནེ་ཙོས་གང་བྱས་སམ།

ནེ་ཙོས་ཀྱང་རྗ་མུན་བཟས་ཏེ་སེང་གེའི་སྒང་ལ་གཡུགས་པ་རེད།

ནེ་ཙོ་དང་སྤྲེའུས་དེ་ལྟར་བྱས་པར་སེང་གེས་གང་བྱས་པ་རེད་དམ།

(སེང་གེ་རླུང་ལངས་ཏེ།) སྒུགས་ཨང་... ངས་ཁྱོད་གཉིས་ཀྱི་ཤིང་སྡོང་དེ་

ད་ལྟ་རང་གཅོད་ཀྱི་ཡིན་ཞེས་ལབ་པ་རེད། 38


ཕྲུ་གུའི་མཉམ་དུ་སྒྲུང་བཟོ་སྟངས། (སྨད་ཆ།) ཡིན་ནའང་། སེང་གེས་ཤིང་སྡོང་གང་འདྲ་བྱས་ནས་གཅོད་ཀྱི་རེད་

དམ།

སྟ་རེས་གཅོད་ཀྱི་རེད།

སྟ་རེ་གང་ནས་རག་གི་རེད་དམ།

མགར་བའི་ལག་ནས་རག་གི་རེད།

འགྲིགས་སོང༌། སེང་གེ་མགར་བའི་སར་ཕྱིན་ནས་མགར་བ་ལ་

གང་སྨྲས་སམ།

ཨ་ཁུ་མགར་བ་ལགས། ང་ལ་སྟ་རེ་གཅིག་བཟོ་རོགས་གནོངས་དང་

ལབ་པ་རེད།

ཨ་ཁུ་མགར་བས་གང་སྨྲས་སམ། (འདིའི་མཚམས་སུ་ཕྲུ་གུ་རྣམས་གང་ 39


ཡང་བཤད་མ་ཐུབ་པར་སྡོད་སྲིད།) ཨ་ཁུ་མགར་བས། རི་དྭགས་རྒྱལ་པོ་

སེང་གེ་ལགས། སྟ་རེ་ཡིས་ག་རེ་བྱེད་ཀྱི་ཡིན་ནམ་ཞེས་དྲིས་པར། སེང་གེས་ལན་གང་བཏབ་པ་རེད་དམ།

ནེ་ཙོ་དང་སྤྲེའུ་སྡོད་སའི་ཤིང་སྡོང་གཅོད་ཀྱི་ཡིན་ལབ་པ་རེད།

ལགས་སོ། །ཕྲུ་གུ་ཚོ། སེང་གེའི་སྐད་ཆ་དེ་གོ་བ་དང་ཨ་ཁུ་མགར་

བས་གང་བཤད་དམ། (ཡང་མཚམས་འདིར་ཕྲུ་གུ་ཚོ་ཁུ་སིམ་བསྡད་སྲིད།) ཕྲུ་ གུ་ཚོ། ཤིང་སྡོང་བཅད་ན་འགྲིག་གི་རེད་དམ། འགྲིག་གི་མ་རེད།

བྱས་ན། ཨ་ཁུ་མགར་བས་གང་བཤད་ཡོད་དམ། ལྟོས་དང༌། ཤིང་སྡོང་གིས་ང་ཚོར་གྲིབ་བསིལ་དང༌། ཤིང་ཏོག རླུང་སོགས་སྤྲོད་ཀྱི་ཡོད་པར་བརྟེན། ང་ཚོས་ནམ་ཡང་ཤིང་སྡོང་ གཅོད་མི་རུང་ཞེས་བཤད་པ་རེད། 40


ཨ་ཁུ་མགར་བས་བཤད་པའི་སྐད་ཆ་དེར་སེང་གེས་ཉན་འཇོག་བྱས་

ཡོད་དམ།

སེང་གེས་ཉན་འཇོག་མ་བྱས་པར། ངས་ཤིང་སྡོང་གཅོད་རྐྱང་ཡིན་ ཞེས་བཤད།

སེང་གེས་སྐད་ཤུགས་ཆེན་པོའི་ཐོག་ནས་དེ་འདྲ་བཤད་པར། ཨ་

ཁུ་མགར་བས་གང་བྱས་ཡོད་དམ།

ཨ་ཁུ་མགར་བ་ཞེད་ཐག་ཆོད་ནས། སེང་གེ་ལ་སྟ་རེ་གཅིག་བཟོས་

ཏེ་སྤྲད་པ་རེད།

དེའི་རྗེས་ལ་...

སེང་གེས་སྟ་རེ་ཁྱེར་ཏེ་ཤིང་ནགས་ལ་ཕྱིན་པ་རེད། ཤིང་ནགས་ལ་ཕྱིན་ཏེ་ག་རེ་བྱས་སམ།

41


སྤྲེའུ་སྡོད་སའི་ཤིང་སྡོང་དེ་གཅོད་འགོ་བཙུགས་པ་རེད།

སྤྲེའུས་གང་བྱས་སམ།

སྤྲེའུ་མཆོངས་ཏེ་ཤིང་སྡོང་གཞན་ཞིག་སྟེང་ལ་མཆོངས་པ་རེད།

དེའི་རྗེས་ལ་...

དེ ་ ནས་སེ ང ་གེ ས ་ནེ ་ ཙོ ་ བསྡད་ཡོ ད ་སའི ་ རྗ་མུན་སྡོ ང ་པོ ་ དེ ་ གཅོ ད ་

འགོ་བཙུགས་པ་རེད།

དེ་ནས་ནེ་ཙོས་གང་བྱས་སམ།

ནེ་ཙོ་ཡང་འཕུར་ཏེ་ཤིང་སྡོང་གཞན་ཞིག་གི་སྟེང་ལ་བབས་པ་རེད།

དེ་ལྟར་སེང་གེ་ཡིས་ཤིང་སྡོང་ག་རེ་གཅོད་རྩིས་བྱས་ཀྱང་ནེ་ཙོ་དང་ སྤྲེའུ་གཉིས་ཀྱང་ཤིང་སྡོང་གཞན་ཞིག་སྟེང་ལ་ཕྱིན་པ་རེད། 42


དེའི་རྗེས་ལ་... དེ་ལྟར་ལན་མང་བྱས་པར་བརྟེན། སེང་གེ་ཐང་ཆད་དེ་ཤིང་སྡོང་གི་

ཟུར་ཞིག་ལ་གཉིད་ཁུག་ནས་བསྡད་པ་རེད། རྫོགས་སོ། །

43


གྲོགས་པོ་ནེ་ཙོ་དང་སྤྲེའུ། སྔོན་གྱི་དུས་ཤིག་ལ་གྲོགས་པོ་ནེ་ཙོ་དང་། སྤྲེའུ་གཉིས་ཤིང་སྡོང་གཅིག་གི་

སྟེང་ལ་སྡོད་ཀྱི་ཡོད། ཉིན་ཞིག་ནེ་ཙོ་དང་སྤྲེའུ་གཉིས་ཟས་འཚོལ་དུ་ཕྱིན། ཤིང་ འབྲས་སྡོང་པོ་མང་པོ་ཡོད་སའི་གནས་ཤིག་ཏུ་སླེབས། ས་གནས་དེར་ཤིང་སྡོང་ དང་། ཤིང་ཏོག་མང་པོ་སྐྱེས་ཡོད་པ་མཐོང་སྟེ་ནེ་ཙོ་དང་། སྤྲེའུ་གཉིས་དགའ་

ཐག་ཆོད་ནས། ཁོ་གཉིས་ཀྱི་ཁ་ནས་རང་དབང་མེད་པར། ཨ་ཧ་ཧ... དེ་རིང་ གྲོད་པ་རྒྱགས་ཚད་བཟས་ཏེ་སྐྱིད་པོ་གཏོང་དགོས་ཞེས་ཐོན་པ་རེད།

ནེ ་ ཙོ ་ དང་སྤྲེ འུ ་གཉི ས ་ཕན་ཚུན་སྐད་ཆ་འཆད་བཞི ན ་པའི ་ སྐབས་དེ ར ་

སེང་གེ་ཞིག་ཁོང་གཉིས་ཀྱི་ཕྱོགས་སུ་བརྒྱུགས་ཡོང་བ་མཐོང་། སྤྲེའུ་ལམ་སང་

མཆོངས་ཏེ་ཨ་མྲའི་སྡོང་པོའི་རྩེར་འཛེགས་པ་དང༌། ནེ་ཙོ་ཡང་རྗ་མུན་གྱི་སྡོང་ པོའི་རྩེར་འཕུར་བ་རེད།

ནེ ་ ཙོ ་ དང་སྤྲེ འུ ་གཉི ས ་སོ ་ སོ འི ་ སྡོ ད ་སའི ་ ཤི ང ་སྡོ ང ་སྟེང་གི ་ ཤི ང ་འབྲས་

བཟས་ཏེ་ཚི་གུ་སེང་གེའི་ཐོག་ལ་གཡུགས་པར་བརྟེན། སེང་གེ་ཁོང་ཁྲོ་ཆེན་པོ་ ལངས་ཏེ། སེང་གེས་ཁྱོད་གཉིས་སྒུགས་ཤིག ངས་ད་ལྟ་རང་ཁྱོད་གཉིས་ཀྱི་ ཤིང་སྡོང་དེ་གཅོད་ཀྱི་ཡིན་ཞེས་སྨྲས།

44


སེང་གེ་མགར་བའི་འགྲམ་དུ་ཕྱིན་ཏེ། མགར་བ་ལ་སྟ་རེ་རྣོན་པོ་ཞིག་

བཟོ་དགོས་པར་བསྐུལ། མགར་བས་སེང་གེ་ལ་སྟ་རེ་བཟོས་ཏེ་ག་རེ་བྱེད་རྩིས་

ཡོད་ཅེས་དྲིས་པར། སེང་གེས་ཁོང་ཁྲོའི་ངང་ནེ་ཙོ་དང་སྤྲེའུ་གཉིས་ཀྱི་བྱ་སྤྱོད་

བཤད་དེ་ངས་ཁོ་གཉིས་ཀྱི་ཤིང་སྡོང་དེ་གཅོད་ཀྱི་ཡིན་ཞེས་བཤད། འོན་ཀྱང་

མགར་བས་གུས་ཞབས་དང་བཅས། རི་དྭགས་རྒྱལ་པོ་སེང་གེ་ལགས། ཤིང་ སྡོང་གིས་ང་ཚོར་གྲིབ་བསིལ་དང༌། ཤིང་འབྲས། རླུང་གཙང་མ་སོགས་སྤྲོད་ ཀྱི་ཡོད་པས། ཤིང་སྡོང་གཅོད་མི་རུང་ཞེས་སློབ་གསོ་བྱས་ཀྱང༌སེང་གེས་མ་ ཉན། མགར་བ་སེང་གེ་ལ་སྐྲག་ནས་སྟ་རེ་ཡག་པོ་ཞིག་བཟོས་ཏེ་སེང་གེར་སྤྲད་ པ་རེད།

སེང་གེས་སྟ་རེ་དེ་ཁྱེར་ཏེ་སྤྲེའུ་སྡོད་སའི་ཨ་མྲའི་སྡོང་པོ་དེ་གཅོད་རྩིས་

བྱས་པ་དང༌། སྤྲེའུ་ལམ་སང་སྡོང་པོ་གཞན་ཞིག་གི་སྒང་ལ་མཆོངས་པ་རེད། དེ་ནས་ནེ་ཙོ་སྡོད་སའི་རྗ་མུན་གྱི་སྡོང་པོ་གཅོད་རྩིས་བྱས་པ་དང༌། ནེ་ཙོ་ཡང་ སྡོང་པོ་གཞན་ཞིག་གི་སྒང་ལ་འཕུར་བ་རེད། དེ་ལྟར་ལན་མང་པོ་བྱས་ཀྱང་ནེ་ ཙོ་དང་། སྤྲེའུ་གཉིས་ལ་གནོད་པ་སྐྱེལ་མ་ཐུབ་པ་དང་། མཐར་སེང་གེ་དཀའ་ ལས་ཁག་ཐག་ཆོད་ནས་ཤིང་སྡོང་གི་ཟུར་ཞིག་ནས་གཉིད་ཤོར་བ་རེད། 45


སྦྱོང་ཚན། ཀ གཤམ་གྱི་མིང་ཚིག་རྣམས་ལ་བྱ་ཚིག་རེ་སྦྱོར།

སྒྲུང་། སེང་གེ ཝ་མོ། སྤྲེའུ། ནེ་ཙོ། གྲོགས་པོ། ཤིང་སྡོང་། ཐག་རིང་། ཤིང་ནགས། ཤིང་ཏོག སྐྱིད་པོ། སྟ་རེ། མགར་བ།

ཁ གཤམ་གྱི་བྱ་ཚིག་རྣམས་ལ་ཚིག་སྒྲུབ་བཟོས།

བཟོ། འཛུགས། འཆམ། སྡོད། འཚོལ། ཕྱིན། མཐོང་། འཁོར། ལབ། རྒྱུགས། སྐྱོབ། འཛེགས། འཕུར། གཡུགས། གཅོད། དྲིས། བརྒྱབ། སྤྲོད། ཉན། བཙུགས། མཆོངས། བབས། གཉིད།

ག ཕ་མ་དང་མཉམ་དུ་གླེང་མོལ་བྱས་ནས་སྒྲུང་ཐུང་ཞིག་འབྲི་ཐུབ་པ་གྱིས།

46


སློབ་ཚན་བརྒྱད་པ།

བྱ་ཚིག་སྦྱོང་བརྡར།

བྱ་བྱེད་ཐ་དད་པ།

བྱ་བ་གང་ཞིག་སྒྲུབ་བཞིན་པའི་སྐབས་བྱེད་པ་པོའམ་བྱེད་པ་གཞན་དངོས་སུ་

སྣང་བ་ཞིག་ལ་བྱ་བྱེད་ཐ་དད་པ་ཞེས་བརྗོད། དཔེར་ན། a བཟས། གཅད། ལྟ་བུ་ཡིན།

དོན་གྲུབ་ཀྱིས་ཀུ་ཤུ་བཟས། ལྟ་བུ་ལ་མཚོན་ན། དོན་གྲུབ་ནི་ཟ་མཁན་དང་། ཀུ་ ཤུ་ནི་བཟའ་བྱ། བཟས་ནི་བྱ་བ་ཡིན། འདི་འདྲ་བ་ལ་བྱ་བྱེད་ཐ་དད་པ་ཞེས་བརྗོད། བྱ་བྱེད་ཐ་མི་དད་པ།

བྱ་བྱེད་ཐ་མི་དད་པ་ལ་གཉིས་ཡོད་དེ།

ཀ) བྱ་བ་གང་ཞིག་སྒྲུབ་བཞིན་པའི་སྐབས་བྱེད་པ་པོ་ཡོད་ཀྱང་གཞན་ལོགས་

སུ་མི་སྣང་བ་ཞིག་ལ་བྱ་བྱེད་ཐ་མི་དད་པ་ཞེས་བརྗོད། དཔེར་ན། a མཆོངས། 47


ཕྱིན། ལྟ་བུ་ཡིན།

དོན་གྲུབ་སློབ་གྲྭ་ལ་ཕྱིན། ལྟ་བུ་ལ་མཚོན་ན། དོན་གྲུབ་འགྲོ་མཁན་དང་། འགྲོ་ ནི་བྱ་བ་ཡིན། འོན་ཀྱང་འགྲོ་བྱ་དོན་གྲུབ་ལས་གཞན་མེད་པས་བྱ་བྱེད་ཐ་མི་དད་ པ་ཟེར།

ཁ) བྱ་བ་གང་ཞིག་འགྲུབ་བཞིན་པའི་སྐབས་བྱེད་པ་པོའམ་བྱེད་པ་དངོས་སུ་མི་

སྣང་བ་ལ་བྱ་བྱེད་ཐ་མི་དད་པ་ཞེས་བརྗོད། དཔེར་ན། a གྲུབ། ཆད། ལྟ་བུ་ ཡིན།

ཐག་པ་ཆད། ལྟ་བུ་ལ་མཚོན་ན། ཆད་བྱ་ནི་ཐག་པ་དང་། ཆད་ནི་བྱ་བ་ཡིན། བྱེད་པོའམ་བྱེད་པ་དངོས་སུ་མི་སྣང་བས་བྱ་བྱེད་ཐ་མི་དད་པ་ཟེར།

48


རང་སྦྱོང་། ཀ བྱ་བྱེད་ཐ་དད་པ་དང་ཐ་མི་དད་པ་གཉིས་སོ་སོར་དབྱེ་བ་ཕྱེས།

ཞིང་བཏབ། དངུལ་བསགས། ཤེལ་སྒོ་ཆག སྲོག་བསྐྱབས། ཐུག་པ་འཐུང་། ཅ་ལག་

འཚོང་། རྔན་པ་ཉོས། ཤོག་བུ་རལ། ནང་ལ་འཛུལ། བུ་ལོན་སྤྲོད། ཞལ་འདེབས་ འབུལ། ཁང་པ་ཞིག ཆུ་བཞུར། གཙང་པོ་བཞུར། བྱ་བྱེད་ཐ་དད་པ།

བྱ་བྱེད་ཐ་མི་དད་པ།

ཁ དྲི་བར་ལན་བྲིས།

བྱ་བྱེད་ཐ་དད་པ་དང་། བྱ་བྱེད་ཐ་མི་དད་པ་གཉིས་ཀྱི་ཁྱད་པར་གང་ཡིན་ནམ།

བྱ་བྱེད་ཐ་མི་དད་པ་ལ་རིགས་གཉིས་ཡོད་པས་དེ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཡིན་ནམ།

ག བྱ་བྱེད་ཐ་དད་པ་དང་། བྱ་བྱེད་ཐ་མི་དད་པ་རིགས་གཉིས་ཡོད་པ་སོ་སོར་དཔེར་བརྗོད་ རེ་བྲིས།

49


སློབ་ཚན་དགུ་པ།

བོད་སོག་མཆོད་ཡོན།

ཕྱི་ལོ་ ༡༢༠༠ ཙམ་ལ་སོག་པོ་ཇིང་གེར་རྒྱལ་པོའི་(Genghis Khan)དམག་ ཤུགས་བོ ད ་དུ་འབྱོར་སྐབས་མཐའ་མཚམས་ཀྱི ་ སྡེ ་ དཔོ ན ་རྣམས་ནས་དམག་

འགོག་ཐབས་སུ་དམག་དཔོན་རྣམས་ལ་རྒྱུ་ནོར་ཕོན་ཆེན་སྤྲད། དེ་བཞིན་ལོ་ལྟར་ ཁྲལ་སྤྲད་རྒྱུའི་མོས་མཐུན་བྱས།

ཕྱི་ལོ་ ༡༢༢༧ ལོར་ཇིང་གེར་རྒྱལ་པོ་གྲོངས་པའི་གནས་ཚུལ་དེ་བོད་མི་རྣམས་

ཀྱིས་ཐོས་རྗེས་ལོ་ཁ་ཤས་རིང་ཁྲལ་མ་སྤྲད་སྟབས། ཚ་བོ་གོ་ཏན་ཁཱང་ (Godan Khan) ཁྲོས་ཏེ་ཕྱི་ལོ་ ༡༢༤༠ ལ་དམག་དཔོན་དོར་རྟ་ནག་པོ་དམག་ཁྲི་གསུམ་

དང་བཅས་བཏང་སྟེ་རྭ་སྒྲེང་སོགས་དགོན་པ་མང་པོ་མེར་བསྲེགས་བཏང་། བོད་ མི་མཐོང་ཚད་བསད། གྲོང་སྡེ་མང་པོ་བཅོམ།

དེ་ ནས་སྐབས་ཤིག་ལ་གོ་ ཏན་ཁཱང་གིས་ས་སྐྱ་པཎྜི་ ཏ་ཀུན་དགའ་རྒྱལ་མཚན་ 50


སོག་ཡུལ་དུ་གདན་འདྲེན་ཞུས་པ་ལྟར། ཕྱི་ལོ་ ༡༢༤༤ ལོར་རང་གི་ཚ་བོ་ འཕགས་པ་བློ་གྲོས་རྒྱལ་མཚན་མཉམ་དུ་འཁྲིད་ནས་སོག་ཡུལ་དུ་ཕེབས།

ཕྱི་ལོ་ ༡༢༤༧ ནས་ ༡༢༥༡ བར་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ རྒྱལ་པོ་གོ་ཏན་ཁཱང་ལ་ཆོས་མང་དུ་གསུངས་པས་སོག་པོ་དང་ས་སྐྱ་བའི་དབར་

མཆོད་ཡོན་གྱི་འབྲེལ་བ་ཐོག་མར་བྱུང་། ཁོང་དགུང་ལོ་ ༧༠ ལ་དགོངས་པ་ རྫོགས། དེ་ནས་རིང་པོ་མ་སོང་བར་རྒྱལ་པོ་གོ་ཏན་ཁཱང་ཡང་གྲོངས། ཕྱི་ལོ་ ༡༢༥༣ ལོར་ཀུབ་ལའི་ ཁཱང་

Khan)

(Kublai

བོད་

མི ང ་ལ་སེ ་ ཆེ ན ་

རྒྱ ལ ་ པོ ་ ཞེ ས ་ པ་རྒྱལ་པོ འི ་ ཁྲི ་ ལ་ཕེབས། སེ་

ཆེ ན ་རྒྱལ་པོ ས ་ འཕགས་པ་བློ་

51


གྲོས་རྒྱལ་མཚན་དགུང་ལོ་ ༡༩ ལ་ཕེབས་པ་རང་གི་རྒྱལ་སར་གདན་དྲངས། ཁོང་གིས་འབོད་བསྐུལ་ཞུས་པ་བཞིན་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ ཡིག་ལ་གཞི་བྱས་ཏེ་སོག་པོའི་སྐད་དང་མཐུན་པའི་ཡི་གེ་གསར་བཟོ་མཛད།

འགྲོ་མགོན་ཆོས་རྒྱལ་འཕགས་པས་རྒྱལ་པོ་ཀུབ་ལའི་ཁཱང་དང་བཙུན་མོ་གཙོས་

བློན་ཆེན་རྣམས་ལ་དབང་ལན་གསུམ་བསྐུར། དབང་ཡོན་དང་པོ་ལ་བོད་ཡུལ་ཁྲི་

སྐོར་བཅུ་གསུམ་ཕུལ། དབང་ཡོན་གཉིས་པ་ལ་བོད་ཆོལ་ཁ་གསུམ་ཕུལ། དབང་ ཡོན་གསུམ་པ་ལ་རྒྱ་ཡི་མི་ཡུར་ཆེན་མོ་ཕུལ། དེ་ནས་བཟུང་སོག་ཡུལ་དུ་གསང་

སྔགས་རྡོ་རྗེ་ཐེག་པའི་བསྟན་པ་འགོ་ཚུགས་ཏེ་བོད་སོག་མཆོད་ཡོན་གྱི་འབྲེལ་བ་ གཏིང་ཟབ་མོ་ཚུགས།

དེ་ནས་བཟུང་ཕྱི་ལོ་ ༡༦༤༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་མ་བརྙེས་ བར་ས་སྐྱ་དང་། ཕག་གྲུ། རིན་སྤུངས། སྡེ་པ་གཙང་པ་བཅས་ཀྱིས་བོད་ཀྱི་སྲིད་ དབང་བཟུང་།

52


སྦྱོང་ཚན།

ཀ ཚིག་སྒྲུབ་བཟོས།

ཉམས་པ། སིལ་བུ། སྡེ་དཔོན། ཕོན་ཆེན། ཚ་བོ། མཆོད་ཡོན། དབང་ཡོན།

ཁ གཤམ་གྱི་དྲི་བ་རྣམས་ལ་ལན་ཐུང་ངུ་རེ་བྲིས།

༡། སོག་པོའི་རྒྱལ་པོ་གོ་ཏན་ཁཱང་གིས་བོད་ནས་མཁས་པ་སུ་གདན་འདྲེན་ཞུས་སམ། ༢། བོད་སོག་མཆོད་ཡོན་གྱི་འབྲེལ་བ་ཐོག་མར་སུ་དང་སུའི་དབར་བྱུང་བ་རེད་དམ། ༣། ཀུབ་ལའི་ཁཱང་ལ་སུས་དབང་བསྐུར་བ་རེད་དམ།

༤། ཀུབ་ལའི་ཁཱང་གིས་དབང་ཡོན་ལ་གང་ཕུལ་བ་རེད་དམ། ༥། སོག་ཡིག་གསར་གཏོད་བྱེད་མཁན་སུ་ཡིན་ནམ།

༦། ཕྱི་ལོ་ ༡༢༥༣ ནས་ཕྱི་ལོ་ ༡༦༤༢ ལོའི་བར་དུ་བོད་ཀྱི་སྲིད་དབང་གང་དག་གིས་ བསྐྱངས་པ་རེད་དམ།

༧། བོད་སོག་མཆོད་ཡོན་གྱི་འབྲེལ་བ་ཟེར་བའི་གོ་དོན་གང་ཡིན་ནམ།

ག འདེམས་སྐོང་གྱིས།

བོད་ཆོལ་ཁ་གསུམ། ཁྲི་སྐོར་བཅུ་གསུམ།

རྒྱ་ཡི་མི་ཡུར་ཆེན་མོ།

འགྲོ་མགོན་ཆོས་རྒྱལ་འཕགས་པའི་དབང་ཡོན་དང་པོ་ལ་བོད་ཡུལ་ ཕུལ། དབང་ཡོན་གཉིས་པ་ལ་

ཕུལ། དབང་ཡོན་གསུམ་པ་ལ་

ཕུལ།

ང དུས་ཡུན་སྐར་མ་ ༣ ནང་གོང་གི་སློབ་ཚན་ཀློག་ཐུབ་པ་གྱིས། 53


སློབ་ཚན་བཅུ་པ།

མི་དགེ་བ་བཅུ།

མི་དགེ་བ་བཅུ་ནི། ལུས་ཀྱི་སྒོ་ནས་སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་དང་གསུམ།

ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་དང་བཞི། ཡིད་ཀྱི་

སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་དང་གསུམ་སྟེ། སྒོ་ སྲོག་གཅོད་ནི། མ་བྱིན་ལེན་ནི། ལོག་གཡེམ་ནི། རྫུན་སྨྲ་བ་ནི།

གསུམ་གྱི་ལམ་ནས་བྱས་ཤིང་བསགས་པའི་ལས་ལམ་བཅུ་ཡོད།

སེམས་ཅན་གཞན་རང་གིས་གསོད་པའམ་གཞན་ལ་གསོད་དུ་འཇུག་ པ། དཔེར་ན། ཉ་དང་། དུག་སྦྲང་སོགས་གསོད་པ་ལྟ་བུའོ། །

གཞན་ལ་བདག་པའི་དངོས་པོ་རྐུ་བའམ། འཕྲོག་པ། དཔེར་ན། ཞ་ སྨྱུག་དང་། དངུལ་རྐུ་བ་ལྟ་བུའོ། །

གཞན་གྱིས་བདག་ཏུ་བཟུང་བའི་བཟའ་ཟླ་དང་། ལུས་འབྲེལ་བྱེད་པ་ལྟ་བུའོ། །

བདེན་པ་མ་ཡིན་པའི་སྐད་ཆ་བཤད་པ།

མཐོང་བ་ལ་མཐོང་ཞེས་སྨྲས་པ་ལྟ་བུའོ། ། 54

དཔེར་ན།

ནར་མ་སོན་པར་ མིག་གིས་མ་


ཕྲ་མ་ནི།

གྲོགས་པོ་ཕན་ཚུན་བར་དཀྲུག་ཤིང་བརྒྱབ་པ། དཔེར་ན། གྲོགས་པོའི་

ཚིག་རྩུབ་ནི།

སེམས་ལ་ཕོག་པའི་མི་སྙན་པའི་སྐད་ཆ་བཤད་པ། དཔེར་ན། གཞན་

ངག་ཀྱལ་ནི།

བརྣབ་སེམས་ནི།

དབར་མ་འཆམ་པར་བཟོ་བ་ལྟ་བུའོ། །

ལ་མིང་འདོགས་བཏགས་པ་ལྟ་བུའོ། །

དོན་དག་མེད་པའི་སྐད་ཆ་ཉ་ཉོག་མང་པོ་བཤད་པ། དཔེར་ན། གཞན་

གྱི་སྐོར་ལ་ཇུས་མེད་ཇུས་གཏོགས་ཀྱི་སྐད་ཆ་བཤད་ནས་སྡོད་པ་ལྟ་ བུའོ། །

གཞན་གྱི་དངོས་པོ་རང་ལ་ཐོབ་ན་སྙམ་པ། དཔེར་ན། ཁོང་གི་ཁ་པར་དེ་ ང་ལ་ཐོབ་ན་བསམ་པ་ལྟ་བུའོ། །

གནོད་སེམས་ནི། གཞན་ལ་གནོད་པ་བྱེད་འདོད་ཀྱི་ཀུན་སློང༌། དཔེར་ན། ཁྱིམ་མཚེས་ ལོག་ལྟ་ནི།

ཀྱི་མེ་ཏོག་གཅོག་དགོས་བསམ་པ་ལྟ་བུའོ། ། དཀོན་མཆོག་གསུམ་མེད་པར་ལྟ་བ་དང༌། ལྟ་བ། སྐྱེ་བ་སྔ་ཕྱི་མེད་པར་ལྟ་བའོ། །

ལས་རྒྱུ་འབྲས་མེད་པར་

མི་དགེ་བ་བཅུ་པོ་དེ་དག་སྤངས་ནས་དགེ་བའི་ལས་བསྒྲུབས་པ་ནི་དགེ་བ་བཅུ་ཡིན་ནོ། །

55


སྦྱོང་ཚན།

ཀ གལ་ཆེའི་མིང་ཚིག

སྲོག་གཅོད་སྤོང་བ། མ་བྱིན་ལེན་སྤོང་བ། ལོག་གཡེམ་སྤོང་བ། ཕྲ་མ་སྤོང་བ།

ཚིག་རྩུབ་སྤོང་བ།

གནོད་སེམས་སྤོང་བ། ལོག་ལྟ་སྤོང་བ།

ངག་ཀྱལ་སྤོང་བ།

ཁ། མི་དགེ་བཅུ་ཡི་དཔེ་མཚོན་གསུམ་རེ་བྲིས།

ག གཤམ་གྱི་རེའུ་མིག་ནང་དུ་མི་དགེ་བ་བཅུ་ཡི་གོ་དོན་བྲིས། མི་དགེ་བཅུ།

གོ་དོན།

སྲོག་གཅོད།

མ་བྱིན་ལེན། ལོག་གཡེམ། རྫུན།

ཕྲ་མ། 56

རྫུན་སྤོང་བ།

བརྣབ་སེམས་སྤོང་བ།


ཚིག་རྩུབ། ངག་ཀྱལ།

བརྣབ་སེམས།

གནོད་སེམས། ལོག་ལྟ།

57


སློབ་ཚན་བཅུ་གཅིག་པ།

སྟག་མོ་ལུས་སྦྱིན། གནའ་སྔ་མོ་ཞིག་ལ། འཛམ་བུའི་གླིང་ལ་རྒྱལ་པོ་ཤིང་རྟ་ཆེན་པོ་ཟེར་བ་རྒྱལ་ཕྲན་ ལྔ་སྟོང་ལ་དབང་བསྒྱུར་བའི་རྒྱལ་པོ་སྟོབས་ཆེན་ཞིག་ཡོད། དེ་ལ་སྲས་སྒྲ་ཆེན་ པོ་དང་། ལྷ་ཆེན་པོ། སེམས་ཅན་ཆེན་པོ་བཅས་གསུམ་ཡོད། སྲས་ཆུང་ཤོས་དེ་

58


ཆུང་ངུའི་དུས་ནས་བྱམས་སྙིང་རྗེ་ཆེ་ལ། སེམས་ཅན་ཚང་མར་ཉེ་རིང་མེད་པར་ བརྩེ་བ་གནང་མཁན་ཞིག་ཡིན།

ཉིན་གཅིག་རྒྱལ་པོ་དེ་བཙུན་མོ་དང་། སྲས། བློན་པོ་བཅས་ཕོ་བྲང་ནས་

ཐོན་ཏེ་སྤྲོ་འཆམ་ལ་ཕེབས། ལམ་དུ་སྐུ་ངལ་གསོ་བའི་སྐབས་སྲས་གསུམ་ནགས་

ཚལ་གྱི་ནང་དུ་སོང་སོང་བ་ན། སྟག་མོ་ནད་པ་ཞིག་ལ་ཕྲུ་གུ་བྱུང་ནས་ཉིན་གཅིག་

ཀྱང་མ་སོང་བར་ལྟོགས་ནས་ཤི་གྲབས་ཡོད་པ་ཞིག་གཟིགས། སྲས་ཆུང་བས་ རང་གི་གཅེན་པོ་གཉིས་ལ་སྟག་མོ་འདི་ལྟོགས་ནས་ཤི་གྲབས་བྱེད་ཀྱི་འདུག དེས་

ཟས་ལ་གང་ཟའམ། དེའི་སྲོག་སྐྱོབ་ཐུབ་མཁན་འདྲ་ཨེ་ཡོད་ཅེས་དྲིས་པར། ཁོང་

གཉིས་ཀྱིས། དེའི་ཟས་ལ་བསད་མ་ཐག་པའི་ཤ་དང་ཁྲག་དྲོན་མོ་འཐུང་། དེའི་ སྲོག་སྐྱོབ་ཐུབ་མཁན་ནི་ཧ་ཅང་གི་ཁག་པོ་རེད་ཟེར།

དེ་ནས་སྲས་ཆུང་ཤོས་དེའི་བསམ་པར། ང་ནི་སྔོན་བསྐལ་པ་མང་པོའི་

རི ང ་སྐྱེ་བ་ཐེ ང ས་མང་པོ ་ བླངས་ཀྱང་ཉོ ན ་མོ ང ས་དུག་གསུམ་གྱི ་ དབང་གི ས ་ སེམས་ཅན་གཞན་གྱི་དོན་དུ་ཤི་བ་དཀོན། ད་རེས་སྟག་མོ་མ་བུ་དེ་ཚོའི་ཆེད་

དུ་རང་སྲོག་བློས་བཏང་ན་དོན་ཆེན་པོ་ཡིན་པ་བསམས་ནས། རང་གི་གཅེན་ པོ་གཉིས་དང་མཉམ་དུ་ཅུང་ཟད་ཕྱིན། དེ་ནས་ཁྱེད་གཉིས་ག་ལེར་སོང་། ངས་ ལས་ཀ་ཞིག་བྱས་ཏེ་ཡོང་ཞེས་གསུངས་ཏེ། 59

ཕྱིར་སྟག་མོའི་མདུན་དུ་སོང་ནས་


རང་གི་ཤ་ཟ་རུ་བཅུག་ཀྱང་སྟག་མོས་ཟ་མ་ནུས། དེ་ནས་རང་གི་ལུས་ལ་ཚེར་ མ་རྣོན་པོས་ཁྲག་བཏོན་ཏེ་ལྡག་ཏུ་བཅུག དེ་ནས་ག་ལེར་རང་གི་ལུས་གཤགས་ ནས་སྟག་མོ་མ་བུ་ལ་ལུས་ཆ་ཚང་ཟ་རུ་བཅུག

དེ ་ མཚམས་ནས་སྲས་རྒན་པ་གཉི ས ་ཀྱི ས ་ཡུན་རི ང ་བསྒུགས་ཀྱང་མ་

བསླེབས་པ་ན་ཕྱིར་ལྟ་རུ་ཕྱིན། རང་གི་གཅུང་པོ་སྟག་མོས་བཟས་ཏེ་རུས་པ་ ཅུང་ཟད་ལས་མ་ལྷག་པ་མཐོང་ནས་གཉིས་ཀ་དྲན་མེད་དུ་བརྒྱལ།

བཙུན་མོའི་

རྨི་ལམ་དུ་ཕུག་རོན་གསུམ་ལས་ཆུང་བ་ཁྲས་འཁྱེར་བ་རྨིས་པ་ན་དངངས་སྐྲག་ ཆེན་པོ་དང་བཅས་གཉིད་སད།

བདག་གི་ རྨི་ལམ་དུ་ཕུག་རོན་གསུམ་ལས་ཆུང་བ་ཁྲས་འཁྱེར་བ་རྨིས་

པས་ཕུག་རོན་ནི་བུ་ཆུང་བའི་བླ་ཡིན། བུ་ལ་བཀྲ་མ་ཤིས་པ་བྱུང་བ་མ་ཡིན་ ནམ་ཞེས་རྒྱལ་པོར་ཞུས་ཏེ་འཚོལ་དུ་སོང་། ལམ་དུ་སྲས་གཉིས་དབུགས་སོས་

ཏེ་ཕྱིར་ལོག་པ་དང་འཕྲད། བཙུན་མོས་སྲས་སེམས་ཅན་ཆེན་པོ་གང་ན་ཡོད་

ཅེས་དྲིས་པར། སྟག་མོས་བཟས་སོ་ཞེས་ཟེར་བ་ཐོས་པ་དང་དྲན་མེད་དུ་བརྒྱལ། སླར་སོས་ནས་སྲས་གཉིས་དང་མཉམ་དུ་སྟག་མོའི་གནས་སུ་བལྟ་རུ་ཕྱིན།

དེར་བུའི་ཤ་བཟས་པའི་རུས་པ་དང་ཁྲག་གིས་ཚོས་པའི་ས་ལས་མཐོང་ 60


རྒྱུ་མེད། མ་བུ་ཚང་མ་སེམས་སྡུག་ཆེན་པོ་མྱོང་བཞིན་སྡོད་པའི་སྐབས། སྲས་

སེམས་ཅན་ཆེན་པོ་ལྷར་སྐྱེས་ནས་ལྷའི་མིག་གི་མངོན་ཤེས་ཀྱིས་གཟིགས་དུས། རང་ཉི ད ་གྲོ ང ས་པའི ་ རྐྱེ ན ་གྱི ས ་ཡབ་ཡུམ་འཁོ ར ་བཅས་མྱ་ངན་ཆེ ན ་པོ ་ མྱོང་ བཞིན་བསྡད་པ་མཐོང་ནས་ཁོང་གི་བསམ་པར། བདག་གི་ཡབ་ཡུམ་གཉིས་ཀྱི་ ལུས་སྲོག་ལ་བར་ཆད་ཡོང་བར་འདུག

ཁོང་གཉིས་ཐུགས་སྤྲོ་བོ་བཟོ་དགོས་བསམས་ཏེ་ནམ་མཁའ་ནས་ཚིག་

སྙན་པོ་སྣ་ཚོགས་བརྗོད་པ་ན། ཡབ་ཡུམ་འཁོར་བཅས་ཀྱིས་ནམ་མཁའ་ལ་ གཟིགས་ཏེ། ལྷ་ཁྱོད་སུ་ཡིན་ཞེས་དྲིས་པར། ལྷས་བདག་ནི་རྒྱལ་བུ་སེམས་ཅན་ ཆེན་པོ་ཡིན། ངས་སྟག་མོ་ལྟོགས་ནས་ཤི་གྲབས་ཡོད་པར་རང་གི་ལུས་ཀྱི་ཤ་

ཁྲག་སྦྱིན་པའི་འབྲས་བུར་ད་ལྟ་ལྷ་ཡི་གནས་སུ་སྐྱེ་བ་བླངས་ཡོད་ཅེས་གསུངས། དེ་ནས་ཁོང་གིས། འཇིག་རྟེན་འདིར།

སྐྱེ་བ་ཡོད་ན་མཐའ་མ་འཇིག་པར་ངེས། སྡིག་པའི་ལས་བྱས་ན་དམྱལ་བར་སྐྱེ་ལ།

དགེ་བའི་ལས་བྱས་ན་མཐོ་རིས་སུ་སྐྱེ་བ་ཡིན། སྐྱེ་བ་དང་འཇིག་པ་ནི་ཀུན་ལ་སྲིད་ན། 61


ཅིའི་ཕྱིར་བདག་གི་ཆེད་མྱ་ངན་བྱེད་པ་ཡིན། དགེ་བའི་ཕྱོགས་ལ་བརྩོན་པར་བྱོས།

ཞེས་ཚིག་སྙན་སྣ་ཚོགས་བརྗོད་དེ་ཡབ་ཡུམ་འཁོར་དང་བཅས་ཡིད་ཆེས་པ་དང་ སྡུག་བསྔལ་ལས་གྲོལ་ཏོ། །

62


སྦྱོང་ཚན། ཀ ཚིག་སྒྲུབ་བཟོས།

གནའ་སྔ་མོ། དབང་བསྒྱུར། སྙིང་རྗེ་ཆེ། བརྩེ་བ་གནང་། སྤྲོ་འཆམ། སྐུ་ངལ་གསོ།

སྲོག་སྐྱོབ་པ། ཁྲག་དྲོན་མོ། ཉོན་མོངས་དུག་གསུམ། རྣོན་པོ། ཕུག་རོན། བར་ཆད། དམྱལ་བ། མཐོ་རིས།

ཁ སློབ་ཚན་བཀླགས་ཏེ་ལན་བྲིས།

༡ རྒྱལ་པོ་ཤིང་རྟ་ཆེན་པོ་ལ་སྲས་ག་ཚོད་ཡོད། དེ་ཚོའི་མཚན་བྲིས།

༢ སྲས་ཆུང་ཤོས་དེ་རྒན་པ་གཉིས་དང་མི་འདྲ་བའི་ཁྱད་པར་གང་ཡོད་དམ། ༣ ཡབ་རྒྱལ་པོ་འཁོར་དང་བཅས་པ་གང་གི་དོན་དུ་ཕྱི་ལ་ཕེབས་སམ།

༤ སྲས་ཐ་ཆུང་གིས་རང་གི་སྐུ་ཤ་སྟག་མོ་མ་བུས་ཟ་བའི་ཆེད་གང་བྱས་སམ། ༥ བཙུན་མོའི་མནལ་ལམ་དུ་གང་རྨིས་སམ།

༦ སྲས་ཐ་ཆུང་གིས་རང་གི་ཡབ་ཡུམ་འཁོར་བཅས་མྱ་ངན་ལས་གྲོལ་བའི་ཆེད་གང་ གནང་ངམ།

ག གོང་གི་སློབ་ཚན་ཐོག་གོ་བསྡུར་གྱིས་བགྲོ་གླེང་བྱོས།

63


སློབ་ཚན་བཅུ་གཉིས་པ།

དག་ཡིག སྦྱང་གཞི། ལུས་དང་ས་ཡི་ལྟེ་བ་དང་། །

རང་འཐག་ལྟེ་བ་ལ་ལྟེ་ཡིན། །

གྲངས་ཀྱི་སྟོང་དང་སྣོད་སྟོང་པ། ། ས་སྟོང་ཡིན་པས་ཤེས་པར་བྱ། །

གཟུང་བ་གཏོང་བ་ག་གཏོང་ལ། །

མཉམ་དུ་གཤིབས་དང་ཡིག་ཕྲེང་གཤམ། །

མདུན་མ་བཤམས་པ་བ་བཤམས་ཡིན། ། ག་ཡིས་འཕུལ་བ་ཤེས་པར་བྱ། ། 64


མཆོག་དཀར་གཞུ་ནི་ག་གཞུ་ལ། ། མར་ཁུ་བཞུ་བ་བ་བཞུ་ཡིན། ། གླེང་མོལ་བྱེད་པ་ག་གླེང་ལ། །

གཉིད་ལས་སློང་བ་ས་སློང་ཡིན། །

སྦྱོང་ཚན།

༡།

༢།

༣།

༤། ༥།

གཤམ་གསལ་རྣམས་ལ་གོང་གི་རྩ་ཚིག་དང་མཐུན་པའི་ཚིག་སྒྲུབ་བཟོས། ལྟེ་བ།

ལྟེ་བ།

སྟོང་།

ལྟེ་བ།

སྟོང་།

། 65


འདེམས་སྐོང་གྱིས།

༡།

རྔོན་པས་ལག་ཏུ་མདའ་

གཤམ།

གཞུ།

༢།

དབྱར་ཁའི་ཉི་འོད་ཀྱིས་གངས་

༤།

ཐིག་ཕྲེང་

༣། ༥། ག

ཤམ།

གནའ་སྔ་མོའི་ལོ་རྒྱུས་ སྒེའུ་ཁུང་ལ་

བཞུ།

འཁྱེར།

ཞུ།

རྒྱུ་ཡོད།

ལ་ཡི་གེ་འབྲི།

བུ་གསར་པ་བརྒྱབ།

གཤམ་གསལ་རྣམས་དཔོད་བྲིས་གཏོང་དགོས།

སྦྱིན་པ་གཏོང་།

ཡི་གེའི་གཤམ།

མཆོད་པ་བཤམས། ཟས་ནོར་སློང་། སྐད་ཆ་གླེང་།

མཉམ་དུ་གཤིབས།

66


སྦྱང་གཞི། གྲོད་པ་ལྟོགས་པ་ལ་ལྟོགས་ཡིན། ། ཤིང་ཏོག་མེ་ཏོག་ཞྭ་མོའི་ཏོག ། ལོ་ཏོག་ལ་སོགས་ཏ་རྐྱང་ཏོག ། ཡོད་དེ་མེད་དེ་དེ་རྐྱང་བྱེད། །

བྱད་ཀྱི་སྣ་ནི་ས་སྣ་ལ། །

ཉན་བྱེད་རྣ་བ་ར་རྣ་ཡིན། །

དག་འབྱིན་མནའ་དང་མནའ་མ་གཉིས། ། མ་ཡིས་འཕུལ་བ་ཤེས་པར་བྱ། །

དཔང་པོ་བྱེད་པ་ད་དཔང་ལ། ། པང་དུ་སྡོད་པ་པ་རྐྱང་ཡིན། །

སྡོད་སའི་གྲལ་ནི་ག་གྲལ་ལ། །

སོག་ལེས་དྲས་པ་ད་དྲས་ཡིན། ། 67


སྦྱོང་ཚན། ཀ

༡།

༢།

༣།

༤། ཁ

༥།

འདེམས་སྐོང་གྱིས། གྲོད་ཁོག་ ཤིང་

སྨིན།

ཏོག་ / བཏོག་

རྟོག་ / ཏོག་

ཁ་

མཛེས།

ལོ་

ལེགས།

དབུ་ཞྭའི་

རྟོགས་ / ལྟོགས་ དོག་ / ཏོག་

ཏོག་ / གཏོགས་

གཤམ་གསལ་ཚོན་མདོག་ཅན་རྣམས་ཀྱི་དག་ཆ་ནོར་བཅོས་གྱིས།

༡། རྣས་དྲི་མ་སྣོམ། ༢། སྣ་བས་སྐད་ཆ་ཉན།

༣། བུ་ལ་གནའ་མ་ལེན།

༤། ཨ་མའི་དཔང་དུ་བསྡད། ༥། ཚང་མས་བྲལ་བསྒྲིགས།

གཤམ་གསལ་དག་ཆ་རྣམས་ངེས་དགོས།

སོག་ལེས་ཤིང་དྲས། དཔང་པོས་ཐག་བཅད། དཔང་པོའི་མདུན་མནའ་བསྐྱལ།

68

མེད་དེ་སློང་།

ཡོད་དེ་སྟེར།


སྦྱང་གཞི། སྐེ་ཡི་ལྦ་བ་ལ་ལྦ་ལ། །

ནང་དུ་སྦ་བ་ས་སྦ་ཡིན། ། ཆུ་ཡི་རྦ་ནི་ར་རྦ་ལ། །

སྦལ་བ་དག་ནི་ས་སྦལ་ཡིན། །

འཇིགས་མེད་སྡེ་ནི་ས་སྡེ་ལ། ། སྒོ་ཡི་ལྡེ་མིག་ལ་ལྡེ་ཡིན། །

ལྷ་བསངས་བྱེད་པ་བ་བསངས་ལ། །

གསང་གཏམ་བྱེད་པ་ག་གསང་ཡིན། །

མཚོན་ཆ་གདེངས་པ་ག་གདེངས་ལ། ། འཕུར་ལྡིང་བྱེད་པ་ལ་ལྡིང་ཡིན། ། རྫུན་གྱིས་བསྙོན་པ་བ་ས་བསྙོན། ། ཤེས་པ་སྨྱོན་པ་ས་སྨྱོན་ཡིན། །

69


སྦྱོང་ཚན། ཀ

༡།

གཤམ་གསལ་རྣམས་ལ་ཚིག་སྒྲུབ་ཐུང་ཐུང་རེ་བྲིས། སྦ་

༢།

༣། ༥།

བ་

བསྙོན་

སྐེ་

གཡོ་

༤།

སྒོ་

གཤམ་གསལ་རྣམས་སྒྲ་གདངས་ཁྱད་པར་འདོན་ཤེས་པ་དགོས།

དེ་

ཟང་

ལྡིང་

ལྦ་

འབའ་

འབལ་

བལ་

སྦལ་

སངས་

བསངས་

གཟང་

སང་

གསང་

མདེ་ དེང་

ལྡེ་

བདེ་

དིང་

སྡིང་

70

ཏེ་

སྟིང་

སྡེ་

ཐིང་


འདེམས་སྐོང་གྱིས། རྒྱ་མཚོའི་

རླབས་གཡོ།

སྙིང་གཏམ་

དགོས།

བོད་གཞུང་གི་ གནམ་ལ་བྱ་རྒོད་

སྲིད། །

པའི་ལད་ཟློས་མ་བྱེད།

71

སྦ་/རྦ་

ལྡེ་/སྡེ་

བསངས་/གསང་ འདིང་/ལྡིང་

བསྙོན་/སྨྱོན་


Turn static files into dynamic content formats.

Create a flipbook
བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བདུན་པའི་བོད་ཡིག་སློབ་དེབ། by Sherig Books - Issuu