བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ བོད་ཡིག་སློབ་དེབ།
འཛིན་རིམ་དྲུག་པ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་བྱས།
བསྐྱར་ཞིབ་རྩོམ་སྒྲིག་འགན་ཁུར་བ། ཚེ་རིང་བསམ་གྲུབ། རྨང་གཞི་རྩོམ་སྒྲིག་པ།
བསྐྱར་ཞིབ་རྩོམ་སྒྲིག་པ།
ཚེ་འདས་དབང་རྒྱལ་རིགས་མཛེས་ཁུ་ར། ངག་དབང་ཆོས་དར། པ་སངས་ནོར་བུ། བསོད་ནམས་བདེ་ཆེན། བསྟན་འཛིན་དགའ་བ། རྡོ་རྗེ་རྒྱལ་པོ། དགེ་འདུན་དོན་ཡོད།
ཇུས་འགོད་པ།
དགེ་འདུན་དོན་ཡོད།
ཞུ་དག་པ།
བློ་བཟང་རབ་རྒྱས།
འབྲེལ་མཐུད་པ།
བསྐྱར་ཞིབ་ཚོགས་ཆུང་།
བསྟན་འཛིན་དབྱིག་གཉེན། ཚེ་རིང་བཀྲ་ཤིས།
ཚེ་རིང་བསམ་གྲུབ།
(ཤེས་ལྷན་འགན་འཛིན།)
ཌོག་ཊར་མཆོག
(བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན།)
དགེ་འདུན་དོན་ཡོད།
(བོད་ཡིག་ཚན་པའི་འགན་འཛིན།)
ཨོ་རྒྱན་བསྟན་འཛིན། བསོད་ནམས་བཟང་པོ། བོད་དགེ་བསམ་གྲུབ།
(བརྡ་ཆད་ཚན་པའི་འགན་འཛིན།)
(རྩོམ་སྒྱུར་ཚན་པའི་འགན་འཛིན།)
(སམ་བྷོ་ཊའི་བོད་ཡིག་རྒྱུས་སྟོན་པ།)
བྱ་གཞུང་དཔལ་ལྡན་རྡོ་རྗེ། (སློབ་དེབ་རྩོམ་སྒྲིག་པ།) དཀར་གཞུང་བཀྲ་ཤིས་རྡོ་རྗེ། (སློབ་དེབ་རྩོམ་སྒྲིག་པ།)
དཀར་ཆག ཨང་།
སློབ་ཚན་གྱི་མིང་།
ཤོག་ངོས།
1.
ཁྱིམ་བདག་གླེན་པ།................................................................... 1
3.
ཆེས་བརྩེ་བའི་མི།................................................................... 13
2. 4. 5.
6. 7.
8. 9.
10. 11.
12. 13.
14.
བདེན་པ་བཞིའི་ངོ་སྤྲོད། ............................................................. 8 མ་ཎི་ཡི་གེ་དྲུག་མའི་དོན། ........................................................ 19 ཕག་ཤ་འཚོང་བ།.................................................................... 26 རྒྱལ་པོ་སྲོང་བཙན་སྒམ་པོ།........................................................ 32 ཆོས་དང་སྲིད་ཡར་རྒྱས་འགྲོ་སྟངས། ............................................. 38 ཕྱག་དང་མཆོད་པའི་སྐོར། ........................................................ 44 དག་ཡིག (༡)........................................................................ 50 དག་ཡིག (༢)........................................................................ 58 ཕོ་བྲང་པོ་ཏ་ལ། ..................................................................... 66 སྒྲོལ་མའི་ནང་གི་མེ་ཏོག་ལྡུམ་ར་ཆུང་ཆུང་།...................................... 72 བྱ་ཚིག་སྦྱོང་བརྡར།................................................................. 76 མཐུན་སྒྲིལ་གྱི་རང་སྒྲ།.............................................................. 81
སློབ་ཚན་དང་པོ།
ཁྱིམ་བདག་གླེན་པ། ལུང་པ་ཞིག་ལ་ཁྱིམ་བདག་ཕྱུག་པོ་ཞིག་ཡོད། ཉིན་ཞིག་གི་ཞོགས་པར། ཁོང་རྟ་ ཞིག་ལ་བཞོན། བོང་བུ་ཞིག་ཁྲིད་ནས་རང་ཡུལ་དུ་ལོག་ཡོང་བའི་ལམ་བར་དུ།
ཡུལ་དེར་རྐུན་མ་ཧམ་ཆེན་གཉིས་ཡོད་པ་ཁོ་གཉིས་ཀྱིས་མཐོང་སྟེ། བོང་བུ་དེ་
བརྐུ་བར་འདོད་ནས། ཁྱིམ་བདག་གི་རྗེས་སུ་ག་ལེར་འཇབས་ཏེ་ཕྱིན་པ་རེད། དེ་ ནས་རྐུན་མ་གཅིག་གིས་བོང་བུ་ཕྱིར་ཁྲིད་པ་དང་། རྐུན་མ་གཞན་དེས་བོང་བུའི་
མཐུར་དེ་རང་གི་སྐེ་ལ་གོན་ནས། ཁྱིམ་བདག་གི་རྗེས་སུ་འབྲངས། ཁྱིམ་བདག་
1
རང་ཁྱིམ་དུ་སླེབས་ ལ་ཉེ ་ བའི ་ སྐབས།
ཕྱི ར ་ མི ག ་ ཅི ག ་ བལྟས་ཙ་ན། རང་
གི་བོང་བུ་མཐོང་རྒྱུ་ མེད་ཁར། མཐུར་ དེ་མི་ཞིག་གི་སྐེ་ལ་
གོན་ནས་རྗེས་སུ་ཡོང་གིན་ཡོད་པ་མཐོང་བས་རེ་ཞིག་ཧད་དེ་ལུས།
2
རྐུན་མ་ན་རེ། བདག་པོ་ལགས། ཁྱོད་ཡ་མཚན་དགོས་དོན་མེད། ང་ལྷའི་ཡུལ་ དུ་ནོར་འཁྲུལ་ཤོར་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ང་རང་ལྷ་ཁྲིམས་ལྟར། མི་ ཡུལ་འདིར་བོང་བུའི་སྐྱེ་བ་ལེན་དུ་བཅུག་བྱུང་། ཡིན་ནའང་། ད་ལྟ་ཉེས་པ་དག་ ཟིན་པས། མི་ལུས་ཐོབ་པ་ཡིན། ཞེས་བཤད།
ཁྱིམ་བདག་ན་རེ། དེ་ལྟར་ཡིན་ན། ཁྱོད་ཀྱིས་ངེད་ཚང་གི་དོན་དུ་དཀའ་ལས་
མང་པོ་ཞིག་མྱངས་སོང་། འདིར་དངུལ་སྲང་ལྔ་བཅུ་ཐམ་པ་ཡོད་པས། ཁྱོད་ལ་
གླ་ཡོན་དུ་སྟེར། ད་སོང་ནས་ལུང་པ་སྐྱིད་པོ་ཞིག་ཏུ་མི་ཚེ་སྐྱོལ་ཤོག རྗེས་སུ་བྱ་ ངན་འདྲ་བྱས་ནས་ཕྱིར་བོང་བུར་འགྱུར་དུ་མ་འཇུག་ཨང་། ཞེས་བསླབ་བྱ་བྱས་
3
ཏེ་བཏང་ངོ་། །
ཉིན་ཤས་རྗེས། ཁྱིམ་བདག་དེས་བོང་བུ་ཞིག་ཉོ་དགོས་བསམས་ཏེ། ཁྲོམ་ལ་ ཕྱིན་པ་ན། རང་གི་བོང་བུ་དེ་ཁྲོམ་རར་འཚོང་བཞིན་ཡོད་པ་མཐོང་བས། སེམས་
སྐྱོ་བའི་ངང་། ཨ་ཙི། ལས་ངན་པ། ཡང་ཁྱོད་ཕྱིར་བོང་བུ་ཞིག་ཏུ་གྱུར་འདུག བྱ་བ་ ངན་པ་ཅི་ཞིག་བྱས་པ་ཡིན་ ནམ། དཀོན་མཆོག་གསུམ་
པོས་མཁྱེན། ཞེས་སྨྲས་ཏེ། དངུལ་སྲང་ལྔ་བཅུ་སྤྲད་དེ ་ བོང་བུ་ཕྱིར་ཉོས་སོ། །
4
སྦྱོང་ཚན། ཀ ཚིག་སྒྲུབ་བཟོས། གྲགས་ཅན། ཉེས་པ།
འཇབས། མྱངས།
མཐུར།
དངུལ་སྲང་།
འབྲངས། གླ་ཡོན།
ཧད།
ཁ འགྲིག་རྟགས་དང་ནོར་རྟགས་རྒྱོབ།
ཁྱིམ་བདག་བོང་བུར་བཞོན་ནས་ཁྲོམ་ལ་ཕྱིན།
རྐུན་མ་གཉིས་ཀྱིས་བོང་བུ་བཞོན་དགོས་བསམས་པ་རེད། རྐུན་མ་གཅིག་གིས་བོང་བུ་ཁྲིད་དེ་ཕྱིར་སོང་།
ཁྱིམ་བདག་རང་ཁྱིམ་དུ་སླེབས་ཀྱང་ཕྱིར་བལྟས་མ་སློག རྐུན་མའི་ལག་ཏུ་དངུལ་སྲང་ལྔ་བརྒྱ་ཐམ་པ་སྤྲད།
ག ཚིག་དུམ་གཉིས་བསྡུར་ནས་དོན་གྱི་ཁྱད་པར་ཤོད། རྟ་ཞིག་ལ་བཞོན། བོང་བུ་ཞིག་ཁྲིད། 5
རྟ་གཅིག་བཞོན་གཅིག་ཁྲིད།
རྐུན་མ་གྲགས་ཅན།
མི་སྐད་གྲགས་ཅན།
རྗེས་སུ་འཇབ་སྟེ་ཕྱིན།
རྐང་འཇབ་ལག་འཇབ།
རྗེས་སུ་འབྲངས།
རྗེས་འདེད་བཏང་།
ཕྱིར་མིག་བལྟས།
ཕྱིར་བལྟས་བསློགས།
ནོར་འཁྲུལ་ཤོར།
ཁྲིམས་འགལ་བྱས།
རེ་ཞིག་ཧད་དེ་ལུས། བྱ་བ་ངན་པ།
ང དཔེ་བསྟན་པ་བཞིན་ཁ་སྐོངས། སྔ་པོ།
རིང་པོ།
དལ་པོ།
ཧ་ལས་ཧོན་འཐོར།
ལས་ངན་པ།
སྔ་བ།
ཚ་པོ།
སྐྱིད་པོ། སྐྱོ་བོ།
6
སྔ་ཤོས།
ཕྱི་པོ།
མཐོ་བོ།
དགའ་བོ། ཅ བྱེད་སྒོ།
(སློབ་མ་སོ་སོའི་རྣམ་དཔྱོད་བེད་སྤྱད་དེ་སློབ་ཚན་གྱི་སྒྲུང་དེའི་མཇུག་མཐུད་དེ་སྒྲུང་ཐུང་
ཞིག་བྲིས།)
7
སློབ་ཚན་གཉིས་པ།
བདེན་པ་བཞིའི་ངོ་སྤྲོད། ནང་པ་སངས་རྒྱས་པའི་ཆོས་ཀྱི་རྩ་བ་ནི་བདེན་པ་བཞི་ཡིན།
བདེན་པ་བཞི་ནི།
སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་ བདེན་པ་བཅས་ཡིན།
དང་པོ། སྡུག་བསྔལ་བདེན་པ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་ སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་ཡིན།
སྡུག་བསྔལ་གྱི་སྡུག་བསྔལ་ནི། ང་ཚོས་ནམ་རྒྱུན་ནས་ངོས་འཛིན་བྱེད་པའི་ལུས་
དང་སེམས་ཀྱི་སྡུག་བསྔལ་རྣམས་ཡིན། དཔེར་ན། མགོ་དང་གྲོད་ཁོག་ན་བ་ལྟ་ བུའོ། །
འགྱུར་བའི་སྡུག་བསྔལ་ནི། ང་ཚོས་ནམ་རྒྱུན་ངོས་འཛིན་བྱེད་པའི་འཁོར་བའི་
བདེ་བ་ཐམས་ཅད་ཡིན། དཔེར་ན། གྲང་བའི་ཚེ་ན་ཉི་མ་ཚ་པོའི་དཀྱིལ་ལ་སྡོད་ པའི་བདེ་བ་དེ། ཡུན་རིང་མ་འགོར་བར་ཚ་བ་ཚིག་ནས་སྡུག་བསྔལ་དུ་འགྱུར་བ་ ལྟ་བུའོ། །
8
ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། འཁོར་བའི་རིགས་ཐམས་ཅད་ལ་ཁྱབ་པར་
བྱེད་པས་ན་ཁྱབ་པ་དང་། དེ་ཉིད་ད་ལྟའི་སྡུག་བསྔལ་གྱི་གཞི་དང་། མ་འོངས་ པར་སྡུག་བསྔལ་སྐྱེད་པར་བྱེད་པའི་ཆ་ནས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར། དཔེར་ན། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་ལྟ་བུའོ། ། གཉིས་པ།
ཀུན་འབྱུང་བདེན་པ་ནི།
སྡུག་བསྔལ་སྐྱེད་བྱེད་ཀྱི་ལས་དང་ཉོན་
མོངས་གང་རུང་གིས་བསྡུས་པའི་རྒྱུ་དེ་ལ་ཟེར། དེ་ལ་དབྱེ་ན་གཉིས་ཡོད། ལས་ ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་ཡིན།
ལས་ཀྱི་ཀུན་འབྱུང་དཔེར་ན། དགེ་བ་བཅུ་དང་མི་དགེ་བ་བཅུ་ཡི་ལས་ལྟ་བུའོ། །
ཉོན་མོངས་པའི་ཀུན་འབྱུང་དཔེར་ན། འདོད་ཆགས་དང་། ཞེ་སྡང་། གཏི་མུག ང་ རྒྱལ། ཕྲག་དོག་བཅས་ཡིན། གསུམ་པ།
འགོག་པའི་བདེན་པ་ནི།
འབྲས་བུ་སྡུག་བསྔལ་དང་དེའི་རྒྱུ་ཀུན་
འབྱུང་འགག་པའི་ཆ་དེ་ལ་ཟེར།
བཞི་པ། ལམ་གྱི་བདེན་པ་ནི། འགོག་བདེན་འཐོབ་པར་བྱེད་པའི་རྒྱུ་འཕགས་
རྒྱུད་ཀྱི་མཁྱེན་པ་ལ་ཟེར། དེ་ལ་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ ལམ། མི་སློབ་ལམ་བཅས་ལྔའོ། །
9
བདེན་བཞི་དཔེ་ཡི་སྒོ་ནས་བསྟན་ན། དང་པོར་ནད་པ་ལྟ་བུ་ནད་ཀྱིས་མནར་བའི་
སྡུག་བསྔལ་དེ་ཤེས་དགོས། དེ་ཤེས་ན་དེའི་རྒྱུ་སྤོང་འདོད་སྐྱེ་ལ། དེ་སྐྱེས་ན་ནད་ ཀྱི་སྡུག་བསྔལ་དེ་དང་བྲལ་བའི་བདེ་བ་ཐོབ་འདོད་སྐྱེ་ཞིང༌།
དེའི་ཆེད་དུ་སྨན་
བསྟེན་པ་ལ་འཇུག་པ་བཞིན་དུ། དང་པོ་སྡུག་བསྔལ་ཤེས་དགོས་པ་དང་། དེའི་ རྒྱུ་ཀུན་འབྱུང་སྤང་དགོས། སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་སྤངས་པའི་སྤང་ པ་ཐོབ་པར་འདོད་པ། དེའི་ཆེད་དུ་ལམ་ཉམས་སུ་ལེན་དགོས་སོ། །
སྦྱོང་ཚན། ཀ
གཤམ་གྱི་མིང་ཚིག་རྣམས་ཡང་ཡང་ཀློགས།
སྡུག་བསྔལ་བདེན་པ།
ཀུན་འབྱུང་བདེན་པ། འགོག་པའི་བདེན་པ།
འཕགས་རྒྱུད་ཀྱི་མཁྱེན་པ། ལམ་གྱི་བདེན་པ། འདུ་བྱེད། ཉོན་མོངས།
ཉམས་སུ་ལེན་པ།
10
ཁ
༡།
༢།
༣།
༤། ༥། ག
གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།
ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་རྩ་བ་གང་ཡིན་ནམ།
སྡུག་བསྔལ་ལ་དབྱེ་ན་ག་ཚོད་ཡོད་དམ།
གང་འདྲ་ཞིག་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཟེར་རམ།
སྡུག་བསྔལ་གྱི་རྒྱུ་འགོག་པའི་ལམ་ལ་བརྟེན་ནས་གང་ཐོབ་ཀྱི་རེད་
དམ།
ལམ་ལྔ་གང་དང་གང་ཡིན་ནམ།
ཁྱེད་རང་གིས་བདེན་པ་བཞིའི་སྐོར་གང་ཤེས་བྲིས།
11
སློབ་ཚན་གསུམ་པ།
ངའི་ཆེས་བརྩེ་བའི་མི། སློབ་གྲོགས་ཚོ། དེ་རིང་ང་ཚོས་
<<ངའི་ཆེས་བརྩེ་བའི་མི་>>ཞེས་པའི་རྩོམ་ཡིག་
འབྲི་དགོས་སྟབས། ཁྱེད་ཚོས་སུ་འབྲི་རྩིས་ཡོད་དམ། ངའི་ཆེས་བརྩེ་བའི་མི་ནི་ཨ་ཕ་ཡིན་པས། ཁོང་གི་སྐོར་འབྲི་འདོད་བྱུང་།
བདག་ལའང་ཆེས་བརྩེ་བའི་མི་ནི་ཨ་ཕ་ཡིན། གང་ཡིན་ཟེར་ན། ཁོང་གིས་དཀའ་སྤྱད་ཆེན་པོས་ཕྱག་ལས་གནང་སྟེ། དགོང་མོ་ རྟག་པར་འཕྱི་པོ་ལོག་ཡོང་གི་རེད།
ང་ཆེས་བརྩེ་བའི་མི་ནི་ཨ་མ་ཡིན། ཁོང་གིས་ང་ཆུང་དུས་ རྒྱབ་ཏུ་ཁུར་ནས་ཟ་མ་བཟོ་བ་དང་། ནང་ལ་གད་བདར་
བྱེད་པ། གོས་ལོག་འཁྲུ་བ་སོགས་བྱེད་མི་ཚར་བའི་བྱ་བ་ མང་པོ་བྱེད་ཀྱི་ཡོད།
12
ངའི་ཆེས་བརྩེ་བའི་མི་ནི་ཨ་ཕ་དང་ཨ་མ་ཡིན་
ནའང་། ད་ཐེངས་འབྲི་རྒྱུ་མིན། ངས་དགེ་རྒན་དབང་མོ་
འབྲི་རྒྱུ་ཡིན། ཁོང་གིས་ཉིན་མོ་འཛིན་གྲྭར་སློབ་ཁྲིད་གནང་བ་ དང་། དགོང་མོ་ཁྱིམ་དུ་ནང་སྦྱོང་ཞུ་དག་གཏོང་བ། ཞོགས་པ་
དང་དགོང་དྲོ་ང་ཚོ་སློབ་གྲོགས་རྣམས་ལ་ལྟ་རྟོག་བྱས་ཏེ་དཀའ་ ལས་ཚད་མེད་མྱོང་གི་ཡོད།
ངས་ཀྱང་དགེ་རྒན་དབང་མོ་འབྲི་རྒྱུ་ཡིན། དེ་སྔོན་ང་ཚོའི་གྲོང་སྡེའི་ཉེ་འགྲམ་
གྱི་རྒྱུག་ཆུའི་སྟེང་ཟམ་པ་མེད་སྟབས། རྒན་ལགས་ཀྱིས་ང་རྒྱབ་ལ་ཁུར་ནས་ཆུ་ བརྒལ་མྱོང་།
ང་ཡང་དགེ་རྒན་དབང་མོ་ཡིས་འཁུར་མྱོང་བ་མ་ཟད། ང་ལ་ སློབ་ཡོན་སྤྲོད་རྒྱུ་མེད་པས། རྒན་ལགས་ཁོང་གིས་གནང་ བྱུང་།
ན་ནིང་དགུན་ཁར། ངའི་གོན་པ་སྲབ་དྲགས་ནས་གྲང་གི་ཡོད་པ་མཐོང་
ནས། རྒན་དབང་མོས་ང་ལ་བལ་གོས་སྟོད་ཐུང་ཞིག་ཉོས་ཏེ་གནང་བྱུང་། 13
ཟླ་བ་གོང་མ་ང་བདུན་ཕྲག་གཅིག་ལ་ན་ནས་ལྷག་
སྐབས། རྒན་བསྟན་འཛིན་ཀི་ལོ་མི་ཊར་བདུན་བརྒྱད་ཙམ་ ལ་གོམ་པ་བརྒྱབ་སྟེ། ངའི་ནང་དུ་ཡོང་ནས་ང་ལ་ཟུར་ཁྲིད་ གནང་བྱུང་།
ངས་དམིགས་བསལ་སློབ་སྤྱི་རྒྱ་མཚོ་ལགས་ལ་བཀའ་
དྲིན་ཆེ་ཞུ་དགོས་ཡོད། ཁོང་ངའི་ནང་དུ་ཐེངས་གསུམ་ཡོང་
ནས་ཕ་མ་གཉིས་ལ་ཁ་ཏ་སློབ་གསོ་བྱས་ཏེ། ང་ཡང་བསྐྱར་ སློབ་གྲྭ་འདི་ལ་ཡོང་ཐུབ་པ་བྱུང་།
ངས་ཁྱེད་ཚོ་དང་མི་འདྲ་བར་རྒྱང་རིང་ན་བཞུགས་པའི་སྤོ་བོ་ལགས་
འབྲི་རྒྱུ་ཡིན། ཁོང་གིས་རོགས་རམ་གནང་མེད་ན་ང་ད་ལྟ་སློབ་གྲྭ་ལ་ ཡོང་ཐུབ་མེད།
ངས་རྨོ་མོ་ལགས་འབྲི་ན་བསམ་བྱུང་། གང་ཡིན་
ཞེ་ན། ང་ལ་རྨོ་མོ་ལགས་ཀྱིས་ཟས་གང་ཞིམ་གནང་བ་དང་།
གོས་གང་ཡག་བསྐོན་ཏེ། གང་དུ་འགྲོ་ནའང་མཉམ་ཁྲིད་ཀྱིས་གསོ་སྐྱོང་ གནང་སྟེ་འཚར་ལོངས་བྱུང་བ་ཡིན། 14
འདི་ལྟར་བལྟས་ཡོང་ན། འཇིག་རྟེན་འདིར་ང་
ཚོས་འབྲི་དགོས་པའི་ཆེས་བརྩེ་བའི་མི་ཇི་འདྲའི་མང་ པོ་ཞིག་ཡོད་ཨང་།
བཀྲ་ཤིས།
ཉི་མ།
བསྟན་འཛིན།
སྒྲོལ་མ།
དབྱངས་ཅན།
ཚེ་རིང་།
ཟླ་བ།
དབྱངས་སྒྲོན།
ཆོས་སྒྲོན།
དབང་འདུས།
གཡང་སྐྱིད།
15
སྦྱོང་ཚན། ཀ
གཤམ་གྱི་མིང་ཚིག་རྣམས་ཡང་ཡང་ཀློག་པ་དང་དཔོད་བྲིས་གཏོང་ དགོས།
བརྩེ་བའི་མི།
དཀའ་སྤྱད།
གད་བདར།
སྲབ་དྲགས་པ། སློབ་སྤྱི། བཀའ་དྲིན་ཆེ་ཞུ།
ཁ
གསོ་སྐྱོང་།
ཟུར་ཁྲིད་གནང་།
ལྟ་རྟོག
ཞུ་དག
ཁ་ཏ་སློབ་གསོ།
དཀའ་ལས་ཚད་མེད་མྱངས། བལ་གོས་སྟོད་ཐུང་།
གཤམ་གྱི་བྱ་ཚིག་རྣམས་བར་སྟོང་དུ་སྐོངས། འབྲི།
བརྒལ།
༡། དཔེ་ཁུག་
གནང་།
ཡོང་།
གཏོང་།
ཁུར། བཟོ། བྱེད།
ཉོས།
བལྟས།
ནས་སློབ་གྲྭ་སོང་། ༢། དགེ་རྒན་གྱིས་སློབ་ཁྲིད་
༣། ཆོས་སྒྲོན་བོད་ནས་
།
༤། ང་ཚོས་ནང་སྦྱོང་
16
།
དགོས།
༥། སློབ་གྲོགས་ཚོས་ཤོག་བྱ་
༧། ཚང་མས་མཉམ་དུ་ལྟད་མོ་ ༩། སློབ་ཁང་ལ་གད་བདར་ ག
ཚིག་སྒྲུབ་རེ་བཟོས། རྩོམ་ཡིག
། །
ནང་སྦྱོང་།
༦། ཟླ་བས་རྨོ་མོར་གློག་འཕྲིན་
། ༨། ཨ་མས་ང་ལ་རྩེད་ཆས་ ༡༠། དབྱངས་སྒྲོན་ཆུར་
ཉེ་འགྲམ།
།
།
ཏེ་ཕྱིན།
སློབ་ཡོན། རྒྱང་རིང་།
ཡང་བསྐྱར། དམིགས་བསལ། འཚར་ལོངས། རོགས་རམ། དཔེར་ན། ངའི་དམིགས་ཡུལ་ནི་སྨན་པ་ཞིག་བྱེད་རྒྱུ་དེ་ཡིན། ང
བྱེད་སྒོ།
དགེ་རྒན་གྱི་ལམ་སྟོན་འོག སློབ་ཕྲུག་གཉིས་
སམ་གསུམ་རེ་ཁག་བགོས་ཀྱིས་ཁོ་ཚོ་དགའ་
ཤོས་ཀྱིས་ས་ཆ་ཞིག་གི་སྐོར་གླེང་མོལ་བྱེད་དུ་ འཇུག་དགོས།
17
སློབ་ཚན་བཞི་པ།
མ་ཎི་ཡི་གེ་དྲུག་མའི་དོན། ཆོས་ཀྱི་སྙིང་པོ་མ་ཎི་ཡི་གེ་དྲུག་མ་ནི། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་
གཅིག་ཏུ་བསྡུས་པ། གསང་སྔགས་རྒྱུད་སྡེ་ཀུན་གྱི་ཡང་སྙིང་། ཡོན་ཏན་ཐམས་ ཅད་ཀྱི་འབྱུང་གནས་དང་དངོས་གྲུབ་ཀུན་གྱི་རྩ་བ་ཡིན།
ༀ་ནི་ཡི་གེ་ཨ་ཨུ་མ་གསུམ་གྱིས་གྲུབ།
ༀ་གྱི་མཚོན་དོན།
ཡི་གེ
མ་དག་པའི་
དག་པའི་
མ།
ཡིད།
ཐུགས།
ཨ། ཨུ།
ལུས། ངག
སྐུ།
གསུང་།
18
ༀ་གྱིས་ཉམས་ལེན་པའི་མ་དག་པའི་ལུས་དང་། ངག ཡིད་གསུམ་དང་། དག་ པའི་སྐུ་དང་གསུང་། ཐུགས་བཅས་མཚོན་གྱི་ཡོད།
དེ་ཉིད་དག་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གང་འདྲ་བསྒྲུབ་དགོས་ སམ་ཞེ་ན། དེ་བསྒྲུབ་པའི་ཐབས་ལམ་ནི་ཡི་གེ་ཕྱི་མ་བཞིས་མཚོན་པར་བྱེད་ཀྱི་ ཡོད།
མཎི། ཞེས་པ་ནོར་བུ་ལ་གོ་བ་ཡིན། ༡)
བྱང་ཆུབ་ཀྱི་སེམས།
༣)
བྱམས་པ་བཅས་མཚོན་གྱི་ཡོད།
༢)
སྙིང་རྗེ་ཆེན་པོ།
དཔེར་ན། ནོར་བུས་དབུལ་ཕོངས་སེལ་བའི་ནུས་པ་ཡོད་པ་བཞིན་དུ། བྱང་ཆུབ་ སེམས་ཀྱིས་སྲིད་པ་འཁོར་བ་དང་ཞི་བའི་ཕྱོགས་གཅིག་པའི་སྐྱོན་ཚང་མ་སེལ་ བའི་ནུས་པ་ཡོད་པ་ཡིན།
ནོར་བུས་སེམས་ཅན་གྱི་རེ་བ་བསྐོང་བ་བཞིན་དུ།
བྱང་ཆུབ་སེམས་ཀྱིས་ཀྱང་སེམས་ཅན་གྱི་རེ་བ་སྐོང་གི་ཡོད། 19
། ཞེས་པའི་ཡིག་འབྲུ་གཉིས་པོ་མེ་ཏོག་པདྨ་ཡི་དོན་ཡིན་ལ། དེས་ཤེས་རབ་
མཚོན་གྱི་ཡོད།
པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་བཞིན་དུ། ཤེས་རབ་ལའང་རང་ ཉིད་འགལ་འདུ་མི་ཡོང་བའི་སར་འཇོག་པའི་ནུས་པ་ཡོད་པ་ཡིན་ལ།
གལ་ཏེ་
ཤེས་རབ་མེད་ན་འགལ་འདུ་ཡོང་གི་ཡོད། རང་ཉིད་འཁོར་བར་གནས་ཀྱང་འཁོར་
བའི་སྐྱོན་གྱིས་མ་གོས་པར་གནས་ཐུབ་པ་ནི་ཤེས་རབ་ལ་བརྟེན་ནས་བྱུང་བ་ཡིན།
ཧཱུྃ། ཞེས་པས་ངོ་བོ་དབྱེར་མེད་སྟོན་གྱི་ཡོད།
རང་རྒྱུད་ཀྱི་སྐྱོན་དག་པ་ལ་ངེས་པར་དུ་ཐབས་བྱང་ཆུབ་ཀྱི་སེམས་དང་། ཤེས་
རབ་ཟབ་མོ་སྟོང་པ་ཉིད་རྟོགས་པའི་བློ་ལ་བརྟེན་ནས་ཐོབ་དགོས་པ་མཚོན་གྱི་ ཡོད།
ༀམཎིཔདྨེཧཱུྃ། ཞེས་པའི་ཡི་གེ་དྲུག་པོས་ཐབས་དང་ཤེས་རབ་གཉིས་དབྱེ་བ་མེད་
པར་མཉམ་དུ་འབྲེལ་བའི་ལམ་གྱི་ཉམས་ལེན་ལ་བརྟེན་ནས། རང་ཉིད་ཀྱི་མ་དག་ པའི་ལུས་ངག་ཡིད་གསུམ་དག་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་ བསྒྱུར་ཐུབ་པ་སྟོན་གྱི་ཡོད།
20
ངག་རྒྱུན་དུ། དང་པོར་བསླབ་པའི་ངལ་བ་མེད། ། བར་དུ་ཤེས་པའི་ང་རྒྱལ་མེད། །
ཐ་མར་བརྗེད་ཀྱི་དོགས་པ་མེད། །
བཏོན་པའི་ཕན་ཡོན་བསམ་མི་ཁྱབ། །
ཅེས་པ་ལྟར། བྱིན་རླབས་ཅན་གྱི་རིག་སྔགས་འདི་ཉིད་དྲན་བཞིན་དུ་ལན་གཅིག་ ཙམ་བཟླས་བརྗོད་བྱས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །
21
སྦྱོང་ཚན། ཀ གཤམ་གསལ་དྲི་བ་རྣམས་ལ་ལན་ཐུང་ངུ་རེ་བྲིས། ༡།
ཆོས་ཀྱི་སྙིང་པོ་ག་རེ་ཡིན་ནམ།
༣།
ཡི་གེ་མཎི་ཡིས་གང་མཚོན་གྱི་ཡོད་དམ།
༢།
༤།
ཨ་ཨུ་མ་གསུམ་གྱིས་གང་མཚོན་གྱི་ཡོད་དམ།
ངག་རྒྱུན་དུ་མཎི་བགྲང་བར་བཤད་སྲོལ་གང་ཡོད་དམ།
ཁ གཤམ་གསལ་རྣམས་ལ་འགྲིག་རྟགས་(√) དང་ནོར་རྟགས་(×) རྒྱོབ། ༡།
ནོར་བུ་ལ་དབུལ་ཕོངས་སེལ་བའི་ནུས་པ་ཡོད། (
༣།
ཧཱུྃ་ཞེས་པས་ངོ་བོ་དབྱེར་མེད་སྟོན་གྱི་ཡོད། (
༥།
ༀ་ཡིས་ལུས་ངག་ཡིད་གསུམ་མཚོན་གྱི་མེད། (
༢།
༤།
པདྨ་ཞེས་པས་མེ་ཏོག་མཚོན་གྱི་མེད། ( )
མཎི་ཞེས་པ་ནོར་བུ་ལ་གོ་བ་ཡིན། ( 22
)
)
) )
ག གཤམ་གསལ་རྣམས་ལ་དྲི་བ་བཟོས། ༡ དྲི་བ།
ལན། མཎི་ལ་ཡི་གེ་དྲུག་ཡོད་རེད། ༢ དྲི་བ།
ལན། མཎི་བགྲང་དུས་དོན་དག་ལ་བསམ་བློ་གཏོང་དགོས་པ་ཡིན། ༣ དྲི་བ།
ལན། མཎི་བགྲངས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་རེད།
ང ཚིགས་གྲོགས་བཟོས། ༡ གཟུངས་ སྔགས། ༣ བྱང་
༥ བྱམས་ ༧ དབུལ་
།
། ༢ བསམ་ །
།
༤ སྙིང་
༦ ཤེས་
༨ ཉམས་ 23
།
།
།
།
ཅ གཤམ་གསལ་པར་གཉིས་ཀྱི་མཚོན་དོན་བྲིས།
༡
།༢
24
།
ཕག་ཤ་འཚོང་བ།
སློབ་ཚན་ལྔ་པ།
༄༅། །སྔར་བོད་དུ་སྣེ་གདོང་རྒྱལ་པོ་ཞེས་པ་ཞིག་ཡོད་པ་དང་། ཁོང་ལ་ཉི་ ཆོས་བཟང་པོ་ཟེར་བའི་བློན་པོ་རིག་པ་ཅན་ཞིག་ཡོད། ཉིན་ཞིག
ཉི་ཆོས་བཟང་པོས་སྣེ་གདོང་རྒྱལ་པོའི་ཕག་པ་རྒྱགས་ཤོས་དེ་ལྐོག་
ཏུ་བསད་རྗེས། རྒྱལ་པོའི་དྲུང་དུ་སོང་ནས། “རྒྱལ་པོ་ལགས། ང་ཚོའི་ཕག་པ་
རྒྱགས་ཤོས་དེ་ཤི་འདུག་པས། ད་རོ་གང་དུ་གཡུག་དགོས།” ཞེས་ཞུས་པར།
25
རྒྱལ་པོས། “སྤུ་གཙང་མ་བཞར་ནས་ཤ་ཁྲོམ་ལ་འཚོང་དུ་སོང༌། རིན་པ་ཆད་ ལུས་མེད་པར་རྩིས་འབུལ་ཞུ་དགོས།” ཞེས་བཤད།
དེ་ནས་ཉི་ཆོས་བཟང་པོས་རྒྱལ་པོའི་བཀའ་བཞིན་ཕག་ཤ་ཁུར་ནས་ཁྲོམ་ལ་ སོང་སྟེ།
“ཕག་
ན ད ་ ཕོ ག ་ པ འི ་ ཕག་ཤ་ཉོ་མཁན་
ཨེ་ཡོད།” ཅེས་
འབོད་བཞིན་ཉིན་ ག ང ་ ལ ་ བ སྡ ད ་ ཀྱང༌།
གཅིག་ཀྱང་བཙོང་མ་ཐུབ་པ་རེད།
ཤ་སྟི་ག་
དེ་ནས་ཉི་ཆོས་བཟང་པོས་ཕག་ཤ་ཕྱིར་ཁྱེར་ཡོང་ནས་ཉོ་མཁན་མེད་ལུགས་ རྒྱལ་པོར་ཞུས་པས། རྒྱལ་པོས་“དེ་འདྲ་ཡིན་ན། དེ་རིང་ཕག་ཤ་ཕྱེད་ཀ་བཙོས་
ཏེ་བཟས་ན་འགྲིག” ཅེས་གསུངས་པར། ཉི་ཆོས་བཟང་པོས། “རྒྱལ་པོ་ལགས། ཁྱེད་ཀྱིས་གསོལ་ཀྲུམ་མཆོད་དམ། ཡང་ན་ཀྲུམ་ཁུ་མཆོད།” ཅེས་ཞུས་པ་དང༌། 26
རྒྱལ་པོས། “ང་ནི་རྒྱལ་པོ་ཡིན་པས་ཤ་བཟའ་བ་ཡིན། ཁྱོད་ཚོ་འཁོར་གཡོག་ རྣམས་ཀྱིས་ཤ་ཁུ་འཐུང་བ་ལས་འོ ས་མེད་པས། ད་དུང་འདྲི་དགོས་དོན་ཅི་ཡོད།” ཅེས་གཤེ་གཤེ་བཏང༌།
དེ་ནས་ཉི་ཆོས་བཟང་པོས་ཤ་དང་རུས་པ་ཞིབ་མོར་གཏུབས་ཏེ་ཡུན་རིང་བཙོས་ པས། ཤ་ལྡུར་ནས་ཀོ་བ་དང་རུས་པ་ཙམ་ལས་ལེན་རྒྱུ་མེད་པར་གྱུར། ཉི་ཆོས་
བཟང་པོ ་ དང་གཡོ ག ་པོ ་ རྣམས་ཀྱི ས ་རོ ་ བཅུད་ལྡན་པའི ་ ཤ་ཁུ་འཐུང་བ་དང༌། རྒྱལ་པོར་ཕག་ཀོ་དང་རུས་པ་ཕུལ་ནས། “རྒྱལ་པོ་ལགས། ཕག་ཀོ་དང་རུས་ པ་ཙམ་མ་གཏོགས་ཤ་ཚང་མ་ལྡུར་ནས་ཤ་ཁུའི་ནང་དུ་བཞུར་འདུག
ཕག་ཀོ་
བཙོས་མ་འདི་བཞེས་རོགས་གནང་།” ཞེས་ཞུས་པས། རྒྱལ་པོས། “འོ་ན་ཤ་ཁུ་ ཁྱེར་ཤོག” ཅེས་ཟེར་ བར། ཉི་
ཆོས་བཟང་ པོས། “ང་
ཚོས་རྒྱལ་
27
པོའི་བཀའ་བཞིན་ཤ་ཁུ་ཚང་མ་འཐུངས་ཚར་སོང༌།” ཞེས་ཞུས་པས། རྒྱལ་པོ་ བྱ་ཐབས་མེད་པར་གྱུར་ནས་ཕག་ཀོ་བཙོས་མ་དེ་མི་ཟ་ཀ་མེད་བྱུང༌།
སང་ཉིན་དེར་རྒྱལ་པོས་ཉི་ཆོས་བཟང་པོར་ཕག་ཤ་ལྷག་མ་དེ་བཙོ་བའི་བཀའ་
བཏང་། ཉི་ཆོས་བཟང་པོས། “རྒྱལ་པོ་ལགས། ད་ཐེངས་ཁྱེད་ཀྱིས་གསོལ་ཀྲུམ་
མཆོད་དམ། ཡང་ན་ཀྲུམ་ཁུ་མཆོད།” ཅེས་ཞུས་པར། རྒྱལ་པོས། “ཁ་སང་ང་ ལ་ཕག་ཀོ་མ་གཏོགས་རག་མ་བྱུང་བས། དེ་རིང་ངས་ཤ་ཁུ་བཏུང་གི་ཡིན། ཁྱོད་ ཚོས་ཤ་ཟོ་ཞིག” ཅེས་བཀའ་བཏང་། ཉི་ཆོས་བཟང་པོས་ཤ་ཚོས་མ་ཐག་བཏོན་
ནས་འཁོར་གཡོག་ཚང་མར་བགོས་ཏེ་བཟས་པ་དང༌། རྒྱལ་པོར་ཤ་ཁུ་དེ་ཕུལ་ བ་རེད།
28
གཏམ་དཔེ།
བཟང་པོའི་ཞོར་ལ་ཇ་ཆང་། ། ངན་པའི་ཞོར་ལ་རྒྱུག་རྡུང་། །
ཤ་སྟི་ག་གཅིག་ལ་ཟ་མཁས་བྱེད། །ཆང་དམ་བེ་གང་ལ་འཐུང་མཁས་བྱེད། །
སྦྱོང་ཚན། ཀ གཤམ་གསལ་དྲི་བ་རྣམས་ལ་ལན་འདེབས་དགོས། ཀ)
ཉིན་ཞིག་ལ་ཉི་ཆོས་བཟང་པོས་ཅི་ཞིག་བྱས་སམ།
ག)
རྒྱལ་པོ་ལགས། ཁྱེད་ཀྱིས་གསོལ་ཀྲུམ་བཞེས་སམ། ཡང་ན། ཀྲུམ་
ཁ)
ཕག་ནད་ཕོག་པའི་ཕག་ཤ་ཉོ་མཁན་ཨེ་ཡོད་ཅེས་འབོད་དོན་ཅི། ཁུ་མཆོད་ཅེས་ཞུ་དགོས་དོན་ཅི།
ཁ ཡང་ཡང་ཀློག་པ་དང་དཔོད་བྲིས་གཏོང་དགོས།
ལྐོག་ཏུ་བསད། རྩིས་འབུལ་ཞུ། ཆད་ལུས་མེད་པ། བཀའ་བཞིན། 29
ཤ་སྟི་ག
ཤ་ལྡུར།
ཀྲུམ་ཁུ།
ཁྲོམ་ལ་འཚོང་།
རོ་བཅུད་ལྡན་པ།
གསོལ་ཀྲུམ། ཞིབ་མོར་གཏུབས། སྤུ་གཙང་མ་བཞར།
ག གཤམ་གསལ་རྣམས་ལ་ཚིག་གྲོགས་རེ་སྦྱོར། དཔེར་ན། ལྐོག་གྱུར། ལྟ་བུ།
ལྐོག
དྲུང་།
བཞར།
ཁུ།
ལྡུར།
ང སྒྲུང་ཐུང་གི་བྱ་བའི་བྱུང་རིམ་ལྟར་གོ་རིམ་སྒྲིགས།
བཞུར།
རོ།
• ཁྲོམ་དུ་སོང་ནས་ཕག་ཤ་འཚོང་ཁུལ་བྱས། • ཕག་ཤ་བཙོས་ནས་རྒྱལ་པོར་ཁུ་བ་ཕུལ།
• ཕག་ཤ་བཙོས་ནས་རྒྱལ་པོར་ཕག་ཀོ་ཕུལ། ཅ
• ཕག་པ་བསད་ནས་རྒྱལ་པོར་ཞུས།
གཤམ་གསལ་བརྗོད་གཞི་གང་རུང་ཞིག་ལ་རྩོམ་ཡིག་ཅིག་བྲིས།
གཟའ་ཉི་མར་འཆམ་འཆམ་ལ་ཕྱིན་པ། རིག་གཞུང་སློབ་གྲྭར་ཕྱིན་པ།
30
སློབ་ཚན་དྲུག་པ།
རྒྱལ་པོ་སྲོང་བཙན་སྒམ་པོ། བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ནས་བཟུང་།
བོད་ཀྱི་ཆབ་སྲིད་དང་།
དཔལ་འབྱོར། དམག་ཤུགས་སོགས་རིམ་པས་ཡར་རྒྱས་ཕྱིན།
ཕྱི་ལོ་༦༡༧ ལོར་ཡབ་གནམ་རི་སྲོང་བཙན་དང་། ཡུམ་ཚེ་སྤོང་བཟའ་གཉིས་ ལ་སྲས་སྲོང་བཙན་སྒམ་
པོ་འཁྲུངས་པ་རེད། སྲོང་ བཙན་སྒམ་པོ་དགུང་ལོ་བཅུ་ གསུམ་ལ་ཕེབས་སྐབས་
བོད་ཀྱི ་ རྒྱལ་པོར་བསྐོས་ ནས། བློན་པོ་ཐོན་མི་སམ་བྷོ་
ཊ་སོགས་བོད་ཕྲུག་རིག་པ་ཅན་བཅུ་དྲུག་རྒྱ་གར་ལ་ཡི་གེ་སློབ་ཏུ་བཏང་།
དེའི་རྗེས་རྒྱལ་པོ་སྲོང་བཙན་སྒམ་པོས། བློན་པོ་མགར་སྟོང་བཙན་སོགས་བལ་ 31
ཡུལ་གྱི་རྒྱལ་པོའི་སྲས་མོ་བཙུན་མོར་སློང་དུ་བཏང་བས།
བལ་ཡུལ་གྱི་རྒྱལ་
པོ ས ་ཀྱང་རང་གི ་ སྲས་མོ ་ བལ་བཟའ་ཁྲི ་ བཙུན་རྒྱལ་པོ ་ སྲོང་བཙན་སྒམ་པོ འི ་ བཙུན་མོར་ཕུལ་བ་དང་། རྟེན་སྐལ་དུ་བྱམས་པ་ཆོས་འཁོར་མ་དང་། ཇོ་བོ་མི་ བསྐྱོད་རྡོ་རྗེའི་སྐུ་སོགས་ཕུལ།
ཐོན་མི་སམ་བྷོ་ཊས་རྒྱ་གར་དུ་ཡི་གེ་སྦྱངས་ཏེ་བོད་ལ་ཕྱིར་ལོག་ནས། བོད་ཡིག་ གསར་བཟོ་མཛད། ཐོག་མར་ཁོང་གིས་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་བོད་ཡིག་ བསླབས་པ་དང་། སྦྱངས།
རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་ལོ་བཞིའི་རིང་བོད་ཡིག་
དེ ་ ན ས ་ རྒྱ ལ ་ པོ ་
དང་བློན་པོ་ཚང་མ་ འཛོམས་ནས་ལྷ་
ཆོས་དགེ ་ བ་བཅུ་
དང་མི་ཆོས་གཙང་
མ་བཅུ་དྲུག་སོགས་ ཆོ ས ་ ད ང ་ སྲི ད ་
32
གཉིས་ཀྱི་ཁྲིམས་ཡིག་གཏན་ལ་ཕབ་པ་དང་།
སྤོས་ཏེ། དམར་པོ་རིའི་སྟེང་དུ་ཕོ་བྲང་བཞེངས། ཕྱི་ལོ་༦༤༡
རྒྱལ་ས་ཡར་ཀླུང་ནས་ལྷ་སར་
ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་མགར་སྟོང་བཙན་
སོགས་རྒྱ་ནག་གི་རྒྱལ་པོའི་སྲས་མོ་བཙུན་མོར་སློང་དུ་བཏང་། རྒྱ་ནག་གི་རྒྱལ་
པོས་ཀྱང་འདོད་པ་མེད་བཞིན་དུ་ཁོ་རང་གི་སྲས་མོ་བོད་ཀྱི་རྒྱལ་པོར་འབུལ་ དགོས་བྱུང་བ་དང་། རྟེན་སྐལ་དུ་ཇོ་བོ་ཤཱཀྱ་མུ་ནེ་སོགས་ཕུལ།
བལ་བཟའ་ཁྲི་བཙུན་གྱིས་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་གནས་ར་ས་འཕྲུལ་ སྣང་གཙུག་ལག་ཁང་བཞེངས་པ་དང་། རྒྱ་བཟའ་ཀོང་ཇོས་ཀྱང་ཇོ་བོ་ཤཱཀྱ་མུ་ནེ་ བཞུགས་གནས་རྒྱས་བཏབ་ར་མོ་ཆེ་གཙུག་ལག་ཁང་བཞེངས།
ཕྱིས་སུ་ཆབ་
སྲིད་ཀྱི་འགྱུར་ལྡོག་དབང་གིས་ཇོ་བོ་གཉིས་བཞུགས་གནས་བརྗེ་བོ་ཐེབས་ཏེ། ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེ་དང་། རྒྱས་བཏབ་ར་མོ་ཆེ་ གཙུག་ལག་ཁང་དུ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་གདན་འཇགས་པ་རེད། གཞན་ཡང་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་མོང་བཟའ་ཁྲི་ལྕམ་དང་།
ཞང་ཞུང་
བཟའ། རུ་ཡོང་བཟའ་བཅས་བཙུན་མོ་གསུམ་ཡོད། བཙུན་མོ་གསུམ་པོས་ཀྱང་ ལྷ་ཁང་རེ་རེ་བཞེངས་ཡོད།
33
སྐ བ ས ་ དེ ་ དུ ས ་
བོད་ཀྱི་ཆབ་སྲིད་ སྟོབས་ཤུགས་ཧ་
ཅང་ཆེན་པོ་ཡོད་ པས།
རྒྱ་ནག་
དང་བལ་ཡུལ་གྱི་ ས་ཁོངས་མང་པོ་
དང་། དེ་བཞིན་སུམ་པ་དང་འ་ཞ་སོགས་ཁྱིམ་མཚེས་ཀྱི་རྒྱལ་ཕྲན་མང་པོ་དབང་ དུ་བསྡུས་ནས་རྒྱལ་ཁབ་ཀྱི་མངའ་ཐང་དར་ཞིང་རྒྱས་པར་མཛད།
སྦྱོང་ཚན། ཀ གཤམ་གསལ་མིང་ཚིག་རྣམས་དཔོད་བྲིས་གཏོང་དགོས། དཔལ་འབྱོར། ཐོན་མི་སཾ་བྷོ་ཊ། ཁྲིམས་ཡིག རྟེན་སྐལ། 34
སློང་བ། བལ་བཟའ་ཁྲི་བཙུན། རྒྱ་བཟའ་ཀོང་ཇོ། ཇོ་བོ་ཤཱཀྱ་མུ་ནེ། ཇོ་བོ་མི་བསྐྱོད་རྡོ་རྗེ། ར་ས་འཕྲུལ་སྣང་གཙུག་ལག་ཁང་།
ཁ གཤམ་གསལ་དྲི་བ་རྣམས་ལ་ཚིག་སྒྲུབ་གཅིག་ནང་ལན་བྲིས། ༡།
སྲོང་བཙན་སྒམ་པོའི་ཡབ་དང་ཡུམ་གྱི་མཚན་གང་ཡིན་ནམ།
༣།
ཐོན་མི་སཾ་བྷོ་ཊ་རྒྱ་གར་ལ་གཏོང་དགོས་དོན་གང་ཡིན་ནམ།
༢།
༤། ༥། ༦། ༧།
སྲོང་བཙན་སྒམ་པོ་དགུང་ལོ་ག་ཚོད་ལ་ཁྲི་ལ་འཁོད་པ་རེད་དམ།
རྒྱ་ནག་དང་བལ་པོ་ནས་བཞེས་པའི་བཙུན་མོའི་མཚན་ལ་གང་དང་
གང་ཟེར་རམ།
རྒྱ་ནག་དང་བལ་པོའི་རྒྱལ་པོས་རང་རང་གི་སྲས་མོའི་རྟེན་སྐལ་དུ་ག་
རེ་གནང་ཡོད་དམ།
ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་གནས་གཙུག་ལག་ཁང་གི་མིང་ལ་གང་
ཟེར་རམ།
སྲོང་བཙན་སྒམ་པོའི་སྐབས་རྒྱལ་ཁབ་ཀྱི་མངའ་ཐང་རྒྱ་བསྐྱེད་ཇི་ལྟར་
གནང་ངམ།
35
ག
གཤམ་གྱི་མིང་ཚིག་རྣམས་བེད་སྤྱད་དེ་བརྗོད་པ་ཐུང་ངུ་ཞིག་བྲིས།
ང
རྒྱལ་པོ་སྲོང་བཙན་སྒམ་པོའི་སྐོར་ལ་ཡིག་ཕྲེང་བརྒྱད་ལས་མི་ཉུང་བའི་
ཅ
མཐུན་སྦྱོོར་གྱིས།
བོད།
རྒྱལ་ཁབ།
རྒྱལ་ས། རྒྱལ་པོ།
བཙུན་མོ།
མངའ་ཐང་།
རྩོམ་ཞིག་བྲིས།
ཀ
ཁ
གནམ་རི་སྲོང་བཙན་གྱི་བཙུན་མོ་
ཇོ་བོ་ཤཱཀྱ་མུ་ནེ།
ཐོན་མི་སཾ་བྷོ་ཊས་
ཇོ་བོ་མི་བསྐྱོད་རྡོ་རྗེ།
བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་
ཁྲིམས་ཡིག་བཟོས།
རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་
བློན་པོ།
ཇོ་བོ་ཤཱཀྱ་མུ་ནེ་བཞུགས་གནས་
བོད་ཡིག་བཟོས།
མགར་སྟོང་བཙན་ ཆོས་དང་སྲིད་ཀྱི་
ར་མོ་ཆེ་གཙུག་ལག་ཁང་། 36
ཚེ་སྤོང་བཟའ།
སློབ་ཚན་བདུན་པ།
ཆོས་དང་སྲིད་ཡར་རྒྱས་འགྲོ་སྟངས། རྒྱལ་པོ་སྲོང་བཙན་སྒམ་པོ་ལ་བློན་པོ་མང་པོ་ཡོད། ཁོང་དང་བློན་པོ་རྣམས་ཀྱིས་
དང་པོ་བོད་ལ་ཁྲིམས་ཡིག་སུམ་ཅུ་སོ་དྲུག་དང་། ལྷ་ཆོས་དགེ་བ་བཅུ། མི་ཆོས་ གཙང་མ་བཅུ་དྲུག་གི་ཁྲིམས་བཅས་བཟོས།
དེའི་རྗེས་ལ་རྒྱལ་པོ་སྲོང་བཙན་སྒམ་པོས་ཁོང་གི་བློན་པོ་ཞིག་རྒྱ་ནག་ཏུ་བཏང་ ནས། རྒྱ་ནག་གི་རི་བོ་རྩེ་ལྔ་ལ་བོད་ཀྱི་ལྷ་ཁང་ཞིག་བཞེངས་དགོས་ཀྱི་ཡོད་ཚུལ་ གསུངས་པ་ནང་བཞིན།
རྒྱ་ནག་གི་རྒྱལ་པོའི་ངོས་ནས་ཀྱང་དེ་ལྟར་ཁས་ལེན་
བྱས་ནས་ལྷ་ཁང་ཞིག་རྒྱ་ནག་གི་རི་བོ་རྩེ་ལྔ་ལ་བཞེངས་པ་རེད། བཙན་སྒམ་པོའི་བཙུན་མོ་གཞན་དག་ལ་ཕྲུ་གུ་མ་བྱུང་སྟབས།
རྒྱལ་པོ་སྲོང་
མོང་བཟའ་ཁྲི་
ལྕམ་ལ་སྲས་གུང་རི་གུང་བཙན་འཁྲུངས། ཁོང་དགུང་ལོ་བཅུ་གསུམ་ལ་བོད་ཀྱི་ རྒྱལ་པོ་ལ་བསྐོས་ན་ཡང་།
དགུང་ལོ་བཅོ་བརྒྱད་ལོན་པ་དང་གྲོངས་ནས་རྒྱལ་
པོ་སྲོང་བཙན་སྒམ་པོས་ཡང་བསྐྱར་རྒྱལ་པོ་གནང་དགོས་བྱུང་། དེ་ནས་རྒྱལ་པོ་ 37
སྲོང་བཙན་སྒམ་པོས་ཆོས་དང་སྲིད་ཀྱི་ཕྱག་ལས་བསམ་གྱིས་མི་ཁྱབ་པ་གནང་ ནས་མཐར་དགུང་ལོ་༨༢ ལ་གྲོངས།
རྒྱལ་པོ ་ སྲོང་བཙན་
སྒམ་པོ ་ གྲོངས་པའི ་
རྗེས་ལ་ཁོང་གི་ཚ་བོ་ མང་སྲོང་མང་བཙན་ བོད་ཀྱི ་ རྒྱལ་པོ་ལ་
བསྐོས་ཀྱང་། ཁོང་དགུང་ལོ་ཆུང་ཆུང་ཡིན་པས་ཆབ་སྲིད་ཀྱི་ཕྱག་ལས་གཙོ་བོ་
རྣམས་བློན་ཆེན་མགར་སྟོང་བཙན་གྱིས་གནང་བ་རེད། སྐབས་དེ་དུས་རྒྱ་ནག་ དང་དམག་མང་པོ་བརྒྱབས་ནས་བོད་པའི་དམག་མིས་རྒྱ་མིའི་དམག་མི་ལ་ཕམ་
ཉེས་ཆེན་པོ་བཏང་། མང་སྲོང་མང་བཙན་གྱི་བཙུན་མོ་ལ་སྲས་འདུས་སྲོང་མང་ རྗེ་འཁྲུངས། རྒྱལ་པོ་འདིས་ཀྱང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ལ་དམག་ བརྒྱབས་ཏེ་ཕམ་ཉེས་བཏང་གནང་བ་རེད།
ཕྱི་ལོ་༦༩༧ ལོ་ལ་ཕོ་བྲང་ལྡན་དཀར་དུ་འདུས་སྲོང་མང་རྗེའི་བཙུན་མོ་ལ་སྲས་
ཁྲི་ལྡེ་གཙུག་བརྟན་འཁྲུངས། ཁྲི་ལྡེ་གཙུག་བརྟན་ལོ་བདུན་ལ་ཕེབས་སྐབས་ཡབ་ 38
འདུས་སྲོང་མང་རྗེ་གྲོངས་ནས། ཁྲི་ལྡེ་གཙུག་བརྟན་བོད་ཀྱི་རྒྱལ་པོ་ཆགས། རྒྱལ་ པོ་ཁྲི་ལྡེ་གཙུག་བརྟན་གྱི་དུས་ལ་ལྷ་ཁང་མང་པོ་བཞེངས་པ་དང་། རྒྱ་གར་མཁས་
པས་མཛད་པའི་བསྟན་བཅོས་དང་སྨན་གྱི་དཔེ་ཆ་སོགས་མང་པོ་རྒྱ་གར་སྐད་ ནས་བོད་སྐད་དུ་བསྒྱུར། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོ་ལ་སྲས་འཇང་
ཚ་ལྷ་དབོན་འཁྲུངས། ཁོང་གི་ཆེད་དུ་རྒྱ་ནག་ལ་བཙུན་མོ་སློང་དུ་བཏང་། རྒྱ་
ནག་གི་རྒྱལ་པོས་ཀེམ་ཤིང་ཀོང་ཇོ་སྲས་འཇང་ཚ་ལྷ་དབོན་གྱི་བཙུན་མོ་ལ་ཕུལ་ ཡང་། བཙུན་མོ་རྒྱ་
ནག་ནས་བོད་ལ་མ་ འབྱོར་གོང་དུ་འཇང་
ཚ་ལྷ་དབོ ན ་གྲོངས་ པས་ཀེ མ ་ཤི ང ་ཀོ ང ་
ཇོ ་ ཡབ་རྒྱལ་པོ ་ ཁྲི ་
ལྡེ་གཙུག་བརྟན་གྱི་བཙུན་མོར་བཞེས།
ཀེམ་ཤིང་ཀོང་ཇོ་གྲོངས་པའི་རྗེས་ལ་
བོད་དང་རྒྱ་ནག་གཉིས་ཀྱི་བར་ལ་དམག་མང་པོ་བརྒྱབས་ནས་རྒྱ་ནག་གི་ས་ཆ་ མང་པོ་བོད་ཀྱིས་ཟིན་པ་རེད། ཕྱི་ལོ་༧༥༥ ལོ་ལ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ གྲོངས་སོ། །
39
སྦྱོང་ཚན། ཀ
དཔོད་བྲིས་གཏོང་དགོས།
ཁྲིམས་ཡིག རི་བོ་རྩེ་ལྔ། ཁས་ལེན་བྱས། ཕམ་ཉེས་བཏང་། བསྟན་བཅོས། ཆབ་སྲིད། ཁྱིམ་མཚེས་རྒྱལ་ཁབ། བོད་ཀྱི་རྒྱལ་པོ། བོད་སྐད་དུ་བསྒྱུར།
བསམ་གྱིས་མི་ཁྱབ་པ།
ཁ། གཤམ་གྱི་བྱ་ཚིག་རྣམས་བེད་སྤྱད་དེ་ཚིག་རྐང་རེ་བྲིས། དཔེར་ན། མི་དེ་སྙུང་ནས་གྲོངས། ལྟ་བུ། གྲོངས།
བསྐོས།
བཞེངས། འཁྲུངས།
བཏང་། ཕུལ།
40
གནང་། བཞེས།
ག
གཡས་ཕྱོགས་སུ་ཡོད་པ་རྣམས་གཡོན་ཕྱོགས་ཀྱི་མིང་རྣམས་དང་མཐུན་ སྦྱོར་གྱིས།
གཡོན་ཕྱོགས།
གཡས་ཕྱོགས།
གུང་རི་གུང་བཙན།
སྲོང་བཙན་སྒམ་པོའི་ཚ་བོ་དང་དགུང་ལོ་ཆུང་བས་
མང་སྲོང་མང་བཙན།
བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་དང་དམག་
འདུས་སྲོང་མང་རྗེ།
རྒྱ་ནག་གི་རྒྱལ་པོས་སྲས་མོ་ཀེམ་ཤིང་ཀོང་ཇོ་ བཙུན་མོར་ཕུལ།
ཁྲི་ལྡེ་གཙུག་བརྟན། འཇང་ཚ་ལྷ་དབོན། མགར་སྟོང་བཙན།
ཆབ་སྲིད་ཀྱི་འགན་མ་བཞེས།
བརྒྱབས་ནས་ཕམ་ཉེས་བཏང་།
རྒྱ་མིའི་དམག་མི་རྣམས་ལ་ཕམ་ཉེས་ཆེན་པོ་བཏང་། དགུང་ལོ་བདུན་ལ་རྒྱལ་པོ་ཆགས་ནས་ནང་ཆོས་ལ་ ཕན་པའི་ཕྱག་ལས་གནང་།
རྒྱལ་པོ་སྲོང་བཙན་སྒམ་པོའི་སྲས་ཡིན། 41
ང
༡། ༢། ༣། ༤། ༥།
གཤམ་གསལ་དྲི་བ་རྣམས་ལ་ལན་ཐུང་ངུ་རེ་བྲིས།
རྒྱལ་པོ་སྲོང་བཙན་སྒམ་པོ་དང་བློན་པོ་རྣམས་ཀྱིས་ཁྲིམས་ཡིག་ག་ ཚོད་བཟོས་ཡོད་དམ།
རི་བོ་རྩེ་ལྔ་གང་དུ་ཡོད་དམ། རི་བོ་རྩེ་ལྔ་ལ་སྲོང་བཙན་སྒམ་པོས་ག་
རེ་བཞེངས་དགོས་གསུངས་པ་རེད་དམ།
སྲོང་བཙན་སྒམ་པོས་ཆབ་སྲིད་ཀྱི་ལས་འགན་མཚམས་བཞག་པའི་
རྗེས་ཡང་བསྐྱར་རྒྱལ་པོ་གནང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
བློན་པོ་མགར་སྟོང་བཙན་གྱིས་ཆབ་སྲིད་ཀྱི་ཕྱག་ལས་གནང་དགོས་
པའི་རྒྱུ་མཚན་གང་ཡིན་ནམ།
སྲས་ཁྲི་ལྡེ་གཙུག་བརྟན་དགུང་ལོ་ག་ཚོད་ལ་རྒྱལ་པོ་གནང་བ་རེད་
དམ།
42
སློབ་ཚན་བརྒྱད་པ།
ཕྱག་དང་མཆོད་པའི་སྐོར། སྤྱིར་བཏང་འཛམ་བུ་གླིང་འདི འི ་ སྟེང་ལ་ཆོ ས ་ལུགས་མི ་ འདྲ་བ་མང་པོ ་ ཡོ ད ་ ཅིང་།
ཆོས་ལུགས་སོ་སོ་ལ་ཕྱག་དང་མཆོད་པ་བྱེད་སྟངས་ཀྱང་མི་འདྲ་བ་སྣ་
ཚོགས་ཡོད།
ནང་པ་སངས་རྒྱས་པ་རྣམས་ཀྱི་ཕྱག་འཚལ་སྟངས་ནི། ལག་པ་གཉིས་ཐལ་ མོ་སྦྱར་ནས། ལུས་དང་། ངག་དང་། ཡིད་གསུམ་གྱི་སྒོ་ནས་དཀོན་མཆོག་ གསུམ་ལ་དད་པ་དང་གུས་ཞབས་བྱེད་ཚུལ་ཞིག་ཡིན།
ཕྱག་ལ་ལུས་དང་། ངག ཡིད་གསུམ་གྱིས་ཕྱག་འཚལ་རྒྱུ་ཡོད། དཀོན་མཆོག་
གསུམ་ལ་དད་པ་བྱས་ནས་ལུས་ཀྱིས་གུས་བཏུད་ཀྱི་བྱ་བ་ཞིག་ལ་ལུས་ཀྱི་ཕྱག་ དང་། ངག་གིས་བསྟོད་པ་བརྗོད་པ་ལ་ངག་གི་ཕྱག སེམས་ནས་དད་གུས་བྱེད་པ་ ལ་ཡིད་ཀྱི་ཕྱག་ཟེར།
ལུས་ཀྱི་ཕྱག་ལ་སྐུམ་ཕྱག་དང་། བརྐྱངས་ཕྱག་གཉིས་ཡོད། 43
སྐུམ་ཕྱག་འཚལ་སྟངས་ནི། པུས་མོ་གཉིས་དང་། ལག་མཐིལ་གཉིས། ཐོད་པ་ བཅས་ཡན་ལག་ལྔ་ངེས་པར་དུ་ས་ལ་ཐུག་པར་བྱེད་དགོས་པ་ཡིན།
བརྐྱངས་ཕྱག་འཚལ་སྟངས་ནི། ལག་པ་གཉིས་སྤྱི་བོ་དང་། མགྲིན་པ། སྙིང་ག་ བཅས་ལ་རིམ་བཞིན་ཐལ་མོ་སྦྱར་ནས་གཟུགས་པོ་ས་ལ་ཕབ་ནས་ཕྱག་འཚལ་ དགོས།
ཕྱག་འཚལ་བའི་ཕན་ཡོན་ཧ་ཅང་མང་པོ་ཡོད་ཀྱང་། མདོར་བསྡུས་ནས་བཤད་ ན།
ལུས་ངག་ཡིད་གསུམ་གྱི་སྒོ་ནས་རང་གིས་སྔར་བསགས་པའི་སྡིག་པ་
དང་། སྒྲིབ་པ་སྦྱོང་བའི་ཐབས་ཡག་ཤོས་ཤིག་ཡིན་པས། ཚང་མས་གང་ཐུབ་ ཐུབ་འབད་བརྩོན་བྱེད་དགོས་པ་ཡིན།
44
མཆོད་པ་ལ་དབྱེ་ན། ༡།
༢།
དངོས་སུ་བཤམས་པའི་མཆོད་པ་དང་།
ཡིད་ཀྱིས་སྤྲུལ་པའི་མཆོད་པ་དང་གཉིས་ཡོད།
དང་པོ། དངོས་སུ་བཤམས་པའི་མཆོད་པ་ནི། རང་ལ་བདག་པའི་དངོས་པོ་སྣ་
ཚོགས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་ལ་ཟེར། དཔེར་ན། ཡོན་ཆབ་ དང་། ཤིང་ཏོག་སོགས་འབུལ་བ་ལྟ་བུའོ།།
གཉིས་པ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནི། མེ་ཏོག་སོགས་ཡིད་དུ་འོང་བའི་ དངོས་པོ་རྣམས་བློ ས ་ བླངས་ནས་དཀོན་ མཆོག་གསུམ་ལ་ མཆོ ད ་པ་འབུལ་
བ་ལ་ཟེར། དཔེར་ན།
ཉམས་དགའ་བའི་ཡུལ་ལྗོངས་དང་། མེ་ཏོག་གི་ལྡུམ་ར་སོགས་བློས་བླངས་ནས་ འབུལ་བ་ལྟ་བུའོ། །
45
མདོར་བསྡུས་ན།
མཆོད་པ་འབུལ་བའི་ཕན་ཡོན་ནི།
སོ་སོའི་བསོད་ནམས་
གསོག་པའི་ཐབས་ཡག་ཤོས་ཡིན་པས་གང་ཐུབ་ཐུབ་འབད་བརྩོན་བྱེད་དགོས་ སོ། །
སྦྱོང་ཚན། ཀ
༡།
༢།
༣།
༤། ༥།
གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།
ནང་པའི་ཕྱག་འཚལ་སྟངས་ལ་གང་འདྲ་ཡིན་ནམ། སྤྱིར་བཏང་ཕྱག་ལ་དབྱེ་བ་ག་ཚོད་ཡོད་དམ།
ལུས་ཀྱི་ཕྱག་འཚལ་སྟངས་ལ་དབྱེ་བ་ག་ཚོད་ཡོད་དམ།
ཕྱག་འཚལ་དུས་ས་ལ་ཐུག་དགོས་པའི་ཡན་ལག་ལྔ་གང་དང་གང་
རེད་དམ།
མཆོད་པ་འབུལ་དུས་འབུལ་སྟངས་མི་འདྲ་བ་ག་ཚོད་ཡོད་དམ། 46
ཁ
གཤམ་གསལ་རྣམས་ལ་འགྲིག་རྟགས་དང་ནོར་རྟགས་རྒྱོབ།
༡། ནང་པ་ཚོས་ཕྱག་འཚལ་དུས་ལག་པ་གཉིས་ཐལ་མོ་སྦྱར་དགོས། ( ༢། སྐུམ་ཕྱག་འཚལ་དུས་ཡན་ལག་བཞི་ས་ལ་ཐུག་དགོས། (
)
༣། མཆོད་པ་ལ་དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་བ་གཉིས་ཡོད། (
)
༤། ཕྱག་འཚལ་ན་སྒྲིབ་པ་དང་སྡིག་པ་དག་གི་མེད། (
༥། ཕྱག་འཚལ་ན་གཟུགས་པོ་བདེ་ཐང་ལ་ཕན་གྱི་ཡོད། (
)
)
)
ག
སློབ་ཕྲུག་རྣམས་མཆོད་ཁང་ནང་འཁྲིད་ནས་མཆོད་རྫས་ངོ་སྤྲོད་བྱེད་
ང
གཤམ་གྱི་ཚིག་སྒྲུབ་ལ་དཔེ་བལྟས་ནས་ཚིག་སྒྲུབ་གསར་པ་རེ་བཟོས།
དགོས།
༡།
ཕྱག་འཚལ། དགོན་པའི་ནང་ལ་ཕྱག་གསུམ་འཚལ་བ་ཡིན།
ཚིག་སྒྲུབ།
47
༢།
མཆོད་པ། ཞོགས་པ་མཆོད་ཁང་ནང་དུ་མཆོད་པ་འབུལ་གྱི་ཡོད།
༣།
དངོས་སུ་བཤམས།
ཚིག་སྒྲུབ།
ངས་མེ་ཏོག་དང་སྤོས་སོགས་དངོས་སུ་
བཤམས་ནས་མཆོད་པ་ཕུལ་ཡོད།
ཚིག་སྒྲུབ། ༤།
ཡིད་ཀྱིས་སྤྲུལ། ངས་མེ་ཏོག་སྣ་ཚོགས་ཡིད་ཀྱིས་སྤྲུལ་ནས་མཆོད་
པ་ཕུལ་བ་ཡིན།
ཚིག་སྒྲུབ།
48
སློབ་ཚན་དགུ་པ།
དག་ཡིག (༡) སྦྱང་གཞི། མཐོ་བའི་སྒང་ནི་ས་སྒང་ལ། །
སྒྱེ་སྣོད་བསྒང་པ་བ་ས་བསྒང་། །
དཔལ་འབྱོར་དཔེ་ཆ་ལ་སོགས་པ། ། ད་ཡིས་འཕུལ་བ་ཤེས་པར་བྱ། །
ཤིང་གི་སྟག་དང་དུད་འགྲོའི་སྟག ། ས་སྟག་ཡིན་པས་ཤེས་པར་བྱ། །
དམིགས་སུ་བཀར་བ་ད་དམིགས་ལ། ། དུད་འགྲོའི་རྨིག་པ་ར་རྨིག་ཡིན། །
འཚོ་བྱེད་སྨན་པ་ས་སྨན་ལ། །
སྐྱེ་བ་དམན་པ་ད་དམན་ཡིན། ། ཁང་པའི་སྒོ་ནི་ས་སྒོ་ལ། །
སྐལ་དུ་བགོ་བ་བ་བགོ་ཡིན། ། 49
སྦྱོང་ཚན། ཀ གཤམ་གསལ་དག་ཆ་རྣམས་ལེགས་པར་སྦྱོངས། ༡།
སྒང་
རྐུབ་སྟེགས་སྒང་ལ་བསྡད།
༣།
དཔལ་
ཕྱུག་པོ་དཔལ་འབྱོར་ཅན།
༢།
༤། ༥།
༦།
༧། ༨།
༩།
༡༠། ༡༡།
༡༢།
བསྒང་
འབྲུ་བླུགས་ནས་སྒྱེ་སྣོད་བསྒང་།
དཔེ་
དཔེ་ཆ་ཡང་ཡང་ཀློགས།
སྟག་
ཤིང་སྟག་མའི་མེ་ཏོག་སྐྱེས།
སྟག་
དམིགས་ རྨིག་ སྨན་
དམིགས་སུ་བཀར་ནས་སྦྱངས། རྟ་ལ་རྨིག་ལྕགས་བརྒྱབ། ན་ཚར་སྨན་བཅོས་བྱེད།
དམན་ སྒོ་
སྟག་དང་གླང་ཆེན་འཛིང་།
མཆོག་དམན་ཀུན་ལ་བསྟུན། བགོ་
སྒོ་ལ་སྒོ་ལྕགས་བརྒྱབ། 50
ཚང་མར་བགོ་བཤའ་བརྒྱབ།
ཁ གཤམ་གསལ་རྟགས་ཅན་རྣམས་དག་ཆ་ནོར་བཅོས་གྱིས། ༡། ཁང་པའི་བགོ་ཕྱེས་ནས་ནང་དུ་འཛུལ། ༢། རིའི་བསྒང་ལ་སྨུག་པ་འཐིབ།
༣། ཁྱོ་ག་དང་སྐྱེ་སྨན་ཐོབ་ཐང་འདྲ་མཉམ་རེད། ༤། སྐུ་ལུས་རྟག་མོ་ལ་སྦྱིན་པ་བཏང་། ༥། སྤྱོད་པ་ཡ་རབས་ལས་པེ་བླངས། སྦྱང་གཞི། མགྱོགས་པོར་འགྲོ་བ་མ་མགྱོགས་ལ། །
ཁྱོགས་ལ་འགྱོགས་པ་འ་འགྱོགས་ཡིན། ། ཕྱག་ཏུ་བཞེས་པ་བ་བཞེས་ལ། །
དུས་ཀྱི་གཞེས་པ་ག་གཞེས་ཡིན། །
གཞོན་ནུ་མ་ནི་ག་གཞོན་ལ། །
འོག་ཏུ་བཞོན་པ་བ་བཞོན་ཡིན། ། ཤིང་གི་སྨྱུག་མ་ས་སྨྱུག་ལ། །
གཉུག་མར་གནས་པ་ག་གཉུག་ཡིན། ། 51
ཉེ་བས་གཉེན་དང་བཤེས་གཉེན་དང་། །
གཉེར་པ་ལ་སོགས་ག་གཉེར་ཡིན། ། རྣ་བར་སྙན་དང་སྙན་གྲགས་དང་། ། ཚུར་ལ་བསྙེན་པ་ས་བསྙེན་ཡིན། །
སྦྱོང་ཚན། བར་སྟོང་རྣམས་སུ་འདེམས་སྐོང་བྱོས། ཁོང་ང་ཚོའི་
གཡོན།
ཚན་རེད།
ཕ་མར་
བཀུར་ཞུ།
རྐང་པར་
འབུར་ཐོན།
གླུ་གཞས་ དགེ་བའི་བཤེས་
པོ་བཏང་སོང་། བསྟེན།
52
གཡས།
གཉན་ / གཉེན་ / བསྙེན་ / གཉེན་ / སྙན་
སློབ་གྲྭར་
ཤུགས་ཀྱིས་འདེགས་ རྟག་པར་དབུ་ཞྭ་ གནངས་
རྟར་
པོར་སླེབས།
།
བྱེད།
འབྱོར་གྱི་རེད།
དུས་ཡོན་ཏན་སྦྱོངས། ནས་བོད་དུ་ལོག
མས་མདའ་བཟོས།
མར་གནས་པའི་སེམས་ཅན།
ཁོང་དགོན་པའི་ ཁྱི་ཡིས་སྣ་
པ་རེད།
་།
53
མགྱོགས་ / འགྱོགས་
གཞེས་ / བཞེས་
བཞོན་ / གཞོན་
གཉུག་ / སྨྱུག་
བསྙེར་ / གཉེར་
སྦྱང་གཞི། རློན་པ་རླངས་པ་རླབས་ཆེན་གསུམ། །
ར་ལ་ལ་འདོགས་ཤེས་པར་བྱ། །
གཡང་ས་གཡང་ནོར་ག་གཡང་ལ། །
གླུ་དབྱངས་ལེན་པ་ད་དབྱངས་ཡིན། །
མིག་འཕྲུལ་སྒྱུ་མ་ས་སྒྱུ་ལ། ། ལུས་ཀྱི་རྒྱུ་མ་ར་རྒྱུ་ཡིན། །
རིན་ཆེན་མཚལ་ནི་མ་མཚལ་ལ། །
ཞེ་སའི་འཚལ་ནི་འ་འཚལ་ཡིན། །
རྒྱ་མཚོ་དག་ནི་མ་མཚོ་ལ། །
ཕྱུགས་ཟོག་འཚོ་བ་འ་འཚོ་ཡིན། ། རྟ་སོགས་འཚེར་བ་འ་འཚེར་ལ། །
འབྲོག་གི་མཚེར་ས་མ་མཚེར་ཡིན། །
54
སྦྱོང་ཚན། ཀ གཤམ་གསལ་ཚོན་མདོག་ཅན་རྣམས་ཀྱི་དག་ཆ་ནོར་བཅོས་གྱིས།
༡། དམར་པོ་འཚལ་གྱི་མདོག
༢། བླ་མར་ཕྱག་མཚལ། ༣། མཐའ་ཡི་རྒྱ་འཚོ། ༤། བ་ཕྱུགས་མཚོ་བ།
༥། རྟ་མཆོག་མཚེར་བཞིན་འདུག ཁ གཤམ་གསལ་རྣམས་ཀྱི་དག་ཆ་བློར་ངེས་པ་གྱིས། ༡། གཡང་
གཡང་བུམ།
༣། གཡང་
གཡང་ལ་ཟགས།
༢། དབྱངས་ ༤། སྒྱུ་ ༥། རྒྱུ་
དགའ་བའི་གླུ་དབྱངས་ལེན། མི་གཡོ་སྒྱུ་ཅན།
ལས་རྒྱུ་འབྲས་བརྩི། 55
ག
གཤམ་གྱི་བར་སྟོང་རྣམས་སུ་འདེམས་སྐོང་བྱོས། རྒྱ་མཚོའི་ ལག་ཏུ་ ས་ཆ་
རྒྱལ་པོ་དང་
རྒྱ་མཚོའི་རྦ་ ཕ་མའི་
པ།
བླངས་/རླངས་
།
པ།
རློན་/བློན་
པོ།
གཡོ།
བྱ་ཉན།
56
རླབས་/བསླབ་
སློབ་ཚན་བཅུ་པ།
སྦྱང་གཞི།
དག་ཡིག (༢)
མཚེར་དུ་བསྐྱལ་བ་མ་མཚེར་ལ། །
རིན་ཆེན་གསེར་ནི་ག་གསེར་ཡིན། ། བསེར་མ་ལངས་པ་བ་བསེར་ལ། །
རི་དྭགས་གཉན་ནི་ག་གཉན་ཡིན། །
སྙན་པའི་སྒྲ་ནི་ས་སྒྲ་ལ། །
སྡང་བའི་དགྲ་ནི་ད་དགྲ་ཡིན། ། རོལ་མོའི་སྒྲ་ཡང་ས་སྒྲ་ལ། །
གོང་མའི་གསུང་ནི་ག་གསུང་ཡིན། །
དྲི་བསུང་དག་ནི་བ་བསུང་ལ། ། བྱ་བ་བཤོལ་བ་བ་བཤོལ་ཡིན། །
ཞིང་རྨོ་གཤོལ་ནི་ག་གཤོལ་ལ། །
སངས་རྒྱས་བསྟན་པ་ས་བསྟན་ཡིན། ། 57
སྦྱོང་ཚན། ཀ
༡།
༣། ༥། ཁ
༡། ༢། ༣། ༤།
གཤམ་གསལ་ཚོན་མདོག་ཅན་རྣམས་ཀྱི་དག་ཆ་ནོར་བཅོས་གྱིས། རླུང་གསེར་བུ་ལངས།
༢།
རི་དྭག་གིས་ཆུ་འཐུང་།
སྤོས་ཀྱི་དྲི་གསུང་ཞིམ། ༤།
སློབ་སྦྱོང་ཕྱི་གཤོལ་མ་བྱེད།
ཐོང་བཤོལ་གྱིས་ཞིང་རྨོ། ༦།
འདེམས་སྐོང་གྱིས།
སྡང་བའི་སྒྲ་བོ་ཞི་བས་བཏུལ།
བཞུགས་
སྤྲོ་པོ་ཡོད་པས་
སྣང་མེད་པར་
རིན་ཆེན་
གྱིས་བཟོས་པའི་རྣ་རྒྱན་
པོ་རེད།
བཞུགས་རོགས་གྱིས། (མཚེར་/འཚེར་) (སེར་/གསེར་) སངས་རྒྱས་ཀྱི་
པ་རིན་པོ་ཆེར་དད་པ་
རྣ་བས་རོལ་མོའི་
ལ་ཉན་ནས་
སྐྱེ་དགོས། (བསྟན་/བརྟན་) 58
པོ་ཞིག་ བོ་ཡོང་བ་མ་
༥། ༦། ག
ཤེས། (དགྲ་/སྒྲ་) སློ བ ་སྤྱིས་
བཤད་གནང་སྐབས་དྲི་
རི་དྭགས་
གྱིས་སྒྲ་ལ་
འཐུལ། (བསུང་/གསུང་) (ཉན་/གཉན་)
ནས་བསྡད།
གཤམ་གསལ་ཡི་གེ་རྣམས་ཀྱི་སྒྲ་གདངས་ཀྱི་ཁྱད་པར་བསྡུར། མཚེར། - ཚེར།
གསེར། - སེར།
གསུང་། - སུང་།
སུ། - བསུ།
གཉན། - ཉན།
དགྲ། - གྲ།
དྭགས། - དག
གོང་། - དགོང་།
སྡང་། - དང་།
དྲི། - འདྲི།
རྨོ། - མོ།
སངས། - ཟངས། 59
ཞི མ ་པོ ་
སྦྱང་གཞི། རིན་ཆེན་གཟི་ནི་ག་གཟི་ལ། །
ཆང་གིས་བཟི་བ་བ་བཟི་ཡིན། ། ཁ་ལ་མངར་བ་མ་མངར་ལ། །
གཡུར་དུ་དངར་བ་ད་དངར་ཡིན། །
འབྱུང་བའི་རྡོ་ནི་ར་རྡོ་ལ། །
འཛེགས་པའི་སྐས་ནི་ས་སྐས་ཡིན། ། ཆུ་ཡི་རྐ་ནི་ར་རྐ་ལ། །
སྡུག་བསྔལ་བ་ནི་བ་ས་བསྔལ། །
མངལ་ནས་སྐྱེས་པ་མ་མངལ་ལ། ། ལུས་ཀྱི་རྨ་ནི་ར་རྨ་ཡིན། །
ཁ་དོག་དམར་བ་ད་དམར་ལ། །
བྱིན་རླབས་རྦ་རླབས་ར་ལ་འདོགས། ། 60
སྦྱོང་ཚན། ཀ
གཤམ་གསལ་རྟགས་ཅན་རྣམས་ཀྱི་དག་ཆ་ནོར་བཅོས་གྱིས།
ལོ་གསར་ཆང་སྐོལ་གྱིས་ར་གཟི༵།
བུ་རམ་དང་སྦྲང་རྩི་ཁ་ལ་དང༵ར།
ས་སྡོ༵་བརྩིགས་ནས་ཁང་པ་བརྒྱབ།
གཞིས་ལུས་བོད་མིས་སྡུག་མང༵ལ་མྱོང་། ཁ
༵ ་ལ་འཛེགས་ཏེ་ཕྱིན། ཐོག་ཁར་རྐས
གཤམ་གསལ་གྱི་སྒྲ་གདངས་བསྡུར་ནས་མི་མཐུན་པ་མཇུག་གི་རེའུ་ མིག་ཏུ་སྐོངས།
ཟི་
གཟི་
བཟི་
མངར་ ངར་
དངར་
སྐས་
ཀས་
བཀས་
དམར་ མར་
སྨར་
བསྔལ་ མངལ་ ངལ་
དོ་
61
རྡོ་
སྡོ་
ག
གཡོན་གྱི་བར་སྟོང་རྣམས་སུ་ཁ་སྐོང་གང་དགོས་གཡས་ནས་བཙལ་ཏེ་ བྲིས།
ཁྱིས་རྨུགས་ནས་
གཡོན།
བཟོས།
གཡས།
དམར་
མེ་
ལྷེམ་མེར་འབར།
རླབས་
ཆུ་
ནས་ཆུ་འདྲེན།
རླབས་
རྒྱ་མཚོའི་རྦ་ སེམས་ལ་བྱིན་
གཡོ།
འཇུག
62
རྨ་
རྐ་
སྦྱང་གཞི། ལུས་ཀྱི་སྨེ་བ་ས་སྨེ་ལ། །
ལྕང་མ་ལྕུག་མ་ལྕག་ཚན་དང་། ། ལྕི་བ་ལྕགས་དང་ལྕེ་ལ་སོགས། ། ལ་ལ་ཅ་འདོགས་ཤེས་པར་བྱ། །
གཅོང་ནད་གཅོད་བྱེད་ག་ཡིས་འཕུལ། ། རྟ་ཡི་རྟེའུ་རྟོད་ཕུར་དང་། །
བྱ་རྒོད་མི་རྒོད་ར་རྒོད་རྣམས། ། ར་ལ་ག་བཏགས་ཤེས་པར་བྱ། །
ཚོམ་བུ་དགོད་པ་ད་དགོད་ལ། ། གད་མོ་རྒོད་པར་ར་རྒོད་ཡིན། །
འགྲེལ་བཤད་གཏམ་བཤད་པགས་པ་བཤུ། ། བ་ཡིས་འཕུལ་བ་ཤེས་པར་བྱ། ། 63
སྦྱོང་ཚན། ཀ
གཤམ་གསལ་དག་ཆ་རྣམས་བློ་ལ་ངེས་པར་གྱིས།
༣།
གཅོད་བྱེད་གྲི།
༡།
༥།
༧།
ཁ
༡།
༢།
གདོང་གི་སྨེ་བ།
༢། ན་ཚ་གཅོང་ནད།
རྩ་བའི་འགྲེལ་བཤད།
༦། སྐད་ཆ་བཤད།
པགས་པ་བཤུ།
འདེམས་སྐོང་གྱིས། ལྕེ་
ཤིང་
ལྕགས་
༨། ཚོམ་བུ་དགོད་པ། ལྕག་
མའི་སྡོང་པོ་སྐྱེས།
ཤིང་གི་ཡལ་ག་མཉེན་
༣།
རྟ་ལ་
༥།
ཟས་ཀྱི་བྲོ་བ་
༤།
ལྕང་
༤། རྟོད་ཕུར་ལ་བཏགས།
བཟོ་གྲྭར་ངར་
ལྕུག་
ལྡན།
ཚན་གཞུས་ཏེ་དེད། བཞུས།
ཡིས་མྱངས། 64
ག
གཡོན་གྱི་མིང་རྣམས། གཡས་ཀྱི་བར་སྟོང་ཁག་ཏུ་མ་ནོར་བར་བྲིས། གཡོན།
མི་རྒོད་
གནམ་ལ་
བྱ་རྒོད་
སྤང་ལ་
གད་མོ་ ར་རྒོད་
དགོད་བྱ
ནགས་སུ་ ཡི་གེར་
དགའ་ནས་
65
གཡས།
འཕུར། རྒྱུ།
འཚོ།
འི་དོན།
ཤོར།
སློབ་ཚན་བཅུ་གཅིག་པ།
ཕོ་བྲང་པོ་ཏ་ལ། པོ་ཏ་ལ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ལ། བོད་སྐད་དུ་རི་བོ་གྲུ་འཛིན་ཞེས་ ཟེར། བོད་ཀྱི་ཡུལ་དབུས་ཀྱི་གྲོང་ཁྱེར་ལྷ་སར་གླང་ཆེན་འཕྲེད་ཉལ་ལྟ་བུའི་རི་ཞིག་ ཡོད། རི་དེ་ལ་དམར་པོ་རི་ཟེར། རི་དེ་ཐོག་མ་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་ བཙན་གྱི་སྒྲུབ་གནས་ཤིག་ཡིན། དེ་རྗེས་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་
རྒྱལ་ས་ཡར་ཀླུང་དུ་ཡོད་པ་དེ་དམར་པོ་རིར་སྤོས། ཕྱི་ལོ་༦༤༡ ལོར་སྲོང་བཙན་
སྒམ་པོས་དམར་པོ་རིའི་སྟེང་དུ་ཕོ་བྲང་དཀར་པོ་ཞེས་པ་གསར་དུ་བཞེངས་པ་ རེད།
ཕོ ་ བྲ ང ་ དེའི་ནང་
ཆོ ས ་ 66
རྒྱ ལ ་
སྲོང་བཙན་སྒམ་པོས་སྒྲུབ་པ་གནང་ས་ཆོས་རྒྱལ་སྒྲུབ་ཕུག་ཅེས་པ་དེ་ཡང་ཡོད།
ཕྱིས་སུ་བལ་ཡུལ་ནས་བཞེས་པའི་བཙུན་མོ་བལ་བཟའ་ཁྲི་བཙུན་གྱིས་ཕོ་བྲང་ དཀར་པོ་རྒྱ་བསྐྱེད་གནང་།
ཕོ་བྲང་དེའི་ཆོས་རྒྱལ་སྒྲུབ་ཕུག་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།
རྒྱ་
བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན། བློན་ཆེན་མགར་སྟོང་བཙན། ཐོན་མི་སམ་ བྷོ་ཊ་སོགས་ཀྱི་སྐུ་བརྙན།
དེ་བཞིན་རྩ་ཆེ་བའི་ནང་རྟེན་མང་དག་ཡོད་པ་ད་
ལྟའང་མཇལ་རྒྱུ་ཡོད། སྐུ་བརྙན་དེ་རྣམས་བོད་ཀྱི་སྔ་མོའི་རྩ་ཆེ་བའི་ཤུལ་བཞག་ ཤ་སྟག་ཡིན།
67
༸རྒྱལ་མཆོག་སྐུ་ཕྲེང་ལྔ་པས་བོད་ཆོལ་ཁ་གསུམ་གྱི་ཆབ་སྲིད་ཀྱི་འགན་དབང་ བཞེས་པའི་རྗེས་ཏེ། ཕྱི་ལོ་༡༦༤༥ ལོར་ད་ལྟའི་ཕོ་བྲང་དཀར་པོའི་རྨང་གཞི་
གསར་འཛུགས་ནང་སྟེ་ལོ་ངོ་བརྒྱད་རིང་བཞེངས་བསྐྲུན་གྱིས་ལེགས་པར་གྲུབ།
༸རྒྱལ་མཆོ ག ་སྐུ་ཕྲེང་ལྔ་པ་དགོ ང ས་པ་རྫོགས་རྗེ ས ་སྡེ ་ སྲིད་སངས་རྒྱས་རྒྱ་ མཚོས་ཕྱི་ལོ་༡༦༩༠
ནས་བཟུང་ལོ་བཞིའི་རིང་སྔར་གྱི་ཕོ་བྲང་དཀར་པོ་དེའི་
ཐོ ག ་ད་ལྟ་མཇལ་དུ་ཡོ ད ་པའི ་ རྒྱ་ཆེ ་ བའི ་ ཕོ ་ བྲང་དམར་པོ ་ གསར་དུ་བཞེ ང ས་
གནང་བ་རེད། ཕོ་བྲང་པོ་ཏ་ལར་ཐོག་བརྩེགས་༡༣ ཡོད་པ་དང་། མཐོ་ཚད་ཕི་ཌི་ ༡༡༠ རྒྱ་ཁྱོན་ལ་ཕི་ཌི་གྲུ་བཞི་མ་༡,༣༠,༠༠༠ ལྷག་ཡོད།
རྒྱལ་མཆོག་ལྔ་པ་ནས་བཟུང་ཕོ་བྲང་པོ་ཏ་ལ་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ བཞུགས་སའི་ཕོ་བྲང་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་ལས་ ཁུངས་ཁག་ཚུགས་སའང་ཡིན།
ཕོ ་ བྲང་པོ ་ ཏ་ལའི ་ ནང་རྒྱལ་དབང་སྐུ་ཕྲེང་རི མ ་བྱོན་གྱི ་ སྐུ་གདུང་ཁག་དང་།
འཕགས་པ་ལོ་ཀེ་ཤྭ་ར་སོགས་བྱིན་རླབས་ཤིན་ཏུ་ཆེ་ཞིང་ལོ་རྒྱུས་ལྡན་པའི་སྐུ་ གསུང་ཐུགས་རྟེན་གྲངས་མེད་བཞུགས་པའི་ལྷ་ཁང་དང་། དེ་བཞིན་གཟིམ་ཆུང་། ཚོམས་ཆེན། ཡིག་ཚང་། གྲྭ་ཤག དཔེ་མཛོད། སློབ་གྲྭ། མཛོད་ཁང་། ཁྲིམས་ 68
ཁང་སོགས་ཕུན་སུམ་ཚོགས་པའི་གྲོང་སྡེ་ཆེན་པོ་ལྟ་བུ་ཞིག་ཡོད།
ཕོ་བྲང་པོ་ཏ་ལ་ནི་རི་ལྡེབས་ལ་ཆགས་པས་ས་ཡོམ་དང་། ཆར་རླུང་དྲག་པོ་གང་ འདྲ་ཞིག་ཡོང་ཡང་གནོད་སྐྱོན་གཏོང་མི་ཐུབ། དེ་བཞིན་ཕྱི་ཡི་བཟོ་དབྱིབས་དང་ བརྗིད་ཉམས། ནང་གི་བརྐོས་རྒྱན་དང་ནང་རྟེན་སོགས་གང་གི་ཐད་འགྲན་ཟླ་བྲལ་ ཞིང་། འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ཕོ་བྲང་ཞིག་ཡིན་ནོ། །
སྦྱོང་ཚན། ཀ མིང་ཚིག་རྣམས་ཡང་ཡང་ཀློག་པ་དང་། དཔོད་བྲིས་གཏོང་དགོས། སྒྲུབ་གནས།
འགྲན་ཟླ་བྲལ།
ཤུལ་བཞག
ཆབ་སྲིད།
བརྐོས་རྒྱན།
བཟོ་དབྱིབས།
ས་ཡོམ།
སྐུ་གསུང་ཐུགས་རྟེན།
འགན་དབང་། རྒྱ་བསྐྱེད་གནང་། སྐུ་གདུང་།
69
གསར་པ་བཞེངས།
ཁ
༡། ༢།
༣།
༤། ༥།
༦། ༧།
གཤམ་གསལ་དྲི་བ་རྣམས་ཀྱི་ལན་བྲིས།
པོ་ཏ་ལ་ཞེས་པ་ཡུལ་གང་གི་སྐད་རེད་དམ།
རམ།
བོད་སྐད་ལ་གང་ཟེར་
པོ་ཏ་ལ་གྲོང་ཁྱེར་དང་ས་ཆ་གང་དུ་བཞེངས་ཡོད་དམ།
པོ་ཏ་ལའི་རྒྱ་ཁྱོན་དང་མཐོ་ཚད་ཇི་ཙམ་ཡོད་དམ།
པོ་ཏ་ལའི་ནང་བོད་གཞུང་གི་ལས་ཁུངས་ཁག་ཚུགས་ས་སུའི་སྐབས་
ནས་འགོ་བཙུགས་པ་ཡིན་ནམ།
པོ་ཏ་ལའི་ནང་རྩ་ཆེན་གྱི་སྐུ་གསུང་ཐུགས་རྟེན་ག་རེ་ག་རེ་ཡོད་དམ།
པོ་ཏ་ལའི་མཐའ་མའི་བསྐྱར་བཟོ་དང་ད་ལྟའི་ཕོ་བྲང་དམར་པོ་གསར་
པ་བཟོ་མཁན་སུ་རེད་དམ།
པོ་ཏ་ལར་ས་ཡོམ་དང་རླུང་འཚུབ་སོགས་ཀྱིས་གནོད་སྐྱོན་གཏོང་མི་
ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
70
ག
ཕྲད་དང་བཅས་མཐུན་སྦྱོར་གྱིས།
སྡེ་སྲིད་སངས་རྒྱས་རྒྱ་མཚོ་ བལ་བཟའ་ཁྲི་བཙུན་
རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ ལྷ་ཐོ་ཐོ་རི་གཉན་བཙན་
བོད་ཀྱི་རྒྱལ་ས་ལྷ་སར་སྤོས་
གྱི་
སྒྲུབ་གནས་ཡིན། ཕོ་བྲང་བཞེངས།
ཡིས་
ཕོ་བྲང་དཀར་པོ་རྒྱ་བསྐྱེད།
གྱིས་
ད་ལྟའི་ཕོ་བྲང་དཀར་པོ་བཞེངས་སྐྲུན་གནང་།
ཏེ་
ཕོ་བྲང་དམར་པོ་གསར་བཞེངས་གནང་།
ང
གཤམ་གྱི་བརྗོད་གཞི་གང་རུང་ཐོག་རྩོམ་ཡིག་འབྲི་དགོས།
ཅ
ཀློག་རྩལ།
ཨ་རིའི་ཕོ་བྲང་དཀར་པོ།
ངེད་ཚང་གི་ཁང་པ།
ང་ཚོའི་འཛིན་ཁང་།
གོང་གི་སློབ་ཚན་དུས་ཡུན་སྐར་མ་གསུམ་དང་ཕྱེད་ནང་ཀློག་ཐུབ་པ་བཟོ་དགོས། 71
སློབ་ཚན་བཅུ་གཉིས་པ།
སྒྲོལ་མའི་ནང་གི་མེ་ཏོག་ལྡུམ་ར་ཆུང་ཆུང་། བཀྲ་ཤིས། སྒྲོལ་མ་ལགས། ཁྱོད་ཀྱི་ནང་དུ་མེ་ཏོག་མང་པོ་བཏབ་ཡོད་པ་གོ་ཐོས་ སྒྲོལ་མ།
བྱུང་། མེ་ཏོག་ག་རེ་ག་རེ་བཏབ་ཡོད།
རྒྱ་སེ་མེ་ཏོག་དང་། མེ་ཏོག་ལྕམ་པ། སྟག་གཟིག་མེ་ཏོག ཐག་འཁྱུད་ མེ་ཏོག་སོགས་ཡོད་ཀྱང་། མང་པོ་ཞིག་གི་མིང་ངས་ཤེས་ཀྱི་མེད།
བཀྲ་ཤིས། དེས་ན་ཁྱོད་ཀྱི་ནང་དེ་མེ་ཏོག་ལྡུམ་ར་ནང་བཞིན་ཡོད་པ་འདྲ། སྒྲོལ་མ།
དེ་འདྲ་ཞིག་མེད་ཀྱང་། ཁྱེད་རང་གཟིགས་འདོད་ཡོད་ན་ཕེབས་ན་ འགྲིག
བཀྲ་ཤིས། རྒྱ་སེ་མེ་ཏོག་དེ་སྙིང་རྗེ་མོ་ཡོད་པ་རེད་དམ། སྒྲོལ་མ།
དེ་ཧ་ཅང་སྙིང་རྗེ་མོ་འདུག འདབ་མ་རྣམས་དམར་པོ་ ལྟ་ན་སྡུག་པ་ཞིག་རེད།
72
བཀྲ་ཤིས། རྒྱ་སེ་མེ་ཏོག་ཁ་དོག་དམར་པོ་མ་ཡིན་པ་ཡོད་པ་རེད་དམ། སྒྲོལ་མ།
ཡོད་པ་རེད། ཁ་དོག་སེར་པོ་དང་། དཀར་པོ། ཟིང་སྐྱ་སོགས་ཡོད་
པ་རེད།
བཀྲ་ཤིས། མེ་ཏོག་ལྕམ་པའི་བཟོ་ལྟ་ག་འདྲ་ ཡོད་དམ།
མིང་གོ་བ་དང་
མདོ ག ་དམར་པོ ་ ཞི ག ་ཡི ན ་ སྒྲོལ་མ།
པར་སྣང་།
དེ་ག་རང་རེད། མེ་ཏོག་དེ་བཞད་དུས་འདབ་མ་རྣམས་དམར་ལམ་
ལམ་ཡོད་པ་དང་། ལོ་འདབ་རྣམས་ལྗང་ཐིང་ཐིང་ཡོད་པས་དམིགས་ བསལ་མཛེས་པོ་ཞིག་འདུག
བཀྲ་ཤིས། སྟག་གཟིག་མེ་ཏོག་ག་འདྲ་ཡོད། སྟག་དང་གཟིག་འདྲ་བ་ཡིན་ནམ། སྒྲོལ་མ།
མ་རེད། མེ་ཏོག་གི་འདབ་མའི་སྟེང་དུ་
ཐིག་ལེ་ཡོད་པས་དེ་ལྟར་བཏགས་པ་ རེད།
73
བཀྲ་ཤིས། དངོས་ནས་མཛེས་པོ་ཡོད་པ་འདྲ། ལྟ་ སྒྲོལ་མ།
རུ་འགྲོ་འདོད་བྱུང་སོང་།
ལགས་སོ། །སློབ་གྲྭ་གྲོལ་རྗེས་ངེད་ གཉིས་མཉམ་དུ་ངའི་ནང་དུ་འགྲོ།
སྦྱོང་ཚན། དང་པོ། སློབ་ཕྲུག་གཉིས་རེ་བྱས་ཏེ་སློབ་ཚན་གླེང་མོལ་བྱེད་དུ་འཇུག་དགོས། གཉིས་པ། གཤམ་གྱི་མིང་ཚིག་ལ་ཚིག་སྒྲུབ་བཟོས། སྙིང་རྗེ་མོ།
དམར་ལམ་ལམ།
མེ་ཏོག་ལྡུམ་ར།
སློབ་གྲྭ་གྲོལ།
གསུམ་པ། ཡང་ཡང་བཀླགས་ཏེ་ཚིག་གསར་རྣམས་ཟུར་འདོན་གྱིས། 74
སྒྲོལ་མའི་སེམས་གཏམ། ངའི་ནང་གི་ལྡུམ་ར་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན།
ལྡུམ་རའི་ཕྱོགས་
བཞི་ཡི་མེ་ཏོག་འཇོག་སྟེགས་སྟེང་དུ། མེ་ཏོག་སྣ་ཚོགས་ཡོད་པའི་རྫ་མ་ཆེ་ཆུང་ མང་པོ་ཡག་པོ་བསྒྲིགས་ནས་བཞག་ཡོད། མེ་ཏོག་དེདག་ཨ་མའི་ནོར་བུ་རུ་གྱུར་
ཏེ། སེམས་རྣལ་ལ་ཕབ་སྟེ་ཆུ་གཏོར་བ་དང་། ལུད་དང་ས་འཇོག་པ། གནོད་འབུ་
75
ལེན་པ་སོགས་བྱས་ཏེ་ང་ལས་མེ་ཏོག་ལ་གཅེས་པོ་གནང་གི་ཡོད་པས། སྐབས་ རེར་ངས་རླུང་སྟོན་གྱི་ཡོད། ཡིན་ནའང་། ཨ་མས་དཀའ་ལས་བརྒྱབ་པའི་འབྲས་
བུར་ངེད་ཚང་གི་ལྡུམ་ར་ཆུང་ཆུང་དེའི་ནང་དུ་དབྱར་དགུན་སྟོན་དཔྱིད་མེད་པར་ མེ་ཏོག་རབ་ཏུ་བཞད་ཅིང་། དྲི་བསུང་ཕྱོགས་ཀུན་ཁྱབ། ངེད་ཚང་ལ་ཕེབས་པའི་ སྐུ་མགྲོན་རྣམས་ཀྱིས། “ཇི་འདྲའི་མཛེས་ཤིང་དྲི་མ་ཞིམ་པ་ལ།” ཞེས་ཟེར་དུས། ངའི་སེམས་ནང་དུའང་དགའ་སྤྲོས་རབ་ཏུ་ཁེངས།
76
སློབ་ཚན་བཅུ་གསུམ་པ།
བྱ་ཚིག་སྦྱོང་བརྡར། མ་འོངས་པ།
ད་ལྟ་བ།
འདས་པ།
སྐུལ་ཚིག
བལྟ།
ལྟ།
བལྟས།
ལྟོས།
ཟ།
བཟས།
འགྲོ།
འགྲོ།
སྦྱང་།
སྦྱོང་།
བླང་།
ལེན།
བཟའ།
ཕྱིན།
སོང་།
སྦྱངས།
སྦྱོངས།
བླངས།
ལོངས།
ཟོ།
ང་ཚོ་ཚང་མ་ལྷ་སར་འགྲོ། འགྲོ་གིན་འགྲོ་གིན་དབུས་ལ་བསླེབས། དབུས་ལ་ བསླེབས་ནས་མཆོད་མཇལ་ཕྱིན། ལྷ་ཇོ་བོར་མཇལ་ན་ལྷ་སར་སོང་།
གཟའ་སྤེན་པའི་དགོང་མོར་བརྙན་འཕྲིན་བལྟ་རྒྱུ་ཡོད། ཕྲུ་གུ་ཁ་ཤས་ལྟད་མོ་ལྟ་ གིན་གཉིད་ཤོར་གྱི་རེད། ངས་ཆུ་ཚོད་བཅུ་པ་བར་བལྟས་པ་ཡིན། ཕ་མས་ ཀྱང་ལྟད་མོ་ཡག་པོ་ལྟོས་ཞེས་གསུངས་བྱུང་། 77
ད་ལྟ་སློབ་ཚན་མང་ཆེ་བ་སྦྱང་རྒྱུ་ཡིན། སྦྱོང་བཞིན་པའི་སློབ་ཚན་འདི་ནི་བྱ་
ཚིག་སྦྱོང་བརྡར་རེད། སློབ་ཚན་ལྔ་དྲུག་ཙམ་སྦྱངས་ཟིན། རྒན་ལགས་ཀྱིས་ སློབ་ཚན་རྣམས་ཡག་པོ་སྦྱོངས་ཞེས་བཀའ་སློབ་གནང་།
བཟའ་དགོས་བསམས་ནས་རྩམ་པ་འཐག ཁ་ལ་ཟ་དུས་བྲོ་བ་ཆེ། བཟས་ཚར་ རྗེས་གྲོད་པ་རྒྱགས། ཟས་རྩམ་པ་ཟོ་དང་གཟུགས་པོར་ཕན། བླང་བྱའི་དོན་དེར་བསམ་བློ་ཞིབ་ཏུ་ཐོངས།
དང་དུ་ལེན་པའི་སྐབས་སུ་ཡིད་
གཟབ་གྱིས། བླངས་པའི་རྗེས་ལ་ཚུལ་བཞིན་ཉམས་ལེན་གྱིས། རིན་ཐང་ཆེ་བའི་ གདམས་ངག་ཉམས་སུ་ལོངས།
སྦྱོང་ཚན། ཀ འགྲིག་པ་དེ་ལ་རྟགས་རྒྱོབ། ང་ལྷ་ས་ལ་
ཁ་སང་གློག་བརྙན་
འགྲོ་བ་ཡིན།
བལྟས་པ་ཡིན།
ཕྱིན་པ་ཡིན། ལྟ་བ་ཡིན།
78
སོང་པ་ཡིན།
བལྟ་བ་ཡིན།
འབྲི་ཀློག་ སྦྱངས་བཞིན་ཡོད། བག་ལེབ་ ཟ་རྒྱུ་རེད། ཆུ་
བླངས་ཚར།
སྦྱང་བཞིན་ཡོད།
བཟའ་རྒྱུ་རེད།
ལེན་ཚར།
ཁ བྱ་ཚིག་རྣམས་ལ་ཚིག་སྒྲུབ་རེ་བཟོས། ཕྱིན།
བལྟས།
སྦྱང་།
ག མཐུན་སྦྱོར་གྱིས།
སྦྱོང་བཞིན་ཡོད།
བཟས་རྒྱུ་རེད། བླང་ཚར།
བཟས།
བླངས།
ལྟད་མོར་
བླངས།
ཡི་གེ་
འཁྲབ།
ཟློས་གར་
བཟས།
རྩམ་པ་
བྲིས།
ལག་ཏུ་
བལྟས།
79
ང བྱེད་སྒོ།
ལམ་ཞིག་ཏུ་དངོས་པོ་བྱུར་བུར་བླུགས་པའི་ཐེར་ཆུང་ཞིག་ཡོད།
ངང་པ་དང་།
ཉ། སྦལ་པ་གསུམ་གྱིས་ཐེར་ཆུང་ལ་ཐག་པ་བསྐོན་ཏེ་ངང་པས་ནུས་ཤུགས་གང་ ཡོད་ཀྱིས་གནམ་ལ་འཕུར་ཏེ་ཡར་འཐེན། འཁྱུག་སྟེ་མར་འཐེན།
ཉ་ཡིས་ཤེད་ཡོད་ཚད་ཀྱིས་ཆུ་ལ་
སྦལ་པས་སྟོབས་རྩལ་ཡོད་དགུས་མདུན་དུ་གོག་ནས་
མདུན་ཕྱོགས་ལ་འཐེན་ཀྱང་འགུལ་ཙམ་ཡང་བྱེད་མ་ཐུབ། དངོས་པོ་དེར་ལྗིད་ཚད་དེ་ཙམ་མེད།
80
ཐེར་ཆུང་ནང་གི་
བྱེད་སྒོ་རྣམས་ལེགས་པར་སྒྲུབས། ཀ ཁ
གོང་གི་སྒྲུང་ཐུང་འདིའི་ནང་བྱ་ཚིག་ག་ཚོད་ཡོད་པ་ཟུར་འདོན་གྱིས།
ཐེར་ཆུང་ནང་གི་དངོས་པོ་དེ་ཙམ་ལྗིད་པོ་མེད་ནའང་། ཁོང་གསུམ་གྱིས་སྒུལ་ ཙམ་ཡང་བྱེད་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།
ག
ངང་པ་དང་། ཉ། རུས་སྦལ་གསུམ་གྱིས་ཐེར་ཆུང་འཐེན་སྟངས་ཇི་ལྟར་ཡིན་
ང
ཡང་ཡང་བཀླགས་ཏེ་ནང་དོན་ངེས་པ་བྱེད་དགོས།
ནམ།
ནུས་ཤུགས། ཤེད། སྟོབས་རྩལ། གང་ཡོད། ཡོད་ཚད། ཡོད་རྒུ།
གནམ་ལ་འཕུར་ཏེ་ཡར་འཐེན། ཆུ་ལ་འཁྱུག་སྟེ་མར་འཐེན། མདུན་དུ་ གོག་ནས་འཐེན།
ལྔ་པ། ཡང་ཡང་ཀློག་པ་དང་དཔོད་བྲིས་གཏོང་དགོས། ལམ།
ལམ་ཁ།
ལམ་ཆེན།
ཕྱོགས།
ཤར་ཕྱོགས།
ཕྱོགས་གཅིག
གཡོ།
གཡོ་འགུལ།
གཡོ་སྒྱུ།
ཡང་།
ཡང་ཡང་།
ཡང་དག
81
མཐུན་སྒྲིལ་གྱི་རང་སྒྲ། ཚིག སྟག་ལྷ་རྒྱལ། དབྱངས། བདུད་བྷེ།
ལེན་མཁན། ཤེར་བསྟན། ཆོས་རྒྱལ། ཚེ་སྐྱིད། ཚེ་དབང་ལྷ་མོ། ༡
བོད་པ་ཚོ་མཐུན་སྒྲིལ་བྱོས།
ཨ་ཕའི་གདོང་གི་སྐྱོ་བ་བསམས་ན། བོད་པ་ཚོ་མཐུན་སྒྲིལ་བྱོས།
མདོ་དབུས་ཁམས་གསུམ་མཐུན་སྒྲིལ་བྱོས་དང་། བོད་པ་ཚོ་མཐུན་སྒྲིལ་བྱོས།
ཨ་མའི་སེམས་ཀྱི་མིག་ཆུ་བསམས་ན། བོད་པ་ཚོ་མཐུན་སྒྲིལ་བྱོས།
ཁ་བ་བོད་པས་མཐུན་སྒྲིལ་བྱོས་དང་།
ང་ཚོ་ནི་ཕ་མ་གཅིག་གི་མིང་སྲིང་ཡིན། 82
མི་རིགས་ཤིག་གི་རྒྱུད་འཛིན་ཡིན། གདོང་དམར་བོད་པ་ཚོ།
༢
བོད་པ་ཚོ་མཐུན་སྒྲིལ་བྱོས།
སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམས་ན། བོད་པ་ཚོ་མཐུན་སྒྲིལ་བྱོས།
སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱོས་དང་། བོད་པ་ཚོ་མཐུན་སྒྲིལ་བྱོས།
ཁ་བ་གངས་རིའི་མདུན་ལྗོངས་བསམས་ན། བོད་པ་ཚོ་མཐུན་སྒྲིལ་བྱོས།
ཕུ་ནུ་མིང་སྲིང་མཐུན་སྒྲིལ་བྱོས་དང་།
ང་ཚོ་ནི་སྟོད་ཕྱོགས་འབྲོག་གི་ཕྱུགས་བདག་ཡིན། སྨད་ཕྱོགས་རོང་གི་ཞིང་བདག་ཡིན། གདོང་དམར་བོད་པ་ཚོ།
༣
83
བོད་པ་ཚོ་མཐུན་སྒྲིལ་བྱོས།
ངུ་མ་དགོད་ཀྱི་ལས་དབང་བསམས་ན། བོད་པ་ཚོ་མཐུན་སྒྲིལ་བྱོས།
ཆོལ་ཁ་གསུམ་པོ་མཐུན་སྒྲིལ་བྱོས་དང་། བོད་པ་ཚོ་མཐུན་སྒྲིལ་གྱིས།
རང་དབང་འཚོ་བའི་བདེ་སྐྱིད་བསམས་ན། བོད་པ་ཚོ་མཐུན་སྒྲིལ་གྱིས།
གཞོན་ནུ་ཕོ་མོ་མཐུན་སྒྲིལ་བྱོས་དང་།
ང་ཚོ་ནི་དུས་རབས་གསར་བའི་ཕོ་ཉ་ཡིན། མ་འོངས་གངས་རིའི་བདག་པོ་ཡིན། གདོང་དམར་བོད་པ་ཚོ།
སྦྱོང་ཚན། གཞས་གདངས་དང་བཅས་སློབ་ཕྲུག་རྣམས་ལ་སློབ་དགོས། 84
85