བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་ སློབ་དེབ།
Tibetan Textbook for Tibetan Weekend Schools in North America
འཛིན་རིམ་ལྔ་པ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས།
བསྐྱར་ཞིབ་རྩོམ་སྒྲིག་འགན་ཁུར་བ།
ཚེ་རིང་བསམ་གྲུབ།
རྨང་གཞི་རྩོམ་སྒྲིག
ཀརྨ་དངོས་གྲུབ། བྱམས་པ་མཁས་གྲུབ། ཚེ་བརྟན་ཆོས་འབྱོར།
བསྐྱར་ཞིབ་རྩོམ་སྒྲིག་པ།
བྱ་གཞུང་དཔལ་ལྡན་རྡོ་རྗེ།
དེབ་གཟུགས་དང་
བསྟན་འཛིན་རྡོ་རྗེ། སྐལ་བཟང་ཚེ་རིང་། སྐལ་བཟང་རྒྱ་མཚོ།
རྒྱབ་ཤ་ཇུས་འགོད་པ།
བྱ་གཞུང་དཔལ་ལྡན་རྡོ་རྗེ།
ཞུ་དག
ན་ག་སངས་རྒྱས་བསྟན་དར། བློ་བཟང་ལེགས་སྒྲུབ།
འབྲེལ་མཐུད་པ།
བསྐྱར་ཞིབ་ཚོགས་ཆུང་། བསྐྱར་ཞིབ་ཚོགས་ཆུང་།
བསྟན་འཛིན་དབྱིག་གཉེན། ཚེ་རིང་བཀྲ་ཤིས།
ཚེ་རིང་བསམ་གྲུབ།
(ཤེས་ལྷན་འགན་འཛིན།)
བསོད་ནམས་བཟང་པོ།
(རྩོམ་སྒྱུར་ཚན་པའི་འགན་འཛིན།)
ཨཙཱརྱ་ཀརྨ་སྨོན་ལམ། ཌོག་ཊར་མཆོག
དགེ་འདུན་དོན་ཡོད།
བོད་དགེ་བསམ་གྲུབ།
བྱ་གཞུང་དཔལ་ལྡན་རྡོ་རྗེ།
(ཤེས་རིག་རྩོམ་སྒྲིག་འགན་འཛིན་ཟུར་པ།)
(བོད་ཀྱི་དཔེ་མཛོད་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན།) (བོད་ཡིག་ཚན་པའི་འགན་འཛིན།)
(སམ་བྷོ་ཊའི་བོད་ཡིག་རྒྱུས་སྟོན་པ།) (སློབ་དེབ་རྩོམ་སྒྲིག་པ།)
དཀར་གཞུང་བཀྲ་ཤིས་རྡོ་རྗེ། (སློབ་དེབ་རྩོམ་སྒྲིག་པ།)
ཤེས་རིག་ལས་ཁུངས་། DEPARTMENT OF EDUCATION Central Tibetan Administration
Cable:
SHERIG
Phone:
+91-1892-222572/222721
Fax:
+91-1892-223481
Email:
Education@tibet.net
Web:
www.tcewf.org www.sherig.org/tb
༄༅།
ཆེད་བརྗོད།
།བོད་ཀྱི་སྐད་ཡིག་ནི་བཅུ་ཕྲག་རིག་གཞུང་བདུད་རྩིའི་ཉིང་བཅུད་འཛིན་པའི་སྣོད་བཟང་པོ་དང་
གངས་ལྗོངས་ལུགས་གཉིས་ཀྱི་དབུགས་རྒྱུན་སྐྱོང་བའི་སྲོག་རྩའང་ཡིན།
དེས་ན་རང་གི་སྐད་ཡིག་རྒྱུན་
འཛིན་དང་གོང་སྤེལ་བྱེད་པ་ནི་བོད་མི་ཡོངས་རྫོགས་ཀྱི་ཕྲག་ཏུ་རང་བཞིན་གྱིས་བབས་པའི་འགན་ཁུར་
ཞིག་ཡིན་པ་སྨོས་ཅི་དགོས། མི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱིས་མི་རབས་ མི་ཐོག་བརྒྱུད་ནས་འགྲོ་མ་ཐུབ་ཚེ་མི་རིགས་དེ་ཉིད་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ།
དེར་
བརྟེན་མི་ལོ་བཅུ་ཕྲག་གཅིག་གི་གོང་དུ་བོད་མིའི་སྒྲིག་འཛུགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་བཙན་ བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་ཏེ་ད་ཕན་རྒྱ་བལ་ནང་ལག་བསྟར་ཞུས་ དང་ཞུ་བཞིན་ཡོད་ལ།
དེ་ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བསླབ་གཞི་རྩ་འཛིན་
དང་སློབ་དེབ་སོགས་ལ་བསྐྱར་ཞིབ་དང་བཟོ་འགོད་གསར་གཏོད་གང་ཅིར་གནང་ཡོད།
དེ་མཚུངས་ཕྱི་
ལོ་ ༢༠༡༢ ཟླ་ ༥ པའི་ནང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནུབ་ཕྱོགས་ཡུལ་
གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་ལས་འཆར་གསར་གཏོད་ཀྱིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད་པའི་ཁོངས། ཕྱི་ལོ་ ༢༠༡༣ ཟླ་ ༩ པའི་བྱང་ཨ་མི་རི་ཀའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་སློབ་དགེ་ཚོའི་ཚོགས་
ཆེན་གྱི་གྲོས་ཆོད་དང་། ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚོགས་པའི་བོད་ཀྱི་ སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྐུ་ཚབ་ཀྱི་ཚོགས་འདུའི་གྲོས་ཆོད་དགོངས་དོན་ལ་གཞིགས་ཏེ། འདི་
ནས་སྔར་ཡོད་ལས་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་ནས་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་ནུབ་ཕྱོགས་ I
གནས་བཞུགས་བོད་མིའི་ཕྲུ་གུ་ཚོའི་ཆེད་བསླབ་གཞི་བཟོ་འགོད་མ་དགོས་པར་ཁོངས་སོ་སོ་ནས་བཟོས་ པའི་བསླབ་གཞི་དང་སློབ་དེབ་ལ་བསྐྱར་ཞིབ་དང་། རྩོམ་སྒྲིག་ཕྱག་རོགས། སློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་གནང་ཕྱོགས་བཅས་སུ་ཐག་གཅོད་བྱུང་སྟེ།
ཨ་རིའི་བོད་ཀྱི་སྐུ་ཚབ་དོན་
གཅོད་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་དང་ལས་རོགས་ རྣམས་ཀྱིས་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་དེབ་རྩོམ་སྒྲིག་བྱས་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པ་དང་བསྐྱར་ཞིབ་ཚོགས་ཆུང་ཆེད་བཙུགས་ཀྱིས་བསྐྱར་ཞིབ་
དང་གཏན་འབེབས་གནང་སྟེ། སློབ་དེབ་རྣམས་སྤུས་ཚད་དང་ལག་ལེན་དངོས་ནང་ཚད་ལྡན་ཡོང་སླད། ཕྱི་ ལོ་ ༢༠༡༦ སློབ་དུས་རིང་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནང་ཚོད་ལྟའི་ཐོག་
བེད་སྤྱོད་ལག་བསྟར་གནང་ནས་ཕུལ་འབྱོར་བྱུང་བའི་དགོངས་འཆར་ཁག་དང་། གཞན་ཡང་ལྷག་བསམ་ ཅན་སྒེར་ཁག་གིས་ཡིག་ཐོག་གནང་བའི་དགོངས་འཆར་ཁག་ལ་གཞི་བཅོལ་བ་དང་།
དཔེ་སྟོན་སློབ་གྲྭ་
དང་བོད་ཁྱིམ་གྱི་ཉམས་མྱོང་ཅན་གྱི་སྔོན་འགྲོའི་སློབ་དགེ་དང་། གཞི་རིམ་འོག་མའི་དགེ་རྒན་ཁག་ཅིག་ གདན་ཞུས་ཀྱིས་བསྐྱར་ཞིབ་གནང་ཕྱོགས་གོ་བསྡུར་ཞུས་པ་དང་འབྲེལ།
མཐའ་མའི་བཅོས་སྒྲིག་ཞུས་
པར་ཤེས་རིག་ལས་ཁུངས་ཀྱི་ཆེད་འཛུགས་གནང་བའི་བསྐྱར་ཞིབ་ཚོགས་ཆུང་དང་། སློབ་དེབ་རྩོམ་སྒྲིག་ པ་སྣང་གསལ་བསྟན་འཛིན་ནོར་བུ་བཅས་ཀྱིས་བསྐྱར་ཞིབ་དང་མཐའ་མའི་གཏན་འབེབས་གནང་། ཕྱི་ལོ་
༢༠༡༧ ཟླ་ ༨ ཚེས ༡༢ དང་ ༡༣ བཅས་ཉིན་གཉིས་རིང་གི་ཨ་རིའི་པོརཊ་ལེནཌ་ཚོགས་འདུ་དྲུག་པའི་ ཐོག་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་དེབ་རྣམས་ཕྱི་ལོ་ ༢༠༡༧ སློབ་དུས་ནས་ལག་བསྟར་ གནང་རྒྱུ་དང་།
བསྐྱར་ཞིབ་གནང་ཕྱོགས་ལོ་ལྔ་རེའི་མཚམས་དང་དགོས་གལ་གཟིགས་ཚེ་ལོ་གསུམ་
རེའི་མཚམས་གནང་འཐུས་གཏན་འཁེལ་ཡོད་པ་བཞིན། སློབ་དེབ་འདི་དག་ལག་བསྟར་བརྒྱུད་རིམ་ནང་ བརྗོད་བྱ་རྗོད་བྱེད་དང་། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་དང་།
ཕ་མ། ཚོགས་སྒེར་ཅི་རིགས་ནས་དགོངས་འཆར་ཡིག་ཐོག་གནང་སྐྱོང་ཡོང་བའི་རེ་བ་དང་འབོད་སྐུལ་ཅི་ ཆེ་ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༥ ཉིན། II
བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། THE OFFICE OF TIBET
1228 17th Street NW Washington, DC 20036 Tel: 212.213.5010 Email: ordc@Cbet.net Web: www.Cbetoffice.org
སྔོན་གླེང་།
༄༅། །བྱང་ཨ་མི་རི་ཀའི་བོད་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟ་སྐབས།
ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་ནང་སྤར་མཐིལ་གང་གི་མི་འབོར་རྣམས་ད་ཆ་སུམ་ཁྲི་ལྷག་ཏུ་ གྱུར་ཡོད། འོན་ཀྱང་བྱང་ཨ་མི་རི་ཀའི་ནང་གནས་བཞུགས་བོད་མི་རྣམས་ལ་ཕྱི་དངོས་པོའི་ མཐུན་རྐྱེན་ཕུན་སུམ་ཚོགས་པ་འཛོམས་ཡོད་རུང་།
སྤྱི་ཚོགས་ཀྱི་གནས་སྟངས་འོག་མི་
རིགས་ཀྱི་ངོ་བོ་མཚོན་བྱེད་སྐད་རིགས་ཉམས་པའི་ཉེན་ཚབས་ཀྱང་དེ་བས་ཆེ་བ་ཡོད། དེར་ བརྟེན་འདི་ག་བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་
བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་སླད་ལས་ གཞི་དུ་མ་སྤེལ་དང་སྤེལ་མུས་ལ་བརྟེན།
ད་ཆ་བོད་མིའི་འདུས་སྡོད་ཁག་གི་ནང་བོད་ཡིག་
གཟའ་མཇུག་སློབ་གྲྭ་མང་པོ་འགོ་འཛུགས་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་སློབ་གྲྭ་གྲངས་༢༢ ནང་དང་བླངས་བོད་དགེ་ ༡༤༦ ཡོད་པ་དང་། ཁྱོན་སློབ་ཕྲུག་ཆིག་སྟོང་བཞི་བརྒྱ་ལྷག་ཙམ་
སློབ་ཞུགས་ཀྱིས་གཟའ་མཇུག་ཏུ་འཆར་ཅན་སློབ་གྲྭ་ཚོགས་བཞིན་ཡོད། སློབ་གྲྭའི་ནང་བོད་
ཀྱི་སྐད་ཡིག་ཙམ་མ་ཟད། རིག་གཞུང་འཁྲབ་སྟོན་དང་། རོལ་ཆ། ནང་ཆོས་ངོ་སྤྲོད། བོད་ཀྱི་ རྒྱལ་རབས་ལོ་རྒྱུས་སོགས་སློབ་འཁྲིད་གནང་བཞིན་ཡོད་ནའང་། ས་ཁུལ་སོ་སོའི་དགེ་སློབ་ ཀྱི་གནས་བབ་ལ་གཞིགས་ཏེ་སློབ་འཁྲིད་བྱེད་པ་ལས་སྤྱི་ཡོངས་ཀྱིས་ཚད་འཛིན་བྱེད་སའི་ ཆ་སྙོམས་བསླབ་གཞི་མེད་སྟབས།
ཚང་མས་ཛ་དྲག་དགོས་གལ་གཟིགས་ཏེ་ཨ་རིའི་ནང་ III
འཚར་ལོངས་བྱུང་བཞིན་པའི་ཕྲུ་གུ་ཚོའི་གནས་ཚད་ལ་དཔག་པའི་བསླབ་གཞི་ཞིག་གཏན་
འབེབས་དགོས་པ་ལྟར། འདི་ག་ལས་ཁུངས་དང་། ས་གནས་བོད་དགེ། འཐུས་མི། རྩོམ་
སྒྲིག་པ་རྣམ་པ་བཅས་ཀྱི་ཚོགས་ཆུང་ཟུར་བཙུགས་ཀྱིས་གནས་ཚད་རིམ་པ་གསུམ་དུ་
དབྱེ་སྟེ། སྡེ་ཚན་དང་པོའི་ནང་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་དང་། སྡེ་ཚན་གཉིས་ པའི་ནང་འཛིན་རིམ་གསུམ་པ་ནས་ལྔ་པ་བར།
སྡེ་ཚན་གསུམ་པའི་ནང་འཛིན་རིམ་དྲུག་
པ་ནས་བརྒྱད་པ་བར་བཅས་ཀྱི་སློབ་དེབ་རྩོམ་སྒྲིག་གིས་ཟིན་བྲིས་གནང་ཐུབ་པ་བྱུང་ཡོད། སྡེ་ཚན་གཉིས་པའི་སློབ་དེབ་འདི་ནི་རྩོམ་སྒྲིག་པ་ཀརྨ་དངོས་གྲུབ་ལགས་དང་།
བྱམས་
པ་མཁས་གྲུབ། ཚེ་བརྟན་ཆོས་འབྱོར་ལགས། བསྟན་འཛིན་རྡོ་རྗེ་ལགས། སྐལ་བཟང་ཚེ་ རིང་ལགས།
སྐལ་བཟང་རྒྱ་མཚོ་ལགས་བཅས་ཀྱི་ཚོགས་ཆུང་ནས་རྨང་གཞི་རྩོམ་སྒྲིག་
གནང་བ་ཞིག་ཡིན་པ་དང་། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་
ནས་རྩོམ་སྒྲིག་པ་དང་ཚོགས་ཆུང་ཟུར་བཙུགས་ཀྱིས་བསྐྱར་ཞིབ་དང་། བཅོས་སྒྲིག དེབ་ གཟུགས་ཇུས་འགོད་སོགས་གནང་ཡོད་པས་གོང་གསལ་སྤྱི་སྒེར་ཚང་མར་ཐུགས་རྗེ་ཆེ་ ཞུ་རྒྱུ་ཡིན།
མཐའ་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་
པད་རྡོ་རྗེའི་ངོ་བོར་བརྟན་པའི་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ་དང་།
དཔལ་ལྡན་བོད་
མིའི་སྒྲིག་འཛུགས་ངོས་ནས་ཀྱང་དུས་རྟག་ཏུ་མཐུན་འགྱུར་སྦྱོར་སྤྲོད་མཛད་པར་ཐུགས་རྗེ་ བླ་མེད་དུ་ཆེ་ཞུ་རྒྱུ་བཅས། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས། ཕྱི་ལོ་༢༠༡༧ ཟླ་ ༩ ཚེས་༡༥ ལ།
IV
དཀར་ཆག ཨང་།
སློབ་ཚན།
ཤོག་གྲངས།
༡།. བོད་ཡུལ་ངོ་སྤྲོད།...................................................................................... 2 ༢།. བོད་ཀྱི་རྒྱལ་དར། རྒྱལ་གླུ།..........................................................................9
༣།. བོད་ཀྱི་ལོ་གསར།................................................................................... 13 ༤།. ཚིག་ཕྲད། ཀྱང་ཡང་འང་།.........................................................................20 ༥།. ཤེས་རབ་ལས་བརྩོན་འགྲུས་གལ་ཆེ་བ།......................................................26
༦།.སྤྱང་ཀི་དང་ཁྲུང་ཁྲུང་།..............................................................................30
༧།. མཛད་པ་བཅུ་གཉིས།...............................................................................34 ༨།.
ཚིག་ཕྲད། ཏེ་དེ་སྟེ།.................................................................................37
༩།. མཐུན་པ་སྤུན་བཞི།..................................................................................40 ༡༠།. ཚིག་ཕྲད། མ་མི་མིན་མེད།........................................................................ 45 ༡༡།. བློན་པོ་རིག་པ་ཅན།.................................................................................50
༡༢།. ཉིན་ཐོ་འབྲི་ཚུལ།..................................................................................... 54 ༡༣།. བརྡ་དག་སྦྱོང་བརྡར།................................................................................56
༡༤།. བརྡ་དག་སྦྱོང་བརྡར།................................................................................ 61 1
སློབ་ ཚན། ༡
བོད་ཡུལ་ངོ་སྤྲོད།
ང་ཚོའི་རྒྱལ་ཁབ་བོད་ནི་འཛམ་བུ་གླིང་གི་ཡང་ཐོག་ཏུ་ཆགས་ཡོད། བོད་ཀྱི་ཆ་སྙོམས་ ས་བབ་མཐོ་ཚད་ལ་མི་ཊར་༡༩༠༠ ཡོད་ཅིང་། བོད་ཀྱི་ས་ཁྱོན་ལ་ཀེ་ལོ་མི་ཊར་གྲུ་བཞི་
མ་ས་ཡ་༢.༥ ཡོད། བོད་ཀྱི་ལྷོ་ཕྱོགས་སུ་རྒྱ་གར་དང་བལ་ཡུལ། ནུབ་ཕྱོགས་སུ་ཨབ་
གྷ་ནི་སི་ཐན། བྱང་ཕྱོགས་སུ་ཤར་ཏུར་ཀི་སི་ཐན་དང་ཧོར་སོག་གི་ཡུལ། ཤར་ཕྱོགས་ སུ་རྒྱ་ནག་བཅས་ཡོད།
2
དེར་བརྟེན་བོད་ཀྱི་ཡུལ་ནི་གླིང་ཆེན་ཨེ་ཤི་ཡའི་དཀྱིལ་དུ་
ཆགས་པའི་སྐམ་ས་ཆེན་པོ་ཞིག་ ཡིན།
བོད་ཀྱི་རི་ནི་གངས་རིན་
པོ་ཆེས་གཙོས་པའི་སྟོད་ཀྱི་ཇོ་མོ་ གླང་མ་དང་། བར་གྱི་རོང་བཙན་
ཁ་བ་དཀར་པོ། སྨད་ཀྱི་རྨ་རྒྱལ་ སྤོམ་ར་སོགས་གངས་རི་ཤེལ་གྱི་
མཆོད་རྟེན་ལྟ་བུ་དང་། མཐོ་ཞིང་
ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །
གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། ། རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །
མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །
གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། ། སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། ། དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །
སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །
དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །
ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། ། གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །
ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །
3
བརྗིད་ཆགས་པའི་བྲག་རི་དང་། གཡའ་རི། རྫ་རི། སྨུག་ལ་སྣུམ་པའི་ནགས་རི་དང་སྤང་ རི་བཅས་རི་དང་རི་རྒྱུད་མང་པོ་ཡོད།
བོད་ཀྱི་ས་ཆ་ནི། མཛེས་ཤིང་ཡིད་དུ་འོ ང་ལ། མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཤིང་། ལྗང་ ཐིང་ཐིང་གི་སྤང་ལྗོངས་དང་། ན་ཁ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་བྱེ་ཐང་སོགས་
ཡོད། བོད་ཀྱི་གཙང་པོ་ནི་བོད་ཀྱི་ཆུ་ཆེན་བརྒྱད་དུ་གྲགས་པ་སྟེ། རྨ་ཆུ། འབྲི་ཆུ། ཟླ་ཆུ། རྒྱལ་མོ་རྔུལ་ཆུ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ། སེང་གེ་ཁ་
4
5
འབབ་བཅས་ཡིན་ཞིང་། བོད་ནི་ཨེ་ཤི་ཡའི་ཆུ་བོ་ཁག་གི་འབྱུང་ཁུངས་ཀྱང་ཡིན། བོད་ ཀྱི་མཚོ་ནི། སྔོ་ཞིང་དྭངས་པའི་སྟོད་ཀྱི་མ་ཕམ་གཡུ་མཚོ་དང་། བར་གྱི་གནམ་མཚོ་ཕྱུག་ མོ། སྨད་ཀྱི་མཚོ་སྔོན་པོས་གཙོས་པའི་མཚོ་དང་མཚེའུ་མང་པོ་ཡོད།
སྦྱོང་ཚན། དང་པོ། གཤམ་གསལ་ཚིག་གསར་རྣམས་ལ་ཚིག་སྒྲུབ་བཟོས། འཛམ་གླིང་། སྤང་ལྗོངས། 6
བོད་ཡུལ།
འབྱུང་ཁུངས།
རི་རྒྱུད།
བདུག་སྤོས།
མཚོ།
གཉིས་པ། དྲི་བ་ཁག་ལ་ལན་བྲིས།
༡། བོད་ཀྱི་ཁྱིམ་མཚེས་སུ་རྒྱལ་ཁབ་གང་དང་གང་ཡོད་དམ། ༢། བོད་ཀྱི་གཙང་པོ་ཆེ་ཁག་གི་མིང་བྲིས།
༣། བོད་ཀྱི་ས་ཆ་དེ་གང་འདྲ་ཡོད་མེད་ཤོད།
གསུམ་པ། བར་སྟོང་ནང་དུ་ཁ་སྐོངས་བྱོས། ཡངས་ཤིང་རྒྱ་ཆེ་བའི་་་་་་་་་་་་་་་་་་་་་།
ལྗང་ཐིང་ཐིང་གི་་་་་་་་་་་་་་་་་་་་་་་་་་་་་་།
སྨུག་ལ་སྣུམ་པའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
མེ་ཏོག་སྣ་ཚོགས་ཀྱིས་ཁེངས་པའི་་་་་་་་་་།
མཐོ་ཞིང་བརྗིད་པའི་་་་་་་་་་་་་་་་་་་་་་་་། སྔོ་ཞིང་དྭངས་པའི་་་་་་་་་་་་་་་་་་་་་་་་་་་་་་་་་་་།
བྱེད་སྒོ། སློབ་ཚན་འདི་དང་འབྲེལ་བའི་ལས་གཞི་གང་རུང་སྤེལ་རྒྱུ། ༡། བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་སྲུང་བརྩི་བྱ་རྒྱུ། ༢། ལྷག་དཀར་སྲུང་བརྩི་དང་འབྲེལ་སློབ་ཁྲིད་བྱ་རྒྱུ།
7
༣། ཕ་མར་སོ་སོའི་ལུང་པའི་སྐོར་དྲིས་ཏེ་རྩོམ་ཐུང་ཞིག་བྲིས།
༤། ས་གནས་སུ་ཡོད་པའི་བོད་མི་དགུང་ལོ་བགྲེས་པ་རྣམས་ལ་བོད་ཀྱི་སྐོར་བཅར་འདྲི་ཞུ་ དགོས།
བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ།
བོད་མཁར་ཐོག་མ་ཡུམ་བུ་བླ་སྒང་། བོད་ཡུལ་ཐོག་མ་ཡར་ཀླུང་སོག་ཁ། བོད་ཞིང་ཐོག་མ་ཟོ་དང་རིང་མོ།
བོད་གྲོང་ཐོག་མ་འཕྱིང་བ་སྟག་རྩེ།
8
སློབ་ ཚན། ༢
བོད་ཀྱི་རྒྱལ་དར།
ང་ཚོའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ནི།
ཕྱོགས་གསུམ་དུ་མཐའ་ལྕགས་སེར་
པོས་བརྒྱན་པ་དང་། ནམ་མཁའི་ངོས་སུ་ཁ་དོག་དམར་པོ་དྲུག་འཕྲོས་པ། དབུས་སུ་ བརྗིད་ཆགས་གངས་ཀྱི་རི་བོ་ཤིན་ཏུ་དཀར་བ། གངས་རིའི་རྩེ་ནས་གསེར་མདོག་གི་ ཉི་མ་ཤར་ཏེ་འོ ད་ཟེར་རྒྱ་ཁྱབ་ཏུ་འཕྲོས་པ།
གངས་རིའི་ངོས་སུ་གཡུ་རལ་གསིག་
9
པའི་སེང་གེ་གཉིས་ཁ་སྤྲོད་དུ་འགྱིང་བ། དེ་གཉིས་ཀྱི་ལག་པས་ཁ་དོག་གསུམ་ལྡན་གྱི་
ནོར་བུ་མེ་འབར་ཞིག་གནམ་ལ་བཏེགས་པ་དང་། ཁ་དོག་གཉིས་ལྡན་གྱི་ནོར་བུ་དགའ་ འཁྱིལ་ཞིག་བར་དུ་བཟུང་བ་དེ་ནི་ང་ཚོ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཡིན། གངས་རི།
རྒྱལ་དར་གྱི་རི་མོའི་མཚོན་དོན།
ཁ་དོག་དམར་པོ་དྲུག ཁ་དོག་དམར་པོ་དང་སྔོ་ནག་གཉིས། གངས་རིའི་རྩེ་ནས་ཉི་མ་ཤར་བ། སེང་གེ་གཉིས།
ནོར་བུ་མེ་འབར་ཁ་དོག་གསུམ་ལྡན། ནོར་བུ་དགའ་འཁྱིལ་ཁ་དོག་གཉིས་ལྡན།
10
མཐའ་ལྕགས་ཁ་དོག་སེར་པོ།
ཡུལ་གྱི་བཀོད་པ་མཚོན།
སེ་དང་། རྨུ། ལྡོང་། སྟོང་། བྲུ། དབྲ་སྟེ་བོད་མི་ རིགས་ཀྱི་ཕྱི་མོ་མིའུ་གདུང་དྲུག་མཚོན།
གནས་ཆུང་རྡོ་རྗེ་གྲགས་ལྡན་དང་། དཔལ་ལྡན་ལྷ་མོ་ གཉིས་མཚོན།
བོད་ལྗོངས་སྐྱེ་འགྲོ་ཡོངས་ཀྱིས་རང་དབང་བདེ་སྐྱིད་ ཀུན་སྙོམས་སུ་ལོངས་སྤྱོད་པ་མཚོན།
ཆོས་སྲིད་ཀྱི་འཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་བ་ མཚོན།
བོད་མི་ཡོངས་ཀྱིས་སྐྱབས་གནས་དཀོན་མཆོག་གསུམ་ པོ་གཙུག་ཏུ་བཀུར་བ་མཚོན།
ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་ གི་རང་ཁྲིམས་གཅེས་སྲུང་བྱེད་པ་མཚོན།
སངས་རྒྱས་ཀྱི་བསྟན་པ་ཕྱོགས་དང་། དུས་ཀུན་ཏུ་མུ་ མཐའ་མེད་པར་དར་ཞིང་རྒྱས་པ་མཚོན།
སྦྱོང་ཚན། དང་པོ། འགྲིག་ནོར་ངག་ཐོག་ནས་ལན་ཐོབས། •
ང་ཚོའི་རྒྱལ་དར་ནི། ཕྱོགས་བཞི་ནས་མཐའ་ལྕགས་སེར་པོས་བརྒྱན་
•
དབུས་སུ་གངས་རི་དཀར་པོ་ཞིག་ཡོད། དབུས་ནས་ཉི་མ་ཤར་ཏེ་འོད་ཟེར་
• • • •
ཡོད།
ནམ་མཁའི་ངོས་སུ་ཁ་དོག་དམར་པོ་བདུན་ཡོད། རྒྱ་ཁྱབ་ཏུ་འཕྲོས་ཡོད།
གངས་རིའི་ངོས་སུ་གཡག་གཉིས་ཡོད།
སེང་གེའི་ལག་ཏུ་ནོར་བུ་མེ་འབར་ཞིག་གནམ་ལ་བཏེགས་ཡོད། རྒྱལ་དར་གཡས་ཕྱོགས་སུ་ནོར་བུ་དགའ་འཁྱིལ་ཞིག་ཡོད།
གཉིས་པ། གཤམ་གསལ་དྲི་བ་རྣམས་ལ་ལན་བྲིས།
༡། རྒྱལ་དར་དབུས་ཀྱི་གངས་རིས་གང་མཚོན་ནམ། ༢། ཁ་དོག་དམར་པོ་དྲུག་གིས་གང་མཚོན་ནམ།
༣། ཁ་དོག་དམར་པོ་དང་སྔོ་ནག་གཉིས་ཀྱིས་གང་མཚོན་ནམ།
11
༤། གངས་རིའི་རྩེ་ནས་ཉི་འོད་ཁྱབ་པས་གང་མཚོན་ནམ། ༥། སེང་གེ་གཉིས་ཀྱིས་གང་མཚོན་ནམ།
༦། ནོར་བུ་མེ་འབར་ཁ་དོག་གསུམ་ལྡན་གྱིས་གང་མཚོན་ནམ།
༧། ནོར་བུ་དགའ་འཁྱིལ་ཁ་དོག་གཉིས་ལྡན་གྱིས་གང་མཚོན་ནམ། ༨། མཐའ་ལྕགས་ཁ་དོག་སེར་པོས་གང་མཚོན་ནམ།
བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།
སྲིད་ཞིའི་ཕན་བདེའི་འདོད་རྒུ་འབྱུང་བའི་གཏེར། ཐུབ་བསྟན་བསམ་
འཕེལ་ནོར་བུའི་འོད་སྣང་འབར། བསྟན་འགྲོའི་ནོར་འཛིན་རྒྱ་ཆེར་སྐྱོང་ བའི་མགོན། འཕྲིན་ལས་ཀྱི་རོལ་མཚོ་རྒྱས། རྡོ་རྗེའི་ཁམས་སུ་བརྟན་ པས། ཕྱོགས་ཀུན་བྱམས་བརྩེས་སྐྱོང་། གནམ་བསྐོས་དགའ་བ་བརྒྱ་
ལྡན་དབུ་འཕང་དགུང་ལ་རེག ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས།
བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་བདེ་སྐྱིད་རྫོགས་ལྡན་གསར་པས་
ཁྱབ། ཆོས་སྲིད་ཀྱི་དཔལ་ཡོན་དར། ཐུབ་བསྟན་ཕྱོགས་བཅུར་རྒྱས་པས། འཛམ་གླིང་ཡངས་པའི་སྐྱེ་རྒུ་ཞི་བདེའི་དཔལ་ལ་སྦྱོར། བོད་ལྗོངས་བསྟན་ འགྲོའི་དགེ་མཚན་ཉི་འོད་ཀྱི། བཀྲ་ཤིས་འོ ད་སྣང་འབུམ་དུ་འཕྲོ་བའི་ གཟིས། ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག། །།
12
སློབ་ ཚན། ༣
བོད་ཀྱི་ལོ་གསར།
་
ལོ་གསར་ནི་སྤྱིར་བཏང་མི་རིགས་ཚང་མའི་དགའ་བའི་དུས་སྟོན་གལ་ཆེན་ཞིག་ཡིན།
ལོ་གསར་གཏོང་བའི་དུས་ཚོད་སྔ་ཕྱིའི་ཁྱད་པར་ཕྲན་བུ་རེ་ཡོད་ནའང་རྩ་བའི་ལོ་གཅིག་ 13
གི་དུས་ཚོད་རིང་ཐུང་ལ་ཁྱད་པར་མེད། ང་ཚོ་བོད་ཀྱི་ལོ་གསར་ནི།
ཞིང་པ་ཚོས་སོ་ནམ་དང་སྟབས་བསྟུན་གྱིས་
བོད་ཟླ་བཅུ་གཉིས་པའི་ནང་སྔོན་དུ་གཏོང་སྲོལ་ཡོད། ཡོངས་གྲགས་ནི་ཉི་ཟླ་གཟའ་ སྐར་རྒྱུ་ཕྱོགས་དང་།
རྩི་ཤིང་གསར་དུ་ཁ་འབུས་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་
ནས་བོད་ཟླ་དང་པོའི་ཚེས་གཅིག་ལ་ལོ་གསར་གཏོང་གི་ཡོད།
དེར་བརྟེན་སྔོན་ཚུད་ནས་ལོ་གསར་གྱི་ཆེད་དུ་ཁང་པར་ཚོན་རྩི་གཏོང་བ་དང་།
ནང་མི་རྣམས་ལ་གྱོན་གོས་གསར་པ་དང་། ཀྱི་ཡོད།
ཁ་ཟས་བཟོ་བ་སོགས་གོ་སྒྲིག་བྱེད་
བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་སྔ་དྲོར་ཁྱིམ་གྱི་ཕྱི་ནང་
ཚང་མར་གད་ཕྱིས་གཙང་ཞིང་ཡིད་དུ་འོང་བ་བྱེད། ས་གནས་ཁ་ཤས་སུ་དགུ་གཏོར་ དང་དགུ་འཆམ་མཇལ་རྒྱུ་ཡོད།
དགོང་དྲོར་གྲོ་དང་། འབྲས།
འབྲུ། སྲན་མ།
ཤ ཚལ་སོགས་ཟས་སྣ་མང་པོ་འཛོམས་པའི་དགུ་ཐུག་བསྐོལ་གྱི་ཡོད། བག་རིལ་ནང་རྡོ་དཀར་དང་།
14
སོལ་བ་སོགས་བཟང་ངན་གྱི་རྟགས་སྣ་ཚོགས་
བཅུག་པའི་བག་ཐུག་བསྐོལ་ནས་ནང་མི་རྣམས་གྲལ་དུ་འཁོད། དགུ་ཐུག་འཐུང་བའི་ སྐབས་བག་རིལ་ནང་བཅུག་པའི་རྡོ་དཀར་བྱུང་ན་སེམས་པ་དཀར་པོ་དང་། སོལ་བ་
བྱུང་ན་སེམས་པ་ནག་པོ་མཚོན་པའི་རྟགས་ཡིན་ལུགས་བརྩི་སྲོལ་ཡོད། མཇུག་ཏུ་ གླུད་དང་ཐུག་ལྷག་ལམ་གྱི་བཞི་མདོར་བརྫངས་ཤིང་། བཀྲ་མི་ཤིས་པ་རྣམས་ཞི་བའི་ ཐབས་སྣ་ཚོགས་བྱེད།
བོད་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ལ་གནམ་གང་ཟེར།
ཉིན་དེར་མཆོད་
ཁང་གི་རྟེན་གྱི་དྲུང་དུ། ཁ་ཟས། ཕྱེ་མར། ཆང་ཕུད། ལོ་ཕུད། ལུག་མགོ
མར། འབྲུ་སྣ། ཤིང་ཏོག མངར་ཆ་སོགས་ཀྱི་སྡེར་ཁ་སྒྲིག དེ་བཞིན་དུ་སྡོད་ཤག་ཏུ་གདན་ལྕོག་དང་།
ཐབ་ཚང་ནང་དུའང་སྡེར་ཁ་
སྟབས་བདེ་རེ་སྒྲིག ཐབ་ཚང་གི་རྩིག་ངོས་སུ་ཕྱེ་ཞིབ་ཀྱིས་བཀྲ་ཤིས་རྟགས་བརྒྱད་
15
དང་།
འདོད་ཡོན་སྣ་ལྔ་
སོགས་ཀྱི་རི་མོའི་དཀར་ཐིག་ བཀོད།
བོད་ཟླ་དང་པོའི་ཚེས་
གཅི ག ་ཉི ན ་ཞོགས་པ་རྣམ་ ཀུན་ལས་སྔ་བར་ལངས་ཏེ ་
ཁྲུས་ཀྱི ་ བྱ་བ་ཚར་ནས་རྒྱན་ གོས་གཟབ་མཆོར་གྱོན། རྟེན་
འབྲེལ་གྱི་ཆེད་དུ་ཆུ་ཕུད་ལེན། རྟེན་འབྲེལ་གྱི་འབེལ་གཏམ་སྨྲ་བའི་འབྲས་དཀར་བ་
བཟའ་བཏུང་གིས་ཚིམ་པར་བྱེད། ཕ་མས་གཙོས་པའི་ནང་མི་ཡོངས་རྫོགས་བཞུགས་ གྲལ་དུ་འཁོད་དེ་གྲོ་སོ་ཕྱེ་མར་དང་།
16
ཆང་ཕུད་སོགས་ཕུད་གཏོར་དང་བཅས་བདེ་
སྐྱིད་ཡོང་བའི་ཆེད་དཀོན་མཆོག་ལ་སྨོན་ལམ་འདེབས་ཀྱི་ཡོད། གསོལ་ཇ་བསྲུབས་ མ་དང་། གྲོ་མ་འབྲས་སིལ། ཆང་སྐོལ། གྲོ་ཐུག་སོགས་རོ་བརྒྱའི་བཅུད་དང་ལྡན་པའི་ བཟའ་བཏུང་གི་རིགས་སྣ་ཚོགས་ལ་ལོངས་སུ་སྤྱོད། དང་།
ལོ་གསར་སྐབས་གྲོང་པ་ཁྱིམ་མཚེས་དང་། མགྲོན་པོ་སོགས་ལའང་ཕྱེ་མར་ ཆང་ཕུད་བཏེགས་ཏེ།
བག་དྲོ་སྐུ་ཁམས་བཟང་།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨེ་མ་
གཏན་དུ་བདེ་བ་ཐོབ་པར་ཤོག་ཅེས་བརྗོད་དེ་བཀྲ་ཤིས་
པའི་རྟེན་འབྲེལ་བྱེད། རྐང་བྲོ་གླུ་གཞས་སོགས་རྩེད་མོའི་རིགས་སྣ་ཚོགས་ལ་རོལ་ཏེ་ དགའ་དགའ་སྐྱིད་སྐྱིད་བྱེད་ཀྱི་ཡོད།
བོད་ཚེས་གསུམ་ཉིན་སྔ་དྲོར་ཚེ་བསོད་རླུང་རྟ་ཀུན་ཏུ་དར་བའི་དར་ལྕོག་སྒྲེང་
འཛུགས་དང་། བསང་གསོལ་བཏང་ནས་ལྷ་སྲུང་རྣམས་ལ་མཆོད་གཏོར་གཏོང་བ་ དང་། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་ལྷ་རྒྱལ་འཐེན་སྲོལ་ཡོད།
སྦྱོང་ཚན། དང་པོ། གཤམ་གསལ་དྲི་བ་རྣམས་ལ་ལན་བྲིས། ༡།
ཡོངས་གྲགས་སུ་བོད་ཀྱི་ལོ་གསར་ག་དུས་རེད། 17
༢།
ལོ་གསར་ལ་གྲ་སྒྲིག་གང་བྱེད་དགོས་སམ།
༤།
ལོ་གསར་གྱི་སྡེར་ཁ་ཇི་ལྟར་སྒྲིག་དགོས་སམ།
༣།
བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ལ་གང་བྱེད་དགོས་སམ།
གཉིས་པ། བར་སྟོང་རྣམས་སུ་འདེམས་སྐོང་བྱོས། སྡེར་ཁ་
གདན་ལྕོག་
ཕུད་གཏོར་ དགུ་ཐུག་
༡།
ཐབ་ཚང་ནང་་་་་་་་་་་་་་་་་་ཀྱིས་དཀར་ཐིག་རི་མོ་བཀོད།
༣།
སྡོད་ཤག་ནང་་་་་་་་་་་་་་་་་་་་ཁ་གསར་བརྒྱབ་ཀྱི་ཡོད།
༢།
༤། ༥།
རྟེན་གྱི་དྲུང་དུ་་་་་་་་་་་་་་་་་་་་སྒྲིག་དགོས།
ཕྱེ་མར་དང་ཆང་ཕུད་སོགས་་་་་་་་་་་་་་་་་་་་བྱེད་ཀྱི་རེད། བོད་ཚེས་ཉི་ཤུ་དགུ་ལ་་་་་་་་་་་་་་་་་་་་འཐུང་གི་རེད།
གསུམ་པ། འགྲིག་མིན་ངག་ཐོག་ནས་ལན་རྒྱོབ། 18
ཕྱེ་ཞིབ་
༡།
ལོ་གསར་གཏོང་བའི་དུས་ཚོད་ལ་བརྩི་ཚུལ་མི་འདྲ་བ་མང་བ་མ་ཟད།
༢།
བོད་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་དགུ་ཐུག་བཟོ་ཡི་ཡོད།
༣།
རྩ་བའི་ལོ་གཅིག་གི་རིང་ཐུང་ལའང་ཁྱད་པར་ཆེན་པོ་ཡོད།
གནམ་གང་ཉིན་གྱི་དགོང་དྲོར་རྟེན་གྱི་མདུན་དུ་ཟས་རིགས་སྣ་ལྔའི་
མཆོད་པ་འབུལ་གྱི་ཡོད་ལ། ལུག་མགོ་ཞིག་ཀྱང་བཤམས་སྲོལ་ཡོད།
༤། བོད་ཟླ་དང་པོ་ཚེས་གསུམ་ཉིན་ལུས་ལ་གཟབ་མཆོར་སྤྲས་ཏེ་ཕ་མས་ གཙོས་ནང་མི་རྣམས་བཞུགས་གྲལ་དུ་འཁོད་དེ། གསོལ་ཇ་བསྲུབས་ མ་དང་།
གྲོ་མ་འབྲས་སིལ།
ཆང་སྐོལ།
གྲོ་ཐུག་སོགས་རོ་
བརྒྱའི་བཅུད་དང་ལྡན་པའི་བཟའ་བཏུང་གི་རིགས་སྣ་ཚོགས་ལ་རོལ་བ་ དང་། ཆང་ཕུད་བཏེགས་ཏེ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨེ་མ་བག་དྲོ་སྐུ་ཁམས་བཟང་། ༥།
གཏན་དུ་བདེ་བ་ཐོབ་པར་ཤོག་ཅེས་
བརྗོད་དེ་བཀྲ་ཤིས་པའི་རྟེན་འབྲེལ་བྱེད།
བོད་ཚེས་གསུམ་ཉིན་ནང་མི་ཡོངས་རྫོགས་ནང་དུ་འདུག་པ་ལས་ཕྱི་ལ་ ཐོན་གྱི་མེད་པར། ནང་དུ་གསོལ་ཇ་མཆོད་ནས་སྡོད་ཀྱི་ཡོད།
བྱེད་སྒོ། མི་རྒན་པ་གདན་ཞུས་ཀྱིས་ལོ་གསར་སྐོར་གཏམ་གླེང་གོ་སྒྲིག་ཞུས། 19
སློབ་ ཚན། ༤
ཚིག་ཕྲད། ཀྱང་ཡང་འང་།
ག་ད་བ་ས་དྲག་མཐར་ཀྱང་། །
ང་ན་མ་ར་ལ་མཐར་ཡང་། །
འ་དང་མཐའ་མེད་འང་དང་ཡང་། །
ཞེས་རྗེས་འཇུག་ག་ད་བ་ས་བཞི་དང་། དཔེར་ན།
སེམས་སྡུག་ཀྱང༵་བྱ་ཐབས་བྲལ།
ལག་པས་བཀབ་ཀྱང༵་མི་ཁེབས།
20
ད་དྲག་གི་མཐར་ཀྱང་འཇུག་པ།
དངུལ་སྤྲད་ཀྱང༵་ཉོ་མ་ཤེས། བྲིས་ཀྱང༵་ཚར་མ་སོང་།
སློབ་སྦྱོང་ལ་བརྩོནད་ཀྱང༵་གྲུབ་འབྲས་མ་ཐོན།
རྗེས་འཇུག་ང་ན་མ་ར་ལ་ལྔའི་མཐར་ཡང་འཐོབ་པ།
ལྟ་བུ་དང་།
དཔེར་ན།
ཁོང་ཡ༵ང་སློབ་གྲྭ་ལ་སླེབས་སོང་།
བསྟན་འཛིན་ཡ༵ང་བོད་ལ་ཕྱིན།
སྒྲོལ་དཀར་ཡ༵ང་ཡོང་གི་འདུག
ལམ་ཡ༵ང་བདེ་པོ་འདུག
དགྲ་འདུལ་ཡ༵ང་སློབ་མ་ཡ་རབས་ཤིག་ཡིན།
རྗེས་འཇུག་འ་དང་། དཔེར་ན།
མཐའ་མེད་ལ་འང་དང་ཡང་འཇུག་པ།
ཕ་མར་ཐུག་འཕྲད་བྱུང་དུས་དགའ༵ང་དགའ། །
ཕན་ཚུན་སྐད་བརྡ་མ་འཕྲོད་སྐྱོའ༵ང་སྐྱོ། །
བོད་ལ་ལོག་རྒྱུ་མེད་པས་སྐྱོ་ཡ༵ང་སྐྱོ། །
སྟོབས་ཆེན་ཨ་རིར་སླེབས་དུས་དགའ་ཡ༵ང་དགའ། །
21
གླེང་མོལ། ཚེ་རིང་། སྒྲོལ་མ་ལགས། ཁྱེད་ཀྱི་ཕ་མ་གཉིས་ བོད་ལ་ཕེབས་མྱོང་བ་རེད་དམ།
སྒྲོལ་མ། ལགས་རེད། མ་ཟད་ང་ཡ༵ང་བོད་ལ་ ཕྱིན་པ་ཡིན།
ཚེ་རིང་། ཁྱེད་རང་ཚོ་བོད་ལ་སྐྱིད་པོ་བྱུང་སོང་ ངམ།
སྒྲོལ་མ། དཔེ་སྐྱིད་པོ་བྱུང་སོང་། དེ་དུས་ང་ཚོའི་ འཛིན་གྲྭའི་བསྟན་འཛིན་བདེ་སྐྱིད་ཀྱང༵་
བོད་ལ་ཕེབས་འདུག མོ་རང་ཡ༵ང་སྐྱིད་ པོ་བྱུང་སོང་ལབ་ཀྱི་འདུག
ཚེ་རིང་། འོ་རེད། བོད་ལ་ང་ཡ༵ང་འགྲོ་འདོད་
འདུག་ཀྱང༵་། ད་དུང་འགྲོ་ཐུབ་མ་སོང་།
22
སེམས་སྡུག་ཀྱང༵་ཐབས་ཤེས་མི་འདུག
སྒྲོལ་མ།
རྗེས་མ་ཁྱེད་རང་ཡ༵ང་འགྲོ་ཐུབ་ཀྱི་རེད། སེམས་ཁྲེལ་མ་བྱེད།
སྒྲོལ་མ།
རྒྱ་གཞུང་གིས་དཀའ་ངལ་སྤྲད་ཀྱང༵ ་། བོད་མི་ཚོས་རོགས་པ་བྱས་བྱུང་བས།
ཚེ་རིང་། བོད་དུ་འགྲོ་སྐབས། རྒྱ་གཞུང་གིས་ཁྱེད་ཚོར་དཀའ་ངལ་སྤྲད་མ་སོང་ངམ། དཀའ་ངལ་ཞེ་དྲག་འཕྲད་མ་བྱུང་།
ཚེ་རིང་། བོད་ནང་གི་བོད་མི་ཚོ་གང་འདྲ་འདུག སྒྲོལ་མ།
རྒྱ་མིས་བོད་ནང་གི་གནས་ཚུལ་འགེབས་ཀྱི་འདུག་ཀྱང༵་། བཀབ་ཀྱང༵་ཁེབས་ཀྱི་མི་ འདུག བོད་མི་ཚོ་རྒྱ་གཞུང་ལ་དགའ་པོ་ཁྱོན་ནས་མི་འདུག
ཚེ་རིང་། འོ་རེད་རེད། རྒྱ་མི་དེ་ཚོ་ཧམ་པའ༵ང་ཆེན་པོ་ཡོད་རེད། བོད་ལ་སླེབས་དུས་ཁྱེད་ སྒྲོལ་མ།
རང་ལ་ཚོར་བ་ག་རེ་བྱུང་སོང་།
བོད་ལ་སླེབས་དུས་སེམས་པ་དགའ་ཡ༵ ང་དགའ་བྱུང་ལ། བོད་སྐད་ཡག་པོ་ལབ་
མ་ཤེས་དུས་སྐྱོའ༵ ང་སྐྱོ་བྱུང་། ཕན་ཚུན་གོ་བརྡ་མ་འཕྲོད་པས་སེམས་སྡུག་ཀྱང༵ ་བྱ་
ཐབས་མི་འདུག བྱས་ཙང་། ང་ཚོས་བོད་ཀྱི་སྐད་ཡིག་ཡག་པོ་སྦྱོང་དགོས་ཀྱི་འདུག
ཚེ་རིང་། ལགས་རེད། བོད་ཀྱི་སྐད་ཡིག་དེ་དཔེ་གལ་ཆེན་པོ་འདུག སྒྲོལ་མ།
ལགས་རེད། ཁྱེད་ཀྱིས་གསུངས་པ་བདེན་པ་རེད།
23
སྦྱོང་ཚན། དང་པོ། ཀྱང་ཡང་འང་གསུམ་སྦྱོར་ཚུལ་བྲིས། གཉིས་པ། བར་སྟོང་དུ་ཀྱང་ཡང་འང་གསུམ་མ་ནོར་བར་བྲིས། སྙན་་་་་་་་་་་་་་་་་་་་་་་་་་་་་་་སྙན།
བཀག་་་་་་་་་་་་་་་་་་་་་་་་ཤོར།
བཏབ་་་་་་་་་་་་་་་་་་་་་་་མ་སྐྱེས།
རིང་་་་་་་་་་་་་་་་་་་་་་་་་་་་རིང་།
མཛེས་་་་་་་་་་་་་་་་་་་་་་་མཛེས།
ཁ་་་་་་་་་་་་་་་་་་་་་་་་་་་་་་་་་སྐོམ། ལམ་་་་་་་་་་་་་་་་་་་་་་་་་་་་་་ནོར། དཀོནད་་་་་་་་་་་་་་་་་་་དཀོནད།
དགའ་་་་་་་་་་་་་་་་་་་་་་་དགའ།
ཆར་་་་་་་་་་་་་་་་་་་་་་་་་བབས།
བཤད་་་་་་་་་་་་་་་་་་་་་་མ་ཉན།
ཕུལད་་་་་་་་་་་་་་་་་་མ་བཞེས།
གསུམ་པ། གཤམ་གྱི་ཕྲད་ནོར་བ་རྣམས་དག་པར་བཅོས། • སློབ་གྲོགས་ཚེ་རིང་ཀྱང་རྗེས་ལུས་ཐེབས།
24
• ངས་ཁོང་ཇི་ལྟར་བཙལ་འང་མ་རྙེད།
• སེམས་སྡུག་ཡང་སྡུག་ལ་སྐྱོ་ཀྱང་སྐྱོ། • བོད་ལ་འགྲོ་འདོད་ཀྱང་ཡི་གེ་མ་རག
• ཨ་རི་ན་བོད་པ་ཉུང་ཀྱང་རྡོག་རྩ་ཆིག་སྒྲིལ་ཡོད།
• རྒྱུགས་སྤྲད་ཡང་མ་འཕྲོད། སེམས་སྐྱོ་ཡང་ཅི་ཕན། • དཀའ་ལས་ཁག་འང་དོན་སྙིང་ལྡན།
• ཆུང་དུས་གཟུགས་པོའང་སྦྱོང་བརྡར་བྱེད་དགོས།
• ཕ་མས་ལབ་ཀྱང་ཁ་ལ་མ་ཉན་པས་ནོར་འཁྲུལ་ཤོར།
25
སློབ་ ཚན། ༥
ཤེས་རབ་ལས་བརྩོན་འགྲུས་ གལ་ཆེ་བ།
བུ་ཤེས་རབ་བཟང་པོ་དང་།
བུ་བརྩོན་འགྲུས་རབ་བརྟན་ཟེར་བ་གཉིས།
ཆུང་བྱིས་པའི་དུས་ནས་མཉམ་འགྲོགས་མཉམ་གཤིབས་བྱས་པའི་གྲོགས་པོ་ཡག་པོ་ ཞིག་ཡིན།
དེ་ཡང་བུ་ཤེས་རབ་བཟང་པོ་ནི།
སྨྲ་མཁས་པ།
བློ་རིག་བཀྲ་བ་དང་། ཕོ་ཉམས་དོད་པ།
རྩེད་རིགས་ལ་དགའ་ཡང་ལེ་ལོ་དང་རྣམ་གཡེང་ཆེ་ཙམ་ཡོད།
བུ་བརྩོན་འགྲུས་རབ་བརྟན་ནི། བྱད་གཟུགས་ལེགས་པོ་དང་གྲུང་ཤ་དོད་པོ་
དེ་ཙམ་མེད་ཀྱང་ཤ་རྒྱགས་ལ་དཔྲལ་བ་ཆེ་བ། རྣ་མཆོག་ཆེ་ཞིང་མིག་གཉིས་འབུར་ ཚུགས་དོད་པ། སྣ་ཡི་གཟེངས་མཐོ་བ། རིག་རྩལ་དེ་ཙམ་མེད་ཀྱང་སྙིང་རུས་ཆེ་ བ། དཀའ་ངལ་གང་ལའང་གདོང་ལེན་བྱེད་ཐུབ་མཁན་ཞིག་ཡིན། 26
གྲོགས་པོ་དེ་གཉིས་ཡོན་ཏན་དོན་དུ་གཉེར་བའི་ཆེད་སློབ་གྲྭར་ཞུགས་པ་རེད།
བུ་ཤེས་རབ་བཟང་པོ་རིག་རྩལ་ཡག་པོ་ཡོད་ཀྱང་། སློབ་ཁྲིད་སྐབས་དོ་སྣང་ཆུང་ བ་དང་། རྣམ་གཡེང་དང་ལེ་ལོ་ཆེ་བ། འཁྱམ་ཉུལ་ལ་དགའ་བ། སྔ་དགོང་གི་རང་
སྦྱོང་སོགས་ལའང་བརྩོན་འགྲུས་དེ་ཙམ་བྱེད་ཀྱི་མེད་པས། སློབ་སྦྱོང་གི་དུས་སྐབས་ དེ་མུར་རྫོགས།
མཐར་ཤེས་ཡོན་གནས་ཚད་ཧ་ཅང་ཞན་པས་སློབ་སྦྱོང་ཁུངས་
མ་འཁྱོལ། ཁོ་རང་མ་ཟད་ཕ་མ་གཉིས་ཀྱང་མིའི་དཀྱིལ་དུ་ཉམས་དམའ་ཞིང་ངོ་ཚ་ དགོས་བྱུང་བ་རེད།
གྲོགས་པོ་བརྩོན་འགྲུས་རབ་བརྟན་ནི་ལེ་ལོ་དང་། རྣམ་གཡེང་།
གྲོགས་
ངན་གསུམ་སྤངས་ཏེ། དགེ་རྒན་ལ་དགའ་ཞེན་དང་། སློབ་སྦྱོང་ལ་དོ་སྣང་དང་
བརྩོན་འགྲུས་བྱས་པས། ཉིན་རེ་བཞིན་ཤེས་ཡོན་གྱི་གནས་ཚད་འཕེལ་ཏེ། དྲིན་ ཅན་ཕ་མའི་དྲིན་ལན་གསབ་ཐུབ་པ་དང་། རྒྱལ་ཁབ་དང་མི་མང་གི་ཞབས་ཞུ་བ་ མིང་དོན་མཚུངས་པའི་ཤེས་བྱ་ཡོན་ཏན་ཚད་ལོངས་པ་ཞིག་བྱུང་བ་རེད།
27
སྦྱོང་ཚན། དང་པོ། གཡོན་གྱི་མིང་ཚིག་བདམས་ནས་གཡས་ཀྱི་བར་སྟོང་ནང་སྐོངས། གཡོན།
གཡས།
དགེ་རྒན་
སློབ་སྦྱོང་གི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལྡན།
གནས་ཚད་
བོད་རྒྱལ་ཁབ་་་་་་་་་་་་་་་་་་་་་་་་་་་་་་་་་་བྱེད།
སློབ་ཚན་ དྲིན་ལན།
ཕ་མའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གསབ།
འཛུགས་སྐྲུན་
་་་་་་་་་་་་་་་་་་་་་་་་་་་་་་་་་ལ་བརྩི་བཀུར་བྱས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལ་དོ་སྣང་བྱས།
གཉིས་པ། གཤམ་གྱི་ཚིག་རྣམས་ལ་སློབ་ཚན་ནས་གོ་དོན་འདྲ་བ་ཚོལ། ༡། དཔེར་ན།
28
འབད་བརྩོན། བརྩོན་འགྲུས།
༢།
བག་གཡེང་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
༤།
དོ་དབྱིངས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
༣། ༥།
སྒྱིད་ལུག
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཁ་སྐྱེངས་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
གསུམ་པ། གཤམ་གསལ་མིང་ཚིག་རྣམས་ལ་ཚིག་སྒྲུབ་བྲིས། ༡། དཔེར་ན། གྲོགས་པོ། ཤེས་རབ་བཟང་པོ་གྲོགས་པོ་ངན་པས་ཕུང་། ༢།
༣།
བརྩེ་སེམས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། རྩེད་རིགས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཡོན་ཏན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
༤། འཁྱམ་ཉུལ། ༥།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
29
སློབ་ ཚན། ༦
སྤྱང་ཀི་དང་ཁྲུང་ཁྲུང་།
དེ་ཡང་། སྔོན་སྤྱང་ཀི་ཞིག་གིས་ཤ་ཟ་བའི་སྐབས་མིད་པའི་ནང་རུས་པ་ཟུག་
ནས་འཆི་གྲབས་བྱས་པ་རེད། ཁོ་འུ་ཐུག་ནས་ཁྲུང་ཁྲུང་ཞིག་ལ། ངའི་མིད་པར་ཟུག་ པའི་རུས་པ་འདི་ཕྱིར་འདོན་རོགས་གནང་དང་། ངས་ཁྱོད་ལ་རྔན་པ་གང་དགོས་སྤྲད་
ཆོག་ཅེས་རེ་བ་ནན་པོ་ཞུས་པར། ཁྲུང་ཁྲུང་གིས་སེམས་པ་བཟང་པོས། སྤྱང་ཀིའི་ མིད་པའི་ནང་གི་རུས་པ་ཕྱིར་འདོན་རོགས་བྱས་པ་རེད།
30
དེའི་རྗེས་སུ་ཁྲུང་ཁྲུང་གིས་སྤྱང་ཀི་
ལ་ད་ཁྱོ ད ་ཀྱི ས ་ཁས་ལེ ན ་བྱས་པ་ ལྟར། ང་ལ་རྔན་པ་སྤྲོད་དགོས་སྨྲས་
པར། སྤྱང་ཀིས་རྔན་པ་མ་སྤྲད་པའི་ ཁར། ཁྱོད་ཀྱི་མཆུ་ཏོ་རིང་པོ་དེ་ངའི་
མི ད ་པའི ་ ནང་བཅུག་པས་མ་ཚད།
ད་དུང་རྔན་པ་དགོས་ཟེར་བ་ཧ་ཅང་
རྣ་བར་མི ་ འགྲོ ་ བའི ་ སྐད་ཆ་རེ ད ། ཅེས་ཚིག་ངན་སྨྲས་པ་རེད།
ཁྲུང་ཁྲུང་ཧ་ལས་ནས། སྤྱང་
ཀིའི་བྱེད་སྟངས་དེ་གཞན་ལ་བཤད་
པར་ཚང་མས་སྤྱང་ཀི་དེ་ངོ་ཚ་དང་།
ཁྲེལ་གཞུང་མེད་པ་རེད་ཅེས་དམའ་
འབེབས་བྱས་པའི་གཏམ་ངན་ལུང་པར་ཁྱབ་བོ། ། སྤྱང་ཀི་ཉེན་ཁའི་གནས་ལས། །
ཁྲུང་ཁྲུང་དཀར་མོས་བསྐྱབས་ཀྱང་། ། ཁྲེལ་གཞུང་མེད་པའི་སྤྱང་ཀིས། ། ཆང་ལན་ཆུ་ཡིས་འཇལ་སོང་། །
ཐབས་ཤེས་དྲིན་གཟོ་མེད་པར། །
རང་འདོད་ཧམ་པ་ཆེ་བ། །
གཏམ་ངན་ལུང་པར་ཁྱབ་པས། །
བཟང་པོའི་གྲལ་ནས་བུད་སོང་། །
31
ཡ་རབས་ཁྲུང་ཁྲུང་ནང་བཞིན། །
ཕན་སེམས་སྙིང་ལ་བཅངས་ཏེ། ། མ་རབས་སྤྱང་ཀི་ནང་བཞིན། ། ངོ་ཚ་ཁྲེལ་མེད་མ་བྱེད། །
སྦྱོང་ཚན། དང་པོ། དྲི་བ་རྣམས་ལ་ལན་རྒྱོབ། ༡།
༢།
དང་པོ་སྤྱང་ཀིས་ཁྲུང་ཁྲུང་ལ་གང་སྨྲས་སམ།
ཁྲུང་ཁྲུང་གིས་སེམས་པ་བཟང་པོས་གང་བྱས་སམ།
༣། སྤྱང་ཀིས་ཁྲེལ་གཞུང་མེད་པ་གང་བྱས་སམ། ༤།
མཐའ་མར་སྤྱང་ཀིར་གཏམ་ངན་གང་བྱུང་ངམ།
གཉིས་པ། གཤམ་གསལ་བར་སྟོང་རྣམས་སུ་འདེམས་སྐོང་བྱོས། སྤྱང་ཀིའི་མིད་པའི་ནང་་་་་་་་་་་་ཟུག་པ་རེད། 32
ཤིང་
/
རུས་པ་
ཁྲུང་ཁྲུང་གིས་སྤྱང་ཀི་ལ་་་་་་་་་་་་་་་་་་་་བྱས།
ཕན་ཐོགས་ / གནོད་པ་
སྤྱང་ཀིའི་་་་་་་་་་་་་་་་་་་་་་་་་་་་་ལུང་པར་ཁྱབ།
གཏམ་བཟང་ / གཏམ་ངན་
སྤྱང་ཀིས་ཁྲུང་ཁྲུང་ལ་་་་་་་་་་་་་་་་་་་་་་་་བྱས། སྤྱང་ཀི་་་་་་་་་་་་་་་་་་་་་་་་་་་་་་་གྲལ་ནས་བུད།
ཁྲེལ་ཡོད་ / ཁྲེལ་མེད་ བཟང་པོའི་ / ངན་པའི་
གསུམ་པ། གཤམ་གསལ་མིང་ཚིག་རྣམས་ལ་ཚིག་སྒྲུབ་རེ་བྲིས། ༡།
རྔན་པ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
༣།
སྐད་ཆ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
༢།
༤། ༥།
ཧ་ལས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
དམའ་འབེབས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ཁས་ལེན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
བཞི་པ། བྱ་ཚིག་དང་། མིང་ཚིག་ངོས་ཟུངས། འཚོལ། སྤྱང་ཀི
རུས་པ།
ཟུག
བསད།
རྔན་པ།
འདོན།
ལུག་རྫི།
བཟས།
ཁྲུང་ཁྲུང་། ཁས་ལེན། ཚང་མ། མིད་པ།
གཏམ་ངན། མཆུ་ཏོ།
གཡོ་སྒྱུ། ཤེས།
བཅུག
33
སློབ་ ཚན། ༧
མཛད་པ་བཅུ་གཉིས།
ཤཱཀྱ་ཐུབ་པ། འཕོ་བ།
ལྷུམས་སུ་ཞུགས། སྐུ་བལྟམས།
རོལ་རྩེད་མཛད།
ངེས་པར་འབྱུང་། རབ་ཏུ་བྱུང་།
དཀའ་བ་སྤྱད། བདུད་བཅོམ། སངས་རྒྱས།
ཆོས་འཁོར་བསྐོར།
མྱ་ངན་ལས་འདས། 34
སྟོན་པ་ཤཱཀྱ་ཐུབ་པས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་
སེམས་ཅན་གྱི་དོན་མཐའ་ཡས་པ་མཛད་ཡོད་ལ། སངས་ རྒྱས་ཀྱི་མཛད་པ་བཅུ་གཉིས་ནི།
༡།
བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དགའ་ལྡན་ལྷའི་
༢།
ཡུལ་ནས་མི་ཡུལ་ལ་འཕོ་བའི་མཛད་པ།
ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་པའི་མཛད་པ།
༣། ཡུལ་ལུམ་བི་ནིའི་ཚལ་དུ་སྐུ་བལྟམས་པའི་མཛད་པ།
༤། ཡིག་རིགས་དང་སྒྱུ་རྩལ་སོགས་བཟོ་བོའི་གནས་ལ་མཁས་པར་སྟོན་པའི་མཛད་ པ།
༥། རྒྱལ་པོའི་ཁབ་ཏུ་བཙུན་མོའི་འཁོར་དུ་རོལ་པའི་མཛད་པ།
༦། དགུང་ལོ་ཉེར་དགུ་ལ་མཆོད་རྟེན་རྣམ་དག་དྲུང་དུ་རབ་ཏུ་བྱུང་བའི་མཛད་པ། ༧། ཆུ་བོ་ནཻརཉྫནའི་འགྲམ་དུ་ལོ་དྲུག་རིང་དཀའ་བ་སྤྱད་པའི་མཛད་པ།
༨། དགུང་ལོ ་ སོ ་ ལྔ་ལ་རྡོ ་ རྗེ ་ གདན་གྱི ་ བྱང་ཆུབ་ཤི ང ་དྲུང་དུ་བྱང་ཆུབ་ཀྱི ་ ལམ་ བསྒོམས་པའམ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པ།
༩། བདུད་སྡིག་ཏོ་ཅན་སོགས་བཏུལ་བར་མཛད་པས་བདུད་བཏུལ་བའི་མཛད་པ། ༡༠། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་ལ་སངས་རྒྱས་པའི་མཛད་པ།
༡༡། ཡུལ་ཝཱ་རཱ་ཎ་སཱིར་འཁོར་ལྔ་སྡེ་བཟང་པོ་ལ་ཆོས་འཁོར་བསྐོར་བའི་མཛད་པ།
༡༢། བདག་ཅག་གི་སྟོན་པ་དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ ལས་འདས་པའི་མཛད་པ་བཅས་ཡིན།
35
སྦྱོང་ཚན། དང་པོ། ཕན་ཚུན་མཐུན་སྦྱོར་བྱོས། ལུམ་བི་ནིའི་ཚལ་དུ་
སངས་རྒྱས།
རྡོ་རྗེ་གདན་དུ་
སྐུ་འཁྲུངས།
ཆུ་བོ་ནཻརཉྫན་འགྲམ་དུ་ ཝཱ་རཱ་ཎ་སཱིར་
རྩྭ་མཆོག་གྲོང་དུ་
མཆོད་རྟེན་རྣམ་དག་དྲུང་དུ་
སྐུ་མྱ་ངན་ལས་འདས། རབ་ཏུ་བྱུང་།
ཆོས་འཁོར་བསྐོར།
ལོ་དྲུག་དཀའ་བ་སྤྱད།
གཉིས་པ། བྱེད་སྒོ།
སྟོན་པའི་རྣམ་ཐར་དང་འབྲེལ་བའི་པར་རིས་དང་བརྙན་འཕྲིན་གཟིགས་འབུལ་ཞུ་དགོས། 36
སློབ་ ཚན། ༨
ཚིག་ཕྲད། ཏེ་དེ་སྟེ།
ན་ར་ལ་ས་དྲག་མཐར་ཏེ། །
ད་དེ་ག་ང་བ་མ་འ། །
མཐའ་མེད་རྣམས་ལ་ས་སྟེ་འཐོབ། །
ཅེས་རྗེས་འཇུག་ན་ར་ལ་ས་བཞི་དང་། དཔེར་ན།
ད་དྲག་གི་མཐར་ཏེ་འཐོབ་པ།
སློབ་གྲྭར་ཕྱིན་ཏེ་༵ སློབ་སྦྱོང་བྱེད།
དམིགས་སུ་བཀར་ཏེ་༵ བོད་ཡིག་སྦྱོངས།
ཕྱག་འཚལ་ཏེ་༵ མཆོད་པ་འབུལ།
སློབ་སྦྱོང་བྱས་ཏེ་༵ ཞབས་ཞུ་བསྒྲུབས།
ནུས་ཤུགས་བཏོནད་ཏེ༵་སློབ་སྦྱོང་བྱེད།
རྗེས་འཇུག་དའི་མཐར་དེ་འཐོབ་པ།
ལྟ་བུ་དང་། 37
དཔེར་ན།
སྐད་ཆ་བཤད་དེ་གོ་བརྡ་སྤྲད།
གོ་བརྡ་སྤྲད་དེ་ཐག་གཅོད་བྱེད། ལྟ་བུ་དང་།
རྗེས་འཇུག་ག་ང་བ་མ་འ་ལྔ་དང་། དཔེར་ན།
མཐའ་མེད་བཅས་ལ་ས་སྟེ་འཐོབ་པ།
ན་ཚ་དྲག་སྟེ༵་ནང་དུ་ལོག
ཁ་པར་བཏང་སྟེ༵་སྐད་ཆ་བཤད། ཁ་ནས་ལབ་སྟེ༵་ལག་པས་འབྲི། སེམས་ཕམ་སྟེ༵་མིག་ཆུ་ཤོར།
སེམས་དགའ་སྟེ༵་གཞས་བཏང་། སེམས་སྐྱོ་སྟེ༵་ངུས་སོང་།
སྦྱོང་ཚན། དང་པོ། ཏེ་དེ་སྟེ་གསུམ་གྱི་ཕྲད་སྦྱོར་ཚུལ་བྲིས། 38
གཉིས་པ། བར་སྟོང་དུ་ཏེ་དེ་སྟེ་གསུམ་མ་ནོར་བར་སྐོངས། དྲིས་་་་་་་་་་་་་་་་་་་་་་་་ བཤད།
ཐོབ་་་་་་་་་་་་་་་་་་་་ དགའ།
དགའ་་་་་་་་་་་་་་་་་་་ མཆོངས།
བཅག་་་་་་་་་་་་་་་་་་ཆག
བཏེགས་་་་་་་་་་་་་་་་བཀྱགས།
བསྡད་་་་་་་་་་་་་་་་་་་་་་་་བྲིས། བསྡུས་་་་་་་་་་་་་་་་་་་་་་་་ ཉར། ར་བཟི་་་་་་་་་་་་་་་་་་་་་ འཁྱོར།
ཡོས་བརྔོས་་་་་་་་་་་་་་་་་་་་ ཟ།
སྩལད་་་་་་་་་་་་་་་་་ ཕེབས། བསམ་་་་་་་་་་་་་་་་་ བཤད།
ཚ་་་་་་་་་་་་་་་་་་་་་་་ ངུས།
མེ་འབར་་་་་་་་་་་དུ་བ་འཕྱུར།
བཅུག་་་་་་་་་་་་་་་་་ བཞག
འཕངས་་་་་་་་་་་་་་་་་་་་་་་ ཕོག
བཤད་་་་་་་་་་་་་་་་་ ཉན།
ཞུམ་་་་་་་་་་་་་་་་་་་་་་་་ བསྡད།
འཕར་་་་་་་་་་་་་་་་་་ འགྲོ།
ཉན་་་་་་་་་་་་་་་་་་་་་་་་་་་་་ གོ། དབྲལ་་་་་་་་་་་་་་་་་་་་་་་་ སྦྱར།
ཕྱིནད་་་་་་་་་་་་་་་་་་་་་་སླེབས།
བཏབ་་་་་་་་་་་་་་་་་་ སྐྱེས། དྲས་་་་་་་་་་་་་་་་་་་་བཙེམས།
རང་སྦྱོང་བྱས་་་་་་་ནང་དུ་ཕྱིན།
39
སློབ་ ཚན། ༩
མཐུན་པ་སྤུན་བཞི།
གུས་བཀུར།
བྱ་སྲེག་པ་དང་། རི་བོང་། སྤྲེའུ། གླང་ཆེན་བཅས་ལ་མཐུན་པ་སྤུན་བཞི་ཟེར།
གང་ཡིན་ཞེ་ན། སེམས་ཅན་བཞི་པོ་དེ་དག་བསམ་བློ་དང་སྤྱོད་ལམ་ཤིན་ཏུ་མཐུན་པའི་ གྲོགས་པོ་དང་སྤུན་མཆེད་ལྟ་ བུ་ཡིན།
ཉིན་ཞིག གྲོགས་པོ་བཞི་པོས་
རྒན་བཀུར་གཞོན་སྐྱོང་བྱ་ཆེད། རྒན་གཞོན་གྱི་ གོ་རིམ་བརྟག་དཔྱད་བྱས་པ་རེད།
40
དེ་ཡང་གླང་པོ་ཆེས། ང་ས་འདིར་ཐོག་མར་སླེབས་དུས། ཤིང་སྡོང་འདི་ངའི་ལུས་པོ་
དང་མཉམ་པ་ཞིག་འདུག་ཟེར། སྤྲེའུས། དང་པོར་ཤིང་འདི་ངའི་ལུས་ཚད་ཙམ་འདུག་ ཟེར། རི་བོང་གིས། ཤིང་འདི་ལོ་མ་གཉིས་ལས་མེད་པའི་ཚེ། ངས་འདིའི་སྟེང་གི་
ཟིལ་པ་བལྡགས་མྱོང་ཟེར། བྱ་སྲེག་པས། ངས་ཤིང་འདིའི་ས་བོན་སྟེང་བྱ་བྲུན་བཏང་ མྱོང་ཞེས་སྨྲས་པས། རྒན་ཤོས་བྱ་སྲེག་པ་དང་། དེའི་འོག་རི་བོང་། དེ་ནས་སྤྲེའུ། གཞོན་ཤོས་གླང་པོ་ཆེ་ཡིན་པ་ཤེས་པ་རེད།
དེ་ནས་ཁོང་ཚོས་རྒན་གཞོན་གོ་རིམ་ལྟར་གུས་ཞབས་བྱས། ལམ་ལ་འགྲོ་བའི་ཚེ་
གླང་པོ་ཆེས་སྤྲེའུ་དང་། སྤྲེའུས་རི་བོང་། རི་བོང་གིས་བྱ་སྲེག་པ་བཏེགས་ནས་འཁྱེར་ བ་སོགས་གུས་བཀུར་ཡང་བྱས་སོ། ། དེ་ནས་བྱ་སྲེག་པས་སྨྲས་པ།
ད་ནས་བཟུང་ང་ཚོས་འབུ་སྲིན་དང་སྲོག་ཆགས་
རིགས་མི་གསོད་པ་དང་། རྐུ་མི་བྱེད། ལོག་གཡེམ་མི་བྱ། རྫུན་མི་བཤད། ཆང་མི་ འཐུང་། ཞེས་བསླབ་པའི་གཞི་ལྔ་ལ་སྤྱོད་པར་ཁས་བླངས་སོ། ། དེ་བཞིན་དུ་བྷྱ་སྲེག་པས་བྱའི་རིགས་ཐམས་ཅད་དང་།
རིགས་དང་།
སྤྲེའུས་སྤྲེའུའི་རིགས་རྣམས།
རི་བོང་གིས་རི་བོང་གི་
གླང་པོ་ཆེས་གླང་ཆེན་གྱི་རིགས་དང་།
སྟག སེང་གེ། ཝ་མོ་སོགས་ཐམས་ཅད་བསླབ་པའི་གཞི་ལྔ་ལ་བཀོད་པས། ཡུལ་དེའི་ གཅན་གཟན་དང་། རི་དྭགས། འདབ་ཆགས་སོགས་དུད་འགྲོ་གཞན་རྣམས་ཀྱང་མཛའ་
41
མཐུན་བག་ཕེབས་ངང་གནས་ཤིང་། དེ་ལ་བརྟེན་ནས་ཡུལ་དེར་ཆར་ཆུ་དུས་སུ་བབས་
པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་བཀྲ་ཤིས་ཤིང་བདེ་སྐྱིད་ཕུན་སུམ་ཚོགས་ པ་བྱུང་བ་རེད།
ཚུལ་དེ་དྲང་སྲོང་མངོན་ཤེས་ཅན་ཞིག་གིས་མཁྱེན་ཏེ།
ཡུལ་གྱི་རྒྱལ་པོ་དང་།
བློན་པོའི་ཚོགས། གྲོང་གི་མི་མང་བཅས་ཐམས་ཅད་ལ་དངོས་སུ་བསྟན་པས། ཐམས་ ཅད་ངོ་མཚར་ཞིང་རྗེས་སུ་ཡི་རང་སྟེ། དེ་དག་གིས་ཀྱང་སྲོག་གཅོད་དང་།
མ་བྱིན་
ལེན། ལོག་གཡེམ། རྫུན་ཚིག ཆང་རག་བཅས་སྤངས་པས་ཀུན་ལ་བདེ་སྐྱིད་ཕུན་སུམ་ ཚོགས་པ་བྱུང་ངོ་། ། གླུ་གཞས།
དུད་འགྲོ་སེམས་ཅན་ཡིན་ཡང་། ། དམ་ཚིག་མིག་ལྟར་བསྲུངས་ན། ། པད་མ་དཀར་པོ་ཇི་བཞིན། ། དྲི་ཞིམ་རྒྱང་དུ་ཁྱབ་ཡོང་། །
རྒན་བཀུར་གཞོན་སྐྱོང་བྱས་ཏེ། ། མིག་དཔེ་བཟང་པོ་བསྟན་བྱུང་། ། 42
བསླབ་པའི་གཞི་ལྔར་བསྟེན་ནས། ། ཡུལ་ལུང་བདེ་ལ་བཀོད་སོང་། །
སྦྱོང་ཚན། དང་པོ། དཔོད་བྲིས་གཏོང་དགོས། མཐུན་པ་སྤུན་བཞི།
རྒན་བཀུར་གཞོན་སྐྱོང་།
དམ་ཚིག་བརྩི་སྲུང་།
བདེ་སྐྱིད་ཕུན་ཚོགས།
བསླབ་པའི་གཞི་ལྔ།
རྗེས་སུ་ཡི་རང་།
གོ་རིམ་བརྟག་དཔྱད།
གཉིས་པ། མཐུན་སྦྱོར་གྱིས། གཡོན།
མཛའ་མཐུན་བག་ཕེབས། ཡུལ་ལུང་བདེར་བཀོད།
གཡས།
ལོག་གཡེམ་སྤོང་བ།
སྲོག་ཆགས་རིགས་མི་གསོད་པ།
ཆང་སྤོང་བ།
བགྲོད་བྱ་མ་ཡིན་པ་མི་སྤྱོད་པ།
རྫུན་ཚིག་སྤོང་བ།
སྲོག་གཅོད་སྤོང་བ།
མ་བྱིན་ལེན་སྤོང་བ།
གནང་བ་མ་ཐོབ་པའི་དངོས་པོ་ལ་མི་སྤྱོད་པ། བདེན་པའི་ཚིག་དུས་སུ་སྨྲ་བ། མྱོས་བྱེད་ཆང་མི་འཐུང་བ།
43
གསུམ་པ། དྲི་བར་ལན་ཐོབས། ༡། མཐུན་པ་སྤུན་བཞི་གང་དང་གང་ཡིན་ནམ།
༢། བསླབ་པའི་གཞི་ལྔ་གང་དང་གང་ཡིན་ནམ།
༣། མཐུན་པ་སྤུན་བཞིས་རྒན་གཞོན་ཇི་ལྟར་ཤེས་སམ།
༤། གཞོན་པས་རྒན་པ་ལ་ཇི་ལྟར་གུས་བཀུར་ཞུས་འདུག་གམ།
༥། བསླབ་པའི་གཞི་ལྔ་ཉམས་སུ་བླངས་ན་ཕན་ཡོན་གང་ཡོད་དམ།
44
སློབ་ ཚན། ༡༠
ཚིག་ཕྲད། མ་མི་མིན་མེད།
མ་མི་ཐོག་མ་མིན་མེད་མཇུག །
མ་ནི་བར་གྱི་གསལ་བྱེད་ལའང་། །
ཞེས་མ་མི་མིན་མེད་བཞི་གང་ལ་སྦྱོར་བའི་དོན་དེ་མ་ཡིན་པའམ།
སྟོན་པ་ཡིན།
མ་དང་མི་གཉིས་མིང་གི་ཐོག་མ་སྟེ་སྔོན་དང་།
མིང་གི་མཇུག་ཏུ་སྦྱོར་དགོས་པ། དཔེར་ན།
མེད་པར་
མིན་དང་མེད་གཉིས་
དེབ་འདི་ཁོང་གི་མ༵་རེད། ས་ཆ་འཛོར་པོ་འདིར་མ༵་སྡོད། གང་བྱུང་དུ་འགྲོ་མི༵་ཆོག ང་ལ་མི༵་དགོས།
ང་ཨ་རི་བ་མི༵ན། སློབ་དེབ་དེ་ངའི་མི༵ན།
ང་ལ་སྨྱུ་གུ་མེད༵། ང་ཚོའི་ནང་ལ་ཁྱི་ཕྲུག་མེད༵།
ཡང་བར་གྱི་མ་ཡིག་གིས་མིང་སྔ་རྗེས་གཉིས་ཀ་དགག་པའི་དོན་གསལ་བར་བྱེད་པ། དཔེར་ན།
རྒྱ་མ༵་བོད།
སྐད་ར་མ༵་ལུག
གངས་མ༵་ཆར།
ཆས་ཡ་མ༵་ཟུང་།
ས་མ༵་འབྲོག རྟ་མ༵་བོང་།
45
གླེང་མོལ།
བདེ་སྐྱིད།
བཀྲ་ཤིས་ལགས། ཁྱེད་རང་བོད་ པའི་ཁ་ལག་ག་རེ་ལ་དགའ་པོ་ ཡོད།
བཀྲ་ཤིས། ང་པི་རྫ་ལ་དགའ་པོ་ཡོད། བདེ་སྐྱིད།
པི་རྫ་བོད་པའི་ཁ་ལག་མ༵་རེད། ང་ མོག་མོག་ལ་དགའ་པོ་ཡོད།
བཀྲ་ཤིས། འོ་རེད། ང་ནོར་ཤག ཡིན་ནའང་། ང་མོག་མོག་ལ་དགའ་པོ་མེད༵། བདེ་སྐྱིད།
བྱས་ན། ཁྱེད་རང་བོད་པའི་ཁ་
ལག་གཞན་དག་ལའང་དགའ་པོ་ མེད༵་དམ།
བཀྲ་ཤིས། ཡོད་དང་ཡོད། རྩམ་པ་ལ་ 46
དགའ་པོ་ཞེ་དྲག་ཡོད། དེ་མིན་ བདེ་སྐྱིད།
ཐུག་པའང་ཞིམ་པོ་འདུག
ཁྱེད་རང་གིས་བོད་པའི་ཁ་ལག་ བཟོ་ཤེས་ཀྱི་ཡོད་དམ།
བཀྲ་ཤིས། ངས་ཡག་པོ་བཟོ་ཤེས་ཀྱི་མེད༵།
སྤགས་རྫི་ཤེས་ཀྱི་ཡོད། རེད་དེ་ ཐུག་པ་བསྐོལ་མི༵་ཤེས།
བདེ་སྐྱིད།
འོ་རེད། ངས་ཀྱང་ཐུག་པ་བསྐོལ་
བདེ་སྐྱིད།
དེ་རིང་ངས་ཁྱེད་ལ་སྦྱིན་བདག་
ཤེས་ཀྱི་མེད༵།
བྱས་ཆོག ཁྱེད་རང་ག་རེ་ཟ་ འདོད་འདུག
བཀྲ་ཤིས། ངས་ཐུག་པ་འཐུང་གི་ཡིན། བདེ་སྐྱིད།
འགྲིག་གི་རེད། ཡིན་ནའང་། ངས་ ཐུག་པ་འཐུང་གི་མི༵ན། མོག་མོག་ ཟ་ཡི་ཡིན།
བཀྲ་ཤིས། ལགས་སོ། །ཐུགས་རྗེ་ཆེ།
47
སྦྱོང་ཚན། དང་པོ། བར་སྟོང་དུ་ཚིག་ཕྲད་སྐོངས། ༡།
ང་ལ་ལག་པ་གསུམ་་་་་་་་་་་་་་་་་་་།
མིན་ / མེད་
༣།
སློབ་སྦྱོང་་་་་་་་་་་་བྱས་ན་ག་ནས་ཤེས།
མ་
/ མི་
མ་
/ མི་
༢།
༤། ༥།
ངས་ལེ་ལོ་བྱེད་ཀྱི་་་་་་་་་་་་་་་་་་་།
་་་་་་་་་་་་་་་་་་་འདྲ་བའི་རྒྱུ་མཚན་མེད།
གྱོན་ཆས་ར་་་་་་་་་ལུག་རེད།
གཉིས་པ། དཔེ་བསྟན་པ་ལྟར་དཔེར་བརྗོད་རེ་བྲིས།
མ་
/ མི་
མ།
བོད་རྒྱ་ནག་གི་ཆ་ཤས་མ༵ ་རེད།
མི།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
༡།
མ།
༣།
མིན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
༢།
༤། 48
མིན་ / མེད་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
མེད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
གསུམ་པ། དཔེ་བཞིན་རི་མོ་རེར་དགག་ཚིག་གི་བརྗོད་དུམ་གཉིས་རེ་བྲིས།
དཔེར་ན། ཁང་པ་དེར་སྒོ་དང་སྒེའུ་ཁུང་མི་འདུག སྒོ་དང་སྒེའུ་ཁུང་མེད་པའི་ཁང་པ།
།
འཁོར་ལོ།
རྐང་པ། ཚ་ལུ་མ།
རྔ་མ།
ཅོག་ཙེ། 49
སློབ་ ཚན། ༡༡
བློན་པོ་རིག་པ་ཅན།
རྒྱལ་སྲས། བློན་པོ། བཀའ་གནང་། གོ་སྒྲིག
ཆིབས་རྟ། སྤུ་མདོག
རྔན་པ། རྟ་རིན།
སྔ་མོ་ཞིག་ལ། རྒྱལ་པོའི་སྲས་སྐུ་དབང་བཙན་པོ་ཞིག་ལ་བློན་པོ་བགྲེས་སོང་རིག་
པ་དང་། ཉམས་མྱོང་ཅན་ཞིག་ཡོད་དོ། །
ཉིན་ཞིག རྒྱལ་སྲས་དེས་བློན་པོ་བགྲེས་སོང་དེ་ལ། ཁྱོད་ཀྱིས་ང་ལ་ཆིབས་རྟ་
སྤུ་མདོག་དཀར་དམར་སྔོ་ནག་
སོ ག ས་ཁ་དོ ག ་གང་ཡང་མ་ཡི ན ་ པ་ཞིག་འབུལ་དགོས། དེ་ལྟར་བྱུང་
ན་རྟ་རིན་མ་ཟད། རྔན་པ་ཡང་གང་ དགོས་གནང་རྒྱུ་ཡིན།
དེ་ལྟར་མ་
བྱུང་ན་ཉེས་ཆད་སྲོག་ཐོག་གཏོང་རྒྱུ་ 50
ལས་མེད། ཅེས་བཀའ་གནང་ངོ་། །
བློན་པོ་བགྲེས་སོང་ཡོན་ཏན་ཅན་དེས།
རྒྱལ་པོའི་བཙན་དབང་ལས་ཐར་ཐབས་
སུ་རང་གིས་སྔར་སྦྱངས་པའི་ཡོན་ཏན་གྱི་རྩལ་འདོན་པའི་དུས་ལ་སླེབས་སོང་བསམས་ ཏེ། ཉིན་ཤས་རྗེས་རྒྱལ་སྲས་ཀྱི་མདུན་དུ་བཅར་ཏེ། ཁྱེད་ཀྱིས་ཇི་ལྟར་བཤད་པ་དེ་ལྟར་
ངས་ཆིབས་རྟ་གོ་སྒྲིག་ཞུས་ཡོད་ན། རེས་གཟའ་ཉི་མ་དང་། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་གང་ཡང་མ་ཡིན་པའི་ཉིན་ཞིག་ལ་ལེན་དུ་གཏོང་རོགས་ཞུས་ པས། རྒྱལ་སྲས་དེ་ཅི་བྱེད་འདི་བྱེད་མེད་པར་བསྡད་དགོས་བྱུང་ངོ་། ། རྒྱལ་སྲས་སྐུ་དབང་བཙན་པོ། །
བློན་པོའི་བྱུས་ལས་ཕམ་བྱུང་། ། སྐྱེས་སྦྱངས་ཡོན་ཏན་མེད་ན། །
གཞན་གྱིས་བརྙས་པར་བྱེད་དོ། །
51
སྦྱོང་ཚན། དང་པོ། ཚིག་སྒྲུབ་བཟོས། ཉེས་ཆད། བློན་པོ།
སྤུ་མདོག
བགྲེས་སོང་།
རིག་པ།
གོ་སྒྲིག
ཕམ་པ།
ཉམས་མྱོང་།
གཉིས་པ། དྲི་བ་རྣམས་ལ་ལན་རྒྱོབ།
༡། རྒྱལ་སྲས་བློན་པོའི་རིག་པ་ལས་ཕམ་དགོས་དོན་ཅི་ཡིན་ནམ། ༢། རྟའི་སྤུ་མདོག་མི་འདྲ་བ་འགའ་ཤས་ཀྱི་མིང་བྲིས། ༣། རྒྱལ་སྲས་དེའི་རང་བཞིན་གང་འདྲ་ཡོད་དམ།
༤། བློན་པོས་རྒྱལ་པོའི་བཙན་དབང་ལས་ཐར་ཐབས་སུ་གང་བྱས་སམ།
༥། ཁྱོད་ཀྱིས་བལྟས་ན་དབང་ཆ་དང་རིག་པ་གཉིས་ལས་གང་གལ་ཆེའམ།
52
གསུམ་པ། ལྡོག་ཕྱོགས་ཚོལ། དབུལ།
བདེན་པ།
ན་གཞོན། སྤྱང་པོ།
བརྗེད།
ལེ་ལོ།
བཞི་པ། སློབ་ཚན་ནས་བྱ་ཚིག་དང་མིང་ཚིག་ལྔ་རེ་བཙལ་ཏེ་བྲིས། མིང་ཚིག
བྱ་ཚིག
53
སློབ་ ཚན། ༡༢
ཉིན་ཐོ་འབྲི་སྟངས།
ཉིན་ཐོ་ནི། ཉིན་གཅིག་གི་ནང་དུ་རང་ཉིད་ཀྱི་དྲན་གསོ་བྱ་འོས་པའི་བྱ་བ་གང་བྱུང་བ་ དེ་ཡིག་ཐོག་ཏུ་ཕབ་པ་ལ་ཟེར།
ཉིན་ཐོ་འབྲི་བ་ལ་གཤམ་གསལ་གྱི་དོན་ཚན་རྣམས་ངེས་པར་ཚང་དགོས། ༡། ཐོག་མར་ཟླ་ཚེས་དང་གནམ་གཤིས་སོགས་གསལ་པོ་འབྲི་དགོས།
༢། ཉིན་གཅིག་གི་དྲན་གསོ་འོས་པའི་བྱ་བ་རྣམས་ཆེ་ཆུང་ལ་མ་ལྟོས་པར་འགོད་ དགོས།
༣། དངོས་ཡོད་གནས་ཚུལ་རྣམས་གནད་བསྡུས་དང་གོ་རིམ་དང་ལྡན་པར་འབྲི་ དགོས།
54
དཔེ་མཚོན།
ཉིན་ཐོ།
ཕྱི་ལོ་༢༠༡༥ ཟླ་བ་༡༢ ཚེས་༡༠ རེས་གཟའ་ཕུར་བུ། གནམ་གཤིས་གྲང་ངར་ཆེ།
དེ་རིང་ནི་༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ དུས་ཆེན་ཁྱད་པར་ཅན་དེ་ཡིན། ང་ཚོའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་ཆས་གྱོན་
ནས། བོད་རིགས་སྤྱི་ཁང་ནང་དུ་འཛོམས་ཏེ་ཞལ་འདོན་སྐྱོར་བ་དང། མཇལ་དར་འབུལ་ བ། བསང་གསོལ་གཏོང་བ། གླུ་གཞས་དང་སྒོར་གཞས་འཁྲབ་པ་སོགས་དགའ་དགའ་སྐྱིད་ སྐྱིད་ལ་རོལ་བ་ཡིན། ཉིན་མོ་དེ་ནི་ལོ་གཅིག་གི་ནང་དུ་ང་ཚོ་བོད་རིགས་རྣམས་མཉམ་
འཛོམས་ཡོང་བའི་དུས་ཚོད་ཅིག་དང་། ང་ལ་མཚོན་ན་གྲོགས་པོ་གྲོགས་མོ་ཚང་མ་ཐུག་ པའི་གོ་སྐབས་བཟང་པོ་ཞིག་དང་། བརྗེད་ཐབས་མེད་པའི་ཉིན་མོ་ཞིག་ཡིན།
སྦྱོང་ཚན། དང་པོ། སློབ་ཚན་འདི་བསླབས་པའི་ཉིན་གྱིི་ཉིན་ཐོ་འབྲི་དགོས། གཉིས་པ། གཟའ་མཇུག་སྐབས་རེས་མོས་ཀྱིས་ཉིན་ཐོ་བཀླག་ཏུ་འཇུག་དགོས། 55
སློབ་ ཚན། ༡༣
བརྡ་དག་སྦྱོང་བརྡར།
ཡིན་ནམ་སྙམ་པ་ས་སྙམ་ལ། །
ས་བདག་གཉན་ནི་ག་གཉན་ཡིན། །
གཉེར་པ་དག་ནི་ག་གཉེར་ལ། །
འདིང་བའི་སྟན་ནི་ས་སྟན་ལ། །
བཞིན་རས་སྙེར་བ་ས་སྙེར་ཡིན། །
མི་འགྱུར་བརྟན་ནི་ར་བརྟན་ཡིན། །
ནད་འགོ་བ་ནི་འ་འགོ་ལ། །
མིག་གིས་བལྟ་བ་ལ་བལྟ་ལ། །
ལུས་ཀྱི་མགོ་ནི་མ་མགོ་ཡིན། །
བཞོན་པའི་རྟ་ནི་ར་རྟ་ཡིན། །
56
སངས་རྒྱས་བསྟན་པ་ས་བསྟན་ལ། །
བ་ཡིས་འཕུལ་བ་ཤེས་པར་བྱ། །
སྦྱོང་ཚན། གཤམ་གསལ་བར་སྟོང་རྣམས་སུ་འདེམས་སྐོང་བྱོས། ༡། བོད་རང་བཙན་ཐོབ་ན་་་་་་་་་་་་་་་་།
སྙམ་/མཉམ་
༣། ཁོང་དགོན་པའི་་་་་་་་་་་་་་པ་རེད།
ཉེར་/གཉེར་
༢། ལུས་ལ་་་་་་་་་་་་་་་་་་་་འབུར་སྐྱེས།
༤། རླུང་ལངས་ནས་སྣ་་་་་་་་་་་་་་་་་་། ༥། སྲིན་བལ་གྱི་་་་་་་་་་་་་་་་་་་ལ་ཉལ། ༦། ཁོང་གྲོགས་པོ་་་་་་་་་་་་་་་་པོ་ཡོད། ༧། ན་ཚ་ཁ་ཤས་་་་་་་་་་་་་་་་ནད་རེད།
༨། ཞྭ་མོ་་་་་་་་་་་་་་་་་་་་་་་་་་་་་་ལ་གྱོན།
༩། ལྟད་མོ་་་་་་་་་་་་་་་་་་་་་་་་བར་ཕྱིན།
༡༠། འགྲུལ་པ་་་་་་་་་་་་་་་་་་་་ལ་བཞོན། ༡༡། བླ་མས་སློབ་མར་ཆོས་་་་་་་་་་་་་་།
གཉན་/སྙན་
སྙེར་/མཉེར་ སྟན་/ཏན་
གཏན་/བརྟན་ འགོ་/སྒོ་
གོ་/མགོ་
གཏའ་/བལྟ་ རྟ་/སྟ་
བསྟན་/རྟེན་ 57
མཆོད་རྟེན་ལ་སོགས་ར་རྟེན་ལ། །
ནམ་ཞག་གཏན་ནི་ག་གཏན་ཡིན། །
འཕུར་བའི་བྱ་ནི་བ་བྱ་ལ། །
འཐུང་བའི་ཇ་ནི་ཇ་རྐྱང་ཡིན། །
གྱེན་ལ་འདྲེན་པ་ད་འདྲེན་ལ། །
འགྲན་ཟླ་བྱེད་པ་ག་འགྲན་ཡིན། །
འ་ཡིས་འཕུལ་བ་ཤེས་པར་བྱ། །
རྣམ་པ་མང་པོ་ར་རྣམ་ཡིན། །
སྣམ་བུ་སྣལ་མ་ས་སྣལ་ཡིན། །
སྣ་བདུན་དག་ནི་ས་སྣ་ལ། །
ནམ་ལ་དབྱར་ནི་ད་དབྱར་ལ། །
58
གཡར་པོ་གཡོར་བ་ག་གཡར་ཡིན། །
དང་པོ། གཤམ་གསལ་རྟགས་ཅན་རྣམས་ཀྱི་དག་ཆ་ནོར་བཅོས་གྱིས། ༡།
རྩེད་མོ་འདྲེན་བསྡུར་བྱེད།
༣།
བལ་གྱི་རྣལ་མ་འཁེལ།
༢།
༤། ༥།
དབང་པོ་རྣ་ལྔ་ཚང་ཡོད། གཡར་དུས་ཆར་ཞོད་ཆེ། དངུལ་དབྱར་ནས་ཚོང་བརྒྱབ།
གཉིས་པ། གཤམ་གྱི་བར་སྟོང་རྣམས་སུ་ཁ་སྐོངས།
༡། ཉི་ཟླ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལ་རྒྱུ།
༢། སློབ་དེབ་ཕྱག་ཏུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ༣།
ཕ་མ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གཉིས་བཞུགས།
༥།
བར་སྟོང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སུ་བྲིས།
༤།
བལ་གྱི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བུ་འཇམ།
59
གསུམ་པ། བར་སྟོང་རྣམས་སུ་འདེམས་སྐོང་བྱོས། མཆོད་་་་་་་་་་་་་་་་་་་་ལ་ཕྱག་འཚལ།
གཏན་/རྟེན་
་་་་་་་་་་་་་་་་་་་་་་་ཁྲུང་ཁྲུང་དཀར་མོ།
བྱ་/ཇ་
ལྷ་སར་་་་་་་་་་་་་་་་་་་འཇགས་བསྡད། གསོལ་་་་་་་་་་་་་་་་་་་་དང་བཞེས་ལག ཞིང་ཁ་ལ་ཆུ་་་་་་་་་་་་་་་་་་་་་་་་་་་་་་།
60
གཏན་/རྟེན་ བྱ་/ཇ་
འགྲེན་/འདྲེན་
སློབ་ ཚན། ༡༤
བརྡ་དག་སྦྱོང་བརྡར།
ཁོག་པའི་སྙིང་ནི་ས་སྙིང་ལ། །
བུ་ལོན་རྙིང་པ་ར་རྙིང་ཡིན། །
གཅོད་པའི་གྲི་ནི་ག་གྲི་ལ། །
སྣོམ་པའི་དྲི་ནི་ད་དྲི་ཡིན། །
གཞན་ལ་སྟེར་བ་ས་སྟེར་ལ། །
མི་ཟད་གཏེར་ནི་ག་གཏེར་ཡིན། །
དངོས་པོ་འཛད་པ་འ་འཛད་ལ། །
བྱ་བ་མཛད་པ་མ་མཛད་ཡིན། །
ཁང་པའི་མཛོད་དང་མཛེས་མ་ཡང། །
མ་ཡིས་འཕུལ་བ་ཤེས་པར་བྱ། །
སེམས་ཀྱི་རྟོག་པ་ར་རྟོག་ལ། །
ཁོངས་སུ་གཏོགས་པ་ག་གཏོགས་ཡིན། །
61
སྦྱོང་ཚན། དང་པོ། གཤམ་གསལ་མིང་རྣམས་ལ་ཚིག་སྒྲུབ་བྲིས། ༡།
རྙིང་པ་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
༣།
གཏེར་ཁ་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
༥།
ཁོངས་གཏོགས ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
༢།
དྲི་མ་
༤།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
མཛད་པ་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
གཉིས་པ། གཤམ་གསལ་རྣམས་སྒྲ་གདངས་བསྡུར་ནས་སྒྲ་མི་མཐུན་པ་ སྙིང་
རྣམས་གཡས་ཀྱི་རེའུ་མིག་སྟོང་པའི་ནང་བྲིས།
འདྲི་
སྟེར་
འཛད་ 62
ཉིང་
རྙིང་
དེར་
གཏེར་
དྲི་
མཛད་
གྲི་
ཟད་
དོག་
གཏོགས་
གསུམ་པ། གཤམ་གྱི་བར་སྟོང་སྐོངས། སྟོན་པའི་་་་་་་་་་་་་་་་་་་་་པ་བཅུ་གཉིས། རྒྱུ་ནོར་ལ་་་་་་་་་་་་་་་་་་་་་་་་མཐའ་མེད། ཕྱུག་པོའི་བང་་་་་་་་་་་་་་་་་་་་་་་་ཁེངས། མིག་ལ་གཟུགས་་་་་་་་་་་་་་་་་་་་་་་་་་་་། ང་ཡི་་་་་་་་་་་་་་་་་་་་་་་་་་་་་་དང་འདྲ་བ། ཀླད་་་་་་་་་་་་་་་་་་་་་་་་མཁྲེགས་བཟུང།
ཤེས་རབ་ཀྱི་རལ་་་་་་་་་་་་་་་་་་་་་་་་་་་། སྤོས་ཀྱི་་་་་་་་་་་་་་་་་་་་་་་་་བསུང་ཐུལ།
གསེར་གྱི་་་་་་་་་་་་་་་་་་་་་་་་་་་་་ཁ་རྙེད།
ཡིད་ལ་བདེ་བ་་་་་་་་་་་་་་་་་་་་་་་་་་་་་་་་།
རྟག་
འཛད་/མཛད་ མཛེས་/མཛོད་ རྙིང་/སྙིང་ དྲི་/གྲི་ སྟེར་/གཏེར་ 63
ཀ་ཅ་སྟོར་བ་ས་སྟོར་ལ། །
གཏོར་མ་གཏོར་བ་ག་གཏོར་ཡིན། །
སྡེ་པ་དག་ནི་ས་སྡེ་ལ། །
སྐུ་ཁམས་བདེ་བ་བ་བདེ་ཡིན། །
དབང་དུ་བསྡུས་པ་ས་བསྡུས་ལ། །
བར་ཆད་བདུད་ནི་བ་བདུད་ཡིན། །
ནང་དུ་གཤེགས་པ་ག་གཤེགས་ལ། །
པགས་པ་དག་ནི་པགས་རྐྱང་ལ། །
སྡིག་པ་བཤགས་པ་བ་བཤགས་ཡིན། ། ལུས་ཀྱི་ལྤགས་པ་ལ་ལྤགས་ཡིན། །
གནས་ནས་སྤག་པ་ས་སྤག་ལ། །
64
དཔག་ཏུ་མེད་པ་ད་དཔག་ཡིན། །
སྦྱོང་ཚན། དང་པོ། གཤམ་གསལ་བར་སྟོང་རྣམས་སུ་བདམས་ཏེ་སྐོངས། ༡།
ཆང་ཕུད་་་་་་་་་་་་་་་་་་་་་་་་་་་་་་་་་་་བྱེད།
གཏོར་/སྟོར་
༣།
སངས་རྒྱས་ཀྱིས་་་་་་་་་་་་་་་་་་་་བཏུལ།
སྡུད་/བདུད་
༢།
༤། ༥།
གྲོང་་་་་་་་་་་་་་་་་་་་་་་་་་་་་་སོ་སོར་ཕྱིན།
སྟ་རེས་ཤིང་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
གཏོར་མ་་་་་་་་་་་་་་་་་་་་་་་་་་གིན་འདུག
སྡེ་/བདེ་
གཤགས་/བཤགས་
སྟོར་/གཏོར་
གཉིས་པ། གཤམ་གསལ་ཚོན་མདོག་ཅན་གྱི་ཡི་གེ་རྣམས་ནོར་བཅོས་བྱོས། ༡།
༢།
ལྷ་ལ་ཏོར་མ་བཤམས།
ལུས་ཁམས་འདེ་ཐང་ཡིན།
༣། དོན་མདོར་འདུས་ནས་བཤད་ན། 65
༤། ས་གནས་གཞན་དུ་བཤེགས། གསུམ་པ། བར་སྟོང་རྣམས་སུ་བདམས་ཏེ་སྐོངས།
སྤག་
པགས་
ལྤགས་
སྤགས་
དཔག་
༡། མགོ་་་་་་་་་་་་་་་་་་་་་་་་་་སྟག་གིས་དབྲལ།
༢། རྩམ་པའི་་་་་་་་་་་་་་་་་་་་་་་་་་་་་་་་་་གཡོས།
༣། ཚོད་་་་་་་་་་་་་་་་་་་་་་་་་་བྱས་ནས་བཤད། ༤། ལུག་གི་་་་་་་་་་་་་་་་་་་་་་་་་་་་་་་་་་་པ་རེད། ༥། རིམ་པ་མཐོ་སར་་་་་་་་་་་་་་་་་་་་་་་་་་་་་་་་།
66
ལེགས་བཤད་ལྗོན་དབང་། དབྱངས་ཅན་གྲུབ་པའི་རྡོ་རྗེ།
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་པའི་དབྱངས་ ལ་གུས་བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་
བྱ། །དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ ཡིན། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་
སྟེ། །ད་ནི་ན་ར་ལ་གསུམ་དང༌། །ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་སྔོན་འཇུག །གོ་ངོ་ དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་
མཐའ་མེད་འོ ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་ པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག
།ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །གི་ཀྱི་གྱི་འི་
ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང༌། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་ པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི །འ་དང་མཐའ་མེད་འི་དང་ཡི། །ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང༌། །ང་ན་མ་ར་ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌། །ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲག་མཐར་
ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །གམ་ངམ་དམ་ནམ་བམ་མམ་ འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ར་རུ་
འི་ཡི་འང་ཡང་རྣམས། །རྐང་པ་མི་སྐོ ང་སྐོང་བའི་ཁྱད། །འོ་འུ་འམ་གྱི་གོང་དུ་ཚེག །མེད་དང་
ཡོད་པའང་དེ་བཞིན་ཡིན། །ནས་ལས་འབྱུང་ཁུངས་དགར་སྡུད་དེ། །འབྱུང་ཁུངས་དངོས་
67
ལ་གང་སྦྱར་འཐུས། །རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ནི་ནི་དགར་དང་བརྣན་པའི་
སྒྲ༑ ༑དང་ནི་སྡུད་འབྱེད་རྒྱུ་མཚན་དང༌། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །མིང་གི་ཐོག་ མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅི་
ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་ གང་ཟག་གང་ཀུན་ལའ།ོ །ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་ དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་
སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །མ་ མི་མིན་མེད་དགག་སྒྲ་སྟེ། །མ་མི་ཐོག་མ་མིན་མེད་མཇུག །མ་ནི་བར་གྱི་གསལ་བྱེད་ལའང༌།
།ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེ་འོ ་ཞེ་ན་ཞིག །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་བསལ་ཞེས་མ་
གཏོགས། །ཤིང་ཤིག་ཤེ་འོ ་ཤེ་ན་འཐོབ། །འོ ན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །མིང་གི་ཆ་དང་ མ་ནོར་གཅེས། །རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌།
།ལྷུག་པའི་དོན་མང་མིང་མཚམས་དང༌། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་ བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། མཐར་ཉིས་ཤད་འཐོབ།
།དོན་ཚན་ཆེན་མོ་རྫོགས་པ་དང༌།
།ཚིགས་བཅད་རྐང་
།ལེའུའི་མཚམས་སུ་བཞི་ཤད་
དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །ཚིག་གི་ ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ལེགས་བཤད་ལྗོན་པའི་དབང་ པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།། །། 68