༄༅། །བོད་གཞུང་ཤེས་རིག་སྤྱི་ཁྱབ་ལྷན་ཁང་། མི་ལོ་ཉི་ཤུ་རྩ་ལྔའི་རིང་སྐྱབས་བཅོལ་བོད་མིའི་ཤེས་ཡོན་གནས་སྟངས་སྙིང་བསྡུས།
ྋགོང་ས་མཆོག་ནས།
“མི་ལ་ཤེས་བྱ་ཡོན་ཏན་ཞིག་བྱུང་བ་ཡིན་ཡང་ཤེས་བྱ་ཡོན་ཏན་ནི་ལག་ཆ་འདྲ་བོ་རེད།
བེད་སྤྱོད་ག་འདྲ་ཞིག་བྱེད་དང་མི་བྱེད་རྩ་བའི་ལྷག་བསམ་ལ་རག་ལས་པ་ཡིན་དུས།
མི་ཁོ་རང་གི་གཞི་རྩའི་བསམ་བློ་གཏོང་
སྟངས་ལྷག་བསམ་ཡག་པོ་ཞིག་བྱུང་བ་ཡིན་ན་དེ་ལ་ཅི་ཙམ་གྱི་ཤེས་བྱ་ཡོན་ཏན་ཆེན་པོ་དང་། ཀྱིས་སོ་སོ་རང་ལ་ཡང་ཚེ་འདིར་སྐྱིད་པ། ཡོང་རྒྱུ་དང་།
ལག་ཆ་དེ་
ཚེ་ཕྱི་མ་ཁས་བླངས་པ་ཡིན་ན་ཕྱི་མར་ཡང་ཕན་པ།
ཡག་པོ་ཞིག་བྱུང་བ་དེའི་ཚོད་ ཚེ་འདི་སྐྱིད་པ་ཕྱི་མ་བདེ་བ་
རང་ཉིད་གང་དུ་གནས་པའི་སྤྱི་ཚོགས་སམ་རང་ཉིད་གང་དུ་གནས་པའི་ཡུལ་ལུང་དེའི་ནང་ལའང་ཕན་ཐོགས་
ཡོད་པ། སྤྱིའི་ཞབས་འདེགས་སྒྲུབ་ཐུབ་པ། སྤྱིའི་སྡུག་བསྔལ་སེལ་ཐུབ་པ། ཁེ་ཕན་མང་ཙམ་སྒྲུབ་ཐུབ་པའི་ཕན་ཐོགས་ཡོང་གི་ རེད།
དེ་འདྲ་ཡིན་དུས་དགེ་རྒན།
ཕྲུ་གུ་དང་གཤིབ་སྡོད་མཁན་ཚོས་རྩ་བའི་མིའི་ངོ་བོ་ཡ་རབས་བཟང་པོ་ཡོང་ཐབས་ཡིན་
གཅིག་མིན་གཅིག་བྱེད་རྒྱུ་སེམས་ལ་བཅངས་དགོས།”
ངོ་སྤྲོད།
༡༩༥༩ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ཆིབས་སྒྱུར་ཞབས་སོར་
བཀའ་དྲིན་ཆེ་ཉིད་ཕེབས་རྗེས་སུ་སྙེགས་འབྱོར་བོད་མིའི་བུ་ཕྲུག་ཚོར་མ་འོངས་བོད་ཀྱི་སོན་རྩར་ཐུགས་རེ་དགོངས་བཞེས་བླ་ མེད་ཀྱིས་ཤེས་ཡོན་སློབ་སྦྱོང་སྩལ་རྒྱུ་གལ་འགངས་ཆེ་ཤོས་གཟིགས་ཏེ་རྒྱ་གར་གཞུང་ལ་འདི་སྐོར་ཞུ་བསྐུལ་བཀའ་མོལ་མཛད་ ཅིང་། དར་ཐོག་བུ་ཕྲུག་རྒན་གྲས་གྲངས་༥༠ སྐོར་བསྡུ་བཀོང་དང་འབྲེལ་མ་སུ་རིར་བོད་མིའི་སློབ་གྲྭ་དང་པོ་དེ་ཆེད་འཛུགས་
བསྐྱངས་པ་ནས་བཟུང་ད་བར་རྒྱ་བལ་འབྲུག་གསུམ་ནང་བོད་སློབ་གྲངས་ ༨༢ རིམ་འཛུགས་ཡོད་པའི་ནང་སློབ་ཕྲུག་གྲངས་
༡༨༥༨༥ སྐོར་ལ་སློབ་སྦྱོང་གི་གོ་སྐབས་བཟང་ཐོབ་ཡོད་པ་མ་ཟད། བོད་ཕྲུག་བརྒྱ་ཕྲག་འགའ་ཤས་གཞི་རིམ་སློབ་གྲྭ་ཐོན་ཏེ་ཚན་
རིག་དང་། སྲིད་དོན། འཛམ་གླིང་རྒྱས་བཤད། ཚོང་འབྲེལ་སོགས་ཆེས་མཐོའི་སློབ་སྦྱོང་དང་། སྨན་པས་མཚོན་ལས་རིགས་ དམིགས་བཀར་སློབ་སྦྱོང་འདྲ་མིན་བྱེད་མུས་རེད།
རྒྱ་གར་སྲིད་བློན་དམ་པ་ཇ་ཝ་ཧར་ལལ་ནེ་ཧ་རུ་མཆོག་ཁོང་ཉིད་ཀྱི་ཐད་
ཀའི་ཐུགས་འཁུར་གཟིགས་སྐྱོང་འོག ༡༩༦༡ ལོར་རྒྱ་གར་ཤེས་རིག་ལྷན་ཁང་ཁྱབ་ཁོངས་ད་ལྟའི་ལྡི་ལི་དབུས་བོད་སློབ་འཛིན་
སྐྱོང་ཚོགས་པ་ཞེས་པ་དེབ་བསྐྱེལ་གྱིས་ཚོགས་པ་ཟུར་འཛུགས་གནང་སྟེ་བོད་གཞུང་ཤེས་རིག་ལྷན་ཁང་དང་འབྲེལ་ལམ་དམ་ ཟབ་དང་འབྲེལ་སློབ་གྲྭ་གསར་རྒྱག་འཛུགས་བསྐྲུན་གནང་སྒོ་སྤྱི་དང་།
ལྷག་པར་བོད་མི་སྐྱབས་བཅོལ་བའི་བུ་ཕྲུག་རྣམས་ལ་
མི་རིགས་རང་ཉིད་ཀྱི་ཆོས་རིག་སྐད་ཡིག་གཙོ་གྱུར་བོད་ཀྱི་རྩ་ཆེའི་གནའ་རབས་གོམས་སྲོལ་དང་ཡ་རབས་བཟང་སྤྱོད།
དེ་
བཞིན་མི་རིགས་ངོ་བོ་མི་ཉམས་སྲུང་སྐྱོབ་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་དེང་དུས་ཡར་ཐོན་རྒྱལ་ཁབ་ཁག་ནང་སློབ་སྦྱོང་ སྤྲོད་ཕྱོགས་དང་འཚམས་པའི་འཕྲལ་ཕུགས་འཆར་འགོད་གཏན་འབེབས་ཕྱར་གྲུ་མཉམས་འདེགས་གནང་འབྲེལ། ད་ཆ་འདས་ པའི་མི་ལོ་ཉི་ཤུ་རྩ་ལྔའི་དུས་ཡུན་འདིར་ཕྱི་མིག་ཅིག་ལྟ་སྐབས་དུས་རྒྱུན་དང་། གོ་སྐབས་མཐུན་རྐྱེན་ལ་གཞིགས་པའི་རང་རེའི་ 325