ཤེེས་བྱའིི་བང་མཛོོད་ བོོད་རྒྱལ་ལོོ། ༢༡༥༡
ཕྱིི་ལོོ་ ༢༠༢༤
༄༅། །ཡུལ་གྱར་གྱིི་མིི་ཚེེ། །
ཆོོས་ཉིིད་སྒྲོོལ་མས་བརྩམས།
འདོོན་ཐེེངས་སྔ་མའིི་འཕྲོོས།
དེེ་རྗེེས་མཆོོད་ཁང་ནང་ཞལ་འདོོན་སྐྱོོར་དུ་ཕྱིིན། ཕྲུ་གུ་ཕལ་ཆེེ་བས་ སྐད་སེེང་མཐོོ་པོོའི་ི སྒོོ་ནས་ཞལ་འདོོན་འདོོན་པ་དང་། ཡང་འགའ་ ཤས་ཁ་འགུལ་ལ་མ་འགུལ་ངང་གཉིིད་ཁུག་གིི་ཡོོད། བསྟན་སྒྲོོལ་
གྱིིས་བློོ་རྩེེ་གཅིིག་སྒྲིིམ་ངང་ཞལ་འདོོན་སྐྱོོར་བ་དང་། དཔེེ་ཆའིི་ནང་ ཡོོད་པའིི་ཚིིག་རེེ་རེེ་བཞིིན་དོོ་སྣང་གིིས་ཤེེས་ཐབས་བྱེེད་ཀྱིི་ཡོོད།
ཞལ་འདོོན་ཚར་མ་ཐག་ཕྲུ་གུ་བྱིིངས་རྣམས་ཉལ་ཁང་ནང་སྒྲིིག་ཆས་
གྱོོན་གྱིི་ཡོོད་ལ། ཐབ་རེེས་དང་མོོག་རེེས་ཚོོས་གསོོལ་ཚིིགས་ཁང་ ནང་བག་ལེེབ་དང་། སྒོོ་ང་། ཇ་བཅས་བགོོ་འགྲེེམས་བྱེེད་བཞིིན་ ཡོོད།
ཕྲུ་གུ་ཚང་མ་གསོོལ་ཚིིགས་ཁང་ནང་འཛོོམས་ནས་ཁ་ཁུ་སིིམ་མེེར་ བསྡད། རྒན་བདག་གིིས་མཆོོད་པ་འབུལ་འགོོ་བཙུགས་པ་དང་།
ཚང་མས་དཀོོན་མཆོོག་ལ་མཆོོད་པ་ཕུལ་རྗེེས་ཞོོགས་ཟས་ལ་རོོལ། ཤོོག་ངོོས་ ༤ པར་གཟིིགས།
ཤེེས་ཡོོན་ལྷན་ཚོོགས་ཡིིག་ཚང་ནས་རྩོོམ་སྒྲིིག་དང་པར་སྐྲུན་ཞུས།
སྤྱིིའིི་འདོོན་ཐེེངས། ༢༣༡
བྲག་གསུམ་མཚོོ།
ཧིིན་སྒོོར། ༨
༄༅། །བཙན་བྱོལ་ནང་གི་བོད་སློབ། །
བྷེེལ་ཀོོབ་སཾཾ་བྷོོ་ཊ་གཏན་སློོབ།
བྷེལ་ཀོབ་དབུས་བོད་མིའི་སློབ་གྲྭ་འདི་ནི་ཐོག་མར་འགོ་འཛུགས་ སྐབས་རྩྭ་ཡིས་ཐོག་ཁེབས་བྱས་པའི་སྤྱིལ་བུ་ཞིག་དང་ནག་པང་ གཅིག་མ་གཏོགས་གཞི་རིམ་གྱི་མཐུན་རྐྱེན་གང་ཡང་མེད། འདས་ པའི་ལོ་ངོ་ལྔ་བཅུའི་ནང་སློབ་གྲྭ་འདིར་འཛུགས་སྐྲུན་དང་བཟོ་བཅོས་ བསྟར་ཆགས་སུ་གནང་སྟེ། དེང་འཛིན་རིམ་དང་པོ་ནས་ལྔ་པ་བར་ ཡོད་པའི་དམའ་རིམ་སློབ་གྲྭ་ ༤ དང༌། སློབ་གྲྭ་ཨ་མར་འཛིན་ རིམ་དྲུག་པ་ནས་བཅུ་གཉིས་བར་ཡོད་པའི་འབྲིང་སློབ་ཆེན་པོ་ ཞིག་ཏུ་གྱུར་ཡོད། ཕྱི་ལོ་ ༡༩༩༣ ལོར་སློབ་གྲྭའི་འཐུང་ཆུའི་དཀའ་ངལ་སེལ་ཆེད་སློབ་ གྲྭའི་ར་བར་ཁྲོན་པ་བྲུས་ཏེ་ལག་གནོན་ཆུ་མགོ་གསར་སྐྲུན་དང༌། སློབ་ཁང་ཨ་མར་ཞིག་གསོ་གནང༌། ཕྱི་ལོ་ ༢༠༠༥ ལོར་ལས་ ཤག་ ༥ དང༌། ཕྱི་ལོ་ ༢༠༠༦ ལོར་ལས་ཤག་ ༤ གསར་རྒྱག་ ལེགས་གྲུབ་བྱུང་བ་མ་ཟད། ཕྱི་ ལོ་ ༢༠༠༥ ལོར་ལས་ཤག་ ༡༠ ལ་ར་བསྐོར་གསར་རྒྱག འཛིན་ ཁང་ཡོངས་ལ་དམིགས་བསལ་ ཞིག་གསོ་དང༌། ཕྱི་ལོ་ ༢༠༠༦ ལོར ་འཛི ན ་ཁང་ ༦ གསར་ རྒྱག་ལེགས་གྲུབ་བྱུང༌། ཕྱི་ལོ་ ༢༠༠༧།༠༨ ལོར་སྒོར་འབུམ་༡༥ འགྲོ་གྲོན་བཏང་སྟེ་ལས་ཤག་ ༤ གསར་སྐྲུན་དང༌། འཛིན་ཁང་ དང་རྩེད་ཐང་ཉམས་གསོ། སློབ་ གྲྭའི་ས་འོག་གློག་སྐུད་ཞིག་གསོ་ དང་ལེགས་བཅོས། དེ་བཞིན་ཨ་ ལི་ཀུ་མ་རི་དང་ཀེ་ལ་ཤ་པུ་ར། གྷོ་ལ་ཐ་ལ་བཅས་ཡན་ལག་སློབ་ གྲྭ་ཁག་གི་འཛིན་ཁང་དང་ལས་ཤག་གསར་རྒྱག་དང་ཉམས་གསོ་ བསྟུད་མར་གནང༌། དེང་སྐབས་སློབ་གྲྭ་འདིའི་ཁང་པ་དང༌། འཛིན་ཁང༌། འཛིན་ཆས་ སོགས་རྒྱ་གར་ནང་སློབ་གྲྭ་ལེགས་གྲས་སུ་གཏོགས། དེ་ཡང་ཚན་ རིག་ཚོད་ལྟ་ཁང༌། ཤེས་ཡོན་མཐུན་རྐྱེན་ལྟེ་གནས། སྐད་ཡིག་ སྦྱོང་བརྡར་ཚོད་ལྟ་ཁང༌། རྩིས་རིག་ཚོད་ལྟ་ཁང་། རྩིས་རིག་དང་ ཚན་རིག་བཀོལ་སྤྱོད་དང་ལག་ལེན་ཆེད་ཐོག་ཁེབས་མེད་པའི་ སྐྱེད་ཚལ། རྩེད་རིགས་མཐུན་རྐྱེན། སློབ་ཕྲུག་ཆུང་བའི་སྡེ་ཚན་ དང་རྒན་པའི་སྡེ་ཚན་སོ་སོར་ཀམ་པུ་ཊར་སྦྱོང་བརྡར་ཁང་དྲ་རྒྱའི་ མཐུན་རྐྱེན་དང་བཅས་པ། གཟུགས་མཐོང་བརྙན་པར་ཁང༌། ས་ ཁམས་ཚོད་ལྟ་ཁང་སོགས་དབུས་བོད་སློབ་འཛིན་ཚོགས་ཀྱིས་ སློབ་གྲྭ་འདིར་དེང་དུས་དང་འཚམས་པའི་ཤེས་ཡོན་སློབ་སྟོན་གྱི་ མཐུན་རྐྱེན་གང་ལེགས་བསྐྲུན་ཡོད། བསླབ་གཞི་ནི། རྒྱ་གར་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་ ཀྱིས་གཏན་འབེབས་བྱས་པའི་སློབ་ཚན་ཁག་གཞི་རྩར་བཟུང་བའི་ ཐོག བོད་མི་སྤྱི་དང་ཁྱད་པར་ས་གནས་བོད་མིའི་གནས་སྟངས་ དང་འཚམས་པའི་བསླབ་གཞིའི་ནང་དོན་ཁ་གསབ་དང་བཅས་སློབ་ སྤེལ་བྱེད་བཞིན་ཡོད། བྷེལ་ཀོབ་དབུས་སློབ་གྲྭ་འདི་འཛིན་རིམ་དྲུག་པ་ནས་བཅུ་གཉིས་ བར་ཡོད་པའི་གཞི་རིམ་གོང་མའི་སློབ་འབྲིང་ཞིག་ཡིན་པ་དང༌། དེ་ ནས་ད་བར་སློབ་ཐོན་ཟིན་པའི་སློབ་མ་གྲངས་ ༡༠༨༧ ཡོད་པ་ དང་། སློབ་གྲྭ་འདིར་ཡན་ལག་སློབ་གྲྭ་བཞི་ཡོད་པ་གཤམ་གསལ།
ཀ) ཅོག་ཀུར་ཉིན་སློབ། སློོབ་གྲྭ་འདིི་ནིི་བྷེེལ་ཀོོབ་ཉེེ་ཁུལ་ཅོོག་ཀུར་བོོད་མིིའིི་གཞིིས་ཆགས་ ཁོོངས་སུ་ཡོོད་པའིི་གཞིི་རིིམ་འོོག་མའིི་སློོབ་གྲྭ་ཞིིག་ཡིིན་ཞིིང༌། པྲིིཡ་པ་ཊིི་ན་ (PIRIYAPATNA) གྲོོང་བརྡལ་ནས་ཀིི་ལོོ་མིི་ཊར་ ༤ ཙམ་གྱིི་སར་ཆགས་ཡོོད། སློོབ་གྲྭ་འདིི་ཕྱིི་ལོོ་ ༡༩༧༧ ལོོར་གསར་འཛུགས་གནང༌། ཐོོག་ མའིི་ཆར་སློོབ་ཕྲུག་ ༧༩ དང༌། འཛིིན་རིིམ་དང་པོོ་ནས་ལྔ་པ་བར་ ཡོོད། ཕྱིི་ལོོ་ ༢༠༠༨ ལོོར་སློོབ་ཕྲུག་ ༢༡ དང་དགེེ་ལས་ ༣ ཡོོད། རིིམ་བཞིིན་སློོབ་ཕྲུག་གིི་གྲངས་འབོོར་ཉུང་དུ་སོོང་བར་བརྟེེན་ཕྱིི་ལོོ་ ༢༠༡༨ ལོོར་སློོབ་གྲྭ་སྒོོ་བརྒྱབ། ཁ) ཨར་ལིི་ཀུ་མ་རིི་ཉིིན་སློོབ། སློོབ་གྲྭ་འདིི་ནིི་བྷེེལ་ཀོོབ་ལུགས་བསམ་བོོད་མིིའིི་གཞིིས་སྒར་གསུམ་ པ་དང་བཞིི་པའིི་བར་ཡོོད། རྒྱ་གར་ལྷོོ་ཕྱོོགས་མའེེ་སོོར་རྫོོང་ཁོོངས་ ཀྱིི་ཀུ་ཤལ་ན་སྒར་གྲོོང་བརྡལ་ནས་ཀིི་ལོོ་མིི་ཊར་ ༥ ཙམ་གྱིི་སར་ ཆགས་ཡོོད། སློོབ ་གྲྭ་འདིི་ ཕྱིི་ ལོོ་ ༡༩༧༧ ལོོར་གསར་འཛུགས་གནང༌། འཛིིན་རིིམ་དང་པོོ་ནས་ལྔ་པ་ བར་ཡོོད། ཕྱིི་ལོོ་ ༢༠༠༨ ལོོར་ སློོབ་ཕྲུག་༡༠༢ དང་དགེེ་ལས་ ༧ ཡོོད། ཕྱིི་ལོོ་ ༢༠༡༣ ཟླ་ ༡༢ ཚེེས་ ༣ ཉིིན་སློོབ་གྲྭ་འདིི་ བཞིིན་དབུས་བོོད་སློོབ་འཛིིན་ ཚོོགས་ཀྱིིས་སློོབ་གྲྭའིི་འཛིིན་ སྐྱོོང་དང་འབྲེེལ་བའིི་ལས་དོོན་ མཐའ་དག་སམ་བྷོོ་ཊ་སྤྱིི་ཁྱབ་ ཡིིག ་ཚང་གིི་ ཁྱབ་ཁོོང ས་སུ་ རྩིིས་སྤྲོོད་ཀྱིིས་ད་ལྟའིི་ཆར་སློོབ་གྲྭའིི་འཛིིན་སྐྱོོང་དང་འབྲེེལ་བའིི་ ལས་དོོན་མཐའ་དག་སམ་བྷོོ་ཊ་སྤྱིི་ཁྱབ་ཡིིག་ཚང་རང་གིིས་འཛིིན་ སྐྱོོང་བྱེེད་བཞིིན་ཡོོད། ག) ཀེེ་ལ་ཤ་པུ་ར་ཉིིན་སློོབ། ཀེེ་ལ་ཤ་པུ་ར་ཉིིན་སློོབ་ནིི། བྷེེལ་ཀོོབ་ལུགས་བསམ་གཞིིས་ཆགས་ ཀྱིི་གཞིིས་སྒར་གཉིིས་པའིི་འཁྲིིས་སུ་ཆགས་ཡོོད། སློོབ་གྲྭ་འདིི་ཕྱིི་ལོོ་ ༡༩༧༧ ལོོར་གསར་འཛུགས་གནང༌། འཛིིན་ རིིམ་དང་པོོ་ནས་ལྔ་པ་བར་ཡོོད། ཕྱིི་ལོོ་ ༢༠༠༨ ལོོར་སློོབ་ཕྲུག་ ༡༡༤ དང་དགེེ་ལས་ ༩ ཡོོད། ཕྱིི་ལོོ་ ༢༠༡༣ ཟླ་ ༡༢ ཚེེས་ ༣ ཉིིན་སློོབ་གྲྭ་འདིི་བཞིིན་དབུས་བོོད་སློོབ་འཛིིན་ཚོོགས་ཀྱིིས་སློོབ་ གྲྭའིི་འཛིིན་སྐྱོོང་དང་འབྲེེལ་བའིི་ལས་དོོན་མཐའ་དག་སམ་བྷོོ་ཊ་སྤྱིི་ ཁྱབ་ཡིིག་གིི་ཁྱབ་ཁོོངས་སུ་རྩིིས་སྤྲོོད་ཀྱིིས་ད་ལྟའིི་ཆར་སློོབ་གྲྭའིི་ འཛིིན་སྐྱོོང་དང་འབྲེེལ་བའིི་ལས་དོོན་མཐའ་དག་སམ་བྷོོ་ཊ་སྤྱིི་ཁྱབ་ ཡིིག་ཚང་རང་གིིས་འཛིིན་སྐྱོོང་བྱེེད་བཞིིན་ཡོོད། ང) གྷོོ་ལ་ཐ་ལ་ཉིིན་སློོབ། སློོབ་གྲྭ་ནིི་བྷེེལ་ཀོོབ་ལུགས་བསམ་གཞིིས་ཆགས་ཀྱིི་གཞིིས་སྒར་ ལྔ་པ་དང་དྲུག་པའིི་དབར་ཆགས་ཡོོད་པས། གཞིིས་སྒར་དེེ་གཉིིས་ ཀྱིི་བོོད་མིིའིི་ཕྲུ་གུ་ཉིིན་སློོབ་ཀྱིི་ཚུལ་དུ་བསྐྱོོད་བཞིིན་ཡོོད། ཕྱིི་ལོོ་ ༡༩༧༧ ལོོར་གསར་འཛུགས་གནང༌། འཛིིན་རིིམ་དང་པོོ་ ནས་ལྔ་པ་བར་ཡོོད། ཕྱིི་ལོོ་ ༢༠༠༨ ལོོར་སློོབ་ཕྲུག་ ༡༠༢ དང་དགེེ་ལས་ ༨ ཡོོད། ་ད་ ལྟའིི་ཆར་སློོབ་གྲྭའིི་འཛིིན་སྐྱོོང་དང་འབྲེེལ་བའིི་ལས་དོོན་མཐའ་དག་ སམ་བྷོོ་ཊ་སྤྱིི་ཁྱབ་ཡིིག་ཚང་རང་གིིས་འཛིིན་སྐྱོོང་བྱེེད་བཞིིན་ ཡོོད།