ཤེེས་བྱའིི་བང་མཛོོད་ ནོོར་བུ་གླིིང་ཁ།
བོོད་རྒྱལ་ལོོ། ༢༡༥༡
ཕྱིི་ལོོ་ ༢༠༢༤
༄༅། །མིིག་དྲུག །
ཆོས་ཉིད་སྒྲོལ་མས་བརྩམས།
ཕྲུ་གུ་ཚོོས་ཁྱིི་མཐོོང་སྐབས་ཐོོག་མར་ཞེེད་སྣང་སྐྱེེས་ཀྱང་། མིིག་
དྲུག་གིིས་ཉམ་ཆུང་བའིི་ངང་རྔ་མ་ཡང་ཡང་གཡུགས་པ་དང་ལྕེེ་ནར་ ནར་བྱས་པས། མིིག་དྲུག་ཡིིན་པ་ཤེེས་ཏེེ། ཞེེད་སྣང་དེེ་མུར་ཡལ།
བྱ་མོོ་དམར་རིིལ་དང་ཙིི་ཙིི་གཉིིས་ཀྱིིས་རྩྭའིི་གསེེབ་ནས་མིིག་
དྲུག་གིི་བཅོོས་མའིི་རྣམ་འགྱུར་ལ་བལྟས་ནས་མོོ་རང་ལོོག་ཡོོང་ རྒྱུར་སྒུག་བཞིིན་བསྡད།
བུ་ཆུང་ཞིིག་གིིས་མིིག་དྲུག་ལ་ཆུ་ཏོོག་ཙམ་སྤྲད་པ་དང་། བུ་མོོ་ ཞིིག་གིིས་རང་གིི་ལག་ཏུ་ཡོོད་པའིི་བག་ལེེབ་དེེ་ནས་ཏོོག་ཙམ་
ཞིིག་མིིག་དྲུག་ལ་སྤྲད། མིིག་དྲུག་གིིས་དེེ་ལམ་སང་བཟས་པ་
དང་། སླར་ཡང་བུ་མོོ་དེེའིི་ཕྱོོགས་སུ་བལྟས་ནས་བསྡད་དེེ། བག་ ལེེབ་ལྷག་འཕྲོོས་རྣམས་རག་རྒྱུའིི་རེེ་བ་བཅངས།
ཤོོག་ངོོས་ ༤ པར་གཟིིགས།
ཤེེས་ཡོོན་ལྷན་ཚོོགས་ཡིིག་ཚང་ནས་རྩོོམ་སྒྲིིག་དང་པར་སྐྲུན་ཞུས།
སྤྱིིའིི་འདོོན་ཐེེངས། ༢༢༧
ཧིིན་སྒོོར། ༨
༄༅། །བཙན་བྱོོལ་ནང་གིི་བོོད་སློོབ། །
སིིམ་ལ་གཏན་སློོབ།
སིིམ་ལ་གཏན་སློོབ་ནིི་རྒྱ་གར་བྱང་ཕྱོོགས་ཧིི་མ་ཅལ་མངའ་སྡེེའིི་རྒྱལ་ས་ སིིམ་ལའིི་གྲོོང་ཁྱེེར་ནང་ཆགས་ཤིིང་། ས་ཆའིི་མཐོོ་ཚད་རྒྱ་མཚོོའིི་ངོོས་ནས་ ཕིི་ཊིིི་ ༧༢༣༨ ཡིིན་སྟབས་གནམ་གཤིིས་དྲོོད་གྲང་སྙོོམས་པས་ཕྱིིི་ནང་གིི་ ཡུལ་སྐོོར་སྤྲོོ་འཆམ་པའིི་འདུ་ཚོོགས་མང་ས་ཞིིག་ཡིིན། ཕྱིི་ལོོ་ ༡༩༥༩ ལོོར་བོོད་མིི་རྣམས་བཙན་བྱོོལ་དུ་འབྱོོར་རྗེེས་ ཕྱིི་ལོོ་ ༡༩༦༠ ལོོར་མ་སུ་རིིར་བོོད་མིིའིི་སློོབ་གྲྭ་ཐོོག་མར་བཙུགས། ལོོ་ མཇུག་ཏུ་དྷ་སར་བུ་བཅོོལ་ཁང་གསར་འཛུགས་ཀྱིིས་ས་ཕྱོོགས་གང་ ས་ནས་བསྐྱལ་བའིི་བྱིིས་པ་མང་དག་ཅིིག་བདག་བཞེེས་གནང་ནའང་། རྒྱ་ གར་ནང་གནམ་གཤིིས་དང་ཟས་སྤྱོོད། ས་ཆུ་མ་འཕྲོོད་པའིི་རྐྱེེན་གྱིིས་བོོད་ མིི་མིི་ཉུང་བ་ཞིིག་ནད་མནར་དང་འདས་གྲོོངས་སུ་སོོང་བས། དེེ་དག་གིི་བུ་ ཕྲུག་དྷ་ས་དང་དེེ་ནས་མ་སུ་རིིར་བཏང་དང་གཏོོང་མུས་ཀྱང་། ཁང་ཁུངས་ ཆ་རྐྱེེན་དབང་གིིས་ཕྲུ་གུ་ཤོོང་ཚད་ལས་བརྒལ་བའིི་གནས་སྟངས་འོོག སློོབ་ གྲྭ་ཚུགས་ཡུལ་གཞན་ཞིིག་འཚོོལ་ཞིིབ་གནང་གལ་ཆེེ་བར་གཟིིགས་ཏེེ་གང་ སར་འཚོོལ་ཞིིབ་གནང་རྗེེས། མཐའ་མར་སིིམ་ལ་གྲོོང་ཁྱེེར་འདབས་ཀྱིི་ཆོོ་ཊ་ སིིམ་ལ་ཞེེས་པར་དེེ་སྔ་ཨིིན་ཇིིའིི་དབང་སྒྱུར་སྐབས་གསར་རྒྱག་བྱས་པའིི་ཀྲོོ་ རིིན་ཀྲམ་གཞིིས་ཁང་ (TORRENTIUM COTTAGE) ཞེེས་པའིི་ཁང་རྙིིང་ ཞིིག་བྷིི་ཤོོབ་ཁོོ་ཊོོན་སློོབ་གྲྭ་ (BISHOP COTTON SCHOOL) ར་སྐོོར་ དང་བཅས་པ་གཟིིགས། ༸གོོང་ས་མཆོོག་གིི་སྐུ་ཚབ་དང་སློོབ་གྲྭ་དེེའིི་འགན་ འཛིིན་ལྷན་ཚོོགས་དབར་གྲོོས་མོོལ་གནང་རྗེེས། ཕྱིི་ལོོ་ ༡༩༦༠ ཟླ་ ༡༢ ཚེེས་ ༡ ཉིིན་ས་ཁང་དེེ་ཐོོག་མར་གླ་གཡར་གནང་རྒྱུའིི་གན་རྒྱ་བཞག་སྟེེ། ཕྱིི་ལོོ་ ༡༩༦༡ ཟླ་ ༣ ཚེེས་ ༡ ཉིིན་གསར་འཛུགས་གནང་ཞིིང་། སློོབ་གྲྭ་ འདིི འིི ་ ཐོོ ག ་ མ འིི ་ མིི ང ་ ལ ་ སྐྱ བ ས ་ བཅོོལ ་བོོད ་ མིིའིི་སློོབ་གྲྭ་ (TIBETAN SOCIETY SCHOOL) ཞེེས་འབོོད། ཐོོག་མའིི་ཆར་དྷ་ས་བུ་བཅོོལ་ཁང་ནས་བོོད་ཕྲུག་གྲངས་ ༡༥༥ ཙམ་བཏང་། ཕྱིི་ལོོ་ ༡༩༦༢ ཟླ་ ༥ ཚེེས་ ༥ ཉིིན་སློོབ་གྲྭ་འདིི་རྒྱ་གར་བོོད་མིིའིི་སློོབ་གྲྭའིི་ ཚོོགས་སྡེེ་ (TIBETAN SCHOOL SOCIETY) ཡིིས་རྩིིས་བཞེེས་གནང་། ཕྱིི་ལོོ་ ༡༩༦༩ ལོོར་རྒྱ་གར་དབུས་འབྲིིང་སློོབ་ཤེེས་ཡོོན་ལྷན་ ཚོོགས་ (CBSE) སུ་དེེབ་སྐྱེེལ་ངོོས་འཛིིན་ཐོོབ་པ་དང་། ཕྱིི་ལོོ་ ༡༩༧༣ ལོོར་སློོབ་གྲྭ་འདིི་ནས་ཐེེངས་དང་པོོར་འཛིིན་རིིམ་བཅུ་གཅིིག་གིི་སློོབ་ ཕྲུག་སློོབ་མཐར་ཕྱིིན། ཕྱིི་ལོོ་ ༡༩༧༦ ལོོར་རྒྱ་གར་ནང་འཛིིན་རིིམ་བཅུ་ གཉིིས་བར་གྱིི་ལམ་ལུགས་གསར་འཛུགས་གནང་སྟབས། སློོབ་གྲྭ་འདིིར་ ཕྲུ་གུའིི་ཤོོང་ཚད་དང་ཆ་རྐྱེེན་ལ་གཞིིགས་ཏེེ་འཛིིན་རིིམ་བཅུ་པ་བར་ བཟོོས། འཛིིན་རིིམ་བཅུ་གཅིིག་དང་བཅུ་གཉིིས་ཀྱིི་སློོབ་ཕྲུག་རྣམས་སློོབ་ ཁག་གཞན་ལ་སློོབ་འཇུག་ཞུས། སློོབ་གྲྭ་འདིིའིི་སློོབ་སྤྱིི་ཐོོག་མར་བཀྲས་མཐོོང་བསོོད་ནམས་སྟོོབས་ འབྱོོར་ལགས་ཡིིན། དེེ་ནས་ད་བར་སློོབ་སྤྱིི་རིིམ་པར་བྱུང་བའིི་ཁྲོོད་རྒྱ་གར་ དང་བོོད་རིིགས་ཅིི་རིིགས་བྱུང་ཡོོད། མདོོར་ན་སློོབ་གྲྭ་འདིི་ཉིིད་དབུ་བརྙེེས་ པ་ནས་བཟུང་ད་བར་ཁྱོོན་སློོབ་ཕྲུག་གྲངས་ ༡༡༣༡ སློོབ་མཐར་སོོན་པ་བྱུང་
ཡོོད་ལ། དེེ་དག་གིིས་བཙན་བྱོོལ་བོོད་མིིའིི་སྤྱིི་ཚོོགས་ཁྲོོད་ལས་གནས་ཆེེ་ ཕྲ་ཆུང་གསུམ་ལ་ཞབས་ཞུ་སྒྲུབ་མུས་ཡིིན། ཕྱིི་ལོོ་ ༢༠༢༡ ཟླ་ ༡༢ ཚེེས་ ༢༤ ཉིིན་སློོབ་གྲྭ་འདིི་བཞིིན་སམ་ བྷོོ་ཊ་བོོད་སློོབ་ཚོོགས་པའིི་ཁྱབ་ཁོོངས་སུ་རྩིིས་ལེེན་གྱིིས་ད་ཆ་སློོབ་གྲྭ་ འདིིའིི་འཛིིན་སྐྱོོང་དང་འབྲེེལ་བའིི་ལས་དོོན་མཐའ་དག་སམ་བྷོོ་ཊ་སྤྱིི་ཁྱབ་ ཡིིག་ཚང་གིིས་གནང་བཞིིན་ཡོོད།
རྡོོ་རྗེེ་གླིིང་གཏན་སློོབ།
རྡོོར་གླིིང་གཏན་སློོབ་ནིི་ཕྱིི་ལོོ་ ༡༩༦༡ ལོོར་རྒྱ་གར་གྱིི་ནུབ་བྷང་གལ་མངའ་ སྡེེའིི་རྡོོ་རྗེེ་གླིིང་ཞེེས་པའིི་རྫོོང་ཁོོངས་སུ་གསར་འཛུགས་གནང་། རྡོོ་རྗེེ་གླིིང་ནིི་རྒྱ་གར་བྱང་ཤར་ཤིི་ལིི་གུ་རིིའིི་མེེ་འཁོོར་ས་ཚིིགས་ ནས་ཀིི་ལོོ་མིི་ཊར་ ༨༠ ཡས་མས་ཀྱིི་མཚམས་སུ་ཧིི་མ་ལ་ཡ་རིི་རྒྱུད་ དུ་ཆགས་ཡོོད། སློོབ་གྲྭའིི་གཡས་གཡོོན་དུ་ལྗང་མདོོག་གིི་ཇ་ཞིིང་གིིས་ ཡོོངས་སུ་ཁེེངས་ཤིིང། རིི་བོོ་གངས་ཅན་ལྗོོངས་ལྔ་ཡིིས་འདིིར་ཕེེབས་ སྐྱེེ་ བོོ་ རྣམས་ལ་ རང་བྱུང་ཁམས་ ཀྱིི་ མཛེེས ་སྡུག་ གིིས ་ཡོོང ས་སུ་ མྱོོས་པར་བྱེེད། ཐོོ ག ་ མའིི་ཆར་བོོད་མིི་ རྣམས་སྐྱབས་ བཅོོལ་དུ་འབྱོོར་ འཕྲལ་ཕྱིི་ལོོ་ ༡༩༥༩ ཟླ་ ༡༠ ཚེེས་ ༡ ཉིིན་རྡོོ་རྗེེ་གླིིང་རིི་གྲོོང་གིི་ལེེ་བྷོོང་ཞེེས་ པའིི་ས་གནས་སུ་བོོད་མིིའིི་རང་འཚོོའིི་ལྟེེ་གནས་ཞེེས་པའིི་ལག་ཤེེས་བཟོོ་ གྲྭ་ཞིིག་གསར་འཛུགས་ཀྱིིས་པང་གདན་དང་། ལྕགས་མགར། བལ་གོོས། རུམ་འཐག་སོོགས་ཀྱིི་ལས་གཞིི་འགོོ་འཛུགས་བྱས། ཕྱིི་ལོོ་ ༡༩༦༠ ཟླ་ ༦ པར་ས་གནས་བོོད་མིིའིི་བྱིིས་པ་རྣམས་སློོབ་འཇུག་གིི་དཀའ་ངལ་སེེལ་ སླད། བཟོོ་གྲྭའིི་ནང་སྔོོན་འགྲོོའི་ི འཛིིན་གྲྭ་གསར་འཛུགས་བྱས་པ་དང་། ཕྱིི་ ལོོ་ ༡༩༦༣ ཡས་མས་སུ་རྒྱ་གར་དབུས་གཞུང་གིིས་བསྐོོ་འཛུགས་གནང་ བའིི་བོོད་མིིའིི་སློོབ་གྲྭའིི་ཚོོགས་སྡེེས་སློོབ་གྲྭ་འདིིའིི་སྔོོན་འགྲོོ་ཐོོན་པའིི་སློོབ་ ཕྲུག་རྣམས་རྡོོར་གླིིང་གཏན་སློོབ་ནང་སློོབ་འཇུག་དགོོངས་བཞེེས་གནང་ བ་དང་། བཅའ་སྡོོད་སློོབ་ཕྲུག་རྣམས་ལ་ཟླ་རེེར་སྒོོར་ ༥༠ རེེ་འཚོོ་གྲོོན་དུ་ རོོགས་སྐྱོོར་གནང་ཡོོད། སློོབ་གྲྭ་འདིིའིི་སློོབ་སྤྱིི་དང་པོོ་སྐུ་ཞབས་ལྷ་དབང་ དཔལ་འབྱོོར་ལགས་ཡིིན། ཕྱིི་ལོོ་ ༡༩༧༡ ལོོར་འབྲིིང་རིིམ་གོོང་མའིི་ཡིིག་རྒྱུགས་སློོབ་ཐོོན་ དང་པོོར་སློོབ་ཕྲུག་གྲངས་ ༡༡ གྲུབ་འབྲས་ལེེགས་ཐོོན་བྱུང་། ལོོ་ཤས་རིིང་ རིིམ་བཞིིན་ཡར་རྒྱས་འགྲོོ་མུར་ད་ལྟའིི་ཆར་ལྡིི་ལིི་དབུས་འབྲིིང་སློོབ་ཤེེས་ ཡོོན་ལྷན་ཚོོགས་ཀྱིི་ (CBSE)ཆ་ཤས་འབྲིིང་རིིམ་གོོང་མ་བར་སླེེབས་ཡོོད། སློོབ་གྲྭ་དེེ་ཉིིད་དབུ་བཙུགས་པ་ནས་ད་བར་ཁྱོོན་སློོབ་ཕྲུག་གྲངས་ ༢༡༥༣ སློོབ་མཐར་སོོན་ཡོོད་པ་དང་། དེེ་དག་བོོད་མིིའིི་སྤྱིི་ཚོོགས་ཀྱིི་ཁྲོོད་ལས་ གནས་ཆེེ་ཕྲ་ཀུན་ལ་ལས་ཁུར་ཞུས་ནས་རང་རེེའིི་སྤྱིི་ཚོོགས་ལ་སྨན་པའིི་ ཞབས་འདེེགས་ཞུ་མུས་རེེད། ཕྱིི་ལོོ་ ༢༠༢༡ ཟླ་ ༡༢ ཚེེས་ ༢༤ ཉིིན་སློོབ་གྲྭ་འདིི་བཞིིན་སམ་ བྷོོ་ཊ་བོོད་སློོབ་ཚོོགས་པའིི་ཁྱབ་ཁོོངས་སུ་རྩིིས་ལེེན་གྱིིས་ད་ཆ་སློོབ་གྲྭ་ འདིིའིི་འཛིིན་སྐྱོོང་དང་འབྲེེལ་བའིི་ལས་དོོན་མཐའ་དག་སམ་བྷོོ་ཊ་སྤྱིི་ཁྱབ་ ཡིིག་ཚང་གིིས་གནང་བཞིིན་ཡོོད།
༢
ཕ་ཡུལ་ཤེེས་བྱའིི་བང་མཛོོད།
མགོོ་རྙོོག
ཆོོས་ཉིིད་སྒྲོོལ་མས་སྒྱུར་སྒྲིིག་ཞུས།
༨༥) གཡག་གཅིིག་ཐག་པ་བརྒྱ་ཡིིས་བཅིིངས་པ་གང་ ཡིིན་ཤོོད།
༨༦) ངའིི་ཉིིན་ཆ་ཚང་ཨང་གྲངས་ཐོོག་བཀོོད་ཡོོད། བྱས་ ན་ང་སུ་རེེད་དམ།
༨༧) ང་འགུལ་སྐྱོོད་མ་རྒྱབ་པར་ཡར་འཕར་གྱིི་ཡོོད་ལ། མར་ཡང་ཆག་གིི་ཡོོད། བྱས་ན་ང་སུ་རེེད་དམ།
༨༨) ང་ལ་རྐང་པ་བརྒྱ་ཕྲག་ཡོོད་ཀྱང་སྙེེ་ན་མ་གཏོོགས་ སྡོོད་ཐུབ་ཀྱིི་མེེད། ཁྱེེད་རང་གཙང་མ་ཡོོང་བར་ང་
བཙོོག་པ་བཟོོས་ན་མ་གཏོོགས་ཡོོང་གིི་མེེད། བྱས་ ན་ང་སུ་རེེད་དམ།
༨༩) ང་ནིི་ཧ་ཅང་སྲབ་པོོ་ཅིིང་ཁ་མདོོག་འདྲ་མིིན་སྣ་ཚོོགས་
ལྡན་ཡོོད། ང་ནིི་རྒྱལ་ཁབ་ཚང་མའིི་ནང་ཡོོད་པ་མ་ ཟད་ཁྱེེད་ཀྱིི་ཁྱིིམ་དུའང་མཐོོང་རྒྱུ་ཡོོད། ངས་ཁྱེེད་ རང་སྤྱང་གྲུང་ལྡན་པ་དང་། ཤེེས་རྒྱ་ཆེེན་པོོ་བཟོོ་ བར་ཕན་ཐོོགས་བྱེེད་ཀྱིི་ཡོོད། བྱས་ན་ང་སུ་རེེད་དམ།
༩༠) ང་ཚ་པོོ་ཡོོད་ལ་གྲང་མོོ་ཡང་ཡོོད། ང་རྒྱུགས་ཀྱིི་ཡོོད་
ལ་སྡོོད་ཀྱིི་ཡང་ཡོོད། ང་མཁྲེེགས་པོོ་ཡོོད་ལ་འཇམ་ པོོ་ཡང་ཡོོད། ཁྱེེད་ཀྱིིས་ང་ཉིིན་ལྟར་བེེད་སྤྱོོད་བྱེེད་ ཀྱིི་རེེད། བྱས་ན་ང་སུ་རེེད་དམ།
༩༡) ཁྱེེད་ཀྱིིས་ང་ཆུ་ནང་ནས་མཐོོང་ཐུབ། འོོན་ཀྱང་ང་ རློོན་པ་ཆགས་རྒྱུ་མེེད། བྱས་ན་ང་སུ་རེེད་དམ།
༩༢) ང་དུས་ཚོོད་ཆ་ཚང་ཞལ་བའིི་སྟེེང་སྡོོད་ཀྱིི་ཡོོད་
ཀྱང་། བཙོོག་པ་ཁྱོོན་ནས་ཆགས་ཀྱིི་མེེད། བྱས་ན་ ང་སུ་རེེད། ཤེེས་པ་གྱིིས།
༩༣) ངས་མིི་གཅིིག་དེེ་གཉིིས་ལ་བཟོོ་ཡིི་ཡོོད། བྱས་ན་ ང་སུ་རེེད་དམ།
༩༤) འཛམ་གླིིང་ནང་ཉལ་ནས་འགྲོོ་མཁན་དེེ་སུ་རེེད་དམ།
༩༥) རྩེེད་མོོ་རྩེེ་དུས་སྐད་ཅོོར་མང་ཤོོས་རྒྱག་པ་དེེ་གང་ རེེད་དམ།
༩༦) འཛམ་གླིིང་ནང་གདངས་རིིང་ཤོོས་དེེ་གང་རེེད་དམ།
༩༧) འཛམ་གླིིང་ནང་འཁྲབ་སྟོོན་རིིང་ཤོོས་གང་རེེད་དམ། ༩༨) རྨིི་ལམ་མངོོན་འགྱུར་ཐུབ་པའིི་གནད་དོོན་གཅིིག་ རང་ལས་མེེད་པ་དེེ་གང་རེེད་དམ།
གནམ་གྲུའིི་ནང་དུ་བསྐྱོོད་པའིི་མྱོོང་ཚོོར།
ལྷུག་རྩོོམ།
བསྟན་འཛིན་དགྲ་བཅོམ། འཛིན་གྲྭ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།
དགུན་ཁའི་གུང་སེང་ལ་སློབ་ཕྲུག་ཕལ་ཆེ་བ་ས་ཆ་འདྲ་མིན་དུ་འགྲོ་ཡི་ ཡོད། ཁ་ཤས་གནམ་གྲུའི་ནང་འགྲོ་བ་དང་། ཁ་ཤས་མེ་འཁོར་ནང་ འགྲོ་བ། ཁ་ཤས་སྤྱི་སྤྱོད་རླངས་འཁོར་ནང་འགྲོ་ཡི་ཡོད། ང་ལོ་ལྟར་ དགུན་ཁའི་གུང་སེང་རྨོ་རྨོ་ཐུག་འཕྲད་ཆེད་སྡེ་ར་སྡུན་ལ་འགྲོ་སྐབས་ སྤྱི་སྤྱོད་རླངས་འཁོར་ནང་འགྲོ་ཡི་ཡོད། རྡ་རམ་ས་ལ་ནས་སྡེ་ར་ སྡུན་བར་མཚན་གཅིག་གི་ལམ་བར་ཡིན་དུས་གནམ་གྲུ་དང་མེ་འཁོར་ ནང་འགྲོ་དགོས་མེད། དེར་བརྟེན་ང་ཚོ་རྡ་རམ་ས་ལ་ནས་སྡེ་ར་སྡུན་ བར་ཡར་མར་སྤྱི་སྤྱོད་རླངས་འཁོར་ནང་འགྲོ་ཡི་ཡོད། དེ་སྔོན་ ངའི་སློབ་གྲོགས་ཁ་ཤས་དགུན་ཁའི་གུང་སེང་སྐབས་གནམ་གྲུའི་ནང་ ཕྱིན་པའི་སྐོར་ཤེས་དུས་ང་རང་ཡང་གནམ་གྲུའི་ནང་འགྲོ་འདོད་ཆེན་ པོ་བྱུང་། སྐབས་དེར་ངས་ཨ་མ་ལགས་ལ་འདི་ལོར་དགུན་ཁའི་གུང་ སེང་སྐབས་གནམ་གྲུའི་ནང་འཁྲིད་རོགས་ཞེས་འབོད་སྐུལ་ཞུས། དང་ པོ་ཨ་མས་དེ་ཙམ་ཁ་ཡ་གནང་མ་བྱུང་། གང་ཡིན་ཟེར་ན་རྡ་རམ་ས་ལ་ ནས་སྡེ་ར་སྡུན་བར་གནམ་གྲུ་མེད་པས་ལྡི་ལི་བརྒྱུད་ནས་འགྲོ་དགོས་ཀྱི་ ཡོད། ང་ཚོས་འབོད་སྐུལ་མང་པོ་ཞུས་རྗེས་མཐར་ཨ་མས་རྡ་རམ་ས་ ལ་ནས་ལྡི་ལི་བརྒྱུད་སྡེ་ར་སྡུན་ལ་འགྲོ་རྒྱུ་བྱས་སོང་། ང་ཚོ་གུང་སེང་ འགྲོ་བའི་ཉིན་གྲངས་ ༡༥ ཙམ་གྱི་སྔོན་ལ་ཨ་མས་གནམ་གྲུའི་འཛིན་ བྱང་མངགས་ཉོ་གནང་སོང་། དེ་གོ་བ་དང་ང་དགའ་ཐག་ཆོད་དེ་ས་ མཆོངས་གནམ་མཆོངས་བརྒྱབ། ང་ཚོ་གུང་སེང་ལ་འགྲོ་བའི་ཉིན་དེར་ཞོགས་པ་སྔ་པོ་ལངས་ ཏེ་མོ་ཊའི་ནང་བསྡད་དེ་གྷ་གྷལ་གནམ་ཐང་དུ་ཕྱིན། གནམ་ཐང་ལ་མ་ སླེབས་སྔོན་ངས་གནམ་ཐང་དེ་ཆེན་པོ་ཡོད་རེད་བསམ་བྱུང་ཡང་། དེར་འབྱོར་དུས་གནམ་ཐང་ཆུང་ཆུང་ཞིག་ལས་མི་འདུག འོན་ཀྱང་ ངའི་མི་ཚེའི་ནང་གནམ་ཐང་མཐོང་བ་ཐེངས་དང་པོ་ཡིན་དུས་ང་སྐྱིད་ པོ་བྱུང་། སྐབས་དེར་གནམ་ཐང་སྟོང་པ་རེད་འདུག དུས་ཚོད་གང་ ཙམ་རྗེས་གནམ་གྲུ་ཞིག་གནམ་ཐང་དུ་འབབ་སོང་། གནམ་གྲུ་དེ་ཆུང་ ཆུང་ཞིག་ལས་མི་འདུག་ཀྱང་དེ་ནས་མི་མང་པོ་བབས་སོང་། ཁོ་ཚོ་ ལྡི་ལི་ནས་སླེབས་པ་རེད་འདུག ཡང་ང་ཚོ་དང་འདྲ་བར་ལྡི་ལི་ལ་འགྲོ་ མཁན་མང་པོ་ཞིག་གནམ་ཐང་དུ་སྒུག་ནས་བསྡད་འདུག དེ་ནས་དུས་ ཚོད་གང་ཙམ་རྗེས་མི་ཚང་མ་བང་སྒྲིག་ནས་རེ་རེ་བཞིན་གནམ་གྲུའི་ ནང་འཛུལ་བ་ཡིན། གནམ་གྲུ་མ་འཕུར་སྔོན་གནམ་གྲུའི་ཨིན་ཇེན་ འགོ་འཛུགས་སོང་བ་དེ་སྐད་ཆེན་པོ་ཞེ་དྲགས་འདུག དེ་ནས་གནམ་ གྲུ་འཕུར་རྒྱུ་འགོ་འཛུགས་སོང་། དང་པོ་ང་ཏོག་ཙམ་ཞེད་སྣང་སྐྱེས་ གྲོོང་པའིི་ཨ་ཁུ།
ཕྱིི་ལོོ། ༢༠༢༤
བྱུང་། དེ་ནས་ག་ལེར་ངའི་ཞེད་སྣང་དེ་མེད་པ་ཆགས་སོང་། གནམ་ གྲུའི་སྒེའུ་ཁུང་ནས་མར་ས་ལ་བལྟས་པས་ཚང་མ་ཆུང་ཆུང་མ་གཏོགས་ མཐོང་རྒྱུ་མི་འདུག དེ་ནས་ཆུ་ཚོད་ཕྱེད་ཀ་ཙམ་རྗེས་གནམ་གྲུའི་ནང་ ལས་ཀ་བྱེད་མཁན་བུད་མེད་གཅིག་གིས་ང་ཚོ་ལ་ཆུ་དང་བག་ལེབ་རེ་ སྤྲད་བྱུང་། དེ་ནས་ཆུ་ཚོད་ཕྱེད་ཀ་ཙམ་རྗེས་ང་ཚོ་ལྡི་ལིར་འབྱོར་བྱུང་། ལྡི་ལིའི་གནམ་ཐང་དེ་ཆེན་པོ་དང་དེའི་ནང་གནམ་གྲུ་ཡང་མང་པོ་མཐོང་ རྒྱུ་འདུག དེ་ནས་ང་ཚོ་གླ་འཁོར་ནང་བསྡད་དེ་སྡེ་ར་སྡུན་ལ་ཕྱིན་པ་ ཡིན། ང་གནམ་གྲུའི་ནང་ཐེངས་དང་པོ་འགྲོ་རྒྱུ་རག་པར་དགའ་པོ་ ཞེ་དྲགས་བྱུང་། གནམ་གྲུ་དེ་ཆུང་ཆུང་ཞིག་ལས་མི་འདུག་ཀྱང་གནམ་ གྲུའི་ནང་གི་ཚོར་བ་གང་འདྲ་ཡོད་མེད་ཤེས་རྟོགས་བྱུང་སོང་། རྗེས་སུ་ གནམ་གྲུ་ཆེན་པོའི་ནང་འགྲོ་རྒྱུའི་གོ་སྐབས་ཐོབ་པའི་རེ་བ་ཡོད།
ང་ལ་ཡོད་པའི་ནོར་བུ།
བསྟན་འཛིན་སྒྲོལ་དཀར། འཛིན་གྲྭ་བདུན་པ། ཧར་པ་པུར་སཾ་བྷོ་ཊ་ཉིན་སློབ།
སྤྱིར་འགྲོ་བ་མི་ཚང་མར་རང་རང་གི་རྩ་ཆེན་ནོར་བུ་ཞིག་ཡོད་ལ། དེ་ནི་སོ་སོར་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན། ཡིན་ཡང་། རྩ་ཆེན་ གྱི་ནོར་བུ་དེ་གསེར་དང་། དངུལ། རྡོ་རྗེ་ཕ་ལམ་སོགས་ཡིན་པའི་ ངེས་པ་མེད། གལ་ཏེ་ཁྱོད་ལ་ཅ་དངོས་དེ་ཚོ་མེད་ཀྱང་། ཁྱེད་རང་གི་ ཆེད་དུ་ཧ་ཅང་གི་གལ་ཆེ་བའི་ནོར་བུ་གཞན་ཞིག་ཡོད་པར་ཐེ་ཚོམ་ མེད། བུ་མོ་རང་ཉིད་ལ་མཚོན་ནའང་དེ་ལྟ་བུའི་ཅ་དངོས་ཤིག་མེད་ ཀྱང་། དེ་ལས་ལྷག་པའི་ནོར་བུ་རྩ་ཆེན་ཞིག་ཡོད། དེ་ནི་བདག་ལ་ བཀའ་དྲིན་ཤིན་ཏུ་ཆེ་བའི་དྲིན་ཅན་ཨ་མ་ལགས་ཁོང་ཡིན། ཁོང་གིས་ངའི་མི་ཚེ་དོན་སྙིང་ལྡན་པ་ཡོང་བའི་ཆེད་དུ་སྐུ་ལས་ཚད་ མེད་བསྐྱོན་ཡོད་པ་མ་ཟད། ཁོ་མོས་ངའི་མི་ཚེར་དགོངས་ནས་ཕྱི་ ནང་གི་ལས་འགན་ཆ་ཚང་འགན་བཞེས་བཞིན་ཡོད། དེ་ལས་ ཀྱང་ལྷག་པ་ཞིག་ལ་ཁོང་གིས་ང་རང་ཟླ་དགུ་ཁོག་ཏུ་ཉར་ཞིང་རིན་ ཆེན་གྱི་ཚེ་སྲོག་འདི་སྦྱིན། ཆུང་སྦར་མོ་གང་ནས་གསོ་སྐྱོང་གནང་ སྟེ་མཐར་ལང་ཚོའི་ཁོ་ལག་རྒྱས་དུས་ནས་བཟུང་ཤེས་རིག་གི་ར་ བར་ཡོན་ཏན་སྦྱོང་དུ་བཏང་། སྙིང་ནས་བརྩེ་བའི་བདག་གི་ནོར་བུ་དྲིན་ཅན་མ་ཡུམ་ཁོང་ གིས་བདག་ལ་བཅངས་པའི་བྱམས་བརྩེ་ནི་ནམ་མཁའ་ལས་ཡངས་ ཤིང་། རྒྱ་མཚོ་ལས་གཏིང་ཟབ་པས་སུས་ཀྱང་རྟོགས་དཀའ་བ་ཞིག་ ཡིན། དེས་ན་ཨ་མས་བདག་གི་མ་འོངས་པའི་ཕུགས་བསམ་གྱི་ ཆེད་དུ་དགོངས་ནས་བདག་ཨ་མ་དང་ཁ་བྲལ་ཏེ་སློབ་སྦྱོང་བྱེད་དུ་
མཚར་གཏམ།
རྩོོམ་སྒྲིིག་པས།
སྐོོར་གླེེང་སློོང་ཡག་པོོ་བྱ་རྒྱུའིི་གོོ་སྐབས་བཟང་པོོ་ཞིིག་ཐོོབ་སྐོོར་དང་འབྲེེལ་བའིི་ལས་
ཉིིན་ཞིིག་ཕ་དར་རྒྱས་ཕྱིི་ལ་ལས་དོོན་སྒྲུབ་ཏུ་ཕྱིིན་པའིི་སྐབས་དང་བསྟུན། ཨ་མ་ བསྡོོམས་ཤིག ི ་སྙན་སྒྲོོན་ཞུས། དེེ་ཚར་མ་ཐག་དུས་རྒྱུན་ནས་འུར་ཤོབ ོ ་དང་ང་རྒྱལ་ཆེེ་
དབྱངས་ལགས་ཀྱིིས་དེེ་རིིང་རང་གིི་བུ་མོོར་ཡུན་རིིང་གསང་བར་ཉར་བའིི་གནས་ཚུལ་ བའིི་འཐུས་མིི་གཞན་ཞིིག་གིིས་ལམ་སང་ཡར་ལངས་ནས། ངས་ཀྱང་ཡོོ་རོོབ་ཀྱིི་ཕོོ་
དེེ་ཤོད ོ ་དགོོས་བསམ་ནས། སྐད་ཤུགས་ཆུང་ངུའིི་ངང་བུ་མོོ་རང་མགྱོོགས་པོོ་ཤོག ོ ་ བྲང་དཀར་པོོའི ི་ནང་སྲིིད་འཛིིན་མཇལ་ཕྲད་བྱུང་ནས་བོོད་དོོན་སྐོོར་གླེེང་སློོང་ཡག་པོོ་
༩༩) ལག་པ་གཅིིག་ལ་མཛུབ་མོོ་ག་ཚོོད་ཡོོད། ལག་པ་ དང་། ཨ་མས་དེེ་རིིང་རང་ལ་གནས་ཚུལ་ཞིིག་ཤོདོ ་རྒྱུ་ཡོོད། དེེ་རང་གིིས་ཤེས ེ ་པའིི་རྗེེས་ བྱས་ཡོོད། ཅེེས་སྐད་ཤུགས་ཆེེ་ཙམ་ངང་བཤད་པ་དང་གྲོོས་ཚོོགས་ར་བའིི་ནང་ཡོོད་ ེ ་ གཉིིས་ལ་མཛུབ་མོོ་ག་ཚོོད་ཡོོད། བྱས་ན་ལག་པ་ མིི་གཞན་སུ་ལའང་ཤོདོ ་ཆོོག་གིི་མ་རེེད། ལྷག་པར་དུ་རང་གིི་པ་ལགས་ཀྱིིས་མ་ཤེས
བཅུ་ལ་མཛུབ་མོོ་ག་ཚོོད་ཆགས་ཀྱིི་རེེད།
ཕ་ཡུལ་འདོོན་ཐེེངས་ ༢༢༦ གིི་གབ་ལན།
༧༦) ཇེེམ་ཙེེ། ༧༧) བརྙན་འཕྲིིན། ༧༨) ལྷམ། ༧༩) སྟོོད་གོོས། ༨༠) ཕོོར་པ། ༨༡) ཡིི་ཙིི། ༨༢) ངང་ལག ༨༣) གནམ་གྲུ། ༨༤) གྲུ་གཟིིངས།
པའིི་མིི་ཚང་མ་གད་མོོས་སྡོོད་མ་ཚུགས་པ་ཆགས།
པ་བྱེེད་ཨང་། ཞེེས་མངགས། ཨ་མས་བུ་མོོ་རང་གིི་ཕ་ནིི་གྲོོང་པའིི་ཨ་ཁུ་སྟོོབས་རྒྱལ་ རེེད། ཁོོང་རང་གིི་ཕ་དངོོས་གནས་དེེ་རེེད། ཅེེས་བཤད་པ་དང་བུ་ ལས། བྱས་ན་ཏག་ཏག་བྱུང་བ་རེེད། གྲོོང་པའིི་ཅོོ་ཅོོ་འབྱོོར་ལྡན་
མོོས། ཨ་
རྗེེས་ལུས་ཐེེབས་པ།
གྱིི་པ་ལགས་དེེ་ངའིི་ཕ་དར་རྒྱས་ལགས་ཁོོང་རེེད། དེེ་ཁྱེེད་ཀྱིིས་མ་
རྒན་ལགས། - དོོན་གྲུབ་ཁྱེེད་རང་དེེ་རིིང་ཡང་རྗེེས་ལུས་ཐེེབས་དོོན་
ཤེེས་པ་བྱེེད་ཨང་། ཞེེས་ང་ལ་མངགས་གནང་བྱུང་། ཅེེས་བཤད་
གང་ཡིིན་ནམ།
པ་དང་ཨ་མ་ཁོོང་ཁྲོོས་ངོོ་གདོོང་དམར་རྐྱང་དུ་འགྱུར།
ཡོོ་རོོབ་ཀྱིི་ཕོོ་བྲང་དཀར་པོོ།
དོོན་གྲུབ། - རྒན་ལགས། ལམ་བར་དུ་མིི་ཞིིག་གིི་དངུལ་སྒོོར་བརྒྱ་ ཐམ་པ་བརླག་འདུག
རྒན་ལགས། - ཨོོ། ཧ་ཅང་ཡག་པོོ་རེེད། རང་གིིས་ཁོོང་ལ་དངུལ་འཚོོལ་རོོགས་ ཞུས་ཡིིན་པས།
ཉིིན་ཞིིག་གྲོོས་ཚོོགས་འཚོོགས་པའིི་སྐབས་འཐུས་མིི་ཞིིག་གིིས་ཐེེངས་འདིིར་ཁོོས་ དོོན་གྲུབ། - མ་རེེད། ང་རང་དངུལ་ལོོར་དེེའི་ི སྒང་ལ་ལངས་ནས་ད་བར་འགོོར་སོོང་། ཨ་རིིའི་ི ཕོོ་བྲང་དཀར་པོོའི ི་ནང་ཨ་རིིའི་ི སྲིིད་འཛིིན་དང་མཇལ་ཕྲད་བྱུང་ནས་བོོད་དོོན་ ཞེེས་ཞུས།
༣
ཕ་ཡུལ་ཤེེས་བྱའིི་བང་མཛོོད།
སྙན་རྩོོམ།
མངགས། ངས་ཀྱང་ཨ་མའི་སློབ་གསོ་དང་། ལམ་སྟོན། བྱམས་ བརྩེ་རྣམས་སྙིང་ལ་བཅངས་ནས་ཉིན་མཚན་མེད་པར་བརྩོན་འགྲུས་ ཀྱི་རྟ་ཕོར་བཅིབས་བཞིན་ཡོད། ཨ་མ་ལགས། ཁྱེད་ཀྱིས་ངའི་ཆེད་ དུ་ཡོད་ཚད་བློས་གཏོང་གིས་སྐུ་ལས་ཚད་མེད་སྐྱོན་བཞིན་པ་བུ་ མོ་ངས་ཆུད་ཟོས་སུ་མི་འགྲོ་བའི་དམ་བཅའ་བརྟན་པོ་བཞག་ཡོད། ཨ་མ་ལགས།
ངའིི་ཕ་ཡུལ་བོོད།
དཔལྡན་སྒྲོོལ་མ། འཛིིན་གྲྭ་བཞིི་པ། ཧར་པ་པུར་སཾཾ་བྷོོ་ཊ་ཉིིན་སློོབ།
༄༅། །ས་ཆ་སྐྱིིད་ཤོོས། །
ཕྱིི་ལོོ། ༢༠༢༤
ཆོོས་ཉིིད་སྒྲོོལ་མས་བརྩམས།
ང་ཚོོར་དགའ་སྣང་དང་འཛུམ་མདངས། དྲིི་མ་ཞིིམ་པོོ་སྤྲོོད་ཀྱིི་འདུག ང་ཚོོའིི་སློོབ་གྲྭར་བོོད་པ་དང་རྒྱ་གར་སློོབ་ཕྲུག་གཉིིས་ ཕྱེེ་མ་ལེེབ་ཀྱིིས་བྱས་ན་ང་ཆུའིི་ནང་རྩེེད་མོོ་རྩེེ་བར་འགྲོོ་ཡིི་མིིན་ལབ། ཀ་ཡོོད། སློོབ་ཕྲུག་མང་ཆེེ་བ་རྒྱ་གར་གྱིི་སློོབ་ཕྲུག་རེེད། ཁོོ་ཚོོ་ནིི་ གཤིིས་ཀ་ཡག་པོོ་དང་། དགེེ་རྒན་ལ་གུས་ཞབས་ཆེེ་བ། སློོབ་ཕྲུག་ ཆུང་བ་ལ་བྱམས་སྐྱོོང་གནང་མཁན་དེེ་འདྲ་ཡིིན། ཁོོ་ཚོོ་སློོབ་སྦྱོོང་ ལ་དོོ་སྣང་ཆེེན་པོོ་ཡོོད་པས་ཉིིན་ལྟར་ལག་ཏུ་དཔེེ་དེེབ་འཁྱེེར་ནས་ འགྲོོ་ཡིི་ཡོོད། བོོད་པ་དང་རྒྱ་གར་གྱིི་སློོབ་ཕྲུག་དབར་ཕན་ཚུན་ འཆམ་པོོ་དང་མཐུན་པོོ་ཡོོད་པས་ང་ཚོོ་མཉམ་དུ་རྩེེད་མོོ་རྩེེ་ཡིི་ཡོོད། ང་ཚོོའིི་དགེེ་རྒན་རྣམས་སེེམས་པ་བཟང་པོོ་དང་། གཤིིས་ཀ་འཇམ་ པོོ། ཁོོ་ཚོོས་ང་ཚོོ་ལ་བྱམས་སེེམས་ཆེེན་པོོའི་ི ངང་སློོབ་ཚན་ཁྲིིད་ གནང་གིི་ཡོོད། རྒན་ལགས་ཚང་མས་ང་ཚོོར་ཕ་མ་ནང་བཞིིན་ བྱམས་སྐྱོོང་གནང་གིི་ཡོོད། ང་ཚོོས་ཀྱང་དགེེ་རྒན་རྣམས་ལ་གུས་ བཀུར་དང་། དགའ་མོོས་ཆེེན་པོོ་བྱེེད་ཀྱིི་ཡོོད། དགེེ་རྒན་དང་སློོབ་ ཕྲུག་དབར་ཕ་མ་ནང་བཞིིན་བརྩེེ་སེེམས་ཟབ་མོོ་ཡོོད། ཉ་ཆུང་གིིས་བྱས་ན་ང་སྤང་ལྗོོངས་ཐོོག་རྩེེད་མོོ་རྩེེ་བར་འགྲོོ་ཡིི་མིིན་ བདག་གིི་སློོབ་གྲྭ་ནིི་ངའིི་སེེམས་ནང་ཨ་མ་བཞིིན་ཧ་ཅང་ ལབ། རྩ་ཆེེན་པོོ་ཡིིན་ལ། ང་ལ་ལམ་སྟོོན་དང་བྱམས་སྐྱོོང་གནང་མཁན་ གྱིི་ཕ་མ་བཞིིན་ཡིིན་པས། བདག་གིི་སློོབ་གྲྭར་ང་ཤིིན་ཏུ་བརྩེེ་བ་ ཆེེན་པོོ་ཡོོད། ན་ཆུང་བུ་མོོ་ཞིིག་གིི་འབོོད་སྐུལ།
ངའིི་ཕ་ཡུལ་ནིི་བོོད་ཡིིན། བོོད་ལ་གནམ་གཤིིས་སིིལ་པོོ་དང་གཙང་ མ་ཡོོད། བོོད་ནིི་འཛམ་གླིིང་ནང་ནས་ས་ཆ་མཐོོ་ཤོོས་དང་སྐྱིིད་ཤོོས་ ཡིིན། བོོད་ལ་འཛམ་གླིིང་གིི་མཐོོ་སྒང་ཡང་ཟེེར། འཛམ་གླིིང་གིི་ སྟེེང་ལ་རིི་རྒྱུད་ཧ་ཅང་མང་པོོ་ཡོོད་པ་བཞིིན། བོོད་ནང་ལའང་རིི་ རྒྱུད་ཧ་ཅང་མང་པོོ་ཡོོད། བོོད་རྒྱལ་ཁབ་ནང་གངས་རིི་སོོགས་ ཆུའིི་འབྱུང་ཁུངས་ཕུན་སུམ་ཚོོགས་པོོ་ཡོོད། ང་ཚོོའིི་བོོད་རྒྱལ་ ཁབ་དེེར་རང་འབྱུང་གིི་རྒྱུ་ནོོར་ཤིིང་ནགས་དང་། ཆུ། སེེམས་ཅན་ སོོགས་མང་པོོ་ཡོོད་པ་མ་ཟད། ས་ཁུལ་གང་སར་མཚོོ་དང་། མཚེེའུ། གཙང་པོོ་སོོགས་ཡོོད། བོོད་ལ་ཕོོ་བྲང་པོོ་ཏ་ལ་སོོགས་གནས་ཆེེན་གྱིི་དགོོན་པ་ དང་ལྷ་ཁང་མང་པོོ་ཡོོད། བོོད་རྒྱལ་ཁབ་ཀྱིི་རྒྱལ་ས་ལྷ་ས་ཡིིན། འོོན་ཀྱང་སེེམས་སྐྱོོ་བ་ཞིིག་ལ་ཕྱིི་ལོོ་ ༡༩༥༩ ལོོར་རྒྱ་མིིས་ང་ བསྟན་འཛིིན་བདེེ་ཆེེན། འཛིིན་གྲྭ་བཅུ་པ། སྦེེལ་ཀོོབ་སཾཾ་བྷོོ་ཊ་ཉིིན་སློོབ། ཚོོའིི་བོོད་རྒྱལ་ཁབ་བཙན་བཟུང་བྱས་པ་རེེད། ང་ཚོོ་བོོད་ཕྲུག་ཆུང་ ཀྭ་ཡེེ་གངས་ཅན་ལྗོོངས་ཀྱིི་བོོད་མིི་རྣམས། ། གཏིི་མུག་གཉིིད་ལས་སད་དང་བོོད་མིི་ཚོོ། ། ཆུང་ཚོོས་སོོ་སོོའི་ི རྒྱལ་ཁབ་ཆེེད་དུ་སློོབ་སྦྱོོང་ཡག་པོོ་བྱེེད་དགོོས། ཁྱེེད་ཚོོར་ཡོོད་པའིི་འདྲེེན་བྱེེད་གཉིིས་པོོ་དེེ། ། བེེད་སྤྱོོད་གཏོོང་བའིི་དུས་ལ་སླེེབས་འདུག་གོོ ། བདག་གིི་སློོབ་གྲྭ། བསྟན་འཛིིན་ཚེེ་སྒྲོོན། འཛིིན་གྲྭ་བཞིི་པ། ཧར་པ་པུར་སཾཾ་བྷོོ་ཊ་ཉིིན་སློོབ།
བདག་གིི་སློོབ་གྲྭའིི་མིིང་ལ་ཧར་པ་པུར་སཾཾ་བྷོོ་ཊ་ཉིིན་སློོབ་ཟེེར། ང་ ཚོོའིི་སློོབ་གྲྭའིི་ཕྱོོགས་བཞིི་ནིི་རྒྱ་གར་གྲོོང་གསེེབ་ཀྱིིས་ཡོོངས་སུ་ བསྐོོར་ཡོོད། མ་ཟད་ང་ཚོོའིི་སློོབ་གྲྭའིི་རྒྱལ་སྒོོའི་ི མདུན་དུ་གཞུང་ ལམ་ཆེེན་པོོ་ཞིིག་ཡོོད། དེེས་རྐྱེེན་པས་མིི་ཚོོགས་དང་རླངས་འཁོོར་ མང་པོོ་ཕར་འགྲོོ་ཚུར་འགྲོོ་བྱེེད་ཀྱིི་ཡོོད། ཕྱིི་ནས་བལྟས་ན་ང་ཚོོའིི་ སློོབ་གྲྭ་ཆུང་ཆུང་ཞིིག་མཐོོང་ཡང་། ནང་ནས་བལྟས་ན་ཡངས་ཤིིང་ རྒྱ་ཆེེན་པོོ། ཁུ་སིིམ་ཞིིང་ཡིིད་འཕྲོོག་པ་ཞིིག་ཡོོད། ང་ཚོོའིི་སློོབ་གྲྭའིི་ཁོོར་ཡུག་ནིི་མཛེེས་ཤིིང་ལྟ་ན་སྡུག་པ་ ཞིིག་ཡོོད། ལྗོོན་ཤིིང་དང་། མཛེེས་པའིི་མེེ་ཏོོག་སྣ་ཚོོགས་ཀྱིིས་ ཁེེངས་ཡོོད། དབྱར་དགུན་མེེད་པར་མེེ་ཏོོག་རྣམས་ཁྲ་ལྷམ་མེེར་ བཞད་ཀྱིི་ཡོོད། སློོབ་ཆུང་སློོབ་མ་རྣམས་ནས་མེེ་ཏོོག་ལ་ཆུ་བླུགས་ པ་དང་། བདག་གཅེེས་བྱེེད་པ། འདེེབས་འཛུགས་སོོགས་བྱེེད་ཀྱིི་ ཡོོད། དེེར་བརྟེེན་གཡས་གཡོོན་གང་སར་མེེ་ཏོོག་གིིས་ཁེེངས་ཤིིང་།
ས་ཕྱོོགས་གང་སར་ཕྱིིན་ནས་ལྟ་བའིི་དུས། ། རྒྱལ་ཁབ་ཚང་མ་ཡར་རྒྱས་འགྲོོ་བཞིིན་འདུག།། བྷོོ་ཊའིི་ལྗོོངས་འདིི་ཡར་རྒྱས་གཏོོང་བའིི་ཆེེད། ། བོོད་མིི་རྣམས་ཀྱིིས་དཀའ་ལས་བརྒྱབ་དགོོས་འདུག།།
ཕྱེེ་མ་ལེེབ་དང་། རིི་བོོང་། གླ་བ་བཅས་ཀྱིིས་ཁོོང་ཚོོར་ག་ལེེ་བཞུགས་ ལབ་སྟེེ་སྤང་ལྗོོངས་ཐོོག་རྩེེད་མོོ་རྩེེ་བར་ཕྱིིན།
ཀྭ་ཡེེ་ལྟོོས་དང་བོོད་ཕྲུག་སོོན་རྩ་ཚོོ། ། ང་ཚོོ་བོོད་པའིི་རིིག་གཞུང་ཉམས་བཞིིན་འདུག།། དེེ་དག་ཐམས་ཅད་མྱུར་དུ་ཉམས་སོོང་ན། ། བོོད་པའིི་སྲོོག་རྩ་བརླག་པའིི་ཉེེན་ཁ་ཆེེ། ། གོོ་ལ་འདིི་ནང་ཡོོད་པའིི་བཙན་བྱོོལ་རྣམས། ། གྲུ་འཛིིན་བདག་པོོའི་ི བཀའ་དྲིིན་བློོ་ལ་ཟུངས། ། ཁོོང་ལ་དྲིིན་ལན་འཇལ་རྒྱུའིི་སེེམས་ཡོོད་ན། ། བོོད་པའིི་སྲོོག་རྩ་སྐྱོོབ་པའིི་དུས་ལ་འབབ། །
གཏམ་དཔེེ་གཅེེས་བཏུས།
སྦལ་པས་པདྨའིི་སྟེེང་དུ་ཕར་མཆོོངས་ཚུར་མཆོོངས་བྱས། ཉ་ཆུང་གིིས་ པདྨའིི་སྡོོང་པོོ་ཡོོམ་ཡོོམ་བཏང་སྟེེ། སྦལ་པ་དང་མཉམ་དུ་རྩེེད་མོོ་རྩེེས།
༧༣) བཀའ་རྡོོ་རྗེེ་གཅོོད་པ། གསུང་སྤུ་གྲིི་ངར་མ།
ཆོོས་རྡོོ་རྗེེ་གཅོོད་པ་རྒྱུན་དུ་ཀློོག་ཀྱང་། སེེམས་ཞིི་དུལ་མེེད་པར་ཚིིག་རྩུབ་མོོ་སྤུ་གྲིི་ངར་མ་ལྟ་བུས་མིི་སེེམས་དུམ་བུར་གཅོོད་ཀྱིིན་འདུག་ཟེེར་རྒྱུར་སྣང་། ཆོོས་ཚུལ་ བྱེེད་ཀྱང་རང་སེེམས་མ་དུལ་བ་ལྟ་བུ་དེེ་རིིགས་ལ་ཟུར་ཟ་བྱེེད་པ་ཡིིན་སྙམ། (ཨ་མདོོ་ཁུལ་)
༧༤) རྐང་པ་ས་ལ་མ་ཚུགས་པར། མགོོ་བོོས་གནམ་བརྟོོལ་རྒྱུ།
རང་ཉིིད་རང་རྐྱ་མིི་འཕེེར་བར་སྟོོབས་ལྡན་དགྲ་བོོར་ཕར་རྒོོལ་བྱ་རྒྱུ་ལྟ་བུ་འགྲུབ་ཐབས་མེེད་པའིི་ཧམ་སྨྱོོན་གྱིི་བསམ་སྤྱོོད་རེེད་ཟེེར་བ་ལྟ་བུ་དེེ་རིིགས་ལ་སྤྱོོད་པ་ཡིིན། ༧༥) སྐམ་པོོའི་ི ཕྱག་རྒྱ་དེེ། རློོན་པའིི་ཆུ་ནང་དུ་མིི་ཡོོང་།
ཚིིག་འགྲེེལ། སྐམ་སར་བསྡད་ནས་བྱེེད་པའིི་ལག་བརྡ་མཁས་པོོ་དེེ། རློོན་པའིི་ཆུ་ནང་དུ་བྱིིངས་དུས་ལས་སླ་པོོ་དེེ་འདྲ་མིི་ཡོོང་ཞེེས་དཔེེར་བཞག་པ་ཡིིན།
དོོན་འགྲེེལ། དབང་འཛིིན་པས་གདན་ཐོོག་ནས་འདིི་འདྲ་དང་དེེ་འདྲ་བྱ་དགོོས་ཟེེར་བའིི་ཁ་ཏ་ལག་བརྡ་དེེ། དོོན་དངོོས་བྱ་བ་ངོོ་མ་ཕྲད་དུས་སྟབས་བདེེ་པོོ་དེེ་འདྲ་ཡོོང་མིི་ ཐུབ་ཅེེས་མ་རངས་པའིི་སྟིིང་ཚིིག་ལྟ་བུར་སྤྱོོད་པ་ཡིིན།
གཏམ་མཛོོད་མེེས་པོོའི ི་ཞལ་རྒྱུན་ལས་དྲངས།
མུ་མཐུད་རྒྱུ་་་་
༄༅། །མིིག་དྲུག།།
ཆོོས་ཉིིད་སྒྲོོལ་མས་བརྩམས།
བྱ་མོོ་དམར་རིིལ་དང་ཙིི་ཙིི་གཉིིས་པོོས་མིིག་དྲུག་ལ་བག་ ལེེབ་རག་པ་མཐོོང་བས་བྲེེལ་འཚུབ་ལངས་ཏེེ་རང་དབང་ མེེད་པར་འགུལ་ཙམ་འགུལ་ཙམ་བྱ་དགོོས་བྱུང་། སྣང་
ཚུལ་དེེ་བུ་མོོ་ཆུང་ཆུང་ཞིིག་གིིས་མཐོོང་བས་མོོས་གཟབ་ ནན་ངང་ཁོོ་གཉིིས་ལ་བལྟས།
ཁོོ་གཉིིས་རང་དབང་མེེད་པར་ཁ་མཆུ་ཤོོར་བཞིིན་ཡོོད་ པས། ཡ་ང་བའིི་ སྣང་ཚུལ་དེེར ་སྙིིང ་རྗེེ་ ཐག་ཆོོད ་དེེ།
མགྱོོགས་པོོ་ལྟོོ་ཕད་ནང་ནས་བག་ལེེབ་ཅིིག་བཏོོན་ཏེེ་ག་ ལེེར ་ཁོོ་ གཉིིས ་ཡོོད ་སར་ཕྱིིན ་ནས་བག་ལེེབ ་ཕྱེེད ་ཀ་ རེེ་སྤྲད།
༄༅། །དགེེ་སློོབ་གླེེང་སྟེེགས། །
ཐོག་མར་ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས། ལན། ལྷན་རྒྱས་སྐུ་ཁམས་བཟང་། ངའི་མིང་ལ་བསྟན་འཛིན་རང་གྲོལ་ཞུ་ཡི་ཡོད། ད་ལྟ་བོད་ཁྱིམ་གོ་པལ་པུར་དུ་འཛིན་རིམ་བཅུ་པའི་ནང་སློབ་སྦྱོང་བྱེད་མུས་ཡིན། སློབ་གྲྭའི་ནང་སྐྱིད་པོ་འདུག་གམ། རྒྱུ་མཚན་གང་། ལན། ང་རང་སློབ་གྲྭའི་ནང་སྐྱིད་པོ་འདུག རྒྱུ་མཚན་ནི་ང་ལ་ངའི་རོགས་པ་དང་འཛིན་ གྲོགས་ཚོས་རྒྱབ་སྐྱོར་དང་ཡིད་ཆེས་ཞེ་དྲགས་བྱེད་ཀྱི་འདུག་ལ། ད་དུང་ང་ཚོ་ཕན་ ཚུན་གཅིག་ཕན་གཅིག་གྲོགས་དང་འཆམ་པོ་ཡོད་པས་ཡིན། ཁྱེད་རང་གིས་ཆེས་དགའ་བའི་སློབ་ཚན་གང་ཡིན་ནམ། རྒྱུ་མཚན་ གང་། ལན། ང་རང་ཆེས་དགའ་སའི་སློབ་ཚན་ནི་བོད་ཡིག་ཡིན། རྒྱུ་མཚན་ནི་ དེང་སང་གི་ཕྲུ་གུ་མང་པོ་ཞིག་གིས་བོད་སྐད་བརྗེད་ནས་བོད་སྐད་ར་མ་ ལུག་རྒྱག་གི་འདུག ངས་བོད་པའི་ཆོས་དང་རིག་གཞུང་མི་ཉམས་གོང་ འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུའི་ཕུགས་འདུན་ཡོད་པས་ཡིན། རང་ཉིད་ཀྱི་མི་ཚེའི་ནང་མིག་དཔེ་ལྟ་ས་དེ་སུ་ཡིན་ནམ། རྒྱུ་མཚན་ གང་ཡིན། ལན། ངའི་མིག་དཔེར་ལྟ་ས་ནི་ངའི་པ་ལགས་ཁོང་ཡིན། གང་ལགས་ཞེ་ ན། ངའི་པ་ལགས་ཀྱིས་མི་ཚེའི་ནང་གཞན་ལ་གནོད་པ་བསྐྱེལ་བ་ནམ་ཡང་གོ་མྱོང་ མེད། དེ་ལས་ལྡོག་སྟེ་རྟག་ཏུ་གཞན་ལ་ཕན་འདོགས་པ་དང་། བརྩེ་བ་སྦྱིན་གནང་གི་ ཡོད། ཁོང་གིས་རྟག་ཏུ་གཡོ་སྒྱུ་ཁྲམ་གསུམ་བྱ་རྒྱུ་མེད་པའི་བསླབ་བྱ་ཡང་ཡང་གནང་ གི་ཡོད། མ་ཟད་མི་རྒན་གཞོན་བར་གསུམ་ཚང་མར་བཀའ་མོལ་གནང་དུས་འཛུམ་ ཤིག་ཤིག་དང་ཡ་རབས་ངང་གནང་གི་ཡོད་པས་ཡིན། ཁྱེད་ཀྱིས་སློབ་གྲྭ་ཡག་པོ་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད། ལན། སློབ་གྲྭའི་ནང་གི་བུ་དང་བུ་མོ་ཕན་ཚུན་འཆམ་པོ་བྱེད་དགོས་ལ་གཅིག་གིས་ གཅིག་ལ་རྒྱབ་སྐྱོར་དང་། གཅིག་ཕན་གཅིག་གྲོགས་ཀྱིས་རྡོག་རྩ་ཆིག་སྒྲིལ་བྱས་ ནས་ཕྲུ་གུ་སློབ་སྦྱོང་ཞན་པ་ཚོར་ཕྲུ་གུ་སློབ་སྦྱོང་ཡག་པོ་ཚོས་བསླབས་ནས་ཁོ་ ཚོས་ཀྱང་ཤེས་ཐུབ་པ་བཟོ་དགོས་པ་དང་། སློབ་ཕྲུག་གསར་པར་རོགས་རམ། རྒན་ པར་གུས་ཞབས་དང་ཆུང་བར་བྱམས་སྐྱོང་བྱ་སའི་ཁོར་ཡུག་ཅིག་ཡོད་ན་དེ་ནི་སློབ་ གྲྭ་ཡག་པོ་ཞིག་ཡིན། སློབ་གྲྭའི་ནང་དཀའ་ངལ་མང་ཤོས་གང་ལ་འཕྲད་ཀྱི་འདུག དེ་ལ་གདོང་ལེན་ཇི་ ལྟར་བྱེད་ཀྱི་ཡོད། ལན། ང་རང་ལ་སློབ་ཚན་ཐོག་ཚན་རིག་དང་ཨང་རྩིས་གཉིས་ལ་དཀའ་ངལ་འཕྲད་ཀྱི་ འདུག ངས་དེ་ལ་གདོང་ལེན་བྱེད་སྟངས་ནི་སློབ་ཚན་དེ་གཉིས་ཀྱི་སློབ་དེབ་བཀླགས་ པ་དང་ཤེས་མཁན་ཚོར་དྲི་བ་དྲིས་ནས་དཀའ་ངལ་སེལ་ཐུབ་པ་བྱེད་ཀྱི་ཡོད།
ཁྱེད་ཀྱིས་སློབ་སྦྱོང་དང་རྩེད་མོ་གཉིས་ལ་དུས་ཚོད་ཆ་བགོས་ཇི་ལྟར་བྱེད་ ཀྱི་ཡོད། དེས་སློབ་སྦྱོང་ལ་བར་ཆད་གཏོང་གི་འདུག་གམ། ལན། འཛིན་གྲྭའི་སྐབས་སློབ་ཁྲིད་བྱེད་དུས་ཁ་གཡེང་མིག་གཡེང་མེད་པར་སློབ་ཁྲིད་ ཁོ་ནར་དོ་སྣང་བྱེད་ཀྱི་ཡོད། རྩེད་མོ་རྩེ་དུས་རྩེད་མོ་རང་རྩེ་བ་དང་། སློབ་སྦྱོང་བྱེད་ དུས་སློབ་སྦྱོང་རང་ལ་དོ་སྣང་སྤྲད་ནས་སྦྱོང་གི་ཡོད། ཁྱེད་རང་ཆུང་དུས་ནས་རྩོམ་ཡིག་དང་རི་མོ་འབྲི་རྒྱུར་དགའ་པོ་འདུག་ཅིང་། མུ་ མཐུད་རྒྱུན་འཛིན་བྱེད་བཞིན་འདུག་པས། དེ་འདྲའི་གོམས་གཤིས་ཇི་ལྟར་བྱུང་བ་ ཡིན་ནམ། ལན། ང་རང་ཆུང་དུས་ནས་པ་ལགས་ཀྱིས་རྩོམ་འབྲི་རུ་བཅུག་པ་དང་། དུས་ཚོད་སྟོང་པར་རི་མོ་བྲིས་ནས་སྡོད་ཀྱི་ཡོད། དེ་ལྟར་ཆུང་དུས་ནས་ གོམས་གཤིས་ལྟ་བུར་འཇགས་ནས་ད་ལྟའང་དུས་ཚོད་ནམ་རག་ལ་རི་ མོ་དང་རྩོམ་འབྲི་རྒྱུ་གཉིས་དང་ཁ་བྲལ་ཐབས་མེད་པར་འགྱུར་འདུག ཁྱེད་རང་རྩོམ་ཡིག་བརྗོད་གཞི་གང་གི་རིགས་ལ་དགའ་པོ་ཡོད། རྒྱུ་མཚན་ཅི། ལན། ང་རང་ལ་དགའ་མོས་ཆེ་བའི་བརྗོད་གཞི་དེ་འདྲ་གང་ཡང་མེད། ནམ་རྒྱུན་རྩོམ་ཡིག་འབྲི་དུས་བརྗོད་གཞི་སེམས་ནང་དང་ཤོས་གང་ དྲན་པ་དེའི་ཐོག་འབྲི་ཡི་ཡོད། རྩོམ་ཡིག་འབྲི་ཐབས་ཡར་རྒྱས་གཏོང་བར་ཁྱེད་རང་གིས་ཐབས་ལམ་གང་དང་ གང་སྤྱོད་ཀྱི་ཡོད། ལན། ང་རང་རྩོམ་ཡིག་འབྲི་སྐབས་མངོན་བརྗོད་དང་། རྒྱན་ཚིག ཁྱད་ཚིག་སོགས་ བེད་སྤྱད་ནས་འབྲི་ཡི་ཡོད། སྐབས་འགར་སོ་སོས་བཀླགས་ཚར་བའི་སྒྲུང་དེབ་ནས་ ཚིག་གསར་དང་བརྗོད་པ་སྙིང་རྗེ་པོ་རག་པ་རྣམས་བེད་སྤྱོད་གང་ཐུབ་བྱེད་ཀྱི་ཡོད། ཁྱེད་ཀྱིས་རང་ཉིད་ཀྱི་དགེ་རྒན་དང་སློབ་གྲོགས་རྣམས་ལ་གླེང་འདོད་པ་ཅི་ཞིག་ ཡོད། ལན། ངས་གླེང་འདོད་པ་ནི་ང་ཚོ་ཚང་མ་བོད་པ་ཡིན་པ་དང་བོད་པའི་མིང་ཁྱེར་མཁན་ ཞིག་ཡིན་པའི་ཆ་ནས། ང་ཚོས་བོད་སྐད་ཧུར་ཐག་འབད་ཐག་སྦྱང་ནས་སྐད་ཡིག་ར་ མ་ལུག་མ་སྤྱོད་པར་བོད་སྐད་གང་ཐུབ་གཙང་མ་སྐྱོན་དགོས་ཀྱི་འདུག ད་ལྟ་བོད་ དུ་ཡོད་པའི་བོད་མི་རྣམས་རྒྱ་ནག་དམར་པོའི་གདུག་རྩུབ་འོག་མནར་གཅོད་མྱངས་ དང་མྱོང་བཞིན་པ་རེད། དེར་བརྟེན་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་ རང་འཁྲིའི་ལས་འགན་དང་པོ་དེ་བོད་སྐད་གཙང་མ་སྐྱོན་ནས་རང་གི་སྐད་དང་རིག་ གཞུང་ལ་སྲུང་སྐྱོབ་བྱེད་དགོས་ཀྱི་འདུག མ་ཟད་ཆོལ་གསུམ་བོད་རིགས་སྤུན་ཟླ་ རྣམས་ཕན་ཚུན་འཆམ་མཐུན། རྡོག་རྩ་ཆིག་སྒྲིལ་བྱེད་དགོས་ཀྱི་འདུག
རི་མོའི་གླིང་ཁ།
མིིག་དྲུག་གིིས་དེེ་མཐོོང་བས་མགྱོོགས་པོོ་ཁོོ་གཉིིས་ཡོོད་ སར་རྒྱུགས་ཕྱིིན། བུ་མོོ་ཆུང་ཆུང་དེེས་མིིག་དྲུག་ལ་ད་ བག་ལེེབ་རྫོོགས་སོོང་ཞེེས་ཡང་ཡང་བཤད་ཀྱང་། ཨུ་
ཚུགས་ཀྱིིས་བག་ལེེབ་རག་ཐབས་བྱས་པ་དང་། ཁོོ་གཉིིས་ ལ་སྤྲད་པའིི་བག་ལེེབ་དེེའང་འཕྲོོག་རྩིིས་བྱས།
ཀུན་དགའ་ཚེེ་དཔག འཛིིན་རིིམ་ལྔ་པ། སྦེེལ་ཀོོབ་སིི་ཝིི་པིི་སཾཾ་བྷོོ་ཊ།
ཕན་རྣམ། འཛིིན་རིིམ་བཞིི་པ། སྦེེལ་ཀོོབ་སིི་ཝིི་པིི་སཾཾ་བྷོོ་ཊ།
བུ་མོོ་ཆུང་ཆུང་དེེས། མིིག་དྲུག་ཁྱེེད་རང་གིི་བསྐལ་བ་དེེ་
སྤྱིི་ཁྱབ་འགན་འཛིིན།
བསྟན་འཛིིན་པདྨ།
རྩོོམ་སྒྲིིག་པ།
ཆོོས་ཉིིད་སྒྲོོལ་མ།
རྩོོམ་སྒྲིིག་འགན་འཁུར་བ།
བཟས་ཚར་སོོང་ང་། ད་དུང་རང་ལ་ག་རེེ་དགོོས་འདུག་
རིི་མོོ་བ།
ཅེེས་གཤེེ་གཤེེ་བཏང་། བྱ་མོོ་དམར་རིིལ་དང་ཙིི་ཙིི་གཉིིས་
ཇུས་འགོོད་པ།
པོོར་བག་ལེེབ་ཕྱེེད་ཀ་རེེ་རག་པས་བློོ་ཡིིད་ཚིིམས་ཐག་ ཆོོད་ནས་མགྱོོགས་པོོ་སོོ་སོོའི་ི ཚང་གིི་ཕྱོོགས་སུ་ལོོག
ངག་དབང་བསྟན་འཛིིན། ངག་དབང་རྡོོ་རྗེེ།
བསོོད་ནམས་དབང་ཕྱུག ཆོོས་ཉིིད་སྒྲོོལ་མ།
རྩོོམ་དང་རིི་མོོ་སོོགས་བསྐུར་སའིི་ཁ་བྱང་། The Editor Department of Education (CTA) Gangchen Kyishong Dharamsala-176215 Distt. Kangra (H.P.) India
གློོག་འཕྲིིན།:། phayulshezod@tibet.net
འདོོན་ཐེེངས་སྔོོན་མ་རྣམས་ www.bodyiglobjong.com དྲྭ་ཚིིགས་སྟེེང་ནས་གཟིིགས་ཐུབ།
བརྙན་དེེབ་མངགས་ཉོོ་གནང་སའིི་ཁ་བྱང་། Sherig Parkhang Trust R-28 Ramesh Park, Laxmi Nagar New Delhi 110092 གློོག་འཕྲིིན།:། shepardelhi@gmail.com
མིིག་དྲུག་ནིི་ད་དུང་ཡང་བཟའ་རྒྱུ་ཏོོག་ཙམ་རག་ན་སྙམ་ ནས་ཕྲུ་གུ་ཚོོ་དང་མཉམ་དུ་བསྡད།
མུ་མཐུད་རྒྱུ་་་
ཀུན་དགའ་ཚེེ་དཔག འཛིིན་རིིམ་ལྔ་པ། སྦེེལ་ཀོོབ་སིི་ཝིི་པིི་སཾཾ་བྷོོ་ཊ།
རྡོོ་རྗེེ་སྒྲོོལ་མ། འཛིིན་རིིམ་བཞིི་པ། སྦེེལ་ཀོོབ་སཾཾ་བྷོོ་ཊ་ཉིིན་སློོབ་