བོད་རྒྱལ་ལོ། ༢༡༤༧
ཤེ ས ་བྱའི ་ བང་མཛོ ད ་
ཕྱི་ལོ་ ༢༠༢༠ ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་རྩོམ་སྒྲིག་དང་པར་སྐྲུན་ཞུས། སྤྱིའི་འདོན་ཐེངས། ༢༠༨ ཧིན་སྒོར། ༥
༄༅།། སྤྱང་གྲུང་ལྡན་པའི་བུ་མོ་དབྱངས་ཅན།
༄༅། །ཤེས་བྱའི་དགའ་ཚལ། །
ཆོས་ཉིད་སྒྲོལ་མས་བྲིས།
ཏོག་དབྱིབས་གཉན་རིམས། ༡༩
ཕྱི་ལོ་ ༢༠༡༩ ཟླ་ ༡༢ པའི་ཟླ་ནང་རྒྱ་ནག་ཧོ་བྷེ་ཞིང་ཆེན། ཝུའུ་ཧན་གྲོང་ཁྱེར་ནས་ ཐོག་མར་དར་ཁྱབ་བྱུང་བའི་གཉན་རིམས་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ནས་
ཏོག་དབྱིབས་གཉན་རིམས་ ༡༩ ཞེས་མིང་བཏགས། ཏོག་དབྱིབས་གཉན་སྲིན་དེས་ དེར་ཕྲུ་གུའི་རྩེད་ཆས་འདྲ་མིན་སྣ་ཚོགས་ཡོད་པ་མཐོང་སྐབས། དབྱངས་ ཅན་དགའ་ཐག་ཆོད་དེ་ལམ་སང་ཉལ་ཁྲི་ཅན་གྱི་ཨ་ལད་པད་ཀོ་ལ་འཇུ་
ཙམ་འཇུ་ཙམ་བྱས་པ་དང་ཕ་སྐལ་བཟང་ལ་འཛུམ་དམུལ་དམུལ་ངང་། པ་ལགས། ང་ཁྱེད་རང་ལ་དགའ་པོ་ཡོད། ཅེས་ཞུས་པ་མ་ཟད། ཨ་ལད་
པད་ཀོ་འདི་ལ་པ་ལགས་ཁྱེད་རང་ནང་བཞིན་དགའ་པོ་ཡོད། ཅེས་ཞུས།
གཙོ་བོ་ཆམ་ནད་ནས་འགོ་བརྩམས་སྟེ་མིའི་ལུས་ཁམས་མི་བདེ་བ་བཟོ་ཡི་ཡོད།
དཔེར་ན། ཆམ་ནད་ཀྱི་རྐྱེན་བྱས་ནས་དབུགས་གཏོང་ལེན་དཀའ་བ་དང་རིམ་པས་ དབུགས་ཀྱི་རྒྱུ་བ་ཆད་འཇུག་གི་ཡོད།
དང་པོ། ཏོག་དབྱིབས་ནད་འབུ་ཇི་ལྟར་ཁྱབ་གདལ་འགྲོ་ཚུལ།
དེ་གཙོ་བོ་དབུགས་གཏོང་ལེན་བརྒྱུད་ནས་ཁྱབ་འཕེལ་འགྲོ་ཡི་ཡོད། ལྷག་པར་དུ་
ནད་འབུ་དེས་ཟིན་པའི་མིས་གློ་དང་ཧབ་མཆི་བརྒྱབ་པའམ། མཆིལ་མ་དང་སྣ་ལུད་ སོགས་གཡུགས་ནས་ང་ཚོར་ན་ཚ་འགོ་ཡི་ཡོད་ལ། ནད་འབུ་འདིས་ཟིན་པའི་མིའི་ གཡས་གཡོན་གྱི་ཅ་དངོས་དག་ལས་ཀྱང་གཉན་རིམས་དེ་འགོས་སླ་པོ་ཆགས་ཀྱི་
ཡོད། དེ་བཞིན་དུ་ན་ཚ་དེ་ནི་ལོ་ཚད་ཀྱི་ཁྱད་པར་མེད་པར་མི་རྒན་དར་གཞོན་གསུམ་ ཚང་མར་འགོས་སྲིད་པ་དང་། ལྷག་པར་དུ་སྙིང་ནད་དང་། གཅིན་སྙི་ཟ་ཁུའི་ནད།
དབུགས་མི་བདེ་བའི་ནད་ (Asthma) སོགས་ཡོད་རིགས་ལ་ནད་འབུ་འདིས་ཟིན་ ན་ལྷག་པར་དུ་དཀའ་ངལ་ཆགས་ཀྱི་ཡོད་འདུག ཕ་སྐལ་བཟང་གིས་ལམ་སང་ཚོང་དཔོན་ལ་གོང་ཚད་ག་ཚོད་ཡིན་མིན་བཀའ་ གཉིས་པ། ཏོག་དབྱིབས་ནད་རྟགས་ཐོན་ཚུལ།
འདྲི་གནང་། ཚོང་དཔོན་གྱིས་འདི་ལ་སྒོར་སུམ་སྟོང་ལྔ་བརྒྱ་རེད་ཅེས་བཤད། ནད་འབུ་དེ་རང་གི་ཁོག་པའི་ནང་འཛུལ་ནས་དུས་ཡུན་ཉིན་གྲངས་ ༡ - ༡༤ མཚམས་ ཨ་མ་ལགས་ཀྱིས་དེ་འདྲའི་རིན་གོང་མཐོ་བའི་རྩེད་ཆས་ཉོ་དགོས་ཀྱི་མ་ ནད་རྟགས་མངོན་གྱི་ཡོད། འོན་ཀྱང་སྐབས་འགར་མི་སོ་སོའི་ནུས་ཤུགས་འདྲ་མིན་
རེད། ནང་ལ་ཡང་འདི་འདྲ་བའི་རྩེད་ཆས་མང་པོ་ཡོད་རེད། ཅེས་གསུངས། ལ་བརྟེན། འགའ་རེར་ནད་རྟགས་མངོན་པར་ཉིན་གྲངས་ཉི་ཤུ་ཙམ་འགོར་མཁན་ཡང་ ཡོད། ཡང་ཁག་ཅིག་ལ་ནད་འཕོགས་ཀྱང་ནད་རྟགས་མི་མངོན་པའང་ཡོད། གཉན་ རིམས་དེའི་ནད་རྟགས་གཙོ་བོ་ནི་ཚ་བ་ཕར་བ། གློ་སྐམ་པོ་རྒྱག་པ། ལུས་པོ་ཐང་
ཆད་པ་དང་ཡང་མི་འགའ་ཤས་ལ་ལུས་པོར་ཟུག་གཟེར་རྒྱག་པ། མིག་པར་ཟུག་རྔུ་ སྦྱིན་པ། བཤལ་ནད་ཕོག་པ་སོགས་ཡོང་གི་ཡོད། གོང་གི་ནད་རྟགས་དེ་དག་ཐོག་
རྩོམ་སྒྲིག་པས།
གསུམ་པ། ཏོག་དབྱིབས་གཉན་རིམས་དར་ཁྱབ་འགྲོ་ཡུལ།
འདི་ལོར་རྒྱ་ནག་ནས་རྒྱལ་སྤྱི་ཁྱོན་ཡོངས་སུ་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས།
ས་གནས་གང་སར་འཕྲོད་བསྟེན་དང་དཔལ་འབྱོར། འཚོ་བའི་གནས་སྟངས་སོགས་ ལ་དོ་ཕོག་ཆེན་པོ་བྱུང་ཡོད། འདས་ལོའི་ཟླ་ ༡༢ པ་ནས་བཟུང་ད་བར་འཛམ་གླིང་
གི་རྒྱལ་ཁབ་ཁག་ཉི་བརྒྱ་ལྷག་ཙམ་ནང་ནད་འབུ་འདིས་རྐྱེན་པས་མིའི་ཚེ་སྲོག་དང་ སེམས་ཁམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་ཡོད། ལྷག་པར་དུ་ཨ་རིའི་ནང་
ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་མི་རྒྱུ་གཉིས་ལ་གནོད་ཚབས་ཆེ་ཤོས་བྱུང་
ཡོད། མ་ཟད་ད་བར་འཛམ་གླིང་ཁྱོན་ཡོངས་ལ་མི་གྲངས་ ༢༡,༠༧༢,༡༢༥ ལ་གཉན་ རིམས་དེ་ཕོགས་ཡོད་པ་དང་། མི་གྲངས་ ༧༥༧,༤༧༡ ཙམ་འདས་གྲོངས་སུ་ཕྱིན་
ཡོད། དེ་བཞིན་འདི་ལོའི་ཟླ་ ༨ པའི་ཚེས་ ༡༤ བར་རྒྱ་གར་ནང་དུའང་གཉན་རིམས་ དེས་རྐྱེན་པས་མི་གྲངས་ ༢,༤༦༡,༥༤༢ ལྷག་ལ་ནད་ཕོགས་པ་དང་། མི་གྲངས་ ༤༨,༡༥༣ འདས་གྲོངས་སུ་ཕྱིན་ཡོད།
བཞི་པ། གཉན་རིམས་དེའི་སྔོན་འགོག་གི་བྱེད་སྒོ་ཁག
མི་སུ་འདྲ་ཞིག་ལའང་གནད་དོན་ཛ་དྲག་དང་ངེས་པར་དུ་བསྒྲུབ་དགོས་པའི་ལས་དོན་ མེད་ཚེ། མི་མང་འདུ་འཛོམས་སར་མི་འགྲོ་བ་དང་། རང་ཁྱིམ་དུ་སྡོད་རྒྱུ་ལས་ལྷག་ པའི་སྔོན་འགོག་ཐབས་ལམ་ཞིག་མེད། གལ་ཏེ་ཕྱི་ལ་འགྲོ་དགོས་བྱུང་ཚེ་རང་ཉིད་ ཀྱི་ཁ་དང་སྣ་གཉིས་ལ་ཁ་རས་དང་ལག་ཕྱིས་སོགས་ཀྱིས་ཡག་པོ་འགེབ་དགོས་
པ་དང་། མི་གཞན་དང་ཕན་ཚུན་ཐུག་ཕྲད་སྐབས་བར་ཐག་ངེས་ཅན་འཇོག་དགོས། དེ་བཞིན་ལག་གཉིས་པོར་དག་རྫས་བྱུག་ཏེ་ཆུས་ཡག་པོ་འཁྲུ་བའམ་ལག་སྲིན་སེལ་ བྱེད་ཀྱིས་གཙང་མ་བཟོ་དགོས་པ་མ་ཟད། རང་གི་ཁ་ངོ་དང་སྣ་ཁུང་སོགས་ལ་ལག་ པ་ཡང་ཡང་འཆང་རྒྱུར་འཛེམས་དགོས། དུས་རྒྱུན་གཉིད་དང་ངལ་གསོ་འདང་ངེས་
བཞིན་པ་རྒྱག་དགོས་པ་དང་། ཆུ་དང་འཚོ་བཅུད་ཅན་གྱི་ཟས་རིགས་མང་ཙམ་མཆོད་ དགོས་ལ། བསམ་བློ་བཟང་ཕྱོགས་སུ་གཏོང་དགོས་པ་དང་སེམས་པ་སྐྱིད་པོར་སྡོད་ རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།
མར་དེ་ཙམ་གསལ་ཁ་མ་དོད་ཀྱང་རིམ་པས་མངོན་གསལ་ཇེ་དོད་དུ་འགྱུར་གྱི་ཡོད།
དེ་ནས་བུ་མོ་དབྱངས་ཅན་གྱིས། ཨ་མ་ལགས། ང་དངོས་གནས་ཨ་ལད་ པད་ཀོ་འདི་ལ་པ་ལགས་ནང་བཞིན་དགའ་ཡི་འདུག ཅེས་ཟེར་ཞིང་མིག་
ཆུ་ལྷུང་ལྷུང་དུ་བཏང་། མིག་ཆུ་དེ་འདྲ་བཏང་བ་ཕ་སྐལ་བཟང་གིས་མཐོང་
སྐབས་སེམས་ཀྱིས་མ་བཟོད་པར་ལམ་སང་ཨ་ལད་པད་ཀོ་དེ་ཉོས་ནས་བུ་ མོ་དབྱངས་ཅན་གྱི་ལག་ཏུ་སྤྲད།
་་་་མུ་མཐུད་རྒྱུ།
Annual Report adm ལོ་འཁོར་སྙན་ཐོ། = དུས་ཡུན་ལོ་གཅིག་གི་ལས་དོན་གང་ཡང་རུང་བའི་སྙན་ཐོ།
Annual Review adm ལོ་འཁོར་བསྐྱར་ཞིབ། = ལོ་གཅིག་གི་ལས་དོན་གང་རུང་དང་འབྲེལ་བའི་བསྐྱར་ཞིབ། Anopsia med མིག་གཡུང་། = མིག་གིས་གཟུགས་གསལ་པོར་མི་མཐོང་བའི་སྐྱོན།
Anormaly- adm ༡) སྤྱི་དང་མི་སྙོམས་པ། = སྤྱི་སྙོམས་སམ་ཚད་གཞི་དང་འགལ་བའི་ཆ། ༢) ཀུན་དང་མི་འདྲ་བའི་གང་ཟག = སྤྱིར་བཏང་
དང་མི་འདྲ་བའི་གང་ཟག
Anonymous adm,lit ༡) མིང་མེད་པའི། = མིང་མ་བྲིས་པའམ་མིང་མེད་པའི། ༢) མིང་སྨྲོས་མེད་པའི། = སུ་ཡིན་མིན་སྨོས་མེད་པའི་གང་
ཟག་ཅིག་ནས།
ཁུངས། ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི་<<ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད།>>དེབ་ཕྲེང་ཁག