དྷརྨ་ཤཱ་ལཱའི་དབྱར་དུས་ཡུལ་ལྗོངས། བོད་རྒྱལ་ལོ། ༢༡༤༥
ཕྱི་ལོ་ ༢༠༡༨ ཤེས་རིག་ལས་ཁུངས་རྩོམ་སྒྲིག་ཚན་པ་ནས་རྩོམ་སྒྲིག་དང་པར་སྐྲུན་ཞུས།
༄༅།།གལ་ཏེ་ང་ཕ་མའི་ཁ་པར་ཡིན་ན་དགའ་བ་ལ།། ཀུན་དགའ་རྒྱལ་མཚན་གྱིས་བྲིས།
བུ་ཤེས་རབ་ཀྱི་རྩོམ་གཟིགས་པའི་སྐབས་སུ་རྒན་མིག་དམར་ལགས་སྤྱན་ཆབ་ཕྲུམ་
ཕྲུམ་ཤོར་བ་རེད། གནས་སྟངས་དེ་རང་གི་བཟའ་ཟླས་མཐོང་ནས། མིག་དམར། ག་
སྤྱིའི་འདོན་ཐེངས། ༢༠༡ ཧིན་སྒོར། ༥
༄༅། །དེང་རབས་རིག་གནས་གསར་པའི་བརྡ་ཆད་ཤན་སྦྱར་མ། །
marathon - རྒྱང་རྒྱུག
martyr - ལུས་སྲོག་བློས་བཏང་གི་དཔའ་བོ། དཔའ་བོ་དམ་པ།
massage - བསྐུ་མཉེ།
maximum retail price (MRP) - སིལ་ཚོང་གོང་ཚད། སིལ་ཚོང་གོང་ཚད་མང་མཐའ།
microscope - ཕྲ་མཐོང་ཆེ་ཤེལ།
monitor - བྱ་རའི་མེ་ལོང་།
morning star - ཐོ་རེངས་སྐར་ཆེན།
mud flap - འདམ་ཡོལ།
རེ་བྱས་ནས་ངུ་ཡི་ཡོད། དེའི་ནང་ག་རེ་བྲིས་འདུག ཅེས་དྲིས། བོད་དགེ་མིག་དམར་
ལགས་ཀྱིས་རང་གི་བཟའ་ཟླར། དེ་རིང་སློབ་ཕྲུག་རྣམས་ལ། གལ་ཏེ་ང་གཅིག་ཡིན་ན་ དགའ་བ་ལ། ཞེས་པའི་བརྗོད་གཞིའི་ཐོག་ལ་རྩོམ་ཡིག་འབྲི་བཅུག་ཡིན། སློབ་ཕྲུག་ གཅིག་གི་སེམས་ཚོར་ཆེ་བའི་རྩོམ་འདི་བཀླགས་པ་དང་ང་ངུ་ཤོར་སོང་། ཞེས་བཤད།
བཟའ་ཟླ་སྒྲོལ་མས། དེའི་ནང་ལ་ངུ་ཤོར་དགོས་པའི་གནས་ཚུལ་ག་རེ་བྲིས་ འདུག་གམ། ཞེས་དྲིས་པར། རྒན་མིག་དམར་ལགས་ཀྱིས། གསོན་ཨང་།
ཞེས་གསུངས་ཏེ། བུ་ཤེས་རབ་ཀྱི་རྩོམ་གྱི་འགོ་བརྗོད། གལ་ཏེ་ང་ཕ་མའི་ ལག་ཐོགས་ཁ་པར་ཡིན་ན་དགའ་བ་ལ། ཞེས་པ་བཀླགས་པས། རྒན་
ལགས་ཀྱི་བཟའ་ཟླ་ཅུང་ཡ་མཚན་དང་བཅས་ཞིབ་ཕྲ་ཤེས་འདོད་བྱུང་སྟེ། རྩོམ་ཡིག་དེ་བསྐྱར་དུ་ཀློགས་དང་། ཞེས་བཤད་པ་རེད།
AIDS གཉན་ནད་རེག་དུག - མིའི་ལུས་ཟུངས་ཟད་པའི་གཉན་ནད་ (HIV) ལས་བྱུང་བའི་གཉན་རིམས་སྲིན་འབུ་འཁྲུགས་པའི་ནད། དེས་ལུས་ཀྱི་ དེ་ནས་རྒན་ལགས་ཀྱིས་ལྗགས་ཀློག་གནང་བ། "ངའི་ཕ་མ་གཉིས་ཀྱིས་ང་ལ་
དགའ་པོ་ཞེ་དྲག་ཡོད། འོ ན་ཀྱང་ཁོང་གཉིས་ཀྱིས་ལག་ཐོགས་ཁ་པར་ཉོས་གནང་ བ་ནས་བཟུང་། ང་ལས་ལག་ཐོགས་ཁ་པར་ལ་ཞེ་དྲག་དགའ་བ་གནང་གི་འདུག
ཁོང་གཉིས་ལག་ཐོགས་ཁ་པར་ལ་དགའ་དྲགས་ནས། ང་ལ་ལྟ་སྐྱོང་གནང་རྒྱུ་ལྷོད་ ཡངས་འགྲོ་ཡི་འདུག ངའི་པཱ་ལགས་ལས་ཁུངས་ནས་སྐུ་ལས་ཁག་ནས་ཕེབས་ དུས། ང་ལ་ཁ་ཡ་གནང་ཐབས་མེད་ཀྱང་། ལག་ཐོགས་ཁ་པར་དང་མཉམ་དུ་འབྱར་ ནས་བཞུགས་རྒྱུའི་དུས་ཚོད་དང་ནུས་པ་འདུག" ཅེས་དང་།
༌༌༌མུ་མཐུད་རྒྱུ།
ནད་རིགས་སྔོན་འགོག་གི་ནུས་པ་ཉམས་པར་བྱེད་པས་སྲོག་ལ་ཉེན་ཚབས་ཆེ།
air check སྲིང་བཤེར། རྒྱང་སྲིང་དག་བཤེར། - དངོས་འབྲེལ་རྒྱང་སྲིང་བྱེད་པའི་སྐབས་ནས་རླུང་འཕྲིན་ནམ་བརྙན་འཕྲིན་གྱི་ཚོང་དོན་དྲིལ་
བསྒྲགས་སམ་ལས་རིམ་གྱི་སྒྲ་དང་བརྙན་པར་བསྡུ་འཇུག་བྱེད་ཚུལ་ཞིག
air pollution མཁའ་རླུང་འབགས་བཙོག - མིའི་བྱ་སྤྱོད་ལ་བརྟེན་ནས་རླུང་ཁམས་ཆེན་པོའི་ནང་དུག་རླངས་དང༌། འགྱེད་འཕྲོའི་རང་བཞིན་གྱི་
རྫས་རླངས། གནོད་འཚེ་ཅན་གྱི་རྡུལ་ཕྲན་སོགས་ཁྱབ་ཚུལ།
alias མིང་གཞན། - སྐྱེ་བོ་གང་ཞིག་གིས་རང་གི་དངོས་མིང་གི་ཚབ་ཏུ་བེད་སྤྱད་པའི་མིང་གཞན་ཞིག
ཁུངས། ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པའི་<<ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་>>དེབ་ཕྲེང་ཁག་ཁུངས་གཏུགས་ཏེ་པར་རིས་དང་བཅས་བཀོད།