Skip to main content

གོམ་པ་རྒྱག་པའི་ཤིང་སྡོང་།

Page 1

གོམ་པ་རྒྱག་པའི་ཤིང་སྡོང་།

རྩོམ་པ་པོ། དཱི་པ་ཨགྲཝཱལ།

རི་མོ་བ། ཨཇན་ཏ་གུཧ་ཐཱ་ཀུར།

བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།


2


ནགས་ཚལ་སྟུག་པོ་ཞིག་ནང་ཡལ་ག་ཕྲ་ལ་མཉེན་པའི་ཤིང་སྡོང་ཆུང་ཆུང་ཞིག་ཡོད། རླུང་བུ་ནི་ཁོ་ལ་སྐད་ཆ་བཤད་རྒྱུར་དགའ་བ་དང་། དུ་སྡོད་རྒྱུར་དགའ་པོ་ཡོད།

བྱིའུ་རྣམས་ཁོའི་ཡལ་གའི་སྟེང་

མཚམས་རེར་སྤྲེའུ་ཡོང་ནས་མཇུག་མ་ཁོའི་ཡལ་གར་

འཁྱུད་དེ་དཔྱང་རྩེད་རྩེ་ཡི་ཡོད།

3


ཤིང་སྡོང་ཆུང་ཆུང་དེ་ནི་ཁོ་ཚོའི་སྒྲུང་ལ་ཉན་རྒྱུར་དགའ་པོ་ཡོད།

ཁོས་རླུང་བུ་

ལ། ཁྱེད་དང་པོ་ཡོང་ཡོང་གང་ནས་ཡོང་། །ཞེས་དྲིས་པ་ན། རླུང་བུས། ང་ཡོང་ ཡོང་རི་བོ་རྩེ་ནས་ཡོང་། །སྤྲིན་པ་ནམ་མཁར་བཀྱགས་ནས་ཡོང་། །ཆར་པ་ས་ལ་ ཕབ་ནས་ཡོང་། །ཆར་པའི་ཆར་ཐག་ཆོད་པ་ན། །ང་མར་མར་ལུང་པའི་གཤོངས་

ལ་བབ། །ཕྲུ་གུའི་ཤོག་བྱ་བཀྱགས་ནས་ཡོང་། །མ་རབས་སྤྱོད་པ་འཁྲབ་བཞིན་

དུ། །གྲོང་ཁྱེར་ནང་དུ་འགྲོ་ཡི་ཡོད། །གྲོང་མིའི་གྱོན་གོས་སྐམ་པ་རྣམས། །ཐག་

རིང་ས་ལ་འཁྱེར་ནས་ཡོང་། །ཞེས་བཤད་པར། ལྗོན་ཤིང་གད་མོ་ཤོར་བཞིན་དུ། ལས་དེ་འདྲ་བྱས་ནས་ཁྱེད་རང་ལ། །སེམས་སྐྱིད་པའི་སྣང་བ་ཅི་ཞིག་འདུག །ཟེར། ཡང་ཁོས་བྱིའུ་ལ། ཁྱེད་རང་ཡོང་ཡོང་གང་ནས་ཡོང་། །ཞེས་དྲིས།

4


བྱིའུས།

མགོ་བོ་འཕྲེད་དུ་གཡུག་བཞིན། ང་སྐད་ཆ་མང་པོ་བཤད་ལོང་མེད། །བྱ་ང་

འདྲ་ང་ངོ་མ་ཤེས་ན།

།དང་པོ་ཞོགས་པ་སྔ་པོར་ལངས།

།ས་འབུ་རྒྱགས་པ་བཟུང་ནས་

ཡོང་། །སེམས་བཟང་རྨོ་མོའི་སྒེའུ་ཁུང་འགྲམ། །སྙན་པོའི་གླུ་ཞིག་བླངས་ནས་ཡོང་། །ཞིམ་ པའི་འབྲུ་ཞིག་བཟས་ནས་ཡོང་། །ད་མི་སྡོད་ཚང་ཞིག་བཟོ་བར་འགྲོ། །ཚང་སྐྱིད་པོ་རང་གི་ཕ་

ཡུལ་ཡིན། །ཟེར། དེ་ནས་སྤྲེའུ་ཁ་ཤས་འགྲམ་

གྱི་ཤིང་སྡོང་ནས་མར་མཆོངས་ཞོར་དུ། ཁྱོད་ ཀྱིས་ང་ཚོ་ངོ་ཤེས་སམ། །ང་འདྲ་ང་ངོ་མ་ཤེས་

ན། །དང་པོ་ཡ་གིའི་དགོན་པ་ནས།།ཀ་ར་ཤིང་ ཏོག་བཟས་ནས་ཡོང་།།བར་དུ་ཤིང་འབྲས་

ར་བ་ནས།།བལ་པོ འི ་ སེ འུ ་བཏོ ག ས་ནས་ ཡོང་། །སེར་སྣ་ཅན་གྱི་བདག་པོ་ཚོས།།ལག་

ཏུ་དབྱུག་པ་བཟུང་ནས་དེད།།ཞྭ་མོ་གྱོན་པའི་ ཕྲུ་གུ་ཚོ འི ། །མགོ ་ ཡི ་ ཞྭ་མོ ་ འཕྲོགས་ནས་

ཡོང་། །མི་བྱེད་དགུ་བྱེད་བྱས་ནས་ཡོང་། །མི་ མྱོང་དགུ་མྱོང་མྱངས་ནས་ཡོང་། །ཞེས་ལབ་ པས།

ཤིང་སྡོང་ཆུང་ཆུང་དེ་རང་དབང་མེད་

པར་གད་མོ་ཤོར་བཞིན། སྤྲེའུ་ཁྱོད་ཚོ་དངོས་ གནས་ཆོབ་ཚ་པོ་འདུག་ཟེར། ཤིང་སྡོང་ཆུང་ ཆུང་དེ་ཁེར་རྐྱང་དུ་ལུས་པར་སུན་སྣང་བྱུང་ བས། དབུགས་རིང་ཞིག་བཏང་།

5


6


ཤི ང ་སྡོ ང ་ཆུང་ཆུང་གང་སར་ འགྲོ་མི་ཐུབ་པས་སེམས་པ་སྐྱོ་བ་རེད། ཁོས་ ང་ཕྱི་ལོགས་ལ་ཁྱོན་ནས་འགྲོ་མྱོང་མེད་ཟེར། ཁོའི་འགྲམ་ གྱི་ཤིང་སྡོང་ཆེན་པོ་དེས། ཁྱེད་རང་ག་རེ་ལབ་ཀྱི་ཡོད། ང་ཚོ་ ཤིང་སྡོང་རེད། ང་ཚོས་བརྟན་པོ་བྱས་ཏེ་ས་ཆ་གཅིག་ཏུ་ལངས་ནས་ སྡོད་དགོས། ང་ཚོ་བྱིའུ་དང་ནགས་བྱིའི་ནང་དང་། སྤྲེའུ་ཡི་གནས་ཚང་ཡིན། གལ་ཏེ་ང་ཚོ་ས་ཆ་གཅིག་ཏུ་མ་བསྡད་ན། ཤིང་ཏོག་གང་འདྲ་སྨིན་དགོས་རེད། ང་ཚོས་གང་འདྲ་བྱས་ནས་ཆུས་ས་མ་དེད་པར་ཉར་ཚགས་བྱེད་ཐུབ། ཅེས་བཤད། ཤིང་སྡོང་ཆུང་ཆུང་དེས་ང་ལ་ཁྱད་པར་མི་འདུག ང་ནི་བྱིའུ་དང་རླུང་བུ་ནང་བཞིན་ས་ ཆ་ག་ས་གང་དུ་འགྲོ་འདོད་འདུག སྤྲེའུ་ནང་བཞིན་ཡར་མར་མཆོངས་ནས་འགྲོ་འདོད་ འདུག གང་ལྟར། ང་ནི་དེ་འདྲ་ཞིག་བྱེད་ཐུབ་ན་བསམ་གྱི་འདུག་ཟེར། ཤིང་སྡོང་ཆུང་ ཆུང་དེས་དེ་འདྲ་ལབ་པའི་སྐབས་སུ། གློ་བུར་དུ་ཁོའི་རྩ་བ་གོག་ཡོང་གི་ཡོད་པ་ལྟ་ བུའི་སྣང་བ་ཤར། དེ་ནི་རྫུ་འཕྲུལ་ལྟ་བུ་ཞིག་རེད། ཁོས་སྐད་ཤུགས་ཆེན་པོས། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །དུས་དེ་རིང་སྐྱིད་པའི་ཉི་མ་ཤར། །ཕོ་ང་ལ་རང་ དབང་ཐོབ་ལེ་རེད། །ད་མི་སྡོད་གླིང་བཞི་སྐོར་ནས་འགྲོ། །ཁོ་རླུང་བུས་ མ་སླེབས་ས་ལ་འགྲོ། །བྱ་བྱིའུས་མ་མཐོང་ལྟད་མོ་ལྟ། །ནགས་ སྤྲེའུས་མ་བཟས་ཟས་ཤིག་བཟའ། །ཟེར་ཞིང་ནགས་ ཚལ་ནས་མར་ཐོ ན ་ཏེ ་ ལམ་གཞུང་དུ་ཕྱི ན ་ ཏོ།།

7


ཁོ་འགྲོ་བཞིན་པའི་སྐབས།

ལམ་འགྲོ་བ་

ཁག་ཅིག་ལམ་ཟུར་དུ་ཁ་ལག་བཟོ་བཞིན་པ་

མཐོང་། ཁོ་ཚོས་གོམ་པ་རྒྱག་པའི་ཤིང་སྡོང་ དེ་མཐོང་བ་དང་། གདོན་འདྲེ་རེད་བསམས་ ནས། ཞེད་ཐག་ཆོད་དེ་བྲོས་ཕྱིན།

ཤི ང ་སྡོ ང ་ཆུང་ཆུང་དེ ་ གད་མོ ་ བགད་ནས་ བསྡད། དེ་ནས་ཁོས་མེ་ལ་བལྟས་པ་རེད།

སྔོན་ཆད་མེ ་ གཏན་ནས་མཐོ ང ་མྱོ ང ་མེ ད །

ཁོ་མེའི་འགྲམ་ལ་ཕྱིན་ནས་ལག་པ་འཆང་ མ་ཐག ལམ་སང་ལུས་པོ་ཡོངས་ལ་མེ་ཁྱབ་ འགོ་ཚུགས་པ་རེད།

8


ཤིང་སྡོང་ཆུང་ཆུང་དེས། ཨ་ཚ། ཨ་ཚ། ཞེས་ན་ཟུག་གིས་ངུ་སྐད་ཤོར།

མེས་ཁོ་ལ་ཁྲེལ་དགོད་བྱེད་བཞིན་ ཤུགས་ཆེ་རུ་འབར།

ཤིང་སྡོང་ཆུང་ཆུང་དེས་སྲོག་སྐྱོབས་དང་ ཞེས་སྐད་བརྒྱབ།

སྟབས་ལེགས་པ་ཞིག་ལ། རླུང་བུས་

ཁོའི་སྐད་གོ་བས། རི་རྩེར་ཕྱིན་ཏེ་སྤྲིན་ པ་བཀྱགས་ནས་ཆར་པ་ཕབ།

ཤིང་སྡོང་ཆུང་ཆུང་དེ་སྲོག་ཉེན་ལས་ཐར་ བ་དང་། ཁོས་ད་ཞེད་སྣང་ཆེ་བའི་ས་ཆ་

འདི་ནས་གང་མགྱོགས་བྲོས་ན་དགའ་ས་ རེད། དཀོན་མཆོག་གིས་གཟིགས་ནས་

ང་ད་དུང་གོམ་པ་རྒྱག་ཐུབ་ཀྱི་འདུག་ཟེར།

9


ཁོ་མེའི་འཇིགས་པ་ལས་ཐར་ནའང་། ཡལ་ག་སྙིང་རྗེ་པོ་མང་པོ་མེས་འཚིགས་པ་མཐོང་བས་

སེམས་པ་སྐྱོ་པོ་བྱུང་བ་རེད། ཁོས་གྲོང་གི་ཕྱོགས་སུ་གོམ་པ་སྤོས་ནས་ཕྱིན། དེ་སྔ་གྲོང་ གསེབ་མཐོང་མྱོང་མེད། ཁོས་ཡར་ལངས་ནས་གྲོང་གསེབ་ལ་ལྟ་བཞིན་བསྡད།

ཕྲུ་གུ་གཉིས་ཀྱིས་མེ་ཤིང་སྒྲུག་བཞིན་ཡོད་པ་མཐོང་། ཁོ་གཉིས་ཀྱིས་ཤིང་སྡོང་ཆུང་ཆུང་དེ་

མཐོང་བ་དང་། ཁོའི་ཡལ་ག་རྣམས་གཅོག་འགོ་བཙུགས། ཤིང་སྡོང་ཆུང་ཆུང་དེས། སྲོག་ སྐྱོབས་དང་ཞེས་སྐད་བརྒྱབ། བྱིའུ་ཡིས་ཁོའི་སྐད་གོ་བས། ལམ་སང་རྒྱུགས་ཡོང་ནས་ཕྲུ་གུ་ གཉིས་ཀྱི་ལག་པ་ལ་མཆུ་འཐོག་བརྒྱབ་ཏེ་ཞེད་སྣང་བསྐུལ་བས། ཁོ་གཉིས་ཞེད་དེ་བྲོས་པ་ རེད།

ཡང་ཁོའི་ཡལ་ག་ཁ་ཤས་ཞིག་མེད་པར་ཆགས། ཤིང་སྡོང་ཆུང་ཆུང་དེ་མུ་མཐུད་གྲོང་ཚོའི་ ཕྱོགས་སུ་ཕྱིན་ནས་གཞུང་ལམ་སྟེང་དུ་འབྱོར།

གཞུང་ལམ་གྱི་དཀྱིལ་དུ་ལྗོན་ཤིང་གོམ་པ་

སྤོས་ནས་འགྲོ་ཡི་ཡོད་པ་ཁ་ལོ་བ་རྣམས་ཀྱིས་མཐོང་ནས། ཁོ་ཚོ་ཧང་སངས་པ་རེད། ཁོ་ ཚོས་དུང་སྒྲ་བསྒྲགས་ནས་ལམ་བཤང་ཐབས་བྱས།

སྐོར་སྲུང་བ་ཞིག་གིས། ཝེ། རྩི་ཤིང་དེ་ཚོ་གཞུང་ལམ་ཐོག་འགྲོ་ཆོག་གི་མ་རེད་ད། ཞེས་ གཤེ་གཤེ་བཏང་། སྐོར་སྲུང་བ་གཞན་ཞིག་གིས་ཁོ་ཐག་པས་བསྡམས་ནས་ཁྲིད་ཕྱིན་པ་རེད།

10


11


ཤིང་སྡོང་ཆུང་ཆུང་དེས་སྲོག་སྐྱོབས་དང་། སྲོག་སྐྱོབས་དང་། ཞེས་སྐད་བརྒྱབ། སྤྲེའུ་

རྣམས་ཤིང་སྡོང་ཆུང་ཆུང་དེ་སྐྱོབ་པར་སླེབས། ཁོ་ཚོས་སྐོར་སྲུང་བའི་ཞྭ་མོ་འཕྲོགས་ པ་རེད། སྐོར་སྲུང་བས་ཁོ་ཚོ་དེད་ཕྱིན།

12


ཤིང་སྡོང་ཆུང་ཆུང་དེ་རྒྱུགས་ཤར་གློད་ནས་ནགས་ཚལ་དུ་ལོག་ཕྱིན་པ་རེད།

13


14


ཤིང་སྡོང་ཆུང་ཆུང་དེ་ལོག་སླེབས་ནས།

ཁུ་སིམ་མེར་སྔོན་ཆད་ཀྱི་ས་ཆ་རྙིང་པ་དེར་ལ་ལངས་ནས་

བསྡད། ཤིང་སྡོང་ཆེན་པོ་དེས། ཁྱོད་སུ་ཡིན་ནམ་ཟེར། ང་ཡིན། ཤིང་སྡོང་ཆུང་ཆུང་། ཞེས་ལབ།

ཤིང་སྡོང་ཆེན་པོས། ཤིང་སྡོང་ཆུང་ཆུང་ཨས། ཁྱོད་ལ་འགྱུར་བ་ཞེ་དྲག་ཐེབས་འདུག གླིང་བཞི་སྐོར་

ནས་སླེབས་ཡིན་ནམ། །རླུང་བུའི་འགྲོ་ལམ་ཟིན་བྱུང་ངམ། །བྱིའུས་མ་མཐོང་མཐོང་བྱུང་ངམ། །སྤྲེའུས་ མ་བཟས་རག་སོང་ངམ། །ཞེས་དྲིས་པས། རྒྱལ་ཁམས་ལྟད་མོ་མཐོང་བྱུང་ངོ་།

།དཀའ་སྡུག་མང་པོ་མྱངས་པ་ཡིན།

།ཡར་གྱི་སྲིད་པའི་རྩེ་མོ་

ནས། །མར་གྱི་དམྱལ་ཁམས་བཅོ་བརྒྱད་བར། །སྡོད་ས་འདི་ལས་ལྷག་ཅིག་མེད། །སྐྱིད་ཤོས་ནགས་ ཚལ་འདི་རང་རེད། །ཞེས་བཤད་དོ། །

དེ་ནས་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས། ཁོ་ལ་ལོ་མ་དང་ཡལ་ག་གསར་པ་སྐྱེས་ཤིང་། རླུང་བུ་ དང་། སྤྲེའུ། བྱིའུ་རྣམས་ཀྱིས་ཁོ་ལ་སྒྲུང་གསར་པ་མང་པོ་བཤད་པ་རེད།

15


ཤིང་སྡོང་ཆུང་ཆུང་དེ་རང་ཉིད་རླུང་བུའི་སྐད་ཆ་བཤད་ས་དང་། བྱིའུའི་ཚང་བཟོ་ས། སྤྲེའུ་ཡི་གཉིད་ཉལ་ས་བཅས་ཆགས་པར་དགའ་པོ་བྱུང་བ་རེད།


Turn static files into dynamic content formats.

Create a flipbook
གོམ་པ་རྒྱག་པའི་ཤིང་སྡོང་། by Sherig Books - Issuu