བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོ་སྤྲོད།།

Page 1

བོད་མི་མང་སྤི་འཐུས་ལྷན་ཚོགས། Tibetan Parliament-in-Exile

༢༠༢༠

www.tibetanparliament.org www.chithu.org


༄༅། །བོད་ཆོས་ལྡན་རྒྱལ་ཁབ་ཆེན་པོའི་མངའ་རིས་སུ་གཏོགས་པ་ཤར་ཕྱོགས་ མདོ་སྟོད་སྨད་ཁུལ་དུ་འདོད་རྔམས་ཅན་གྱི་ཕྱི་རྒྱལ་བཙན་འཛུལ་བས་དྲག་ཤུགས་ ཉིན་བཞིན་ཇེ་ཆེ་ཇེ་ཆེར་གཏོང་བ་དང་དུས་མཚུངས་བོད་ལྗོངས་ལྷ་མི་ཡོངས་ཀྱི་ རེ་མོས་བཟློག་ཏུ་མ་བཏུབ་པར་རྒྱལ་ཁབ་ཀྱི་ཆབ་སྲིད་འགན་ཁུར་ངོས་རང་ལ་ བབས་པ་ནས་བཟུང་ཆབ་འབངས་རྣམས་ཆོས་འབྱོར་བདེ་དགའི་དཔལ་ལ་རྟག་ཏུ་ སྤྱོད་པའི་ཐབས་ཚུལ་གང་ཡོང་བགྱིད་མུས་ནས་སྲིད་ཀྱི་སྐྱོང་སྟངས་ལས་དོན་མྱོང་ རྟོགས་ཅུང་ཟད་བྱུང་བའི་སྐབས་དེར་རང་རེའི་བོད་གཞུང་གི་གནས་སྟངས་ལའང་ དེང་དུས་ལོ་རབས་ཉི་ཤུ་པའི་འཛམ་གླིང་གི་འགྲོ་ལུགས་ལ་གཞིགས་པའི་བསྒྱུར་ བཀོད་དགོས་ངེས་བཏང་སྟེ་འདེམས་བསྐོས་མི་མང་སྤྱི་འཐུས་ནས་གཞུང་གི་ལས་ དོན་འཛིན་སྐྱོང་ཐོག་ཐེ་བྱུས་དབང་འཛིན་ནུས་ཤུགས་ཐོན་པ་ཞིག་བཟོ་རྒྱུར་ཐག་ བཅད་ཟིན་པ་ཡིན། ༡༩༦༣ ལོའི་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཆེད་༸གོང་ས་མཆོག་གིས་བསྩལ་བའི་སྔོན་གླེང་།


བོད་མི་མང་སྤྱི་འཐུས་ལྷན་ཚོགས།

བོ ད ་མི ་ མང་སྤྱི ་ འཐུས་ལྷན་ཚོ ག ས་འདི ་ ཉི ད ་དབུས་བོ ད ་མི འི ་ སྒྲི ག ་འཛུགས་ཀྱི ་ ཆེ ས ་མཐོ འི ་ ཁྲི མ ས་ བཟོའི་མ་ལག་དེ་དང་། བོད་མིའི་མང་གཙོའི་འཛིན་སྐྱོང་གི་ཀ་བ་གསུམ་སྟེ། ཁྲིམས་ལུགས་དབང་འཛིན་ དང་། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཀའ་ཤག་གསུམ་གྱི་ཡ་གྱལ་གཅིག་ཡིན།

སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་ཚོགས་གཙོ་བགྲེས་གཞོན་གཉིས་དབུ་བཞུགས་ཀྱི་ལྷན་ཚོགས་ རྐྱང་པའི་གྲོས་ཚོགས་ཤིག་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲོལ་རྒྱུན་གྱི་ རིན་ཐང་དང་། དེང་དུས་ཀྱི་ལེགས་ཆ་ཟུང་འབྲེལ་གྱི་ལེགས་བཅོས་ཀྱི་འགྱུར་བའི་དགོངས་གཞི་ལ་བརྟེན་ ནས་བྱུང་བའི་མང་གཙོའི་ལམ་ལུགས་གསར་གཏོད་ཀྱི་འབད་རྩོལ་ལས་བྱུང་བ་ཡིན། ད་ལྟའི་སྐབས་བཅུ་དྲུག་པའི་གྲོས་ཚོགས་འདིར་སྤྱི་འཐུས་གྲངས་ ༤༥ ཡོད་ཁོངས་སུ། ཀ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ། ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་ བྱས་པའི་སྤྱི་འཐུས་གཉིས་རེ། ག བྱང་ཨ་རི་དང་། ལྷོ་ཨ་རི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས། ང ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས། ཅ རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག

འོས་འཕེན་གྱི་ཐོབ་ཐང་།

སྤྱི་ལྷན་སྐབས་གཅིག་གི་ལས་རྒྱུན་ལོ་ལྔ་རེའི་མཚམས་སུ་ཡོང་བའི་རྒྱལ་ཡོངས་འོས་བསྡུར། བོད་མི་རང་ ལོ་ ༡༨ ཡན་ལ་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་དང་། བོད་མི་རང་ལོ་ ༢༥ ཡན་ལ་སྤྱི་འཐུས་ཀྱི་འོས་གཞིར་ ལང་རྒྱུའི་ཐོབ་ཐང་ལ་ཆོས་ལུགས་དང་། རིགས་རུས། ཕོ་མོ། སྐྱེ་ས་སྐྱེ་ཁོངས་བཅས་ཀྱི་དབྱེ་བ་མེད།

གྲོས་ཚོགས་ཚོགས་དུས།

ལོ་རེར་ཚོགས་ཐེངས་གཉིས་རེ་སྟེ། ཟླ་བ་དྲུག་རེའི་མཚམས་སུ་ལྷན་ཚོགས་རེ་གནང་གི་ཡོད། ཕྱི་ཟླ་ གསུམ་པའི་ནང་སྔོན་རྩིས་ཚོགས་དུས། ཕྱི་ཟླ་དགུ་པའི་ནང་ལོ་འཁོར་ལས་བསྡོམས་དང་སྤྱིར་བཏང་ ཚོགས་དུས། འོན་ཀྱང་བཅའ་ཁྲིམས་དོན་ཚན་ཞེ་གཅིག་པའི་དགོངས་དོན་ཚོགས་དུས་འཕར་མའང་ འཚོགས་ཆོག གྲོས་ཚོགས་མ་འཚོགས་པའི་སྐབས་སུ་རྒྱུན་ལས་ཚོགས་ཆུང་ཞིག་ཡོད་པ་དེར། ཆོལ་ཁ་རེ་ནས་སྤྱི་འཐུས་ གཉིས་རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ། ཚོགས་གཙོ་དང་ཚོགས་གཞོན་བཅས་སྤྱི་འཐུས་ ༡༡ ཡོད། རྒྱུན་ལས་ཚོགས་ཆུང་གི་སྤྱི་འཐུས་རྣམས་རྒྱུན་འབྲེལ་སྡེ་ཚན། ཆབ་སྲིད་སྡེ་ཚན། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་ བཅས་གསུམ་དུ་ཆ་བགོས་བྱས་པ་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གཞན་ལྟར་ལས་བཅར་ གྱིས། བོད་ནང་གི་ཆབ་སྲིད་གནས་སྟངས་དང་། ལས་ཁུངས་ཁག་གི་ལོ་འཁོར་ལས་བསྡོམས། རྩིས་ཁྲ་སོགས་ ལ་རྟོག་ཞིབ་དང་། བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་ཡོང་འཆར་དང་འགྲོ་གྲོན་གྱི་བར་བརྒལ་བཀའ་ འཁྲོལ་གནང་རྒྱུ་སོགས་རྒྱུན་ལྡན་གྱི་ལས་དོན་སྒྲུབ་ཀྱི་ཡོད།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དང་པོ། 1


རྒྱབ་ལྗོངས་ཀྱི་ལོ་རྒྱུས།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་ཆེན་པོར་བོད་མིའི་ཆབ་སྲིད་ཀྱི་ངོ་བོ་མང་གཙོའི་ རང་བཞིན་དུ་སྒྱུར་རྒྱུའི་དགོངས་བཞེད་རིང་མོ་ཞིག་ནས་ཡོད་པ་ལྟར། བོད་དུ་རྒྱ་དམར་གྱིས་བཙན་ འཛུལ་མ་བྱས་གོང་། ལེགས་བཅོས་ཀྱི་འཆར་གཞི་འགོ་འཛུགས་ཟིན་ཀྱང་། ༡༩༤༩།༥༠ ལོར་རྒྱ་དམར་ གྱིས་བོད་ཐོག་དཔུང་འཇུག་བྱས་པ་དེས། བོད་མི་རང་ཉིད་ཀྱི་ལེགས་བཅོས་འཆར་གཞིར་འགོག་རྐྱེན་ བྱས་ཤིང་། དེའི་སྔ་རོལ་དུ་བོད་མི་ཚོར་མང་གཙོའི་གཞུང་སྲིད་འཛིན་སྐྱོང་གི་ཉམས་མྱོང་མིང་ཙམ་ལས་ མེད་ཅེས་བརྗོད་ཆོག སྐབས་དེར་གཞུང་གི་བཀའ་བློན་རྣམ་པ་དང་། གདན་ས་གསུམ་གྱི་མཁན་པོ་རྣམ་ པ། མང་ཚོགས་ཀྱི་འཐུས་མི་བཅས་ལས་གྲུབ་པའི་ཚོགས་འདུ་ཆེན་མོ་ནས། གལ་ཆེའི་གནད་དོན་ཡོངས་ རྫོགས་ཐག་གཅོད་བྱེད་པ་ལས། མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་ལམ་མེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་ ༡༩༦༠ ཕྱི་ཟླ་གཉིས་པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ ངོ་བོར་བསྒྱུར་རྒྱུའི་འཆར་གཞི་གསལ་བསྒྲགས་གནང་། ༸གོང་ས་མཆོག་གིས་སྔ་འཕྲོས་རིང་ཆོལ་ཁ་ གསུམ་ནས་འཐུས་མི་གསུམ་རེ་དང་། ནང་བསྟན་ཆོས་བརྒྱུད་བཞི་སོ་སོ་ནས་འཐུས་མི་གཅིག་བཅས་ ཀྱི་འོས་དམིགས་འབུལ་དགོས་པའི་བཀའ་སློབ་བསྩལ་བ་ལྟར། བཙན་བྱོལ་བོད་མི་ཚོས་འོས་དམིགས་ ཕུལ་བར་༸གོང་ས་མཆོག་ནས་ཕྱག་རྟགས་སྩལ་བའི་འཐུས་མི་ ༡༣ དེར། བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཞེས་འབོད་ཅིང་། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་དམ་འབུལ་ཞུས་པའི་ཉིན་མོ་དེ་ནི། གལ་ ཆེའི་ལོ་རྒྱུས་རང་བཞིན་གྱི་རང་བཞིན་ལྡན་པ་དེར་མང་གཙོའི་དུས་དྲན་དུ་སྲུང་རྩི་བྱེད་མུས་དེ་ཡིན།

བོད་མིའི་མང་གཙོའི་ཆབ་སྲིད་ཀྱི་འཕེལ་རིམ།

སྤྱི་ལྷན་སྐབས་དང་པོ། ༡༩༦༠༌༌༌༦༤ : སྐབས་དེར་སྤྱི་འཐུས་རྣམས་དབུས་ཀྱི་ལས་ཁུངས་ཁག་ནང་ ལས་བགོས་ཐོག ཟླ་རེར་ལྷན་ཚོགས་ཐེངས་གཉིས་རེ་གནང་གི་ཡོད། ལོ་ཤས་རིང་གོ་བསྡུར་ཟབ་ནན་ དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་ལེའུ་ ༡༠ དང་། དོན་ཚན་ ༧༧ ཅན་གྱི་རྩ་ཁྲིམས་གསལ་བསྒྲགས་གནང་།

སྤྱི་ལྷན་སྐབས་གཉིས་པ། ༡༩༦༤༌༌༌༦༦ : ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཁོངས་བུད་མེད་སྤྱི་འཐུས་རེ་རེ་ ཟུར་བཅད་ས་མིག་འཕར་སྣོན་དང་འབྲེལ། རྩ་ཁྲིམས་གསར་པའི་དགོངས་དོན་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་ནས་སྤྱི་འཐུས་གཅིག་ཐད་བསྐོས་གནང་བས་སྤྱི་འཐུས་ཀྱི་རྩ་འབོར་ ༡༧ དུ་སྤར། ༸གོང་ ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་ ༡༩༦༥ ལོར་དེ་སྔའི་ལམ་སྲོལ་གྱི་ལས་ཁུངས་སོ་སོར་ སྐྱ་སེར་ཟུང་འབྲེལ་བསྐོ་གཞག་དང་། ཕ་ཤུལ་བུ་འཛིན་གྱི་གོ་མིང་དང་ཐོབ་ཐང་རྣམས་ཕྱིར་སྡུ་བྱས། ཕྱི་ ལོ་ ༡༩༦༦ ཟླ་ ༥ ཚེས་ ༣ ཉིན་སྤྱི་འཐུས་ལྷན་ཁང་གི་ལས་ཁུངས་གསར་འཛུགས་གནང་། སྤྱི་ལྷན་སྐབས་གསུམ་པ། ༡༩༦༦༌༌༌༦༩ : སྐབས་འདི་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ གི་འཛིན་སྐྱོང་ལས་དོན་ལ་སྤྱི་ལྷན་ནས་རྟོག་ཞིབ་སྟངས་འཛིན་བྱེད་འགོ་བཙུགས་ཏེ། གཞུང་མང་དབར་ གྱི་ཟམ་པ་ལྟ་བུར་གྱུར། འདི་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་གོམ་སྟབས་དང་པོ་སྤོས་པར་ངོས་ འཛིན་བྱེད་ཆོག སྤྱི་ལྷན་སྐབས་བཞི་པ། ༡༩༦༩༌༌༌༧༢ : ༸གོང་ས་མཆོག་ནས་ཐད་བསྐོ་གནང་རྒྱུ་མཚམས་འཇོག་གིས་ སྤྱི་ལྷན་ནང་འཐུས་མིའི་རྩ་འབོར་གྲངས་ ༡༦ ཏུ་གྱུར།

སྤྱི་ལྷན་སྐབས་ལྔ་པ། ༡༩༧༢༌༌༌༧༦ : བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ལ་བཀའ་འཁྲོལ་གནང་རྒྱུའི་ ལམ་སྲོལ་གསར་གཏོད་གནང་།

སྤྱི་ལྷན་སྐབས་དྲུག་པ། ༡༩༧༦༌༌༌༧༩ : བོན་པོའི་སྤྱི་འཐུས་གཅིག་གསར་སྣོན་གྱིས་སླར་ཡང་སྤྱི་འཐུས་ ཀྱི་རྩ་འབོར་གྲངས་ ༡༧ དུ་གྱུར།

སྤྱི་ལྷན་སྐབས་བདུན་པ། ༡༩༧༩༌༌༌༨༢ : བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ ༡༩༧༤ ལོ་ནས་མུ་མཐུད་ 2


ལས་འགུལ་སྤེལ་བར་བརྟེན། ཆོལ་ཁའི་སྤྱི་འཐུས་རྣམས་ཆོལ་ཁ་གསུམ་གྱི་མི་མང་ཐུན་མོང་གིས་འོས་ འདེམས་བྱེད་དགོས་པའི་ཞུ་དོན་དེར། ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས་ངོས་ལེན་གནང་ཡང་། མདོ་ སྟོད་མི་མང་གིས་མོས་མཐུན་མ་བྱས་པར་བརྟེན། ཆེས་མཐོའི་རྒྱུན་ལས་ཀྱི་དེ་སྔའི་ཐག་གཅོད་ལ་འགྱུར་བ་ བཏང་སྟེ། སྔོན་འགྲོའི་འོས་བསྡུ་སྔར་ལམ་ལྟར་བྱས་ཁོངས་ནས་༸གོང་ས་མཆོག་ནས་ཡེ་ཤེས་དབྱིངས་ བཅད་ཀྱིས་བསྐོ་གཞག་ཡོང་བ་ཞུས་དོན་ལྟར་གནང་དགོས་ཆགས།

སྤྱི་ལྷན་སྐབས་བརྒྱད་པ། ༡༩༨༢༌༌༌༨༧ : གསོལ་འདེབས་ཇི་ཞུས་བཞིན་སྔོན་འགྲོའི་འོས་ཐོན་ཁོངས་ནས་ དངོས་གཞིར་སྤྱི་འཐུས་རྣམས་༸གོང་ས་མཆོག་ནས་ཡེ་ཤེས་དབྱིངས་བཅད་ཀྱིས་བསྐོ་གཞག་གནང་ དགོས་ཆགས། འདི་ནི་སྐབས་བདུན་པའི་སྐབས་སུ་བྱུང་བའི་གནད་དོན་དེར་ཐུན་མོང་གི་ཐབས་ཤེས་ ཤིག་མ་རྙེད་བར་གྱི་བར་བརྒལ་གྱི་ཐབས་ལམ་ཞིག་ཡིན། སྐབས་དེར་ཆོས་བརྒྱུད་བཞི་དང་གཡུང་དྲུང་ བོན་ནས་འཐུས་མི་རེ་རེ་དང་། ཆོལ་ཁ་རེ་ནས་འཐུས་མི་གཉིས་རེ། ཐད་བསྐོས་གཅིག་བཅས་སྤྱི་ལྷན་ གྱི་གྲངས་འབོར་ ༡༢ སུ་ངེས་པ་དང་ཆབས་ཅིག་ལས་རྒྱུན་ལོ་གསུམ་ནས་ལྔར་སྤར། སྤྱི་ལྷན་སྐབས་དགུ་པ། ༡༩༨༧༌༌༌༨༨ : སྐབས་སྔ་མ་ལྟར་སྐབས་དེའི་སྤྱི་འཐུས་རྣམས་ཀྱང་༸གོང་ས་ མཆོག་གིས་ཡེ་ཤེས་དབྱིངས་བཅད་ཀྱིས་བསྐོ་གཞག་གནང་དགོས་ཆགས། འོན་ཀྱང་དེ་རྗེས་སྐབས་ བཅུ་པའི་སྤྱི་འཐུས་རྣམས་དེ་སྔ་ལྟར་མི་མང་གིས་འོས་འདེམས་བྱས།

སྤྱི་ལྷན་སྐབས་བཅུ་པ། ༡༩༨༨༌༌༌༩༠ : སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ ལེགས་བཅོས་དགོས་པའི་བཀའ་སློབ་ལམ་སྟོན་བསྟུད་མར་བསྩལ་དོན་ལྟར། བཀའ་ཤག་ནས་ཕྱི་ལོ་ ༡༩༨༩ ལོར་ཟླ་ ༨ པའི་ཚེས་ ༢༩ དང་ ༣༠ ཉིན་གྲངས་གཉིས་ཀྱི་ཚོགས་ཆེན་བསྐོང་བ་དེར། སྤྱི་འཐུས་ རྣམ་པ་དང་། གཞུང་ཞབས་ལས་བྱེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི། སློབ་ གཉེར་ཁང་ཁག་གི་འཐུས་མི། བོད་ནས་གསར་འབྱོར་བ་བཅས་མི་གྲངས་ ༢༣༠ མཉམ་ཞུགས་ཡོད་པ་ དེར། བོད་ཕྱི་ནང་གཉིས་ཀའི་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་ཆེད་འགྲེམས་སྤེལ་གནང་བའི་གྲོས་ གཞི་ཁག་གཤམ་གསལ།

༡ ད་ཡོད་གཞུང་གི་སྒྲིག་སྲོལ་ནང་སྲིད་བློན་བསྐོ་དགོས་དང་མི་དགོས། ༢ བཀའ་བློན་རྣམས་སྔར་ལམ་བཞིན་༸གོང་ས་མཆོག་གིས་སྐོ་གཞག་གནང་དང་འོས་བསྡུ་ བྱས་པ་ཇི་ལེགས། ༣ སྲིད་དོན་ཚོགས་པས་གཞུང་སྲིད་འཛིན་སྐྱོང་བྱ་རྒྱུའི་ལམ་སྲོལ་བཟོ་འོས་ཡོད་དང་མེད། ༤ སྤྱི་འཐུས་ཀྱི་ལས་འགན་དང་གྲངས་འབོར་སོགས་ལ་སྣོན་འཕྲི་བསྒྱུར་བཅོས་གནང་འོས་ཡོད་ མེད། ༥ གཞན་ཡང་མང་གཙོའི་རྣམ་པ་སྔར་བས་གསལ་པོར་མཚོན་ཐབས་ལ་འགྱུར་བ་གཏོང་དགོས་ པ་ཇི་ཡོད་བཅས། གོང་གསལ་གནད་དོན་སྐོར་མང་ཚོགས་ཀྱི་བསམ་འཆར་ཧ་ཅང་མང་པོ་ཕུལ་འབྱོར་བྱུང་བར་གོ་བསྡུར་ཆེད་ ཚོགས་མི་ ༣༧༠ ཡོད་པའི་དམིགས་བསལ་ཚོགས་ཆེན་ཞིག་ཆེད་སྐོང་གནང་བར། སྤྱི་འཐུས་རྣམ་པ་དང་ བཀའ་བློན་རྣམ་པ། གཞུང་ཞབས་རྣམ་པ། བཀའ་ཟུར་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། སློབ་ གཉེར་ལྟེ་གནས་ཁག ཆོས་བརྒྱུད་ཁག བོད་ནས་གསར་དུ་འབྱོར་བའི་འཐུས་མི་བཅས་མཉམ་ཞུགས་བྱུང་ ཡོད། ཚོགས་འདུ་དེར་བཀའ་ཤག་དང་སྤྱི་འཐུས་གཉིས་ཀ་ཕྱིར་བསྡུ་གནང་། བཅའ་ཁྲིམས་གཏན་འབེབས་ མ་ཟིན་བར་བར་བརྒལ་གྱི་བཀའ་ཤག་ཅིག་དགོས་པར་ཚོགས་ཆེན་དེ་ཐོག་ནས་བཀའ་བློན་གསུམ་ལ་འོས་ འདེམས་ཞུས། བཅའ་ཁྲིམས་གསར་པ་གཏན་འབེབས་མ་བྱུང་བར་སྤྱི་འཐུས་ལྷན་ཚོགས་མི་དགོས་པར་བྱས།

བར་བརྒལ་གྱི་དུས་སྐབས། (༡༩༩༠།༥།༡༢ ནས་ ༡༩༩༡།༧།༡ བར།)

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་སྐོ་གཞག་གནང་བ་དེར། བཙན་བྱོལ་བོད་མི་ཚོའི་ཆེད་བཅའ་ཁྲིམས་ཀྱི་ཟིན་བྲིས་ཀྱང་བཟོ་དགོས་པའི་བཀའ་ཁྱབ་སྩལ། རྩ་ཁྲིམས་ ཟིན་བྲིས་ཚོགས་ཆུང་དེས་བོད་མི་དང་བོད་མི་མ་ཡིན་པའི་ཆེད་ལས་པ་དང་མཁས་པ་དུ་མའི་དགོངས་ 3


ཚུལ་བསྡུ་ལེན་དང་འབྲེལ་ ༡༩༦༣ ལོར་གསལ་བསྒྲགས་གནང་བའི་རྩ་ཁྲིམས་དང་། ༡༩༨༧ ལོར་༸གོང་ ས་མཆོག་གིས་ཨ་རིའི་གྲོས་ཚོགས་སུ་སྩལ་བའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། ༡༩༨༨ ལོར་ཡུ་རོབ་ གྲོས་ཚོགས་སུ་བསྩལ་བའི་གསུང་བཤད། ༡༩༨༨ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བསྩལ་བའི་ གསུང་བཤད། ༡༩༨༩ ལོར་ལས་བསྡོམས་ཚོགས་ཆེན་ཐེངས་བཅུ་དྲུག་པར་བསྩལ་བའི་གསུང་བཤད། དམིགས་བསལ་ཚོགས་ཆེན་ལ་ ༡༩༩༠ ཟླ་ ༥ ཚེས་ ༡༡ ཉིན་བསྩལ་བའི་བཀའ་སློབ་དང་། ཚོགས་ཆེན་ དེའི་གྲོས་ཆོད་བཅས་ལ་གཞི་བཅོལ་ནས་བཅའ་ཁྲིམས་ཟིན་བྲིས་འགོད་འབུལ་ཞུས།

དེ་མཚུངས་༸གོང་ས་མཆོག་ནས་ཀྱང་སྤྱི་འཐུས་ལྷན་ཚོགས་རྒྱ་སྐྱེད་ཀྱིས་གྲོས་ཚོགས་གོང་འོག་གཉིས་ ཀྱི་འགྲོ་ལུགས་དགོས་མིན་དང་། བཀའ་བློན་རྣམས་འོས་འདེམས། ཆོལ་ཁ་སོ་སོའི་ནང་ཉུང་མཐར་བུད་ མེད་སྤྱི་འཐུས་གཉིས་དགོས་སྐོར་བཅས་ཀྱི་སྐོར་དགོངས་འཆར་འདོན་གནང་མཛད།

སྤྱི་ལྷན་སྐབས་བཅུ་གཅིག་པ། ༡༩༩༡༌༌༌༩༦ : ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་ བཅའ་ཁྲིམས་གཏན་འབེབས་གནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་ཆོག་མཆན་སྩལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ པ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་སྟེ། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་། དབུས་འོས་བསྡུ་ལས་ ཁང་། ལས་བྱེད་འདེམས་བསྐོ་ལྷན་ཁང་བཅས་ཀྱི་འགན་འཛིན་རྣམས་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་མང་ མོས་ཀྱི་ལམ་ནས་འཕོ་འགྱུར་ (གནས་དབྱུང་) གཏོང་རྒྱུའི་དབང་ཚད་ཕུལ་བ་ཙམ་མ་ཟད། ༸གོང་ས་ ༸སྐྱབས་མགོན་ཆེན་པོའི་སྐུ་དབང་ལའང་སྤྱི་འཐུས་བཞི་ཆ་གསུམ་གྱི་མང་མོས་ཀྱི་ལམ་ནས་འཕོ་འགྱུར་ གཏོང་རྒྱུའི་དབང་ཚད་བྱུང་ཡོད། སྤྱི་ལྷན་སྐབས་བཅུ་གཉིས་པ། ༡༩༩༦༌༌༌༢༠༠༡ : ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་ སྟོན་ལྟར། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་དང་། བཀའ་བློན་ཁྲི་པས་ཕྱག་རོགས་ བཀའ་བློན་རྣམས་ཀྱི་འོས་གཞི་དམིགས་འཛུགས་ཆོག་རྒྱུར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ བསྐྱར་བཅོས་གནང་བ་འདི་ཉིད། མང་གཙོའི་ལེགས་བཅོས་ཀྱི་ལམ་བུའི་ས་རྟགས་གལ་ཆེན་ཞིག་ཏུ་ཆ་ འཇོག་བྱེད་ཆོག སྤྱི་ལྷན་སྐབས་བཅུ་གསུམ་པ། ༢༠༠༡༌༌༌༠༦ : བོད་མི་ཚོས་ཐེངས་དང་པོར་བཀའ་བློན་ཁྲི་པ་ཐད་ཀར་ འོས་འདེམས་བྱེད་འགོ་བཙུགས།

སྤྱི་ལྷན་སྐབས་བཅུ་བཞི་པ། ༢༠༠༦༌༌༌༡༡ : སྐབས་འདི་ནས་༸གོང་ས་མཆོག་ནས་ཐད་བསྐོ་གནང་ལམ་ མཚམས་འཇོག་གནང་བར་བརྟེན། གྲོས་ཚོགས་ཀྱི་སྤྱི་འཐུས་གྲངས་འབོར་ ༤༣ དུ་གྱུར། ཨིན་སྐད་དུ་ སྤྱི་ལྷན་གྱི་མཚན་བྱང་དང་། ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་གོ་མིང་ལ་འགྱུར་བ་བཏང་ཡང་བོད་ སྐད་དུ་འགྱུར་བ་བྱུང་མེད། “འོན་ཀྱང་བཙན་བྱོལ་བོད་གཞུང་།” ཞེས་པ་དེ་བོད་མིའི་སྒྲིག་འཛུགས་སུ་ བསྒྱུར་བ་མ་ཟད། དེ་སྔ་གཞུང་གི་ལས་ཐམ་སྟེང་ “དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།” ཞེས་པ་ དེ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པར་བསྒྱུར་རྒྱུའི་ཐག་གཅོད་གནང་། སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོས་གང་ཉིད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་ཐད་ཀར་ འདེམས་ཐོན་བྱུང་བའི་བོད་མིའི་འགོ་ཁྲིད་ལ་བརྒྱུད་སྤྲོད་གནང་བ་ལྟར། བཙན་བྱོལ་བོད་མིའི་བཅའ་ ཁྲིམས་ལ་ཡང་དེའི་རྗེས་འབྲེལ་གྱི་བསྐྱར་བཅོས་གནང་། སྤྱི་ལྷན་སྐབས་བཅོ་ལྔ་པ་ ༢༠༡༡༌༌༌༡༦ : བྱང་ཨ་རིའི་ཁུལ་གནས་སྡོད་བོད་མིའི་འཐུས་མི་གཅིག་སྤར་བ་ དང་འབྲེལ་སྤྱི་འཐུས་ཀྱི་གྲངས་འབོར་ ༤༤ ལ་འཕར། ༢༠༡༢ ཟླ་ ༩ ཚེས་ ༢༠ ཉིན་བཅའ་ཁྲིམས་བསྐྱར་ བཅོས་ཀྱི་ལམ་ནས་བཀའ་བློན་ཁྲི་པའི་མཚན་ནས་སྲིད་སྐྱོང་དུ་བསྒྱུར། རྒྱ་བལ་འབྲུག་གསུམ་ཕུད་པའི་ ཨེ་ཤི་ཡ་དང་། ཨོ་སེ་ཀྲེ་ལེ​ེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ གཅིག་གི་ས་མིག་གསར་གཏོད་བྱུང་། 4


སྤྱི་ལྷན་སྐབས་བཅུ་དྲུག་པ། ༢༠༡༦༌༌༌༢༡ : ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདིར་སྤྱི་འཐུས་ གྲངས་ ༤༥ ཡོད།

སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག

• སྲིད་སྐྱོང་གིས་མིང་འདོན་གནང་བའི་བཀའ་བློན་གྱི་མི་འགྲོ་རྣམས་ལ་ངོས་བཞེས་དང་། དགོས་གལ་བྱུང་ ཚེ་སྲིད་སྐྱོང་ངམ། ཡང་ན། བཀའ་བློན་བྱེ་བྲག་པ་འཕོ་འགྱུར་གཏོང་ཆོག་རྒྱུ། • བཀའ་ཤག་དང་དེའི་འཛིན་སྐྱོང་གི་ཐག་གཅོད་རྣམས་ལ་གྲོས་ཚོགས་ནས་གཏན་ལ་ཕབ་པའི་སྲིད་བྱུས་ དང་། ལས་འཆར་ཁག་དང་མཐུན་མིན་ཞིབ་འཇུག་གནང་རྒྱུ། • ཆེས་མཐོའི་ཁྲིམས་ཞིབ་པ་རྣམས་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་འགན་འཛིན་རྣམས་འཕོ་ འགྱུར་གཏོང་ཆོག་རྒྱུ། • ཁྲིམས་ལུགས་གཏན་འབེབས་དང་། སྒྲིག་གཞི་གསར་བཟོ། སྲིད་བྱུས་དང་འབྲེལ་བའི་ཐག་གཅོད་གནང་ རྒྱུ། (ད་ལྟའི་བར་སྤྱི་ལྷན་ནས་ཁྲིམས་སྒྲིག་ཁག་ ༢༧ གཏན་འབེབས་དང་། བཙན་བྱོལ་བོད་མིའི་བཅའ་ ཁྲིམས་ལ་བསྐྱར་བཅོས་ཐེངས་ ༣༤ གནང་ཡོད།) • བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་ཐེ་བའི་སྤྱི་ཡོངས་དཔལ་འབྱོར་དང་དངུལ་རྩིས་ལ་རྟོག་ཞིབ་དང་ སྟངས་འཛིན། • བོད་དོན་བདེན་མཐའ་གསལ་ཐབས་སུ་འཛམ་གླིང་རྒྱ་ཁྱབ་ནས་རྒྱབ་སྐྱོར་ཐོབ་ཐབས་ཆེད་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། གང་ཟག་སྒེར་པ་བཅས་ཕན་ཚུན་དབར་འབྲེལ་མཐུད་ མཚམས་སྦྱོར། • བོད་མིའི་གཞིས་ཆགས་ཆེ་ཁག་གི་ས་གནས་འཐུས་ཚོགས་ཁག་གི་ལས་དོན་ཚགས་ཚུད་ཡོང་ཐབས། • བོད་རང་དབང་བདེན་པའི་ལས་འགུལ་དང་ཚོགས་ཆུང་ཁག་གི་ལས་དོན་བལྟ་རྟོག • རྒྱལ་ནང་དང་རྒྱལ་སྤྱིར་གལ་གནད་ཆེ་བའི་གནད་དོན་ཙམ་མ་ཟད། ས་གནས་དང་གང་ཟག་སྒེར་གྱི་ གནས་དོན་ཐོག་སྦྱང་བཤད་བགྲོ་གླེང་། • དུས་སྐབས་སོ་སོར་བོད་མིའི་གཞིས་སྒར་ཁག་ལ་འཚམས་གཟིགས་ཀྱིས་འཛིན་སྐྱོང་གི་གནས་སྟངས་དང་། མི་མང་གི་བདེ་སྡུག་ལ་གཟིགས་ཞིབ། • བོད་ཕྱི་ནང་གཉིས་ཀའི་མི་མང་དང་འབྲེལ་ལམ་རྒྱུན་མཐུད་ཀྱི་ལམ་ནས་མི་མང་གི་མངོན་འདོད་དང་ དཀའ་ངལ་རྟོགས་ཐབས་ཀྱི་བྱ་ར། • ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་ལམ་ལུགས་ཤིག་གི་ནང་གཞུང་འཛིན་དང་ཕྱོགས་འགལ་ ཚོགས་པ་གཉིས་ཀའི་བྱེད་སྒོ་བསྒྲུབ་རྒྱུ་བཅས། 5


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལྡན་ལས་དོན། • དྲི་བ་དྲིས་ལན་གྱི་དུས་ཚོད།

• ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར།

• བཀའ་བློན་རྣམ་པ་དང་སྤྱི་འཐུས་སྒེར་གྱི་གསལ་བཤད། • ཁྲིམས་ཡིག་དང་སྒྲིག་གཞི་གཏན་འབེབས།

• སྔོན་རྩིས་གཏན་འབེབས་དང་། དངུལ་རྩིས་སྟངས་འཛིན། • གྲོས་འཆར་དང་གཏམ་བཤད་ཁག་ལ་གྲོས་བསྡུར།

གྲོས་ཚོགས་ཀྱི་ལས་དོན་དུས་ཐོག་གོ་སྒྲིག་དང་མཐུན་འགྱུར་ཆེད་རང་རང་ཁྱད་ལས་གཞི་རྩར་བཟུང་བའི་

ཚོགས་ཆུང་ཁག་ཏུ་ཆ་བགོས་བྱེད་ལམ་ཡོད།

གྲོས་ཚོགས་ཀྱི་ཚོགས་ཆུང་ཁག • རྒྱུན་ལས་ཚོགས་ཆུང་། • ལས་རིམ་ཚོགས་ཆུང་།

• འཕྲོད་བསྟེན་ཚོགས་ཆུང་།

• འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ཚོགས་ཆུང་། • མང་ཚོགས་རྩིས་ཁྲའི་ཚོགས་ཆུང་། • ཆོས་དང་རིག་གཞུང་ཚོགས་ཆུང་། • ཁྲིམས་འཆར་ཚོགས་ཆུང་།

• སྤྱི་ཚོགས་བདེ་དོན་དང་། གཞིས་ཆགས་ཚོགས་ཆུང་། • ཤེས་ཡོན་ཚོགས་ཆུང་།

• སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་།

• གནད་དོན་བྱེ་བྲག་པ་གཞན་གྱི་ཚོགས་ཆུང་བཅས།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན།

སྤྱི་ལྷན་ནས་མང་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་འབྲེལ་མཐུད་གཟབ་ནན་ ཆེད་ཉར་གྱིས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་བྱེད་མུས་ཀྱི་ཁོངས་ནས།

འཐུས་མིའི་བོད་དོན་ཚོགས་ཆེན་འདུ་སྐོང་བྱེད་རྒྱུ་དེ་གལ་ཆེ་ཤོས་ཤིག་ཡིན།

རྒྱལ་སྤྱིའི་གྲོས་ཚོགས་ ད་བར་ཚོགས་ཆེན་

ཐེངས་བདུན་འདུ་སྐོང་གནང་བ་རྣམས་ནས། དང་པོ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ ༡༩༩༤ ཟླ་ ༣ ཚེས་

༡༨ ནས་ ༢༠ བར། ཚོགས་ཆེན་གཉིས་པ་དེ་ལི་ཐུ་ཝ་ནི་ཡའི་གྲོང་ཁྱེར། ཝིལ་ནི་ཡ་སི་ནང་ ༡༩༩༥ ཟླ་

༣ ཚེས་ ༢༦ ནས་ ༢༨ བར། ཚོགས་ཆེན་གསུམ་པ་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ ༡༩༩༧ ཟླ་ ༤ ཚེས་ ༢༣ ནས་ ༢༤ བར། ཚོགས་ཆེན་བཞི་པ་དེ་སི་ཀོཊ་ལནྜ་གྲོང་ཁྱེར། ཨེ་ཌིན་བཱརྒ་ནང་ ༢༠༠༥ ཟླ་ ༡༡ ཚེས་ ༡༨ ནས་ ༡༩ བར། ཚོགས་ཆེན་ལྔ་པ་དེ་ཨིཊ་ལིའི་རྒྱལ་ས་རོམ་ནང་ ༢༠༠༩ ཟླ་ ༡༡ ཚེས་

༡༨ ནས་ ༡༩ བར། ཚོགས་ཆེན་དྲུག་པ་དེ་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊཱ་ཝར་ ༢༠༡༢ ཟླ་ ༤ ཚེས་ ༢༧ ནས་ ༢༩ བར། ཚོགས་ཆེན་བདུན་པ་དེ་ལཊ་ཝི་ཡའི་རྒྱལ་ས་རི་གར་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་བཅས་འདུ་སྐོང་བྱས་ཡོད། ཚོགས་ཆེན་བདུན་པའི་དམིགས་ཡུལ་གཙོ་བོ་ནི་བོད་དོན་ཐོག་རྒྱལ་ སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་ཐོབ་ཆེད་དང་།

བོད་རྒྱ་ཞི་མོལ་་བརྒྱུད་བོད་དོན་བདེན་མཐའ་

གསལ་རྒྱུའི་ཐབས་ལམ་འདོན་རྒྱུ། དེ་བཞིན་ཚོགས་ཆེན་ཐེངས་བདུན་པའི་ཐོག་རི་ག་སྤྱི་བསྒྲགས་དང་། རི་ག་ལག་བསྟར་འཆར་གཞི་བཅས་ཀྱི་གྲོས་ཆོད་ཁག་བཞག་ཡོད།། 6


ཚོགས་དྲུང་ལས་ཁུངས།

སྤྱི་ལྷན་གྱི་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་ལམ་སྟོན་འོག་སྤྱི་ཁྱབ་དྲུང་ཆེ་ཞིག་གིས་དབུ་འཁྲིད་པའི་ ལས་ཁུངས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཛིན་སྐྱོང་ལས་ཁུངས་ཡིན། གྲོས་ཚོགས་ཀྱི་འགྲོ་ ལུགས་ལྟར་གྱི་ཡིག་ཆ་བཀོད་སྒྲིག་དང་། གྲོས་ཚོགས་ཀྱི་ལས་རིམ་ཡོངས་རྫོགས་སྒྲ་འཇུག་བྱས་པ་ རྣམས་ཡིག་ཐོག་འབེབས་འགོད་ཀྱིས་པར་སྐྲུན་དང་། དྲ་ཚིགས་བརྒྱུད་དེ་མང་ཚོགས་ལ་ཁྱབ་སྤེལ་བྱེད་ རྒྱུའི་ལས་འགན་སྒྲུབ་དགོས། ཉམས་ཞིབ་དང་དཔྱད་གཞིའི་ཆེད་དགོས་ངེས་ཀྱི་ཡིག་ཆ་དང་དཔེ་དེབ་ ཁག་བདག་ཉེར་གྱི་དཔེ་མཛོད་ཅིག་ཀྱང་ཡོད། ཚོགས་དྲུང་ལས་ཁུངས་སུ་འཛིན་སྐྱོང་དང་། རྩོམ་སྒྲིག་དང་ཕབ་སྒྱུར། ལས་འཆར་དང་གསར་འགྱུར། དྲ་ཚིགས་དང་བརྒྱུད་ལམ། སྒེར་དྲུང་ཚན་པ་བཅས་ཡོད།

ཚོགས་གཙོ་སྦྲེལ་པོ་ལྷན་བཞུགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད།

འབྲེལ་བ་གནང་ཡུལ།

Secretary General Parliamentary Secretariat, CTA Gangchen Kyishong Dharamsala-176215 Dist. Kangra. H.P. India Tel: +91-1892-222481 Fax:+91-1892-224593 Email: tibetanparliament@tibet.net

གནས་ཚུལ་རྒྱས་པ་གཟིགས་སའི་དྲ་ཚིགས།

www.tibetanparliament.org www.chithu.org http://Tibet.net/about-cta/legislative

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀོལ་སྤྱོད་མཉེན་ཆས་(applications software) TPIE མཚན་བྱང་ཐོག་Goggle Play Store དང་ App Store ནས་ཕབ་ལེན་གནང་ཐུབ། 7


བོད་མི་མང་སྤྱི་འཐུས་ལྷན་ཚོགས་རིམ་བྱུང་གི་སྐུ་པར།

སྤྱི་ལྷན་སྐབས་དང་པོ།

སྤྱི་ལྷན་སྐབས་གཉིས་པ།

སྤྱི་ལྷན་སྐབས་གསུམ་པ།

སྤྱི་ལྷན་སྐབས་བཞི་པ།

སྤྱི་ལྷན་སྐབས་ལྔ་པ།

སྤྱི་ལྷན་སྐབས་དྲུག་པ།

སྤྱི་ལྷན་སྐབས་བདུན་པ།

སྤྱི་ལྷན་སྐབས་བརྒྱད་པ། 8


སྤྱི་ལྷན་སྐབས་བཅུ་པ།

སྤྱི་ལྷན་སྐབས་དགུ་པ།

སྤྱི་ལྷན་སྐབས་བཅུ་གཅིག་པ།

སྤྱི་ལྷན་སྐབས་བཅུ་གཉིས་པ།

སྤྱི་ལྷན་སྐབས་བཅུ་གསུམ་པ།

སྤྱི་ལྷན་སྐབས་བཅུ་བཞི་པ།

སྤྱི་ལྷན་སྐབས་བཅོ་ལྔ་པ།

སྤྱི་ལྷན་སྐབས་བཅུ་དྲུག་པ། 9


ཆེས་མཐོའི་ཁྲིམས་ཞིབ་ཁང་།

ནང་སྲིད་ ལས་ཁུངས།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ ལས་ཁུངས། ཆོས་རིག་ ལས་ཁུངས།

བཀའ་ཤག

བོད་མིའི་སྒྲིག་འཛུགས། བཀའ་དྲུང་ཡིག་ཚང་།

ཤེས་རིག་ ལས་ཁུངས།

ལས་བྱེད་འདེམས་ བསྐོ་ལྷན་ཁང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས།

འཕྲོད་བསྟེན་ ལས་ཁུངས།

ཚོགས་དྲུང་ལས་ཁུངས།

ཕྱི་དྲིལ་ ལས་ཁུངས།

སྤྱི་ཁྱབ་རྩིས་ཞིབ་ ལས་ཁང་།

བདེ་སྲུང་ ལས་ཁུངས།

རང་དབང་ཅན་གྱི་སྡེ་ཚན་ཁག

དཔལ་འབྱོར་ ལས་ཁུངས། དབུས་འོས་བསྡུ་ ལས་ཁང་།


Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.