Thumbelina

Page 1

ཉ་མ་མི་ཆུང་

གླིང་བུ​ུ་གཏོང་མཁན་གྱིས་ཙི​ི་ཙི​ི་ཕུད་པ་ མཐེབ་མཛུབ་མ་

སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི​ི་ཁྱབ་ཡིག་ཚང་


Copyright Š 2010 All rights reserved. No part of this publication maybe reproduced, Without the prior permission of the Department of Education, CTA, Dharamsala -176215 ISBN: 978-81-87859-58-1 Translated by: Samling Tsering Lhamo Proof reader & compiled by: Tenzin Wangdue Edited by: Sangye Tandar Naga Illustrations by: Ugyen Design & Layout by: Lobsang Gonpo

Published by: Sambhota Tibetan Schools Society, Session Road, Dharamsala -176215 Distt: Kangra (H.P.), INDIA Phone: 01892-228877 / 226877 Email: stsa1999@yahoo.co.in / stsaeducation@hotmail.com www.sambhota.org


སྔོན་གླེང༌ ༄༅་།ཉེ་བའི​ི་ལོ​ོ་ཤས་ནང་བཙན་བྱོལ་བོད ་མི​ིའི​ི​ི་སྤྱི​ི་ཚོ​ོགས་ ཁྲོད་བོད་ཡི​ིག་དཔེ་དེ​ེབ་ཇེ་མང་དུ​ུ་འཐོན་བཞིན་པ་དེས་

བོད་ཀྱི​ི་སྐད་

ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཕྱོ​ོགས་སུ་ སྐྱོད་བཞི​ིན་པར་གདོན་མི​ི་ཟ་ འོན་ཀྱང་དེབ་རི​ིགས་ཕལ་ཆེ་བ་དབུ་

ཅན་ཡིག་གཟུགས་འབའ་ཞི​ིག་ཡིན་གཤིས་ བོད་མི​ིའ་ི​ི​ི གཞི​ི་རི​ི​ིམ་ སློབ་གྲྭ་ཁག་གི་འཛི​ིན་རི​ིམ་དང་པོ་ནས་གསུམ་པ་བར་གྱི​ི་སློ​ོབ་

ོ ་ི​ི མི​ིག་གི​ི་སྤྱོ​ོད་ཡུ​ུལ་དུ​ུ་གྱུ​ུར་མ་ཐུ​ུབ་པར་བརྟེན་ འདི་ག་ ཕྲུ​ུག་ཚའ སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི​ི་ཁྱབ་ཡིག་ཚང་ནས་ལོ་ཆུང་

བྱིས་པའམ་གཞི་རི​ིམ་འོག་མའི་འཛི​ིན་རི​ིམ་དང་པོ་ནས་གསུམ་པ་

བར་གྱི་སློ​ོབ་ཕྲུ​ུག་ཚརོ ་ཉེ​ེ་བར་མཁོ་བའི​ི་དེ​ེ​ེབ་རི​ིགས་ཁག་གཅིག་


དབུ​ུ་མེད་ཡི​ིག་གཟུགས་ཐོག་ཕབ་སྟེ་དཔར་སྐྲུ​ུན་འགྲེམ་སྤེལ་

ཞུས་དང་ཞུ་བཞིན་ཡོད་པ་དང་ ལྷག་པར་དེབ་འདི​ི་ནི​ི​ི་མ་སུ་རི་གཏན་ སློབ་བོད་དགེ་བསམ་གླིང་ཚེ་རི​ིང་ལྷ་མོ་ལགས་ཀྱིས་ངལ་བ་ཚད་ མེད་ཐོག་སྔ་དགོང་དང་གུ​ུང་སེང་གི​ི་དུ​ུས་ཡུ​ུན་སྤྱད་དེ་སྒྱུར་སྒྲིག་གནང་ བ་ཞིག་ཡི​ིན་ཞི​ིང་

དེས་བོད་ཕྲུ​ུག་ཆུ​ུང་ཆུ​ུང་ཚ་ོ དང་བོད་ཡི​ིག་དཔེ་

དེ​ེབ་ཁག་གི་དབར་ བར་ཐག་ཉེ་རུ​ུ་བཏང་སྟེ་བོ​ོད་ཀྱི​ི་རི​ི​ིག་གནས་ཤེས་ ཚད་གོང་འཕེལ་གཏོང་བའི​ི་མཐུ​ུན་གྲོགས་སུ​ུ་འགྱུ​ུར་ཐུ​ུབ་པའི་རེ​ེ་

སྨོ​ོན་བཅས་ བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ​ུ་བདུ​ུན་པའི་ས་ གླང་ ཕྱི​ི་ལོ​ོ་ ༢༠༡༠ ལོའ་ི​ི ཟླ་ ༢ ཚེས་ ༦ བཟང་པོ་ཉི​ིན་ལ་ སམ་བྷོ་ཊ་བོད་སློ​ོབ་སྤྱི​ི་ཁྱབ་ཡིག་ཚང་ནས་།


དཀར་ཆག་ ཉ་མ་མི་ཆུང་ ༠༡...༠༩

གླི​ིང་བུ​ུ་གཏོ​ོང་མཁན་གྱིས་ཙི​ི་ཙི​ི​ི་ཕུད་པ་ ༡༠...༡༩

མཐེབ་མཛུབ་མ་ ༢༠...༣༤


6


ཉ་མ་མི་ཆུ​ུང་

༄༅་།གནའ་སྔ་མོ་རྒྱ་མཚོའི​ི་ནང་འཚོ་བ་སྐྱེལ་མཁན་ཉ་

མ་མི་ཆུ​ུང་ཞི​ིག་ཡོད་པ་དང་ མོ་ནི​ི་ཕ་མ་གཉིས་དང་རྨོ་ལགས་ གཅེན་མོ་ལྔ་བཅས་དང་མཉམ་དུ​ུ་དུ​ུང་དཀར་ཕོ་བྲང་ནང་འཚོ་བ་

སྐྱེལ་བཞིན་ཡོད་

ཉ་མ་མི་ཆུང་གིས་མོ་རང་གི​ི་རྨོ​ོ་ལགས་

ཀྱིས་སྐམ་སའི་འཇི​ིག་རྟེན་གྱི​ི་སྐོ​ོར་འདྲ་མིན་གསུངས་མྱོང་ཡོད་

པས་ལྟ་འདོ ད ་ཧ་ཅང་ཆེ ན ་པོ ་ ཡོ ད ་ཀྱང་རེ ་ ཞི​ི ག ་མོ འི​ི ་ ལོ​ོ ་ བཅོ ་ ལྔའི​ི ་ སྐྱེ​ེ ས ་སྐར་མ་གཏང་གོ ང ་ གང་སར་འགྲོ ་ ཆོ ག ་གི​ི ་ མེ​ེད་

མཐར་མོ་རང་

ལོ་བཅོ་ལྔའི​ི་སྐྱེ​ེས་ སྐར་བཏང་ཚར་ དུ​ུས་གཞི་

ནས་ལྟད་མོ་ ལྟ་རྒྱུ་བྱུ​ུང༌

1


ོ ་ྀ སྟེ​ེང་ལྡི​ིང་བཞི​ིན་ སྐབས་དེ་དུས་གྲུ​ུ་གཟིངས་ཆེན་པོ་ཞི​ིག་རྒྱ་མཚའ ཡོད་པ་དང་

དེའ་ི​ི ནང་ནས་ཡི​ིད་དབང་འཕྲོག་པའི་རོ​ོལ་དབྱངས་ཀྱི་

སྒྲ་ཐོས་པ་ནི་རྒྱལ་སྲས་དགུ​ུང་ལོ་བཅོ་བརྒྱད་སོན་པའི་འཁྲུངས་ སྐར་གཏོང་གི​ི་ཡོ​ོད་པ་དང་

རྒྱལ་སྲས་ཀྱི​ིས་གྲུ​ུ་གཟིངས་ཀྱི​ི་སྒྲོ​ོམ་

སྟེགས་སྟེང་ནས་རྒྱ་མཚོའི​ི་ཡུ​ུལ་ལྗོངས་ལ་ལྟད་མོ་ལྟ་བཞིན་

ཡོད་ ཉ་མ་མི་ཆུང་གི​ི་སེ​ེམས་ལ་རྒྱལ་སྲས་དེ་སྐམ་སའི་ཐོ​ོག་ གི​ི་སྐྱེ​ེ་བོ​ོ་མཛེས་ཤོས་དེ​ེ་ཡི​ིན་རྒྱུ་རེད་སྙམ་

གློ་བུ​ུར་དུ​ུ་རླུང་འཚུ​ུབ་

ོ ་ི​ི རྦ་རླབས་སེང་གེ་མཆོངས་པ་ དྲག་པོ་ཞི​ིག་ལངས་པ་དང་རྒྱ་མཚའ

དང་འདྲ་བའི་ནང་གྲུ​ུ་གཟིངས་དེ་ཡང་མགོ་རྟི​ིང་ལོག་ སྐབས་དེར་ཉ་ མ་མི་ཆུང་གི​ིས་རྒྱལ་སྲས་དེར་ལྡི​ིར་ཞི​ིང་ཕར་ལྟ་དུས་འཆི་ལ་ཁད་ ོ ་ི​ི ནང་དིམ་འགྲོ་གི​ི་ཡོ​ོད་ དུ་གྱུར་པའི​ི་རྒྱལ་སྲས་དེ་རྒྱ་མཚའ

ཉ་

མ་མི​ི་ཆུང་གི​ིས་མྱུར་དུ​ུ་རྒྱལ་སྲས་དེ་མཚོ་སྟེ​ེང་དུ​ུ་བཏེགས་ནས་

བསྡད་ རླུང་འཚུ​ུབ་འཇགས་པའི་རྗེ​ེས་མོས་དྲན་པ་ཐོར་བའི་རྒྱལ་

སྲས་དེ་མཚོ་མཐར་བསྐྱལ་བ་དང་སྐད་ཆ་ཤོད་རྩི​ིས་བྱེད་སྐབས་

2


ཕར་ཕྱོགས་ནས་བུ​ུ་མོ་ཁ་ཤས་ཤིག་ཡོང་གི​ི་ཡོ​ོད་པ་མཐོང་ མ་མི་ཆུང་གི​ིས་མྱུ​ུར་དུ​ུ་བྲག་རྡོའ་ི​ི རྒྱབ་ཏུ​ུ་ཡིབ་པར་བསྐྱོད་

ཉ་

བུ​ུ་

མོ་དེ​ེ་ཚོ​ོས་རྒྱལ་སྲས་མཐོང་བ་དང་མྱུར་དུ​ུ་ཁོང་སྐྱོ​ོར་ཏེ​ེ་རྒྱལ་ཁང་དུ​ུ་

འཁྲིད་པས་ཉ་མ་མི་ཆུང་སེམས་པ་སྐྱོ་པོ​ོས་ད་ལྟའི་གནས་ཚུ​ུལ་ རྒྱལ་སྲས་ཀྱིས་མཁྱེན་མི་ཐུབ་པའི་ཐོ​ོག་རྗེས་སུ་རྒྱལ་སྲས་ལ་ མིག་ལྟ་ཙམ་བྱེད་པའི་སྐལ་བ་ཐོབ་ཨེ་ཡོང་སྙམ་ཞི​ིང་དུང་དཀར་ ཕོ་བྲང་དུ​ུ་ལོག་

ཉ་མ་མི་ཆུང་སེམས་ཡོངས་

རྫོ ག ས ་ རྒྱ ལ ་

སྲས་དེར་ཆགས་ ཡོ ད ་པས་མོ ་ རང་གི་གཅེན་

མོ་ཞི​ིག་གི​ིས་

རྒྱལ་སྲས་ཀྱི ་ ཕོ​ོ ་ བྲ ང ་ རྒྱུ ས ་

3


ཡོད་པས་མོ་རང་དེ་གར་ལྟ་ཙམ་བྱེད་པར་འཁྲིད་དགོས་བྱུང༌ མོའ་ི​ི རྨོ​ོ་ལགས་ཀྱིས་རྒྱ་མཚོའི​ི་ཉ་མ་མི་ཆུང་ཚང་མ་ལོ་ངོ​ོ་སུམ་

བརྒྱ་བར་འཚོ ་ ཐུབ་ཅི ང ་འཆི​ི ་ བའི​ི ་ རྗེ​ེ​ེ ས ་སུ་རྒྱ་མཚོ འི​ི ་ ལྦུ་བར་ འགྱུར་བ་ལས་རྣམ་ཤེས་མེད་

མིའ་ི​ི རི​ི​ིགས་རྣམས་ཚེ་ཚད་དེ་

ཙམ་རི​ིང་པོ​ོ་མི​ིན་ཡང་ཁོང་ཚོ་ཤི​ི་བའི​ི་རྗེ​ེས་རྣམ་ཤེས་དེ​ེ་ཐག་རིང་

གི​ི་ཡ་མཚན་ཆེ་བའི​ི་ཞི​ི​ིང་ཁམས་དེ་འདྲར་འགྲོ་རྒྱུ​ུ་ཡོད་ཚུ​ུལ་ གསུ​ུངས་

ཉ་མ་མི་ཆུ​ུང་གི​ིས་ང་ལ་རྣམ་ཤེས་རག་པའི་ཐབས་

ཤེ​ེས་གཞན་ཡོད་དམ་ཞེས་དྲི​ིས་

རྨོ་ལགས་ཀྱིས་གལ་སྲིད་མི​ིའ་ི​ི​ི རི​ི​ིགས་ཀྱི​ིས་ཁྱེད་རང་

ལ་བརྩེ་བ་སྤྲད་པ་

ཡིན་ན་རྣམ་ཤེས་ ཐོབ་སྲི​ིད་ཀྱང་མིའ་ི​ི

རི​ི​ི ག ས་རྣམས་རྐང་

4

ལག་ཡོད་པར་དགའ་


བ་ལས་ང་ཚོ་མཇུག་མ་ཡོད་པའི​ི་རི​ི​ིགས་ལ་བརྩེ་བ་སྤྲོད་མི​ི་ སྲི​ི​ིད་པ་ཞིག་རེད་ཅེས་བཤད་

ཐབས་ཤེས་མེད་པའི​ི་སྐབས་མོས་རྒྱ་

ོ ་ི​ི སྒྱུ་འཕྲུ​ུལ་མའི་སར་ཕྱིན་ནས་ཐབས་ཤེས་ཡོད་མེད་སྐོར་ མཚའ

དྲི​ིས་ མ་གཞི་གནད་དོན་དེ​ེ་ཞེ​ེད་སྣང་ལྡན་ལ་དཀའ་ཚེགས་ཆེ་བ་ ཞིག་ཡི​ིན་ཀྱང་རྫིག་ཉམས་དོད་པའི​ི་རྒྱལ་སྲས་ཀྱིས་མོ་ལ་བློ་

ཁོ​ོག་ལྡབ་བརྒྱ་སྤྲད་པ་དང་མཚུ​ུངས་ སྒྱུ་འཕྲུ​ུལ་མས་ཉ་མ་མི་ ཆུ​ུང་ལ་ལྟ་ཞིང༌

ཨ་ལས་རང་ལ་རྐང་པ་དགོས་ཀྱི​ི་ཡོ​ོད་པ་རེ​ེད་

ཕྲུ​ུ་གུ​ུ་ལྐུ​ུགས་མ་རང་རེད་

རང་གི་མཇུག་མ་མེད་པ་བཟོ་རྒྱུ་དེ་

ན་ཟུག་ཆེ་བ་ཞིག་རདཻ ་ལ་ སྐམ་སའི་ཐོ​ོག་གོམ་པ་སྤོས་པ་ནི་ གྲི​ི་ཡི​ི་སྒང་ལ་བསྐྱོད་པ་དང་གཅིག་མཚུངས་རེད་ གལ་སྲི​ིད་རྒྱལ་

སྲས་ཀྱི​ིས་བུ​ུ་མོ་གཞན་དག་ལ་དགའ་བ་ཡིན་ན་ རང་ལམ་སེང་ ོ ་ི​ི ལྦུ་བར་འགྱུར་འགྲོ་གི​ི་རེ​ེ​ེད་ རྒྱ་མཚའ ཆུང་གི​ིས་ཐུགས་རྗེས་གཟིགས

ཅེས་བཤད་

ཉ་མ་མི་

སྔོན་ལ་ང་འབད་བརྩོན་ཞི​ིག་

བྱེད་ངེ​ེས་ཡི​ིན་ཞེས་བཤད་ སྒྱུ་འཕྲུ​ུལ་མས་བྱས་ན་ངས་རང་ལ་རྐང་

5


པ་ཡོད་པ་བྱས་ཆོག་པས་རང་གི་སྙན་འཇེབས་ལྡན་པའི་སྐད་སྒྲ་ དེ་ང་ལ་སྤྲོད་དགོས་བྱེད་ཀྱི​ི་རེ​ེ​ེད་ཅེ​ེས་བཤད་པས་

ནི​ི་བརྩེ་བའི​ི་ཆེ​ེད་དུ་ཡོད་ཚད་བློས་གཏོང་བྱས་

ཉ་མ་མི་ཆུང་

མོས་རྒྱལ་སྲས་

ཀྱི​ི་ཕོ​ོ་བྲང་དུ་མ་ཕྱིན་གོང་སྔགས་ཆུ་དེ་འཐུང་བས་ན་ཟུག་གིས་

དྲན་པ་ཐོར་བ་དང་གཉིད་ལས་སད་དུས་མོ་རང་ལ་རྐང་པ་གཉིས་ སྐྱེས་ཡོད་

རྒྱལ་སྲས་ཀྱི​ིས་མཛེས་སྡུག་ལྡན་པའི་མགྲོན་པོ་དེ​ེ་

སུ​ུ་ཡིན་ནམ་ཞེས་དྲི​ིས་ཀྱང་

ཉ་མ་མི་ཆུང་ལ་སྨྲ་བའི་ནུས་པ་

མེད་པས་འཛུམ་ཆུང་ཁོ་ན་བསྟན་ རྒྱལ་སྲས་ནི་ཉ་མ་མི་ཆུང་ གི​ི་མཛེས་སྡུག་ལྡན་པའི་འཛུམ་ཆུང་གིས་ཡི​ིད་དབང་འཕྲོག་སྟེ་

མོ་དང་ཉིན་ཤས་རིང་མཉམ་དུ་ཆ་སྒྲིག་ཞབས་བྲོར་ཅི​ི་གར་རོལ་ འོན་ཀྱང་ཆང་ས་རྒྱག་རྒྱུའི་རེ​ེ་བ་གང་ཡང་སྟོན་གྱི​ི་མེ​ེད་ལ་

ད་

དུང་ཉིན་ཞི​ིག་ཁོ་རང་ཡུལ་གཞན་ཞིག་གི​ི་རྒྱལ་པོའ་ི​ི སྲས་མོ་དང་ ཆང་ས་རྒྱག་མཁན་ཡིན་ཞེས་བཤད་ རྒྱལ་སྲས་ཀྱི​ིས་ང་རང་དངོས་ གནས་བྱས་ན་རྒྱ་མཚོའི​ི་ནང་ནས་སྐྱོབ་མཁན་གྱི་བུ​ུ་མོ་དེ​ེ་དང་

6


ཆང་ས་རྒྱག་འདོད་ཡོད་

ངའི་དྲན་ཤེས་མ་ཐོར་གོང་བུ་མོ་མཛེས་

མ་ཞི​ིག་གི​ིས་ང་རང་སྐྱབས་པ་མཐོང་བྱུང༌ ཁྱེད་རང་བུ​ུ་མོ་དེ​ེ་ཧ་ཅང་

འདྲ་པོ་འདུག་ གལ་སྲིད་ང་རང་བུ་མོ་གཞན་པ་དེ་དང་ཆང་ས་རྒྱག་ དགོས་མ་བྱུང་ན་ངས་ཁྱེད་རང་དང་ཆང་ས་རྒྱག་སྲི​ིད་ཀྱི​ི་རེ​ེ​ེད་ བཤད་

ཅེས་

ཉ་མ་མི་ཆུང་གི​ིས་ཁོང་ལ་འགྲེལ་བཤད་རྒྱག་མི་ཐུ​ུབ་

ཙང་མིག་གཉིས་མཆི་མས་ཁེངས་ནས་སྡོད་དགོས་བྱུང༌ འོན་ཀྱང་ མོས་རྒྱལ་སྲས་ཀྱི་འཁྲུ​ུངས་སར་བཞུགས་པ་དང་

རྒྱལ་

ོ ་ི​ི མཐའ་ནས་ སྲས་ཁོང་གི​ི་མནའ་མ་དེ་ཁོ​ོ་རང་རྒྱ་མཚའ སྐྱཽར་རོགས་བྱེད་མཁན་གྱི་བུ​ུ་མོ་དེ​ེ་ཡི​ིན་ པས་ཁོ་རང་གི་སྲོ​ོག་སྐྱོབ་དྲི​ིན་ཆེན་དེ་རེ​ེད་

བསམས་ནས་ཧ་ཅང་དགའ་པོ་བྱུང་བ་ རེད་

7

ཉ་མ་མི་ཆུང་ན་ྀ རྒྱལ་སྲས་ ཀྱི ་ འཁྲུ​ུངས་ས་གྲུ​ུབ་

དུ​ུས་མོ་རང་གི་བརྩེ་


དུང་ལ་ཆག་གྲུ​ུམ་ཤོར་རྒྱུ་མ་ཟད་

ཡུ​ུན་རིང་མ་སོང་བར་མོ་རང་

ཤི​ི་ནས་རྒྱ་མཚོའི​ི་ལྦུ་བ་ཆགས་རྒྱུ​ུ་ཡིན་པས་རང་དབང་མེད་པར་ ངུ་ཤོར་གྱི​ི་ཡོ​ོད་པ་དང་

མོས་གྲུ་གཟིངས་ཀྱི་སྒྲོ​ོམ་སྟེགས་ཐོག་

ལངས་སྡོད་དུས་མོའ་ི​ི གཅེན་མོ་རྣམས་ཀྱི་རི​ིང་ཞི​ིང་འཇམ་པའི་སྐྲ་ ལོ་མེ​ེད་པ་དང་ངོ་གདོང་སྐྱོ་མདོག་ཁ་པོ་ཆགས་ནས་ཁོ་མོ​ོར་ཁ་ ཕྱོགས་ནས་ཡོད་

ོ ་བཤད་པར་ ཁོང་ཚས

རྫུ​ུ་འཕྲུ​ུལ་གྱི་གྲི​ི་དེ​ེ​ེའ་ི​ི​ི

ོ ་ི​ི སྐྲ་ལོ་རྣམས་སྒྱུ​ུ་འཕྲུ​ུལ་མར་སྤྲད་པ་ཡིན་ ཆེ​ེ​ེད་དུ་ང་ཚའ

རང་

གིས་རྒྱལ་སྲས་དེ་གསད་ཐུབ་པ་ཡིན་ན་རང་འཆི་མི​ི་དགོས་པར་

ཉ་མ་མི་ཆུང་རང་འཇགས་བྱེད་རྒྱུ་ཡོང་གི​ི་རེ​ེ​ེད་ཅེ​ེས་བཤད་ མོས་

རྫུ་འཕྲུ​ུལ་གྱི་གྲི​ི་དེ​ེ​ེ་འཁྱེར་ནས་འགྲོ་དུ​ུས་རྒྱལ་སྲས་དེ་གཉི​ིད་ཁུག་ བསྡད་ཡོད་པས་མོ་རང་གི​ི་ཆེ​ེད་དུ​ུ་རྒྱལ་སྲས་དེ་གསོད་མི​ི་ནུས་པར་

མཐའ་མའི་བརྩེ་དུ​ུང་གི་མི​ིག་ཞགས་འཕེན་བཞིན་རྒྱ་མཚོའི​ི་ ོ ་ི​ི ལྦུ་བར་གྱུར་ ནང་མཆོངས་པས་རི​ིམ་བཞིན་རྒྱ་མཚའ

པའི་ཉི​ི་མའི​ི་འོ​ོད་ཟེར་འཕྲོ་དུ​ུས་མོར་དྲན་ཤེས་རྙེད་པ་དང་

8

ཞོགས་ དེ་དུ​ུས་


མོ་རང་ནི​ི་ནམ་མཁའི་མཐོངས་སུ་སླེབས་ཡོད་པ་རེད་ མོས་ཆི​ིག་ ལབ་རྒྱག་བཞིན་ང་ག་པར་སླེབས་ཡོད་དམ་ཞེས་དྲི​ིས་དུ​ུས་

སྙན་

ཞི​ིང་འཇེབས་པའི​ི་སྒྲ་ཞི​ིག་གི​ིས་ཁྱེད་རང་མཁའ་རླུང་ཁྲོད་ཀྱི​ི་སྲས་ མོ་ཞི​ིག་རེད་

ོ ་མི​ི་གཞན་དཀའ་ངལ་འཕྲད་དུ​ུས་རོགས་པ་ ང་ཚས

བྱས་ནས་རྣམ་ཤེས་ཐོབ་ཐབས་བྱས་པ་ཡིན་ རང་གིས་ཀྱང་དེ་ག་ རང་བྱས་ནས་རྣམ་ཤེས་གྲུ​ུབ་པ་རེད་ཅེས་ལན་རྒྱག་མཁན་ཞིག་

བྱུང༌ གཤམ་འོག་ན་གནས་པའི་རྒྱལ་སྲས་དང་ཁོང་གི​ི་བཙུ​ུན་མོ་ ནི​ི་གྲུ​ུ་གཟིངས་སྟེང་འཁྱམ་ཕྱིན་པ་མ་གཏོགས་ཉ་མ་མི་ཆུང་

གི​ིས་མཁའ་དབྱིངས་ནས་ཁོང་གཉི​ིས་ལ་འཛུམ་དམུལ་དམུལ་ བྱེད་བཞིན་ཡོད་པ་དེ་ཚ་ོ ཤེ​ེས་མི​ི་སྲི​ི​ིད་པ་ཞིག་རེད་།

࿉ .........................࿉ ࿉.........................

9


གླིང་བུ​ུ་གཏོང་མཁན་གྱིས་ཙི​ི་ཙི​ི་ཕུད་པ་

༄༅་།ལོ་མང་པོའ་ི​ི སྔོ​ོན་ལུ​ུང་པ་ཞིག་ལ་རྐྱེན་ངན་བར་ཆད་ཆེན་

པོ་བྱུ​ུང་བ་རེད་ ལུང་པ་དེའ་ི​ི ས་ཆ་ཡོད་ཚད་ལ་ཙི​ི་ཙི​ི་སྟོ​ོང་ཕྲག་དང་ སྟོང་ཕྲག་གིས་ཁེངས་པ་མ་ཟད་

ཙི་ཙི​ི་དེ​ེ​ེ་དག་ཀྱང་སྤྱིར་སྟངས་

ཀྱི་ཙི​ི་ཙི​ི་དེ​ེ​ེ་འདྲ་མིན་པར་ཧ་ཅང་གི་ཆེ​ེན་པོ་དང་བློ་ཁོག་ཆེན་པོ་ ཤ་སྟག་ཡིན་པས་མིའི​ི་རི​ི​ིགས་ལ་ཞེད་སྣང་གང་ཡང་བྱེད་ཀྱི​ི་མེ​ེད་

ཁང་པའི ་ ནང་བཟའ་རྒྱུ་ཡོ ད ་ཚད་ཟ་བ་དང་སློ བ ་གྲྭའི ་ ནང་སློ བ ་ ོ ་ི​ི རྐང་པ་འཇིབ་པ་དང་ཁོང་ཚའ ོ ་ི​ི དེ​ེབ་ཆས་ཀྱང་ཟ་ཡི་ ཕྲུ​ུག་ཚའ

ཡོ​ོད་ བཟའ་འབྲུའི་རི​ིགས་རྣམས་བཟས་ཚར་དུས་

ོ ་ཉལ་ ཁྱིམ་ཆས་བཟའ་རྒྱུར་འགོ་ཚུགས་ ཁོང་ཚས ཁྲིའི​ི་སྟེ​ེང་འཛེགས་པ་དང་ཤེལ་ཡོལ་དང་ཐོག་ ལ་རྒྱུགས་པ་སོགས་བྱེད་ཀྱི​ི་ཡོ​ོད་པས་ གྲོང་ཚོའི​ི་མི​ི་རྣམས་ཀྱིས་ཙི​ི་ཙི​ི་

རྣམས་ཕུད་རྒྱུར་ཐབས་ཤེས་ གང་མང་བྱས་ཡོ ད ་

10


དཔེར་ན་ ཞི་མི​ི་དང་ཁྱི​ི་ཉར་བ་ དུ​ུག་སྤྲད་པ་སོགས་བྱས་ཀྱང་ཕྱི་ ཉི​ིན་ཙི​ི་ཙི​ི་དེ​ེ​ེ་ལས་མང་དུ་འགྲོ་བར་མ་ཟད་ ཞི་མི​ི་དང་ཁྱི་ལ་ཙི་ ཙི​ིས་ཚུར་སོ་རྒྱག་གི་ཡོ​ོད་པ་རེད་

ཡུ​ུན་རིང་མ་སོང་བར་བཟའ་

འབྲུ་རྣམས་རྫོགས་ལ་ཁད་དུ་གྱུར་ཡོད་ནའང་ད་ཆ་ཁོང་ཚོས་ཙི​ི་ ཙི​ི་ཕུད་རྒྱུར་ཡིད་ཐང་ཆད་ནས་ཡོད་

ོ ་རང་གི​ི་ཕྲུ​ུ་གུ​ུ་ ཕ་མ་ཚས

ཙི་ཙི​ི་མདོག་ཉེས་དེ​ེ་ཚོ​ོ་ལས་སྲུང་སྐྱོབ་བྱེད་ཐབས་གང་མང་བྱས་

ོ ་ི​ི མི​ི་ཚང་མས་ཡུལ་དེའ་ི​ི ཀྱང་ལས་སླ་པོ་ཁྱོན་ནས་མེད་ གྲོང་ཚའ

དཔོ​ོན་ཆེན་ཚོས་མི​ི་མང་གི་དཀའ་ངལ་སེལ་ཐབས་གང་ཡང་མ་ ོ ་ཡུ​ུལ་མི་མཉམ་ བྱས་པར་ཁོང་ཁྲོ་ཆེ​ེན་པོ་ལངས་ཤིང་ ཁོང་ཚས

ོ ས་འདུ​ུ་ཚག ོ ས་པ་དང་ཁོང་ འཛོམས་ཀྱི​ིས་ལམ་གྱི་བཞི​ི་མདོར་ཚག ཁྲོ་ཆེ​ེན་པོས་གྲོང་ཚོའི​ི་ལྷན་ཁང་ཕྱོགས་སུ​ུ་ངོ་རྒོ​ོལ་ཁྲོམ་སྐོར་

ོ ་ཐབས་ཤེས་བྱས་ཏེ་ཙི​ི་ཙི​ི་ཁྱུ་དེ་དག་མེད་ བྱས་ཏེ་ཡུ​ུལ་དཔོན་ཚས

པ་བཟོ་ཐབས་གནང་རོགས་ཞེས་རེ་བ་ཞུས་པ་རེད་ རླུང་ལངས་པའི་ མི​ི་ཚོ​ོགས་དེ་དག་གི་བྱེ​ེད་སྟངས་ཀྱིས་དཔོན་ཆེན་དང་འདུན་གྲོས་

11


པ་ཚརོ ་ཞེ​ེད་སྣང་ཞིག་བྱུང་བ་དང་

ོ ་ི​ི ཁྲོ​ོད་ནས་འདུན་གྲོས་ ཁོང་ཚའ

པ་ཞི​ིག་གི​ིས་ཙི​ི་ཙི​ི་དེ​ེ​ེ་དག་ཕུད་ཐུ​ུབ་མཁན་མི་ཞི​ིག་ཏན་ཏན་ ཡོད་ཀྱི​ི་རེ​ེ​ེད་

གལ་སྲིད་ང་ཚརོ ་རོ​ོགས་པ་བྱེད་མཁན་ཞིག་བྱུང་ན་

ང་ཚོས་ཀྱང་ཁོ་ལ་རྔན་པ་གྱ་ནོམ་པ་ཞིག་མི་སྤྲོ​ོད་པ་ག་ལ་ སྲི​ིད་ཅེ​ེས་བཤད་

འོན་ཀྱང་མི་དཔོ​ོན་དེ​ེ་དངུལ་ལ་འདོད་རྔམས་ཅན་

ཞིག་ཡིན་པ་དང་ ཁོ་པའི​ི་ཆེ​ེད་དུ་འགྲོ་སོ​ོང་གཏོང་བ་མ་གཏོགས་ ལས་དོན་གཞན་གྱི​ི་ཆེ​ེད་དུ་དངུལ་བེད་སྤྱོད་བྱེ​ེད་རྒྱུར་འདེང་ངེ​ེས་སྟོ​ོན་

མཁན་ཞིག་མི​ིན་པས་བསམ་ཚུལ་དེར་དགའ་པོ་མ་བྱུང་བ་རེད་ འོན་ཀྱང་མཐའ་མ་དེ་ལས་གཞན་པའི་ཐབས་ཤེས་གང་ཡང་མེད་ སྟབས་ཁོར་མོས་མཐུན་མ་བྱེད་ཀ་མེད་བྱུང༌

ཕྱི་ཉི​ིན་འཕྲིན་

ོ ་སྲང་ལམ་དང་ རྩིག་ལྡེབ༌ ཤིང་སྡོ​ོང་སོ​ོགས་གང་སར་ སྐྱེ​ེལ་བ་ཚས ཡི​ིག་བྱང་སྦྱར་ཏེ་ཁྱབ་བསྒྲགས་བྱས་དོན་

གལ་ཏེ་མི​ི་སུ​ུ་ཞི​ིག་

གི​ིས་ཙི​ི་ཙི​ི་རྣམས་ཕྱིར་འབུད་གཏོང་ཐུ​ུབ་ན་དེ་ལ་གྲོང་ཚོའི​ི་ལྷན་ ཁང་ནས་གསེར་སྲང་ཆི​ིག་སྟོང་རྔན་པར་གནང་རྒྱུ་ཡིན་ཞེས་བྲི​ིས་

12


ོ ས་ནས་སྐྱེ་བོ​ོ་ ཐག་རིང་ཐུ​ུང་སྣ་ཚག

ཏེ་འགྲེམ་སྤེལ་བྱས་པ་རེད་

མང་པོ་འདུ​ུས་ཏེ་ཡུ​ུལ་དེའི​ི་ཙི​ི་ཙི​ི་ཕུ​ུད་ཐབས་སྣ་ཚོགས་བྱས་ཀྱང་

དོན་མེད་དུ​ུ་གྱུ​ུར་ཏེ་ཙི​ི་ཙི​ི་རྣམས་རང་འཇགས་གནས་པ་རེད་ ཉིན་ ཞི​ིག་སྐྱེ་བོ​ོ་ཚང་མ་བྱ་ཐབས་ཡོངས་སུ་རྫོགས་པའི་སྐབས་དེར་ཡ་

མཚན་ཅན་གྱི་སྐྱེ​ེ་བོ​ོ་ཞི​ིག་སླེབས་ ཁོང་གི​ིས་ཡུ​ུལ་མི་ཚརོ​ོ ་མི​ི་

དཔོ​ོན་དང་འདུན་གྲོས་པ་ཚོའི​ི་ལྷན་ཁང་གང་དུ​ུ་ཡོད་པ་རྩད་གཅོད་ བྱས་ཏེ་དེ​ེའ་ི​ི​ི ཕྱོ​ོགས་སུ​ུ་ཡོང་གི​ི་ཡོ​ོད་

མི་དེ​ེ་ནི​ི་ནམ་རྒྱུན་མཐོང་

མྱོང་མེད་ལ་སྤྱོད་ཚུ​ུལ་དང་གྱོན་ཆས་གང་གི་ཆ་ལའང་མི་སུ​ུ་

གཅིག་དང་མི་འདྲ་བའི​ི་ཡ་མ་ཟུང་ཞི​ིག་མངོན་ ཁོའ་ི​ི གྱོ​ོན་ཆས་ ཀྱི་ཚོ​ོས་གཞི་ཧར་པོ་དང་བཟོ་ལྟ་ཁྱད་མཚར་དེ​ེས་མི​ི་སུ་ལའང་

འཛེམས་ཟོན་མེད་པ་ཞིག་རེ​ེད་

ད་དུང་ཞྭ་མོའ་ི​ི ལྟེ​ེབ་སུ​ུལ་ལ་བྱ་

སྒྲོ་ཞི​ིག་ཀྱང་བཙུ​ུགས་ཡོད་ ཁོའ་ི​ི སྐེ​ེ​ེ་རགས་ལ་གླིང་བུ​ུ་ཕྲ་ལ་རིང་ བ་ཞིག་གཟེར་འདུག་

ཡུ​ུལ་མི་ཚ་ོ​ོ ཁོ​ོའ་ི​ི རྗེ​ེས་སུ​ུ་འབྲངས་ནས་

ཡོ ང ་དུ​ུས་ཁོ ས ་ཚམ་ཚོམ ་མེ ད ་པར་ཚོམ ས་ཆེ ན ་ནང་འཛུ​ུལ་

13


ཡོང༌ བཞུགས་འཁྲིའ་ི​ི སྟེ​ེང་འགྱིང་ངེ​ེར་བཞུ​ུགས་ཡོད་པའི​ི་མི​ི་དཔོ​ོན་ གྱི​ིས་མི​ི་དེ​ེ​ེར་ལྡི​ིར་ནས་རང་སུ་ཡིན་

ག་རེ་བྱེ​ེད་དུ​ུ་ཡོང་བ་ཡིན་

ོ​ོ ་གླི​ིང་བུ​ུ་གཏོང་མཁན་ཞེས་འབོད་ ཞེས་བྲི​ིས་ མི་དེ​ེས་ང་ལ་མི་ཚས

ཀྱི​ི་ཡོ​ོད་ ང་ཙི་ཙི​ི་འབུ​ུད་མཁན་གྱི་བྱ་དགའི་གསལ་བསྒྲགས་དེའ་ི​ི

སྐོ​ོར་སྐད་ཆ་འདྲི་རུ​ུ་ཡོང་བ་ཡིན་ ཞེས་བཤད་པས་ དཔོན་ཆེན་དེའ་ི​ི

སེ​ེམས་ལ་མི་འདི​ི་འདྲ་ཞིག་གི​ིས་ཙི​ི་ཙི​ི་གང་འདྲ་ཕུ​ུད་ཐུ​ུབ་ཀྱི་རེ​ེད་ སྙམ་ནས་

ོ​ོ ་ི​ི ནང་གི་ཙི​ི་ཙི​ི་ཚང་མ་ཕུད་ཚར་ གལ་ཏེ་གྲོ​ོང་ཚའ

ན་རང་ལ་བྱ་དགའ་གསེར་ སྲང་ཆི ག ་སྟོ ང ་མི​ི ་ དགོ ས ་ ཉི​ིས་སྟོང་དགོས་ཀྱང་སྤྲད་

ཆོག་ཅེས་བཤད་ འདུ​ུན་

གྲོས་པ་ཞིག་གི​ིས་མི​ི་དེ​ེ​ེར་ ཁྱོད་ཀྱི​ིས་ཙི​ི་ཙི​ི་རྣམས་ གང་འདྲ་བྱས་ནས་ཕྱིར་

14


ཕུད་གཏོང་ཐུ​ུབ་བམ་ཞེས་དྲི​ིས་

མི་དེ​ེས་ངའི​ི་རྫུ་འཕྲུ​ུལ་གྱི་གླི​ིང་བུ​ུ་

དེས་འཛམ་གླིང་འདི​ིའི​ི​ི་ནང་གི་དངོ​ོས་པོ་ཡོད་ཚད་འགུ​ུག་ཐུ​ུབ་ཅེས་ བཤད་ དཔོན་ཆེན་གྱི​ིས་བསུ​ུན་སྣང་ལྡན་པའི་ངང༌ འགྲིག་གི​ི་རེ​ེད་ འགྲིག་གི​ི་རེ​ེ​ེད་ ཞེས་བཤད་

རང་གི་རྫུ​ུ་འཕྲུ​ུལ་གྱི་གླི​ིང་བུ​ུ་དེ་གཏོང་བར་རྒྱུགས་

མི་དེ​ེས་ཕྱི​ིར་ཐོ​ོན་གྱི​ིན་སྐེ​ེད་པ་ནས་གླིང་བུ​ུ་བླངས་ནས་

ཁ་ལ་བཅུག་སྟེ ་ གཅི​ི ག ་གཏོ ང ་དུ​ུས་དེ ་ སྔོ​ོ ན ་ཐོ ས ་མྱོ ང ་ཡོ ད ་པའི​ི ་ རོ​ོ​ོལ་དབྱངས་གང་ཞིག་དང་ཡང་འདྲ་གི་མེ​ེད་

གློ་བུ​ུར་དུ​ུ་ཁང་པའི་

སྒོ​ོ་དང་སྒེ་ཁུ​ུང༌

ཆུ​ུ་

སྦུ​ུག་སོགས་ག་ས་ག་

ནས་ཙི​ི ་ ཙི​ི ་ འདོ​ོ ན ་ཡོ ང ་ སྟེ​ེ་གླི​ིང་བུ​ུ་གཏོང་མཁན་ དེའི​ི་རྗེ​ེས་སུ​ུ་རྒྱུ​ུགས་འགྲོ་ གི​ི་ཡོ​ོད་

15

ཁོས་གླི​ིང་

བུ​ུ་གཏོང་གི​ིན་གྲོང་ཚོའི​ི་


སྲང་ལམ་ཡོ ད ་ཚད་ལ་གོ མ ་པ་སྤོ ས ་ཏེ ་ ཙི​ི ་ ཙི​ི ་ ཡོ​ོ ང ས་རྫོ ག ས་

སྐད་གཏོ ང ་གི​ི ན ་གྲོ ང ་ཚོ འི​ི ་ སློ​ོ བ ་གྲྭའི ་ ཉེ​ེ ་ འགྲམ་ནས་འགྲོ ་ དུ​ུས་

སློབ་ཕྲུ​ུག་ཚོས་ཁ་དང་མིག་ཆེ་ཙམ་ཞི​ིག་གདྭངས་ཏེ་ཁོ​ོའི​ི་རྗེ​ེས་

སུ་བལྟས་ནས་བསྡད་ཡོད་

ཁོས་གྲོང་ཚ་ོ​ོ ཡོ​ོངས་བསྐོར་ཚར་དུ​ུས་

གཙང་པོ ་ ཞི​ི ག ་ཏུ་ཁ་ཕྱོ ག ས་ཏེ ་ བསྐྱོ ད ་པ་དང་ཀོ ་ བ་ཞི​ི ག ་བཏང་ ནས་གཙང་པོའ་ི​ི དཀྱི​ིལ་ལ་ཕྱིན་པས་ཙི་ཙི​ི་རྣམས་ཁོའི​ི་རྗེ​ེས་མི​ི་ ཟི​ིན་པའི་དངངས་སྐྲག་གིས་གཙང་ཆུའི་ནང་མཆོངས་

ཡུ​ུན་རི​ིང་

མ་སོང་བར་ཙི​ི་ཙི​ི་ཚང་མ་གཙང་ཆུས་འཁྱེར་ཏེ་གཅི​ིག་ཀྱང་ལྷག་ མེད་ མི་དཔོན་དང་ཡུལ་མི་

ཚང་མ་ཙི ་ ཙི​ི འི​ི​ི ་ ཁྱུ་ཚོ ག ས་ དེ ་ དག་མེ ད ་པ་ཆགས་དུས་ ལུས་སེམས་གཉིས་ཀ་ལྷོད་

ཤི​ིག་ཤི​ིག་ཆགས་ཏེ་ཚང་མ་ འཛོམས་ཏེ་གཞས་དང་ཞབས་

16


བྲོ་འཁྲབ་འགོ་ཚུ​ུགས་ གླིང་བུ​ུ་གཏོང་མཁན་གྱི​ིས་ད་གཟོད་ཁོའ་ི​ི བྱ་དགའ་ལེན་པར་འོང་བས་མི་དཔོ​ོན་དེ​ེ་དགའ་པོ་མ་བྱུ​ུང༌

གླིང་

བུ​ུ་གཏོང་མཁན་གྱིས་ད་ཆ་ངས་ཙི​ི་ཙི​ི་ཚང་མ་ཕུ​ུད་ཟི​ིན་པས་ཁྱོད་ ཀྱི​ིས་ངའི​ི་བྱ་དགའ་དེ་སྤྲོད་རོགས་ཞེས་བཤད་ མི་དཔོན་གྱི​ིས་ཙི​ི་ཙི​ི་ དེ​ེ​ེ་དག་རང་གིས་གླི​ིང་བུ​ུ་གཏོང་ཐེ​ེངས་གཅིག་གཉིས་ཀྱི​ིས་ཕུ​ུད་ཐུ​ུབ་ དུ​ུས་དཀའ་ལས་གང་ཡང་མ་རེད་

བྱས་ཙང་ལས་ཀ་དེ་འདྲ་ཞིག་

ལ་རྔན་པ་སྤྲོད་རི​ིན་གང་ཡང་མི་འདུ​ུག་ཅེས་བཤད་དེ་གང་ལྟར་ བྱ་དགའ་དེ་སྤྲོད་རྩི​ིས་ཁྱོན་ནས་བྱེད་ཀྱི​ི་མེ​ེད་ མཆོག་

དངོས་གནས་དཀའ་ལས་མ་རེད་

ལ་གླིང་བུ​ུ་གཞན་ཞིག་གཏོང་ཆོག་ཅེས་བཤད་

མི་དེ​ེས༌མི་དཔོ​ོན་

བྱས་ན་ངས་ཁྱེད་རང་

མི་དཔོ​ོན་གྱི​ིས་

ོ ་ི​ི གྲོ​ོང་ཚའ ོ ་ི​ི ནང་ག་ཚདོ ་གཏོང་ ཕྱི​ིར་རྒྱུགས་ རང་གི​ི་གླི​ིང་བུ​ུ་དེ་ང་ཚའ

གི​ི་ཡི​ིན་ནའང་འགྲིག་

དེ་རང་གི་བྱ་དགའ་ཡིན་བསམ་པ་བྱས་

ོ ས་ཆེན་གྱི​ི་ཕྱི​ིར་འདོན་པ་ ནས་ཐོངས་ཤི​ིག་ཅེས་སྨྲས་ མི་དེ​ེས་ཚམ དང་གྲོང་ཚོའི​ི་ནང་གླིང་བུ​ུ་སྙན་ཤོས་དེ​ེ་གཅི​ིག་གཏོང་དུ​ུས་ཕྲུ​ུ་གུ​ུ་ཚང་

17


མ་དགའ་མཆོངས་

རྒྱག་བཞིན་རྒྱུགས་

ཡོ ང ་བ་དང་ཁོ ང ་ཚོའི​ི་

ོ ་ི​ི རྣ་ལམ་ ཕ་མས་སྐད་བརྒྱབས་ཀྱང་དོ་སྣང་བྱདཻ ་ཀྱི​ི་མེ​ེད་ ཁོང་ཚའ

ོ ་ དུ​ུ་གླིང་བུ​ུའི​ི་སྒྲ་མ་གཏོགས་གང་ཡང་མེད་པ་ལྟར་སྣང༌ ཁོང་ཚས

གླི​ིང་བུ​ུ་གཏོང་མཁན་དང་མཉམ་དུ​ུ་ཡུ​ུན་རིང་སོ​ོང་སོ​ོང་ནས་མཐར་

18 18


རི ་ བོ​ོ ་ མཐོ ་ ཤོ​ོ ས ་དེ​ེ ར ་སླེ​ེ བ ས་པ་དང་རི​ི ་ དེ​ེ​ེ འི​ི​ི་ ཞབས་ནས་སྒོ ་ ཆེ​ེ ན ་པོ ་

ཞི​ི ག ་ཕྱེ ་ སྟེ​ེ ་ ཕྲུ​ུ་གུ​ུ་ཚོ་ དང་གླི ང ་བུ​ུ་གཏོ ང ་མཁན་རྣམས་རི ་ དེ​ེ འི​ི​ི་ ནང་དུ​ུ་འཛུ​ུལ་རྗེས་རི​ི་དེ​ེ​ེའ་ི​ི​ི སྒོ​ོ་རང་འཇགས་བརྒྱབས་སོང༌

དེ་རྗེ​ེས་

ཕྲུ​ུ་གུ​ུ་ཚོ་དང་གླིང་བུ​ུ་གཏོང་མཁན་དུ​ུས་ནམ་ཡང་མཐོང་རྒྱུ་མེད་

པར་གྱུར་

སྐབས་དེ་དུ​ུས་ཡུ​ུལ་མི​ི་ཚང་མས་དཔོན་ཆེན་ལ་ཁོང་

ཁྲོ་དྲག་པོ་བྱེ​ེད་བཞི​ིན་ཁོ་གྲོ​ོང་ཚ་ོ དེ​ེ་ནས་ཁ་བྲལ་དུ​ུ་བཅུ​ུག་

འོན་

ཀྱང་གྲོང་ཚ་ོ དེ​ེའ་ི​ི​ི ནང་ཕྲུ​ུ་གུ​ུའི་སྐད་སྒྲ་ལོ་མང་པོ་ཞི​ིག་ནས་ཐོས་རྒྱུ་

མེ​ེད་པར་གྱུར་།

࿉ .........................࿉ ࿉.........................

19


མཐེབ་མཛུབ་མ་

༄༅་།གནའ་སྔ་མོ་བུད་མེད་མོ་ཧྲེ​ེང་ཞི​ིག་ཡོད་པ་དང་

མོས་

རང་ཉིད་ལ་ཕྲུ་གུ​ུ་ཞིག་བྱུང་ན་སྙམ་གྱི་ཡོ​ོད་ ཉི​ིན་ཞི​ིག་མཁའ་ འགྲོ ་ མ་ཞི ག ་སླེ བ ས་ཏེ ་ མོ ་ ལ་མེ ་ ཏོ​ོ ག ་གི​ི ་ ས་ བོན་ཞི​ིག་སྤྲད་

མོ་ཧྲེ​ེང་དེ​ེས་ཁོག་མ་ཞིག་ནང་

མེ་ཏོ​ོག་གི​ི་ས་བོན་དེ​ེ་བཏབ་ནས་ཉིན་ལྟར་ཆུ​ུ་ བསི​ིལ་གཏོར་བས་མྱུ་གུ​ུ་ཡག་པོ་སྐྱེ​ེས་པ་ རེད་

ཡུ​ུན་རིང་

མ་སོང་བར་མེ་

20


ཏོ​ོག་གི​ི་ཐེ​ེ​ེའུ​ུ་ཐོན་པ་དང་

ཉི​ིན་ཞི​ིག་ཐེའུ​ུ་དེ​ེ་ཞལ་ཁ་ཕྱེ་དུ​ུས་དེའ་ི​ི

ནང་ནས་ཧ་ཅང་ཆུང་བའི་བུ​ུ་མོ་སྙི​ིང་རྗེ​ེ་མོ​ོ་ཞི​ིག་ཐོན་

བུ​ུ་མོ་དེ​ེས་

མི​ི ག ་ཧྲི​ི ག ་ཧྲི​ི ག ་ལྟ་བཞི ན ་མོ ་ ཧྲེ​ེ ང ་ལ་ཨ་མ་ལགས་ཞེ ས ་ འབོད་དེ​ེ་ཚུ​ུར་འཁྱུད་ཡོང་བ་དང་ དེ་ནི​ི་མོ​ོ་ཧྲེ​ེང་གི​ི་མཐེ​ེབ་མཛུབ་ཀྱི་

ཆེ​ེ་ཆུང་ཙམ་ལས་མེད་ བུ​ུད་མེད་དེ​ེ་ཧ་ཅང་དགའ་པོ་བྱུང་སྟེ་བུ​ུ་མོ་ ཆུ​ུང་ཆུ​ུང་དེ་རང་གི​ི་གཅེས་ནོར་བཞི​ིན་བསྐྱངས་ པ་དང་ མོའ་ི​ི མི​ིང་ལ་མཐེབ་མཛུབ་མ་ ཞེས་བཏགས་ ཀྱི​ི་ཁྱི​ིམ་དུ​ུ་

དེ་ནས་བཟུང་ཁོང་གཉིས་

དགའ་སྤྲོའ་ི​ི

གླུ་དབྱངས་ཐོས་ རྒྱུ་ཡོད་ལ་

སྐྱིད་པའི་དགོད་ སྒྲ་ལྷང་ལྷང་

21


གྲགས་པར་གྱུར་

ད་དུ​ུང་སྐབས་རེ་མཐེབ་མཛུབ་མ་ཆུང་དྲགས་

ནས་མ་རྙེད་པར་ཨ་མ་ཞེད་ནས་ངུ་དགོས་པ་བྱུང་ལ་

མཐེབ་

མཛུབ་མ་ཐོག་མར་ཁྱི་དང་ཞི​ི་མི​ི་བ་ཕྱུགས་སོགས་ལ་ཞེད་ནས་ ངུ་དགོས་བྱུང༌

འོན་ཀྱང་རིམ་བཞིན་སྒོ་ཕྱུགས་སེམས་ཅན་དེ་

དག་དང་མཐེབ་མཛུབ་མ་གྲོགས་པོར་གྱུར་

མཐེབ་མཛུབ་མ་

དེ་དམི​ིགས་བསལ་གྱི་གཞས་གཏོང་རྒྱུར་ཤིན་ཏུ​ུ་དགའ་ ོ ་ི​ི གཡས་ བས་ཉིན་ལྟར་གླུ་དབྱངས་ཀྱི་སྒྲས་ཁོང་ཚའ

གཡོ ན ་གྱི​ི ་

སེ​ེམས་ཅན་

ཚོ ར ་ ད ག འ ་

སྐྱི ད ་ སྦྱི​ི ན ་ གྱི​ི ་ ཡོ​ོད་

ཉི​ིན་

ཞི​ི ག ་ལྷ་ཡི ་

རི​ིགས་བྱེ་བྲག་

22


པ་ཞི​ིག་གི​ི་སྲས་གསེར་ལྡན་རང་གི་གཤོག་པ་བརྐྱངས་ཏེ་ཡུལ་ ལྗོངས་ལ་ལྟད་མོ་ལྟ་བར་ཕེབས་སྐབས་མཐེབ་མཛུབ་མའི་གླུ་ དབྱངས་ཐོས་པས་ཧ་ཅང་སྙན་པོ་བྱུང་ནས་ཉན་པར་ཡོང༌ ལྷ་སྲས་ ཀྱི​ིས་མཐེབ་མཛུབ་མ་ནི་མཛེས་སྡུ​ུག་ལྡན་པའི་བུ་མོ་ཞི​ིག་

ཡི​ིན་པ་མཐོང་དུས་སེམས་རང་དབང་མེད་པར་ཤོར་ ཉིན་ཞི​ིག་ཁོས་ མཐེབ་མཛུབ་མའི་འཁྲི​ིས་སུ་ཕྱི​ིན་ཏེ་

སྲས་མོ་ལགས་

རང་ཞེས་བཤད་མ་ཐག་མོ་ཞེ​ེད་ཐག་ཆོད་དེ​ེ་བྲོ​ོས་ཕྱི​ིན་

ཁྱེད་

ལྷ་སྲས་

ཀྱིས་རང་ཞེད་དགོས་མ་རེད་ ངའི་མི​ིང་ལ་གསེར་ལྡན་ཟེར་གྱི​ི་ཡོ​ོད་

ཅེས་བཤད་ མཐེབ་མཛུབ་མས་རང་དང་གཟུ​ུགས་ཚད་གཅིག་པ་ ཡིན་པའི་ཕོ་གསར་རྫིག་པོ་དེ​ེས་མོ་རང་ལ་ལྷག་བསམ་རྣམ་ དག་གིས་སྐད་ཆ་བཤད་པར་ཧ་ཅང་གི་དགའ་པོ་བྱུ​ུང༌ རང་ང་དང་གཟུགས་ཚད་གཅིག་པ་རེད་འདུ​ུག་

མོས་ཁྱེད་

ངས་ད་བར་ང་རང་དང་

གཅིག་པའི་རི​ིགས་ཤིག་ཨེ་ཡོད་སྙམ་བྱུ​ུང༌ ཡིན་ནའང་ཁྱེ​ེད་རང་ ལ་གཤོག་པ་འདུ​ུག་ཅེས་བཤད་

23

གསེར་ལྡན་གྱིས་ཁྱེད་རང་ཉིན་


ལྟར་གླུ་དབྱངས་ལེན་ནས་བཞུ​ུགས་ཀྱི་ཡོ​ོད་དམ་ཞེས་དྲི​ིས་ མཐེབ་ མཛུབ་མས་དགའ་སྤྲོའ་ི​ི ངང༌ ངའི་གླུ་གཞས་དེ་ཡག་པོ་མེ​ེད་ཅེ​ེས་ ཁེངས་སྐྱུང་ངང་བརྗོད་

གསེར་ལྡན་གྱི​ིས་གང་ལྟར་ང་ཉིན་ལྟར་གླུ་

གཞས་ཉན་པར་ཡོ ང ་གི​ི ་ ཡི​ི ན ་ཞེ ས ་བརྗོ ད ་དེ​ེ ་ ཁོ​ོ ང ་གཉི ས ་ཕན་ ཚུ​ུན་གླེང་མོལ་མང་དག་ཅིག་བྱུང་ནས་གསེར་ལྡན་ལོག་ཕྱི​ིན་ ཕྱི་ཉི​ིན་ནས་བཟུང་ཉི​ིན་ལྟར་གསེར་ལྡན་གླུ་གཞས་ཉན་པར་

ཡོང་བ་དང་ ཁོང་གཉིས་ཕན་ཚུན་འཆམ་པོ་ཆགས་ཡོད་ ཉིན་ ཞི​ིག་གསེར་ལྡན་གྱིས་མཐེབ་མཛུབ་མ་རང་གི་གཤོག་རྩལ་ ལ་བརྟེན་ནས་ཕྱིར་འཆམ་འཆམ་ལ་འཁྲིད་

ཁོང་གཉིས་སྙན་

པའི་གླུ་དབྱངས་ལེན་བཞི ན་ལྗོ ངས་རྒྱུར་གཤེ གས་པར་པད་མའི ་

མེ​ེ་ཏོ​ོག་རྣམ་པར་བཀྲ་བའི་ཆུ​ུ་རྫི​ིང་ཞི​ིག་གི​ི་ཁར་སླེབས་དུ​ུས་དེར་ ཛེ་སྦལ་མདོག་ཉེས་ཤི​ིག་གི​ིས་མཐོང་སྟེ​ེ་ཐེ​ེབ་མཛུབ་མར་སེམས་

དབང་མེད་དུ​ུ་ཤོར་ གནས་ཚུ​ུལ་དེ་ཁོ​ོའ་ི​ི ཨ་མ་ཛེ་སྦལ་གྱིས་མཐོང་ ནས་མོས་ང་ལ་མཐེབ་མཛུབ་མ་སྡོད་ས་རྒྱུས་ཡོད་

24

ངས་མོ་


ཁྱེ​ེད་རང་གི་མནའ་མར་ལེན་ཐུ​ུབ་པ་བྱེད་ཆོག་ཅེས་བཤད་

འོན་

ཀྱང་ད་ཆ་མཐེབ་མཛུབ་མ་དང་ལྷ་སྲས་གསེར་ལྡན་གཉིས་བྲལ་ ཐབས་མེད་པའི​ི་དགའ་རོགས་ཤིག་ཡི​ིན་

སྲས་གསེར་ལྡན་གྱིས་

མོ་ལ་ཆང་ས་བརྒྱག་རྒྱུ​ུའི་རེ​ེ་བ་བཏོན་པར་མཐེབ་མཛུབ་མ་ ཧ་ཅང་དགའ་པོ་བྱུང༌

ཁོས་ཁོ་པའི​ི་ཡབ་ཡུ​ུམ་གཉིས་ལ་ཞུས་

ཏེ་སང་ཉིན་མནའ་མར་སློང་བར་ཡོང་རྒྱུའི​ི་ཁ་ཆད་བྱས་

མཐེབ་

མཛུབ་མས་རང་གི་གཏམ་བཟང་དེ་ཨ་མ་ལགས་སུ​ུ་ཞུ​ུ་དུ​ུས་

མོ ་ ཧ་ཅང་དགའ་པོ ་ བྱུང་ཡང་མཐེ བ ་མཛུབ་མ་དང་ཁ་བྲལ་ དགོས་པ་ནི་མོ​ོའ་ི​ི ངོ​ོ​ོས་ནས་གདུ​ུང་བ་ཆེ་ཤོ​ོས་དེ་རེ​ེད་

དེའ་ི​ི མཚན་

མོ་ཚང་མ་གཉིད་ཁུ​ུག་པའི་སྐབས་ཛེ་སྦལ་གྱིས་ལྐོག་ཏུ​ུ་ཁང་ པའི​ི་ནང་འཛུལ་ཏེ་མཐེ​ེབ་མཛུབ་མའི་ཉལ་ཁྲི་ཆུ​ུང་ཆུ​ུང་དེ་དང་

མོ་མཉམ་དུ་བསྡམས་ཏེ་འཁྱེར་ཕྱི​ིན་ མཐེབ་མཛུབ་མས་སྐད་ བརྒྱབས་ཀྱང་ཨ་མ་གཉིད་ཁུག་ཟིན་པས་མ་ཤེས་

ཛེ་སྦལ་

གྱི​ིས་མོ་འཁྱེར་ཏེ་སྦལ་ཚང་དུ་འཁྲིད་ འོན་ཀྱང་མཚན་མོའ་ི​ི དུ​ུས་

25


སུ​ུ་འགྲོ་ལམ་མི་མཐོང་བས་མཐེབ་མཛུབ་མ་བྱེད་ཐབས་བྲལ་

ཛེ་སྦལ་གྱིས་མཐེབ་མཛུབ་མ་རང་སེམས་ཁྲལ་བྱེད་མི​ི་དགོ​ོས་ རང་གིས་ངའི​ི་བུའི​ི་མནའ་མ་བྱེད་རོ​ོགས་ བུ​ུས་རང་ལ་ཧ་ཅང་དགའ་ པོ་འདུག་ཅེས་བཤད་

མཐེབ་མཛུབ་མས་གཅིག་ལྟ་དུས་མོའ་ི​ི

བུ་ཛེ་སྦལ་གྱིས་མོ་ལ་མེ་ཏོ​ོག་པདྨ་ཞིག་འཁྱེར་ཡོང༌

མཐེབ་

ོ ་ ང་ལ་དགའ་རོགས་ཡོད་ ང་དང་ མཛུབ་མས་དགོངས་པ་མ་ཚམ

སྲས་གསེར་ལྡན་ཆང་ས་བརྒྱག་རྒྱུ​ུའི་ཁ་ཆད་བྱས་ཚར་ཞེས་བཤད་ ཛེ་སྦལ་མ་བུ​ུས་འཇམ་རྩུབ་ཇི་ལྟར་བྱས་ཀྱང་མཐེབ་མཛུབ་ མས་མ་ཉན་སྟབས་ཁོ་མོ་པད་མའི་ལོ་འདབ་ཆེན་པོ་ཞི​ིག་གི​ི་ སྟེ​ེང་བསྐྱུར་ཏེ་ཛེ​ེ་སྦལ་རྣམས་ཐོན་ཕྱི​ིན་

མཐེབ་མཛུབ་མ་ནང་

ལ་ལོག་པའི་ལམ་གྱི་ཁ་ཕྱོགས་མ་ཤེས་པར་སེམས་སྐྱོ་ཐག་ ཆོད་དེ​ེ་ངུས་ནས་སྡོད་སྐབས་ བྱིའུ​ུ་བོ་དཀར་ཞིག་གི​ིས་མཐོང་སྟེ​ེ་མོ​ོ་ ལ་སྐད་ཆ་དྲི​ིས་

མོས་གནས་ཚུལ་ཆ་ཚང་བཤད་དུ​ུས་བྱིའུ​ུ་དེ​ེས་

མོ་ཆུ​ུའི​ི་དཀྱི​ིལ་གྱི​ི་པད་མའི་ལོ​ོ་མ་ལས་བླངས་ཏེ་རང་བྱུང་གི་གླི​ིང་

26


ཆེ​ེན་པོ་ཞི​ིག་ནང་བསྐྱལ་

མཐེབ་མཛུབ་མས་ལྷ་སྲས་གསེར་

ལྡན་གྱིས་དེ​ེ་རི​ིང་ང་མནའ་མར་བསུ་བར་ཡོང་གི​ི་ཡི​ིན་གསུངས་ཀྱི​ི་ འདུ​ུག་ཅེས་བཤད་

བྱིའུ​ུས་ངས་རང་གི་ནང་དང་ལྷ་སྲས་གསེར་ལྡན་

ོ ་བར་ཕྱིན་ཆོག་ གང་དུ་ཡོད་མེད་འཚལ གཞན་ལ་མ་འགྲོ་ཞེ​ེས་མངགས་

རང་གིས་ས་འདི་ནས་

མཐེབ་མཛུབ་མ་དེར་སྡོད་

རི​ིང་མཚན་མོ་ཕྱི​ིས་པོ​ོ་ཆགས་ཀྱང་བྱིའུ​ུ་བོ་དཀར་ཡོང་མཁན་

མེད་པས་ཤིང་སྡོང་ཆེན་པོ་ཞི​ིག་གི​ི་འོ​ོག་ཏུ​ུ་ཁུ​ུམ་ནས་བསྡད་པས་ གང་ཙམ་ནས་གཉིད་དུ​ུ་ཤོར་

གཉིད་སད་དུ​ུས་མོ་རང་ས་སོབ་སོབ་

ཅི​ིག་ཏུ་ཉལ་བསྡད་འདུག་པས་ཡར་ལངས་ཏེ་ང་གང་དུ​ུ་སླེབས་ཡོད་ དམ་ཞེས་བཤད་

སྐབས་དེར་ཙི​ི་ཙི​ི་ཞི​ིག་གི​ིས་མོ་ལ་ལྟོ་ཚ་པོ་

ཞི​ིག་སྤྲད་ཞོར༌ ངའི་མི​ིང་ལ་ཙི་ཙི​ི་ཐི​ིག་རི​ིས་མ་ཟེར་ རང་མདང་ ནུབ་ཤིང་སྡོ​ོང་འོ​ོག་ལ་འཁྱག་གཉིད་ཁུག་བསྡད་འདུག་ ཀྱིས་མ་བཟོད་པར་རང་ནང་ལ་འཁྲིད་ཡོང་བ་ཡིན་

ང་སེམས་ ད་ལྟ་ཕྱི་

ལ་དགུ​ུན་དུས་ཤར་ཟིན་པས་རང་ཕྱིན་ན་འཁྱག་ཤི་ཐེ​ེབས་ཀྱི​ི་རེ​ེ​ེད་

27


ཅེས་བཤད་པས་མཐེབ་མཛུབ་མ་ཙི​ིག་ཚང་ནང་ སྡོད་འདོད་མེད་ཀྱང་མ་སྡོད་རང་སྡོད་བྱུང༌

མོའ་ི​ི ཨ་

མས་མཐེབ་མཛུབ་མ་བརླགས་པ་ཤེས་དུས་གང་སར་

བཙལ་ཀྱང་མ་རྙེད་པར་སེམས་པ་སྐྱོ་ནས་སྡོད་པའི​ི་སྐབས་

ལྷ་སྲས་གསེར་ལྡན་གྱི​ིས་མོའི​ི་ནང་ལ་ཁོ་མོ་མནའ་མར་སློང་

བར་ཡོང༌ ཨ་མས་གནས་ཚུལ་བཤད་དུས་ལྷ་སྲས་གསེར་ལྡན་ གྱི ས ་བརྟག་དཔྱད་བྱས་པས་མཛེ ས ་མ་མཐེ བ ་མཛུབ་མ་ཏན་ ཏན་གཞན་གྱི​ིས་བཙན་འཁྲིད་བྱས་པ་ཤེས་

28

ཁོང་གི​ིས་ཁྱེད་རང་


ོ ་བར་ཕྱིན་ཆོག་ཅེས་བཤད་ སེམས་ཁྲལ་བྱེད་མི​ི་དགོ​ོས་ ངས་འཚལ

ོ ་བར་ཕྱི​ིན་ དགུ​ུན་ དེ་ས་ཕྱོགས་གང་སར་མཐེབ་མཛུབ་མ་འཚལ

གཡོལ་བྱེད་རི​ིང་མཐེ​ེབ་མཛུབ་མས་ཙི་ཙི​ི་ཐི​ི​ིག་རི​ིས་མར་སྒྲུང་ བཤད་པ་དང་ཡང་སྐབས་རེ་གཞས་གཏོང་བ་སོགས་བྱེད་ཀྱི​ི་ཡོ​ོད་པས་ ཐག་མི་རི​ིང་བའི​ི་ས་ན་ཡོད་པའི​ི་ཨ་བྲ་ཞིག་གི​ིས་མཐེབ་མཛུབ་

མར་སེམས་ཤོར་ཏེ​ེ་ཙི​ི་ཙི​ི​ི་ཐི​ི​ིག་རི​ིས་མར་རྒྱུ་དངོས་སྤྲད་དེ་མཐེ​ེབ་

མཛུབ་མ་མནའ་མར་གཏོང་ཐབས་བྱེད་རོགས་ཞེས་མངགས་ ཙི་ ཙི​ི་ཐི​ིག་རི​ིས་མས་རང་ལ་རྔན་པ་མང་པོ་ཐོ​ོབ་པར་དགའ་སྤྲོ་ཆེ​ེན་

པོ་སྐྱེ​ེས་ཏེ་མཐེ​ེབ་མཛུབ་མ་ལ་ཨ་བྲའི་མནའ་མར་ཕྱིན་ན་ ཡག་ལུགས་དང་སྐྱིད་ལུ​ུགས་མང་པོ་བཤད་པས་ཐེབ་མཛུབ་མས་ རང་ཉིད་ལྷ་སྲས་གསེར་ལྡན་དང་ཆང་ས་རྒྱག་རྩི​ིས་ཡོད་སྐོར་བཤད་ དེ་ཕྱི​ི་ལ་ཐོན་རྩིས་ཐེངས་མང་བྱས་ཀྱང་ཕྱི་ལོ​ོག་ཏུ་ཁ་བ་དཀར་ པོས་ཡོངས་སུ་ཀླུབས་ཏེ་ཡོད་པས་འགྲོ་ཐབས་བྲལ་

ཉིན་ཞི​ིག་

ཙི​ིག་ཁུང་གི་གཞོ​ོགས་ཤིག་ཏུ​ུ་བྱི​ིའུ​ུ་ཞི​ིག་འཁྱགས་ཏེ་ཤི​ི་བ་ལྟར་

29


ཟགས་བསྡད་ཡོ ད ་པས་མཐེ བ ་མཛུབ་མས་དེ ་ ནི​ི ་ རང་ཉི​ི ད ་ལ་

རོགས་པ་བྱེད་མཁན་དེ་ཡི​ིན་པ་ངོ་ཤེ​ེས་ཏེ་སེ​ེམས་སྡུ​ུག་ཆེན་པོས་ ཨ་ཁ་ད་རྒྱལ་སྲས་གསེ ར ་ལྡན་དང་ཐུ​ུག་རྒྱུའི​ི ་ ལས་འཕྲོ ་ མི​ི ་ འདུག་

བྱིའུ​ུ་ཁྱེད་རང་ཡང་འཁྱག་ཤི​ི་ཐེ​ེབས་འདུ​ུག་ཅེས་ཤོད་བཞི​ིན་

ཙི​ིག་ཁུང་ནས་རང་གི་ཉལ་ཆས་དེ་བྱི​ིའུ​ུ་དེ​ེར་གཡོགས་

མོ་ནི​ི་དེ​ེ​ེ་

ནས་བཟུང་སླར་ཡང་སེམས་སྡུག་ཆེན་པོས་མནར་བའི་ཐོ​ོག་ཨ་ བྲ་དང་ཙི་ཙི​ི་ཐི​ི​ིག་རི​ིས་མས་ཆང་ས་རྒྱག་དགོས་པའི་རེ​ེ་བ་ཇེ་ཆེ​ེར་

བྱེ​ེད་བཞི​ིན་ཡོད་ མཐེབ་མཛུབ་མས་སེམས་སྡུག་ཆེན་པོས་བྱི​ིའུ​ུ་ ཤི​ི་རོ​ོ​ོ་དེ​ེའི​ི​ི་འཁྲི​ིས་སུ་ཡོང་བ་དང་བྱི​ིའུ​ུ་དེ​ེར་ཨ་ཙི་ད་ང་ལས་སྐྱོ་བ་མི་ འདུག་

ད་ནས་བཟུང་ལྷ་སྲས་གསེར་ལྡན་དང་ཐུག་འཕྲད་ཡོང་བ་

མི་འདུ​ུག་ལ་

ཨ་མ་ལགས་དང་མཇལ་བའི་སྐལ་བའང་མི་

འདུ​ུག་ དེ་ལས་ང་ཡང་ཁྱེད་དང་འདྲ་བར་ཤི་རྒྱུ་བྱུ​ུང་ན་ཅི་མ་རུང་ཞེས་ བཤད་པ་དང་ བྱི​ིའུ​ུ་དེ​ེར་འཐམས་ཏེ་ངུས་པས་བྱིའུ​ུ་དེ​ེ་དྲན་པ་གསོས་ཏེ་ གཅི​ིག་ལྟ་དུ​ུས་མཐེབ་མཛུབ་མ་ཡིན་པ་ཤེས་པས་ཧ་ཅང་དགའ་

30


པོ་བྱུང༌

ཁྱེད་རང་སེམས་ཁྲལ་བྱེད་མི​ི་དགོས་

ལྷ་སྲས་གསེར་

ལྡན་ང་ལ་ཐུ​ུག་བྱུ​ུང་ ང་གཉིས་ཀྱི​ིས་རང་གང་སར་བཙལ་བ་ཡིན་ མཐར་ངེད་གཉིས་ཁག་བགོས་ཏེ་བཙལ་བ་དང་གནམ་གཤིས་ཧ་ ཅང་གྲང་དྲགས་པ་དང་གྲང་རླུང་ཤུ​ུགས་ཆེན་ལྡང་སྟེ་ང་རང་ཤི​ིང་སྡོ​ོང་དེ​ེར་

བརྡབས་པ་དང་དེ་ནས་གཡང་ལ་ལྷུ​ུང་བའི་སྣང་བ་ཞིག་བྱུང༌ ད་ཆ་ ངའི​ི་གཟུགས་པོ་སྣང་དག་མི་འདུག་ ད་མགྱོགས་པོ་འགྲོ་ ལྷ་སྲས་ གསེརལྡན་གྱི​ིས་རང་གང་སར་འཚོལ་བཞིན་བཞུགས་ཡོད་ཅེ​ེས་

བཤད་ མཐེབ་མཛུབ་མ་གཉིད་ལམ་མིན་ནམ་སྙམ་ཞིང་ཡོད་

པའི​ི་སྐབས་གློ་བུ​ུར་དུ​ུ་ཙི་ཙི​ི་ཐི​ི​ིག་རི​ིས་མ་དང་ཨ་བྲ་གཉིས་ཀྱི​ིས་ སྐད་རྒྱག་བཞིན་མོའི​ི་ཕྱོ​ོགས་སུ​ུ་ཡོང་གི​ི་ཡོ​ོད་པས་ཐེབ་མཛུབ་ མ་གཉིད་སད་པ་ལྟར་ ཡོང་ང༌

ཤོད་བཞི​ིན་བྱི​ིའུ​ུ་ཡི​ི་སྒལ་པར་བཞོན་

མགྱོགས་པོ་བྲོས་འགྲོ་ཞེ​ེས་

བྱི​ིའུ​ུ་དེ​ེས་གཤོག་རྩལ་

ངོམ་བཞིན་བར་སྣང་ནས་ལྷ་སྲས་གསེ​ེར་ལྡན་གྱི​ི་རྫུ​ུ་འཕྲུ​ུལ་གླི​ི​ིང་ ཁར་འབྱོར་སྐབས་དེར་མཐེ བ་མཛུབ་མས་ཨ་བྲའི ་ལག་ནས་

31


ཐར་ཡང་ད་ཆ་ལྷ་སྲས་གསེར་ལྡན་ད་དུ​ུང་མཇལ་རྒྱུ​ུ་མི་འདུག་ སྙམ་

བྱི​ིའུ​ུ་

ཡི​ི ས ་ ལྷ ་ སྲས་གསེར་

ོ ་དུ​ུ་ཕེབས་པ་རེ​ེད་ ལྡན་གྱིས་རང་འཚལ

རྫུ​ུ་འཕྲུ​ུལ་གླིང་ཁ་རེད་

འདི་ཁོ​ོང་གི​ི་

མགྱོགས་པོ་གཞས་གཏོང་དང་ཁོང་

གང་དུ​ུ་ཡོད་ཀྱང་གོ་ཐུ​ུབ་ཀྱི་རེ​ེད་ཅེས་བཤད་ སེམས་སྐྱོ་བའི​ི་གཞས་འདི་ལྟར་བཏང་

32

མཐེབ་མཛུབ་མས་


འཇིག་རྟེན་འདི​ི་ཡི​ི་སྒང་ལ་།ང་ལས་སྐྱོ་བ་མི་འདུག་།

སྐྱིད་པའི​ི་ནང་དང་བྲལ་སོང༌།བརྩེ་བའི​ི་གྲོ​ོགས་དང་བྲལ་བྱུང༌།

ད་ཆ་ལྷ་སྲས་གསེར་ལྡན༌།མཇལ་བའི་སྐལ་བ་ཨེ་ཡོད་། ཅེས་བཏང་བས་

དེ་མ་ཐག་ལྷ་སྲས་ཀྱི​ིས་མཐེ​ེབ་མཛུབ་མ་

འཚོལ་བཞྀན་ཡོད་སར་སྐད་སྒྲ་ལྷང་ལྷང་གོ་བ་དང་ད་ཆ་མཐེབ་

མཛུབ་མ་རྫུ་འཕྲུ​ུལ་ གླི​ི ང ་ཁར་སླེ བ ས་ཚར་

ཡོད་པ་ཤེས་ཏེ་དགའ་

ཚོར་ཆེན་པོས་

33


ཚུར་ལོག་ཡོང༌ མཐེབ་མཛུབ་མས་ལྟོས་དང་ད་ ལྷ་སྲས་གསེར་ ལྡན་མཇལ་རྒྱུ​ུ་ག་པར་འདུ​ུག་ཅེས་ངུ་བཞིན་ཡོད་པའི​ི་སྐབས་ལྷ་ སྲས་གསེར་ལྡན་འདིར་སླེབས་པ་དང་ཁོ་མོར་སྐད་ཀྱིས་འབོད་པས་

གཉིས་ཀ་ཡུ​ུན་རིང་བྲལ་བས་ཤིན་ཏུ​ུ་དྲན་ཏེ་ཕན་ཚུན་དམ་པོར་

འཁྱུད་ དེ་མ་ཉིད་དུ​ུ་ཁོང་གཉི​ིས་ཆང་སའི་རྟེ​ེན་འབྲེལ་གྲ་རྒྱས་བྱས་ ོ ་ི​ི སར་ཚུ​ུར་བསུ​ུས་ པ་དང་མཐེབ་མཛུབ་མའི་ཨ་མ་ཡང་ཁོང་ཚའ ཏེ་དགའ་སྐྱིད་མཉམ་འཛོམས་བྱུང་བ་རེད་།

࿉ .........................࿉ ࿉.........................

34


Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.