གནས་འཕྲིན། འདོན་ཐེངས་ ༡༧

Page 1


དཀར་ཆག

༡ ༸གོང་ས་མཆོག་གི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་བཀའ་སློབ།......................................................................................༡ ༢ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་

དུས་དྲན་མཛད་སྒོའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།.............................................................................................༣

རྒྱ་རིགས་ཐར་མཆོག་ཕེབས་པ།......................................................................................................................................༩

༣ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དཔོན་ཟུར་དར་རྒྱས་ལགས་ཀྱི་དཔེ་དེབ་དབུ་འབྱེད་གནང་བ།..................... ༨ ༤ བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༡ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་སྤྱི་འཐུས་

༥ དཔལ་ལྡན་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པའི་དྲ་རྒྱ་དབུ་འབྱེད་གནང་བ།.....༡༡

༦ བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གཙོས་པའི་སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།... ༡༣ ༧ ཐཡེ་ལཎཌ་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོར་ཕེབས་པ།................................ ༡༦ ༨ ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ་ཕྱག་བཏབ་ནས་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་རྗེས་དྲན་སྲུང་བརྩིར་དཔལ་ལྡན་བོད་མི་མང་སྤྱི་འཐུས་

ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་གདན་ཞུས་ལྟར་ཆེད་ཕེབས་གནང་བ།........................................................................༡༩

༩ སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་རྣམ་གཉིས་སུད་ཚོང་ས་ཁུལ་ཁག་ཅིག་ཏུ་

གཞུང་འབྲེལ་གཟིགས་ཞིབ་ཏུ་ཕེབས་པ།༌........................................................................................................................༢༡

༡༠ བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང་། སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་ས་བགོས་གྷོ་རག་པུར་དང་

ཝཱ་ར་ན་སིའི་སུད་ཚོང་སྐྱིད་སྡུག ཝཱ་ར་ན་སིའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་བཅས་ལ་ཕྱོགས་ཕེབས་གནང་བ།....................༢༣

༡༡ བོད་མི་མང་སྤྱི་འཐུས་རྣམས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་བ།............................................................ ༢༥ ༡༢ སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་ཐེ་ཝན་ཀའུ་ཤོང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་མཇལ་འཕྲད་དང་། བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་

ཞུ་སྐུལ་གནང་བ།..................................................................................................................................................... ༢༩

༡༣ ཐེ་ཝན་ཁུལ་དུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོར་སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ལྷན་ཞུགས་གནང་བ།..............................༣༡

༡༤ རྒྱ་གར་ I.A.S སྦྱོང་བརྡར་བ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་དུ་ཕེབས་པ།........................................................༣༣

༡༥ རྒྱ་གར་གྱི་དུས་ཆེན་ཐོག་མགྲོན་འབོད་ལྟར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཏུ་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་ཕེབས་པ།...................༣༤ ༡༦ ཨ་རིའི་ Frostburg State University,Maryland USA གི་གཙུག་ལག་སློབ་གྲྭའི་སློབ་ཚོགས་ཁག་ཅིག་ལ་

བོད་ཀྱི་གནས་བབ་སྐོར་ངོ་སྤྲོད།.................................................................................................................................. ༣༦

ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།.................................................................................................................. ༣༧

༡༧ རྒྱལ་གཅེས་དཔའ་བོ་སངས་རྒྱས་མཁར་ལགས་དང་། དཔའ་མོ་ཚེ་པེ་ལགས། དཔའ་བོ་གྲྭ་སྐལ་བཟང་ཡེ་ཤེས་ལགས་བཅས་ཀྱིས་

རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་

༡༨ རྒྱ་གར་གྱི་སྲིད་བློན་ཟུར་པ་ Shri Atal Bihari Vajpayee མཆོག་ལ་བྷ་རཏ་རཱཏ་ན་གཟེངས་རྟགས་འབུལ་རྒྱུ་གནང་བ་དང་། ཉི་ཧོང་གི་

སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་སླར་ཡང་སྲིད་བློན་དུ་བདམས་ཐོན་བྱུང་བ། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མཱ་ལཱ་ཝི་ཡ་མཆོག་ལ་

བྷ་རཏ་རཱཏ་ན་གཟེངས་རྟགས་འབུལ་རྒྱུ་གནང་བར་འཚམས་འདྲི་ཞུས་པ།..................................................................................༤༡ སྤྱི་ཁྱབ་ལྟ་ཞིབ་དང་ཞུ་དག་པ།

ཚོགས་དྲུང་སྟོབས་རྒྱལ།

འགྲེམས་སྤེལ་བ།

བསྟན་འཛིན་དགའ་སྐྱིད་དང་། བསྟན་འཛིན་ཟླ་ཟེར།

རྩོམ་སྒྲིག་པ།

ཟླ་བ་སྒྲོལ་མ།

Tibetan Parliament-in-Exile Central Tibetan Administration Dharamsala-176215 H.P.India Tel: +91-1892-222481 Fax: +91-1892-224593 Email: tibetanparliament@gov. Website: www.chithu.org


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

མང་གཙོའི་འཕེལ་རིམ་དང་འབྲེལ་བའི་༸གོང་ས་མཆོག་གི་བཀའ་སློབ།

ཕྱི་ལོ་ ༡༩༨༧ ཟླ་བ་ ༩ ཚེས་ ༤ ཉིན་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གསར་མཇལ་སྐབས་བསྩལ་བའི་བཀའ་སློབ།

དུས་དེབ་གོང་མའི་འཕྲོས། ང་རྡོ་རྗེ་སློབ་དཔོན་ཡིན་བཤད་ས་ནམ་ཡང་ མེད། གང་ལྟར་ཡང་སྙིང་ཚོགས་པ་མང་མོས་ཀྱི་ ཐོ ག ་ནས་ཐག་གཅོ ད ་བྱེ ད ་པ་དེ ་ མང་གཙོ ་ ཡི ན ་ སྟབས་ནང་པ་སངས་རྒྱས་པའི ་ ཆོས་ཀྱི ་ ལྟ་བ་ འཁྱེར་སྟངས་དངོས་གནས་དྲང་གནས་མང་གཙོ་ ཆགས་ཡོད། ང་ཚོས་མང་གཙོ་ཞེས་པའི་ཚིག་བེད་ སྤྱོད་ཡོད་མེད་ཙམ་མ་གཏོགས། དོན་ཡང་སྙིང་ལྟ་ བའི་འཁྱེར་སོ་དངོས་གནས་དྲང་གནས་མང་གཙོ་ ཆགས་བསྡད་ཡོད། དེ་སྔའི་བོད་རང་གི་འགྲོ་ སྟངས་མ་གཞི་ཞིང་བྲན་ལམ་ལུགས་ཡིན་པ་རེད་ དེ། མཐར་གཏུགས་ནས་བཤད་ན་༸རྒྱལ་བ་རིན་ པོ་ཆེ་རྩ་བའི་འགོ་འཁྲིད་ཆགས། ༸རྒྱལ་བ་རིན་པོ་ ཆེ ་ ཡང་སྲི ད ་ངོ ས ་འཛི ན ་བྱས་ནས་ཡོ ང ་གི ་ ཡོ ད ་ པས་ཞིང་བྲན་ལམ་ལུགས་ཀྱི་མཚན་ཉིད་ཆ་ཚང་ བ་ཞིག་ཆགས་མེད་པ་རེད། དེ་བཞིན་གཞུང་གི་ ལས་བྱེད་སེར་མོ་བ་རིགས་གཅིག་དང་། སྐྱ་བོ་ གཅིག་ཡོང་གི་ཡོད་པ་ལས། སྐྱ་བོ་དེ་དག་སྤྱིར་ བཏང་ཕལ་མོ་ཆེ་ཕ་ཤུལ་བུ་འཛིན་འདྲ་པོ་ཆགས་ བསྡད་ཡོད། ཡིན་ན་ཡང་ཁ་ཤས་ཁ་ཤས་ཐད་ཀར་ སླེ བ ས་པའི ་ གསར་པ་འདྲ་ཡང་ཡོ ང ་གི ་ ཡོ ད ་པ་ རེད། སེར་མོ་བ་ཚོ་ནི་ལྷག་པར་དུ་མང་ཚོགས་ནང་ ནས་ཐད་ཀར་མི་འགྲོ་གསར་པ་སླེབས་པ་ཤ་སྟག་ རེད། གང་ལྟར་ཡང་སྙིང་དེ་སྔ་ང་རང་ཚོའི་བོད་ཀྱི་ གོམས་གཤིས་དེ་ཚོར་ཆ་བཞག་ན། མང་གཙོ་ ཞེས་པའི་ཚིག་ངོ་སོ་ཐོན་པོ་ཞིག་བཤད་ཀྱི་མེད་པ་ མ་གཏོགས། དོན་དངོས་གནས་བྱས་ན་མང་གཙོའི་ སྙི ང ་དོ ན ་ཚང་ཡོ ད ་པ་ལྟ་བུའི ་ མི ག ་ལྟོ ས ་གང་ལ་ གང་འཚམས་ཤིག་ཡོད་པ་རེད། ང་ཚོ་མིའི་ལུང་ པར་སླེ བ ས་ནས་ད་བར་དུ་རྒྱ་མི ་ ལ་ཁ་གཏད་ གཅོ ག ་རྒྱུ་འདི ་ ང་རང་ཚོ འི ་ ལུགས་སྲོ ལ ་རྙི ང ་པ་ སྐྱར་གསོ་བྱེད་རྒྱུ་དང་། ༸རྒྱལ་བ་རིན་པོ་ཆེའི་ ཐོབ་ཐང་རྙིང་པ་སྐྱར་གསོ་བྱེད་རྒྱུའི་དོན་དག་ཅིག་ རྩ་བ་ནས་མི ན ་པར་བོ ད ་རྒྱ་ཆེ འི ་ མི ་ མང་གི ་ དོ ན ་

དག་ཡིན་པ་དང་། དེ་ཡང་མ་འོངས་པ་ལ་བོད་རྒྱ་ ཆེའི་མི་མང་དངོས་གནས་དྲང་གནས་མང་གཙོའི་ གཞུང་ཞི ག ་ཏུ་བསྒྱུར་ཏེ ་ མང་གཙོ འི ་ ལམ་དུ་འགྲོ ་ རྒྱུར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་སྲོལ་ གཏོད་འདི་ལྟར་བྱས་པ་རེད། ད་ལྟ་ང་ཚོ་མིའི་ལུང་ པར་ཡོ ད ་པའི ་ སྐབས་ལ་མང་གཙོ འི ་ རྣམ་པ་ཐོ ན ་ པའི ་ ཐབས་ཤེ ས ་དྲག་ཤོ ས ་གཅི ག ་སྤྱི ་ འཐུས་ཚོ ་ ཡིན། འོན་ཀྱང་བར་ལམ་དངོས་ཡོད་གནས་ཚུལ་ ལ་སྤྱི ་ འཐུས་འདེ མ ས་བསྐོ ་ བྱེ ད ་སྟངས་ཐོ ག ་ལ་ དཀའ་ངལ་མང་པོ་ཞིག་བྱུང་། དེ་འདྲའི་ཐོག་ནས་ གནས་སྐབས་དཀའ་ངལ་སེལ་ཐབས་སུ་༸རྒྱལ་བ་ རི ན ་པོ ་ ཆེ འི ་ ཡེ ་ ཤེ ས ་དབྱི ང ས་དཔྱད་ཀྱི ས ་བསྐོ ་ བཞག་བྱེད་དགོས་བྱུང་། དེ་ཡག་དྲགས་པ་གང་ ཡང་མ་རེད། འ་འུབ་མ་འདུས་པའི་གནས་ཚུལ་ འོག་ནས་འདི་ཆགས་པ་རེད། བར་ལམ་ང་རང་ ཚོའི་ཆོལ་ཁ་ཕན་ཚུན་ནང་ཁུལ་དང་། ཆོས་ལུགས་ ཕན་ཚུན་གྱི་འབྲེལ་བ་ཡག་ཏུ་ཕྱིན། གཙོ་ཆེ་ཤོས་ བར་ལམ་བོད་ཕྱི་ནང་གི་འབྲེལ་བ་ཞིག་བྱུང་། བོད་ ནང་གི་རྒྱ་ཆེའི་མི་མང་དེ་དག་སེམས་ཤུགས་ཤིན་ ཏུ་ཆེན་པོ་ཡོད་པའི་ཐོག་ནས་ཚུར་སྐུལ་ལྕག་ ཐེབས། འདི་གར་ཡང་བར་ལམ་དུས་ཚོད་ཡུན་ བསྲིངས་ཡོང་དུས་གཅིག་གིས་གཅིག་ལ་དོགས་ པ་རྣམ་རྟོ ག ་ཡོ ད ་པ་དེ ་ ཚོ ་ རི མ ་པས་རི མ ་པས་ཇེ ་ ཆུང་དུ་ཕྱིན། ཚོགས་པ་ཁ་ཤས་ཀྱིས་མང་ཚོགས་ ལ་ལེགས་སྤེལ་ཉེས་འགོག་འདྲ་བྱས་ནས་ཕྲན་བུའི་ གནས་ཚུལ་དྲག་ཏུ་ཕྱིན་པའི་བཟོ་འདྲ་ཞིག་འདུག དེ་འདྲ་ཡིན་སྟབས་ད་ཆ་བཀའ་ཤག་དང་སྐད་ཆ་སྔ་ རྗེས་བྱུང་། མཐའ་མ་ཁ་སང་མང་གཙོའི་དུས་ཆེན་ དང་སྟབས་བསྟུན་གྱིས་གསལ་བསྒྲགས་བྱེད་དོན་ དེ་འདྲ་རེད། ཁྱེད་རང་ཚོའི་ལས་འགན་དང་པོ་དེ་ འཕྲལ་དུ་སྤྱི་འཐུས་འོས་བསྡུ་བྱེད་སྟངས་སྐོར་གོ་ བསྡུར་གྱིས་གཏན་འཁེལ་བ་ཞིག་བྱས། དེ་གཏན་ འཁེལ་མཚམས་སུ་སྤྱི་འཐུས་གསར་པ་འདེམས་ བསྐོ ་ བྱེ ད ་རྒྱུའི ་ ལས་ཀ་འགོ ་ བཙུགས་ཏེ ་ ཟླ་དྲུག་ 1

ཚུན་ཆད་ལ་སྤྱི་འཐུས་གསར་པ་གཏན་འཁེལ་ཐུབ་ པ་བྱུང་ན་འགྲིགས་པ་རེད། གལ་ཏེ་ཟླ་དྲུག་ནང་མ་ ཟིན་རུང་ལོ་གཅིག་གི་ནང་ལ་གཏན་འཁེལ་ཐུབ་ན་ འགྲིགས་ཀྱི་འདུག གང་ལྟར་ཡང་སྙིང་ལག་ལེན་ལ་ འཁེལ་ཐུབ་པ་ཞིག་བྱེད་དགོས། སྐབས་དགུ་པའི་ སྤྱི ་ འཐུས་ཚོ འི ་ ལས་འགན་གཙོ ་ བོ ་ གཅི ག ་འདི ་ ཡིན། དེ་ནས་ཁ་སང་བཀའ་ཤག་དང་སྐད་ཆ་རོབ་ ཙམ་བྱུང་། ང་རང་ཚོའི་མང་གཙོའི་རྣམ་པ་མཚོན་ རྒྱུའི་ཐབས་ཤེས་དྲག་ཤོས་གཅིག་སྤྱི་འཐུས་ཡིན་ པ་དང་། ད་ལྟ་སྤྱི་འཐུས་འོས་བསྡུ་བྱེད་རྒྱུ་འདིར་ དཀའ་ངལ་ལ་གོམས་འདྲིས་དང་། གདོང་ལེན་བྱེད་ དགོས། དཀའ་ངལ་འདུག་ཅེས་ཕྱིར་འགྱངས་བྱས་ ནས་བསྡད་པ་ཡིན་ན་འགྲིགས་ཐབས་མེད། སྤྱི་ འཐུས་ཀྱི་ གནས་ཚུལ་འདིེར ་ཐབས་ཤེ ས ་ག་འདྲ་ བྱེད་དགོས་བྱུང་ན་ཡང་བྱེད་རྒྱུ་རེད་མ་གཏོགས། ཡང་སྔོན་མ་ནང་བཞི ན ་ཐབས་ཤེ ས ་གང་ལ་གང་ མཚམས་ཤིག་བྱས། ཡང་གཅིག་གིས་གཅིག་ལ་ ཐོབ་ཐང་རྩོད་པ་བསླངས། བློའི་ཞེ་ཕུགས་ལ་ང་ ཚོ ས ་རྩོ ད ་པ་ཆེ ་ ཙམ་བརྒྱབ་པ་ཡི ན ་ན་མཐའ་མ་ ༸རྒྱལ་བ་རིན་པོ་ནས་འདུམ་བཏང་ནས་འགྲིགས་ པ་ཞིག་བྱེད་ཀྱི་རེད་བསམ་པའི་བསམ་བློ་དེ་གཏོང་ རྒྱུ་མི་འདུག ངས་རྣམ་རྟོག་བསླངས་ནས་བཤད་པ་ མ་རེད་དེ། ༸རྒྱལ་བ་རིན་པོ་ཆེ་ཡོད་མེད་ཁྱད་མེད་ པ་ཞི ག ་ལ་ཆ་བཞག་སྟེ ་ གང་ལྟར་འཐུས་མི ་ མང་ ཚོགས་ཀྱིས་འོས་བསྡུ་བྱས་ནས་འགྲིགས་པ་ཞིག་ བྱེད་དགོས་ཀྱི་འདུག དེ་དང་ཆབས་ཅིག་གཞིས་ སྒར་ཆེ་ཁག་གི་འགོ་འཛིན་ཚོ་ཡང་ག་ལེ་ག་ལེར་ འོ ས ་བསྡུ་བྱེ ད ་རྒྱུ་བྱུང་ན་ཡག་པོ ་ མེ ད ་དམ་ཞེ ས ་ བཀའ་ཤག་དང་རོབ་ཙམ་སྐད་ཆ་བྱུང་། ད་ལྟ་ཐག་ ཆོད་པ་གང་ཡང་མེད། རིམ་པས་སྤྱི་འཐུས་ཙམ་མ་ ཟད། ལས་བྱེད་གནད་ཡོད་རིགས་མི་མང་ཚོས་ འོས་བསྡུ་བྱེད་རྒྱུའི་སྲོལ་ཞིག་གཏོད་ཐུབ་ན་ཡག་ པོ་མེད་དམ་ཞེས་སྐད་ཆ་བྱུང་། ད་ལྟ་འདི་བྱེད་དང་


བཀའ་སློབ། འདི་མ་བྱེད་ཞུ་རྒྱུ་མེད། ད་ལྟ་བསམ་བློའི་ནང་ བཞག་སྟེ ་ ག་ལེ ་ ག་ལེ ར ་ཚད་ཚད་བསྡུར་བསྡུར་ ཞིག་བྱས་ན་བསམ་གྱི་འདུག དེ་ནས་ལོ་ཤས་སྔོན་དུ་ངས་ལས་བསྡོམས་ ཚོགས་ཆེན་ཞིག་གི་སར་༸རྒྱལ་བ་རིན་པོ་ཆེ་དང་། བཀའ་ཤག་གི་བར་ལ་སྲིད་བློན་སོགས་མིང་གང་ བཏགས་རུང་མ་བཏགས་རུང་། རྡོ་དོན་ཡང་སྙིང་ གཞུང་གི་སྒྲི ག ་འཛུགས་ཀྱི ་ འགན་འཁྱེར་ཐུབ་ མཁན་དེ ་ འདྲ་གཅི ག ་བྱུང་ན་ཡག་པོ ་ འདུག་ཅེ ས ་ ལབ་རྒྱུ་བྱུང་། སྐབས་དེར་ངའི་བསམ་བློའི་ནང་ལ་ ལོ་གསུམ་ཕྱོགས་གསུམ་ལྟ་བུའི་མཚམས་བསྙེན་ སྒྲུབ་ཅིག་བསྡད་ཐུབ་ན་ཡག་པོ་ཞིག་མི་ཡོང་ངམ་ བསམ་ནས་དེ ་ འདྲའི ་ རེ ་ བ་ཞི ག ་བརྒྱབ་པ་རེ ད ། ཡིན་ན་ཡང་དུས་སྟབས་བདེ་པོ་ཞིག་མ་བྱུང་བར་ ལུས་པ་རེད། ད་ཆ་གནས་ཚུལ་དེ་ཡང་བསྐྱར་དུ་ བསམ་བློ་གཏོང་རྒྱུའི་དུས་ཚོད་གཅིག་སླེབས་ཀྱི་ མེད་དམ་བསམ་གྱི་འདུག ན་ནིང་གཞེས་ནིང་གི་ སྔོན་ནས་༸རྒྱལ་བ་རི ན ་པོ ་ ཆེ ་ ཚེ ་ རི ང ་པོ ་ ཞི ག ་ བསྡད་རྒྱུའི་རེ་བ་རྒྱག་གི་ཡོད་ལ་སེམས་ཤུགས་ ནི་ཡོད། ང་ཚེ་རིང་པོ་ཞིག་བསྡད་མདོག་ཁ་པོ་རེད། བསྡད་པའི ་རི ང་ལ་བོ ད ་སྤྱི ་དོ ན ་ཐོ ག ་གང་ཡོ ང ་ཅི ་ ཡོང་བྱེད་ཀྱི་རེད། ཡིན་ནའང་དེ་དང་ཆབས་ཅིག་ བོད་མི་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་ཡོད་པ་ འདི་ཤིན་ཏུ་གལ་ཆེན་པོ་འདུག ༸རྒྱལ་བ་རིན་པོ་ ཆེ ་ ཡོ ད ་མི ན ་ལ་མ་ལྟོ ས ་པར་མཚན་ཉི ད ་ཚང་བ་ ཞིག་དང་། བརྟན་པོ་བཟོ་རྒྱུ་འདི་ཤིན་ཏུ་གལ་ཆེན་ པོ་འདུག ༸རྒྱལ་བ་རིན་པོ་ཆེ་ཡོད་མིན་ལ་མ་ལྟོས་ པར་རྩ་བས་སྒྲིག་འཛུགས་སྲ་ཐག་ཅིག་མཛུབ་མོ་ འཛུགས་ས་ཡོད་པ་ཞིག་གི་ཐོག་ནས་བོད་སྤྱི་པའི་ དོན་དག་རང་དབང་རྩོད་ལེན་བྱེད་པའི་ལས་འགན་ ད་ལྟ་བར་བྱེ ད ་བཞི ན ་འདི ་ དག་ཡར་རླངས་མར་ ཐིགས་མེད་པར་ཧུར་ཐག་ཆ་ཚང་བ་ཞིག་ཡོད་པའི་ ཐོག་ལ། ༸རྒྱལ་བ་རིན་པོ་ཆེ་ཆོས་དང་སྲིད་ཀྱི་ ཐོག་ནས་ནུས་པ་གང་ཡོད་པ་རྣམས་དེའི་སྒང་ལ་ རྒྱབ་ཡོང་ན་དཔལ་དང་རྒྱན་ཆ་ཡོང་གི་རེད། ཕྱི་མི་ མང་པོ ་ ཞི ག ་གི ས ་ཀྱང་ཏཱ་ལའི ་ བླ་མ་ལ་བོ ད ་པའི ་

མོ ས ་པ་དང་ཡི ད ་ཆེ ས ་བྱེ ད ་སྟངས་དེ ་ ཧ་ལས་པ་ རེད། ཅེས་བཤད་ཀྱི་ཡོད་པ་རེད། ༸རྒྱལ་བ་རིན་ པོ་ཆེ་ལ་བོད་མི་ཚོས་བརྩི་བཀུར་མཐའ་གཅིག་ཏུ་ ཡོད་པའི་ཉེར་ལེན་གྱིས་བོད་ལུང་པ་རྒྱ་མིས་ཟིན་ བསྡད་ཡོད་ན་ཡང་། ༸རྒྱལ་བ་རིན་པོ་ཆེ་རྒྱ་མིའི་ ལག་པའི་ནང་མེད་པའི་སྟབས་ཀྱིས་བོད་ངོ་ཐོག་རྒྱ་ མི འི་ལག་པར་མ་ཚུད་པ་ལྟ་བུ་ཞི ག་ཆགས་ཡོ ད། ༸རྒྱལ་བ་རིན་པོ་ཆེའི་སྲོག་གཅིག་གི་ནུས་པ་དེ་ བོད་མི་ཡོངས་རྫོགས་ཀྱི་ཚབ་བྱེད་ཐུབ་མཁན་ལྟ་ བུ་ཞི ག ་ཆགས་པའི ་ ཐོ ག ་ནས་དགེ ་ མཚན་ཞི ག ་ ཡོད་པ་རེད། ཡིན་ན་ཡང་བར་ལམ་བཀའ་ཆོས་ སར་ཡང་ལབ་རྒྱུ་བྱུང་། བོད་ནས་ཡོང་མཁན་ཚོ་ དང་། འདི་གར་སྡོད་མཁན་བོད་མི་ཚོས་བོད་རང་ བཙན་འཕྲལ་དང་མྱུར་དུ་ཡོང་བ་༸རྒྱལ་བ་རིན་པོ་ ཆེས་སྐྱབས་འཇུག་གནང་རོགས་གནང་ཟེར་བ་དེ་ རང་དགར་སྣང་བ་སྐྱིད་པོའི་སྐད་ཆའི་བཟོ་འདྲ་ཞིག་ རེད། བོད་རང་བཙན་ཡོང་བ་ལ་བོད་པ་མི་རེ་ངོ་ རེས་མཇིང་པའི་སྒང་ལ་འགན་རེ་ཁྱེར་ནས་ཤུགས་ རྒྱག་དགོས་པ་མ་གཏོགས། སོ་སོའི་ངོས་ནས་གང་ ཡང་བྱེ ད ་མི ་ དགོ ས ་པར་༸རྒྱལ་བ་རི ན ་པོ ་ ཆེ ་ ལ་ སྐྱབས་འཇུག་གནང་རོ ག ས་ལབ་སྟེ ་ ངས་དངོ ས ་ གྲུབ་སྦྱིན་རྒྱུ་མེད་པ་ཤེས་གསལ་རེད། བསམ་ ཚུལ་དེ་འདྲ་ཞིག་ཁྱེར་ནས་བསྡད་པ་ཡིན་ན་ཉི་མ་ གཅིག་༸རྒྱལ་བ་རིན་པོ་ཆེ་ཤི་བའི་ཉི་མོ་དེར་ནག་ འཐོམ་མེར་འགྲོ་རྒྱུ་རང་རེད། དེ་ཧ་ཅང་ཉེན་ཁ་ཆེན་ པོ་རེད། བོད་སྤྱི་པའི་དོན་དག་གི་ལས་འགན་དེ་ བོད་མི་མི་རེ་ངོ་རེས་མཇིང་པའི་སྒང་ལ་ཡོད་པ་དེ་ ངོས་འཛིན་གསལ་པོ་བྱས་ནས། ང་ཚོ་སྤྱི་པའི་དོན་ སྒྲུབ་སྟངས་དེ ་ འདྲ་ཡི ན ་བསམ་ནས་བསམ་བློ འི ་ ནང་ལ་གོ་རིམ་བསྒྲིགས། བསམ་བློའི་ནང་ལ་གོ་ རིམ་བསྒྲིགས་པ་ཙམ་དུ་མ་ཟད། ལག་ལེན་ངོ་མའི་ ཐོག་ནས་ཤུགས་བརྒྱབ་སྟེ་ཚང་མས་འབད་བརྩོན་ བྱས་པ་ཡིན་ན་༸རྒྱལ་བ་རིན་པོ་ཆེ་ཡོད་པའི་རིང་ ལ་ཕུན་སུམ་ཚོགས་པའི་ཡན་ལག་རེད། གང་ཡོད་ ཞལ་འདེབས་རྒྱག་གི་རེད། ༸རྒྱལ་བ་རིན་པོ་ཆེ་ མེད་ན་ཡང་། བོད་མི་རིགས་ཀྱི་ནུས་ཤུགས་ཆ་ 2

ཚང་ཞིག་བསྒྲིལ་ནས་གནས་ཐུབ་ཀྱི་རེད། ད་ལྟའི་ བྱེད་སྟངས་མི་གཅིག་ལ་བཟང་པོ་བློས་འགེལ་བྱས་ ནས་སྡོད་པ་དང་། ཧ་ལམ་བོད་སྤྱི་པའི་དོན་དག་དེ་ མི་གཅིག་གི་སྲོག་ལ་བརྟེན་ནས་བསྡད་པ་ལྟ་བུའི་ བྱེད་སྟངས་དེ་ཧ་ཅང་ཉེན་ཁ་ཆེན་པོ་རེད། ཡག་པོ་ གང་ཡང་མ་རེད། ང་རང་ཚོས་འཐབ་རྩོད་བྱས་པ་ དེ་མི་རིགས་གཅིག་གི་འཐབ་རྩོད་ཀྱི་དོན་དག་རེད་ མ་གཏོགས། ༸རྒྱལ་བ་རིན་པོ་ཆེའི་ཁེ་ཕན་གང་ ཡང་མ་རེད། ༸རྒྱལ་བ་རིན་པོ་ཆེ་ཡོད་རུང་མེད་ རུང་། ང་ཚོ་བོད་སྤྱི་པའི་དོན་དག་དེ་མི་ཐོག་ནས་ མི ་ ཐོ ག ་འབྲེ ལ ་ཏེ ་ བསྒྲུབ་དགོ ས ་པ་ཡོ ང ་སྲི ད ་ཀྱི ་ རེད། ང་ཚོས་ད་ལྟ་ནས་རིམ་པས་རིམ་པས་དེའི་ ཐོག་ལ་གོམ་པ་སྤོ་དགོས་ཀྱི་འདུག གང་ལྟར་ ༸རྒྱལ་བ་རིན་པོ་ཆེ་ཡོད་མིན་ལ་མ་ལྟོས་པར་ང་ རང་ཚོས་བྱེད་ཐུབ་པའི་སྒྲིག་འཛུགས་དེ་བོད་མི་ ས་ཡ་དྲུག་གི་དོན་དག་བསྒྲུབ་ཐུབ་པ། བོད་མི་རང་ ཉིད་ཀྱི་ནུས་པ་བཏོན་ནས་གོང་བུའི་ནུས་ཤུགས་ ཐོན་ཐུབ་པ་ཞིག་ཡིན་གཅིག་མིན་གཅིག་བྱེད་རྒྱུ་ གལ་ཆེན་པོ་འདུག ༸རྒྱལ་བ་རིན་པོ་ཆེ་རིམ་པས་ བླ་རྒན་ཆགས་ཡོང་གི་ཡོད་པ་རེད། ༸རྒྱལ་བ་རིན་ པོ་ཆེ་འདི་ག་རྡ་རམ་ས་ལར་ཡོད་མེད་ལ་མ་ལྟོས་ པར་སྤྱི་དོན་ལས་ཀ་དེ་དག་ཉི་མ་གཅིག་ཀྱང་དུས་ འགྱངས་འཐུས་ཤོ ར ་མེ ད ་པར་ཐད་ཀ་ཐད་ཀར་ བྱེད་ཐུབ་པ་བྱུང་བ་ཡིན་ན་ཡག་པོ་མེད་དམ་དྲན་ གྱི་འདུག དེ་ཡང་རྣམ་རྟོག་བསླངས་ཏེ་བཤད་པ་མ་ རེད། དོན་དངོས་ཡོད་གནས་ཚུལ་ཞིག་རེད། ང་ རང་ཚོ ས ་བསམ་བློ ་ རྒྱ་ཆེ ་ ས་ཞི ག ་ནས་བཏང་ན་ ཡག་པོ་འདུག ཕྱི་ལོ་ ༡༩༨༧ ཟླ་བ་ ༩ ཚེས་ ༤ ཉིན། སྐབས་དགུ་པའི ་ སྤྱི ་ འཐུས་ཚོ ག ས་གཙོ ་ ཚོ ག ས་ གཞོ ན ་གཉི ས ་གསར་མཇལ་སྐབས་བསྩལ་བའི ་ བཀའ་སློབ་ལས་ཟུར་འདོན་ཞུས་ཤིང་། བོད་གཞུང་ ཕྱི ་ དྲིལ་ལས་ཁུངས་ནས་པར་སྐྲུན་ཞུས་པ་༼སྤྱི ་ འཐུས་དང་བཀའ་ཤག་ལ་བསྩལ་བའི་བཀའ་ སློབ།༽པོད་དང་པོའི་ཤོག་གྲངས་ ༣༨༧ ནས་ ༣༩༤ བར་གསལ།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་ དུས་དྲན་མཛད་སྒོའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

དེ་རིང་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ ན་མེད་པའི་མགོན་སྐྱབས་དང་། བླང་དོར་ལམ་ སྟོན་པ། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་ པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་ནོ་སྦེལ་ཞི་ བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་དགྱེས་ བཞེས་མཛད་དེ་མི་ལོ་ ༢༥ འཁོར་བའི་དུས་ ཚི ག ས་ཁྱད་པར་ཅན་གྱི ་ ཉི ན ་འདི ར ་མཁའ་ཁྱབ་ འགྲོ ་ བ་ཡོ ང ས་ལ་བདེ ་ བའི ་ འདོ ད ་རྒུ་འཇོ ་ བའི ་ ག ས ང ་ གསུམ་གྱི ་ འཕྲིན་ལས་ བ ས མ ་ གྱི ས ་ མི ་ ཁྱ བ ་ པ ་ དུས་ལས་ ཡོ ལ ་ བ ་ མེ ད ་ པ ར ་ བ སྐྱ ང ས ་ ད ང ་ སྐྱོ ང ་ བཞིན་པར་ ཕྲན་གྱིས་ ག ཞི ས ་ བྱེས་བོད་ མི་ཡོངས་ ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ བཀའ་དྲིན་རྗེ ས ་དྲན་དང་བཅས་འཚམས་འདྲིའི ་ བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ནས་མི་ལོ་ ༢༥ གོང་སྟེ་ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ དེ་བཞིན་འབུལ་ལམ་ཞུས་ཡོད་ཅིང་། དེ་ཡང་

༸མགོ ན ་པོ ་ མཆོ ག ་གི ་ གཞན་ཕན་གྱི ་ མཛད་པ་ འཕྲིན་ལས་སྤྱི་དང་། ཡང་སྒོས་འཛམ་གླིང་ཀུན་ལ་ དགེ ་ ཕན་ཅན་གྱི ་ བོ ད ་མི ་ རི ག ས་རི ག ་གཞུང་དང་ བཅས་པ་མི་ཉམས་གོང་འཕེལ་དང་། ཉམས་པ་ སླར་གསོའི་ཆེད་དུ། ནང་པའི་ཆོས་ཀྱི་བསླབ་བྱ་ དང་བདག་ཉི ད ་ཆེ ན ་པོ ་ གྷན་རྡིའི ་ བཞེ ད ་དགོ ང ས་ ཟབ་མོ་གཞིར་བཟུང་འཚེ་མེད་ཞི་བའི་ཐབས་ཚུལ་ ཁོ ་ ནར་བརྟེན་ཏེ ་ བོ ད ་དོ ན ་བདེ ན ་མཐའ་གསལ་ ཐབས་མཛད་པ་དང་། དེ་བཞིན་འཛམ་གླིང་འདིར་

ཕན་ཚུན་བསམ་ཤེས་དང་། མཐུན་སྒྲིལ། དྲང་ བདེན། བྱམས་བརྩེ་ཡོད་པ་བཅས་ཀྱི་སྒོ་ནས་ཕན་ ནུས་ལྡན་ལ་ཕུགས་རྒྱང་རི ང ་བའི ་ དགོ ང ས་པར་ བརྟེན་ནས་རྒྱལ་སྤྱི འི་ནང་འཁྲུག་རྩོ ད ་ཁག་ཞི་ ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་ཞི་ བདེ ་ དོ ན ་དང་ལྡན་པ་འབྱུང་ཐབས་སུ་རྨད་བྱུང་ 3

མཛད་བཟང་བསྐྱངས་དང་སྐྱོང་མུས་ལ་འཛམ་གླིང་ སྐྱེ་རྒུ་རྣམས་ཀྱི་ཡིད་དབང་ཕྲོགས་ཏེ། སྙན་གྲགས་ ཅན་གྱི་ཞི་བདེའི་གཟེངས་རྟགས་དེ་བཞིན་འབུལ་ ལམ་ཞུས་ཡོད། ད་དུང་རྒྱལ་སྤྱིའི་ཁྱོན་དུ་ཞི་བདེ་དང་། རང་ དབང་། བདེ་སྐྱིད་བཅས་འབྱུང་ཐབས་སུ་སྐུ་ངལ་ བརྒྱ་ཕྲག་ལྷུར་བཞེས་མཛད་དེ་ཤར་ནུབ་ཡུལ་གྲུ་ མང་པོར་ཡང་ནས་ཡང་དུ་༸ཞབས་ཀྱིས་བཅགས་ ཏེ་བྱམས་སྙིང་རྗེ་དང་། བཟོད་བསྲན། རང་ལས་ གཞན་གཅེ ས ། འཚེ་བ་མེད་པ་ སོ ག ས ་ ཀྱི ་ སྐོ ར ་དོ ན ་ཟབ་ ལ་གོ་སླ་བའི་ ག དུ ལ ་ བྱ ་ རྣམས་ཀྱི་རྒྱུད་ ཐོ ག ་སྨན་ངེ ས ་ ཀྱི་ བསླབ་ བྱ་ དང་། ཁྱད་ པར་འཛམ་ གླིང་ནང་ཆོས་ ལུགས་མི་འདྲ་ བ་རྣམས་ནང་ ཁུ ལ ་ ད མ ་ ག ཙ ང ་ ཆི ག ་ བསྒྲིལ་ངང་ཞི་བདེ་མཉམ་གནས་ཡོང་ཐབས་དང་། ཆོ ས ་དང་མ་འདྲེ ས ་པའི ་ བཟང་སྤྱོ ད ་སྐོ ར ་ངོ ་ སྤྲོ ད ་ དང་འབྲེལ་བའི་ཁྱབ་སྤེལ། ནང་ཆོས་དང་ཚན་རིག་ དབར་འབྲེལ་ལམ་གསར་བཏོད་སོགས་ལ་ དམིགས་བསལ་ཐུགས་འཁུར་མཛད་བཞེས་ བསྐྱངས་དང་སྐྱོང་བཞིན་པར་བརྟེན། ནོ་སྦེལ་ཞི་ བདེ འི ་ གཟེ ང ས་རྟགས་གཙོས ་གཟེ ངས་རྟགས་ཧ་


གསུང་བཤད། ཅང་མང་པོ་འབུལ་བཞེས་གནང་དང་གནང་བཞིན་ པ་སོགས་ཀྱི་མཛད་འཕྲིན་ལ་རང་རེ་ཚང་མ་དགའ་ སྤོབས་བྱ་འོས་པ་ཡིན། འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ འབུལ་ལམ་ཞུས་ནས་མི་ལོ་ ༢༥ འཁོར་བའི་དུས་ ཚིགས་འདིར། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ ཚོགས་ཆུང་ནས་སྤྱི ་ ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་ཆེད་དུ་གདན་ཞུ་དང་འབྲེལ་ དུས་ཚིགས་ལ་རྗེས་དྲན་དང་། ཆེ་བསྟོད་ཀྱི་མཛད་ སྒོ ་ སྔར་བྱུང་མྱོ ང ་མེ ད ་པའི ་ དམི ག ས་བསལ་ཅན་ ཞི ག ་གནང་ཡོ ད ་པ་དེ ས ་༸མགོ ན ་པོ ་ གང་གི ས ་ འཛམ་གླི ང ་ཞི ་ བདེ འི ་ ཆེ ད ་མཛད་འཕྲིན་བསྐྱངས་

དང་སྐྱོང་བཞིན་པར་སླར་ཡང་ངོས་འཛིན་གསལ་ པོ་ཞུས་པ་ཞིག་ཡིན། ལོ་འདིར་ལྷོ་ཨ་ཕི་རི་ཀར་ནོ་སྦེལ་ཞི་བདེའི་ གཟེ ང ས་རྟགས་བཞེ ས ་མྱོ ང ་མཁན་མང་པོ ་ ཞི ག ་ ལྷན་འཛོ མ ས་ཀྱི ས ་རྗེ ས ་དྲན་ཆེ ན ་པོ ་ ཞི ག ་གནང་ འཆར་ཡང་། ལྷོ་ཨ་ཕི་རི་ཀའི་གཞུང་གིས་སྐབས་ དེ ར ་སྤྱི ་ ནོ ར ་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་

མཆོག་ལ་ཐོངས་མཆན་མ་ཕུལ་བ་ནི་དབང་ཡོད་ ཀྱི ས ་དབང་མེ ད ་ལ་ཐུབ་ཚོ ད ་བཏང་བ་ལྟ་བུར་ བརྟེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ མྱོང་མཁན་མང་པོས་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་གི་བདེན་རྒྱབ་ཏུ་བཞེངས་ ཕྱོགས་བརྟན་པོ་གནང་བས། དེ་ལྟའི་རྗེས་དྲན་ ཚོགས་འདུ་དེ་ཡང་ཕྱིར་བཤོལ་གནང་དགོས་བྱུང་ ཡོད་ཅིང་། དེ་ལྟ་བུའི་ནུས་པ་ཐོན་པའི་བདེན་རྒྱབ་ གནང་མཁན་གྱི་སྐྱེས་མཆོག་རྣམ་པར་གུས་ཀྱིས་ གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་ རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། འདི་ལོ་ ༢༠༡༤ ལོའི་ནོ་སྦེལ་ཞི་བདེའི་ གཟེངས་རྟགས་དེ་བཞིན་བྱིས་པའི་ཐོབ་ཐང་ཆེད་

འཐོབ་པ་དང། ཡུལ་ལུང་འགའ་ཤས་ནང་བུད་མེད་ ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མི་སྤྲོད་པའི་ སྐོར་ལ་སྙིང་སྟོབས་ཆེན་པོས་འཐབ་རྩོད་གནང་བ་ ལ་བརྟེན་ནས་འབུལ་ལམ་ཞུས་པ་ཡིན་སྟབས་ཁོང་ གཉི ས ་ལ་ད་རེ ས ་ཀྱི ་ གོ ་ སྐབས་འདི ་ བརྒྱུད་ནས་ བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ་ཡིན། དེང་ འཛམ་གླིང་ཐོག་འཁྲུག་འཛིངས་སོགས་ཕན་ཚུན་ གནོད་ཅིང་འཚེ་བའི་དུས་སྐབས་འདིར་ནོ་སྦེལ་ཞི་ བདེ འི ་ གཟེ ང ས་རྟགས་བཞེ ས ་མཁན་རྣམ་པར་ མངོན་པར་བསྟོད་རྒྱུ་དང་། ད་དུང་འཛམ་གླིང་ཁྱོན་ འདིར་ཞི་བདེ་དང་། བྱམས་བརྩེ་སོགས་ཀྱི་ལམ་ ནས་སྐྱེ་འགྲོ་ཀུན་ལ་ཕན་བདེ་བསྐྲུན་ནུས་པའི་སྐྱེས་ བུ་དམ་པ་ཁོང་རྣམ་པ་ལྟ་བུ་གང་མང་ངེས་པར་ཐོན་ ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། མི་ལོ་ཉི་ཤུ་ལྷག་ཙམ་ རིང་རྒྱ་ནག་ནང་འགྲོ་བ་མིའི་ ཐོབ་ཐང་དང་། མང་གཙོ་དོན་ གཉེར་གནང་མཁན་གྱི་རྩོམ་ པ་པོ་སྐུ་ཞབས་ལིའུ་ཞའོ་པོ་ མཆོག་ལ་ཕྱི་ལོ་ ༢༠༡༠ ལོ འི ་ ནོ ་ སྦེ ལ ་ ཞི ་ བ དེ འི ་ གཟེངས་རྟགས་ཕུལ་ཡོད་ པར། རྒྱ་ནག་གཞུང་ཕྱོགས་ ནས་ཁོང་གིས་མང་གཙོ་དང་ རང་དབང་སོ ག ས་ཀྱི ་ ཆེ ད ་ རྩོ ད ་ལེ ན ་གནང་བར་འདོ ད ་ བབས་མ་བྱུང་སྟབས་ཁོ ང ་ འཛི ན ་བཟུང་གིས་དུས་ད་ ལྟའང་བཙོན་འཇུག་འོག་ འཐབ་རྩོད་གནང་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ གནས་ཡོད་པ་འདིས་རྒྱ་ནག་འགོ་ཁྲིད་ཚོས་རང་ ཤི་སཏྱཱར་ཐི་མཆོག Kailash Satyarthi གི་དབང་ཆ་བརྟན་གནས་ཆེད་ནུས་ཤུགས་ཡོད་ དང་། པ་ཀི་སི་ཐན་གྱི་བུད་མེད་ན་གཞོན་མ་ལ་ལ་ ཚད་འདོ ན ་པ་ལས་འགྲོ ་ བ་མི འི ་ ཐོ བ ་ཐང་ཐོ ག ་ཁ་ ཡུ་སུབ་ཛ་ཡ་ Malala Yousafzai མཆོག་ ཙམ་ལས་དངོས་སུ་ལག་བསྟར་གང་ཡང་བྱེད་ཀྱི་ རྣམ་གཉི ས ་ལ་འབུལ་ལམ་ཞུ་གཏན་འཁེ ལ ་ཡོ ད ་ མེད་པ་གསལ་པོ་བསྟན་པས། རྒྱ་ནག་གི་འགོ་ པས། དེ་ནི་དུས་རབས་ཉེར་གཅིག་པ་འདིའི་ནང་ ཁྲི ད ་ཚོ ས ་མཉམ་འབྲེ ལ ་རྒྱལ་ཚོ ག ས་ཀྱི ་ ཡོ ང ས་ བྱིས་པ་མང་པོར་སློབ་སྦྱོང་སོགས་ཀྱི་གོ་སྐབས་མི་ ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང་རང་ 4


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན། དབང་གི་རྩ་དོན་རྣམས་སྲུང་སྐྱོབ་དང་ལག་བསྟར་ བྱ་རྒྱུའི་ཁས་ལེན་བྱས་ཡོད་པར་ཁ་དན་ཚི ག ་ གནས་ཀྱི་ཐོག་ནས། ཁོང་དང་ཁོང་འདྲ་བའི་འགྲོ་བ་ མིའི་ཐོབ་ཐང་དང་། མང་གཙོ་དོན་གཉེར་བ་སོགས་ བཙོན་འཇུག་འོག་སྡུག་སྦྱོ ང ་མྱངས་དང་མྱོ ང ་ བཞིན་པ་རྣམས་འཕྲལ་དུ་གློད་བཀྲོལ་གྱིས་འགྲོ་བ་ མི་སྤྱི་མཚུངས་ཀྱི་རང་དབང་དགའ་བདེའི་དཔལ་

བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བརྡལ་ བཤིག་ཚབས་ཆེན་བཏང་སྟེ། ཉེས་མེད་བོད་མི་ གྲངས་ལས་འདས་པ་འཛིན་བཟུང་བཙོན་འཇུག་ གི ས་རང་སྣང་གང་འདོ ད ་ལྟར་མནར་གཅོ ད ་ཚད་ མེད་དང་། སྲོག་ཐོག་ཁྲིམས་ཆད་བཅས་རྒྱུན་ཆད་ མེད་པར་བཏང་དང་གཏོང་བཞིན་པར་ངོ་རྒོལ་དང་། དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་བདེན་

ལ་ཅི་དགར་ལོངས་སུ་སྤྱོད་ཐུབ་པར་བསམ་ཤེས་ ངེ ས ་པར་དགོ ས ་པའི ་ རེ ་ སྐུལ་ཤུགས་དྲག་བྱ་རྒྱུ་ ཡིན། ཡང་དེ་རིང་གི་ཉིན་མོ་འདི་རྒྱལ་སྤྱིའི་འགྲོ་ བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་བའི་ཉིན་མོའང་ཡིན་ པས། ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཚབ་ཞུས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་ གཙི ག ས་ཆེ ར ་འཛི ན ་དེ ་ སྲུང་སྐྱོ བ ་གནང་མཁན་ འཛམ་གླིང་ཡུལ་གྲུ་གང་སའི་གཞུང་དང་། གྲོས་ ཚོགས། ཚོགས་པ་ཁག སྙན་གྲགས་ཅན་གྱི་ཆབ་ སྲིད་མི་སྣ། མཁས་པ་ཁག རྒྱ་ཆེའི་མང་ཚོགས་ བཅས་ལ་འབོད་སྐུལ་ཞུ་རྒྱུར། རྒྱ་གཞུང་གིས་བོད་ ལྗོངས་འདི་ཉིད་བཙན་བཟུང་བྱས་པ་ནས་བཟུང་

རྒྱབ་དཔུང་རོགས་ནུས་ལྡན་འཕྲལ་དུ་གནང་ རོ ག ས་ཞེ ས ་འབོ ད ་སྐུལ་ཤུགས་དྲག་ཞུ་རྒྱུ་དང་། རྒྱ་ནག་ཕྱོགས་ནས་ཀྱང་རྒྱལ་སྤྱིའི་ཁྲིམས་ལུགས་ ལ་བརྩི་སྲུང་ཐོག་ལུགས་མཐུན་ལག་བསྟར་ངེས་ པར་དགོ ས ་པའི ་ དགོ ས ་འདུན་ཤུགས་ཆེ ་ འདོ ན ་ བཞིན་ཡོད། དེ་རིང་གི་ཉིན་མོའི་གོ་སྐབས་འདི་བཟུང་སྟེ་ ཉེ ་ བའི ་ ཆར་ཡང་བོ ད ་ནང་འགྲོ ་ བ་མི འི ་ ཐོ བ ་ཐང་ བརྡལ་བཤིག་སོགས་ཀྱི་གནས་ཚུལ་འགའ་ཤས་ དཔེ་མཚོན་ཙམ་དུ་ཞུས་ན། འདི་ལོ་ཕྱི་ཟླ་ ༩ པའི་ ཟླ་མཇུག་ཏུ་པེ་ཅིང་དུ་ཀྲུང་དབྱང་མི་རིགས་ལས་ དོ ན ་ཚོ ག ས་འདུ་དང་རྒྱལ་སྲི ད ་སྤྱི ་ ཁྱབ་ཁང་གི ་ རྒྱལ་ཡོངས་མི་རིགས་མཐུན་སྒྲི ལ ་ཡར་ཐོན་ 5

གཟེངས་བསྟོད་ཚོགས་འདུ་ཐེངས་ ༦ པ་ཟེར་བ་ སྐོ ང ་ཚོ ག ས་ཐོ ག ་རྒྱ་ནག་གི ་ འགོ ་ གཙོ ་ ཞི ས ་ཅི ན ་ ཕིང་སོགས་ཀྱིས་མི་རིགས་མང་བ་རྒྱལ་ཁབ་ཀྱི་ ཁྱད་ཆོས་ཡིན་པ་དང་། རྒྱལ་ཁབ་ཡར་རྒྱས་འགྲོ་ བའི་མཐུན་རྐྱེན་ཡིན་པ། ཀྲུང་ཧྭ་མི་རིགས་དང་། མི་རིགས་སོ་སོའི་བར་གྱི་འབྲེལ་བ་ནི་ཁྱིམ་ཆེན་པོ་ ཞིག་དང་ཁྱིམ་མིའི་བར་གྱི་འབྲེལ་བ་ཞིག་ཡིན་པ་ དང། མི་རིགས་ཁག་བར་གྱི་ འབྲེ ལ ་བ་ནི ་ ཁྱི མ ་ཚང་གཅི ག ་ གི ་ ཁྱི མ ་མི འི ་ འབྲེ ལ ་བ་ལྟ་བུ་ ཡིན་ཚུལ་དང་། ད་དུང་རྒྱ་ རི ག ས་ཆེ ན ་པོ འི ་ རི ང ་ལུགས་ དང་གུ་དོག་པའི་མི་རིགས་ རི ང ་ལུགས་ལ་ངོ ་ རྒོ ལ ་བྱ་རྒྱུ་ སོགས་ནན་ཏན་ཆེ་མདོག་གི་ གཏམ་བཤད་སྣ་ཚོ ག ས་བྱས་ འདུག་ནའང་། དོན་དངོས་ ཐོག་རྒྱ་གཞུང་ནས་རྒྱ་ནག་མི་ དམངས་སྤྱི ་ མཐུན་རྒྱལ་ཁབ་ ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་ མཐུན་པའི་བོད་རིགས་ཡོངས་ ལ་མིང་དོན་མཚུངས་པའི་རང་ སྐྱོ ང ་ཡོང་ཐབས་ཀྱི ་ བསམ་ འཆར་ལ་བདག་སྐྱོང་ཙམ་ཡང་མེད་པ་དང་། བོད་ ནང་མི་སེར་སྤེལ་བའི་སྲིད་བྱུས་དམ་འཛིན་འོག་ད་ ལྟའི་ཆར་བོད་མི་ཚོར་ཆབ་སྲིད་ཀྱི་རང་དབང་ལྟ་ ཞོག དཔལ་འབྱོར་གྱི་ཁེ་ཕན་ཡོད་པའི་བོད་ཀྱི་གྲོང་ ཁྱེར་ཆེ་ཁག་དང་གྲོང་བརྡལ་ཁག་ཏུ་བོད་མི་རྣམས་ སྤྱི་ཚོགས་ཀྱི་མཐར་ཕུད་དེ་གྲངས་ཉུང་མི་རིགས་ སུ་འགྱུར་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་ ། ཆོས་སྤྱོད་ཀྱི་རང་དབང་། འགྲུལ་བསྐྱོད་ཀྱི་རང་ དབང་། སྐད་ཡིག་རང་དབང་བཅས་པར་དམ་ བསྒྲགས་ཤུགས་ཆེ་དང་། བོད་ཀྱི་ཁོར་ཡུག་ལ་ སླར་གསོ་བྱེད་དཀའ་བའི་གནོད་སྐྱོན་ཚབས་ཆེན་ བཏང་དང་གཏོང་བཞིན་ཡོད་པ་སོགས་ལ་བརྟེན། གོང་དུ་གསལ་བའི་གཏམ་བཤད་ཁག་ནི་མ་ཡིན་


གསུང་བཤད།

ཡིན་ཚུལ་དང་། མ་ཡོད་ཡོད་ཚུལ་གྱི་རྣམ་པ་བསྟན་ རྒྱུ་ཙམ་དང་། རྒྱལ་སྤྱི་དང་རྒྱ་མི་རིགས་ཚང་མར་ མགོ་སྐོར་བསླུ་བྲིད་བྱ་རྒྱུའི་སྟོང་གཏམ་འབའ་ཞིག་ ཡིན། ཅི་སྟེ་རྒྱ་ནག་འགོ་ཁྲིད་ཚོས་དེ་ལྟར་མིན་པ་ ལྷག་བསམ་རྣམ་དག་དང་དོ ན ་དམ་གྱི ་ ཐོ ག ་ནས་ བཤད་ཀྱི་ཡོད་པ་ཡིན་ཚེ་ས་གནས་ས་ཐོག་ཏུ་ལག་ ལེན་དངོས་ཀྱི་ཐོག་ནས་མངོན་འགྱུར་ཡོང་བ་ངེས་ པར་བྱེད་དགོས་པའི་རེ་འདུན་དང་འབོད་བསྐུལ་བྱ་ རྒྱུ་ཡིན། ཉེ ་ སྔོན་བོ ད ་ལྗོ ང ས་ཉི ན ་རེ འི ་ ཚགས་པར་ ཐོག་གནས་ཚུལ་ཐོན་པའི་ནང་། ཕྱི་ཟླ་ ༡༡ ཚེས་ ༤ ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ ཚོགས་འདུ་སྐོང་ཚོགས་བྱས་ནས་སྐོར་གཟིགས་ ལས་དོ ན ་སྐོ ར ་སྤྱི ་ ཁྱབ་ཧྲུའུ་ཅི ་ ཞི ས ་ཅི ན ་ཕི ང ་གི ་ གསུང་བཤད་བརྒྱུད་བསྒྲགས་སྐབས་ཀྲུང་དབྱང་ སྐོར་གཟིགས་ཚོགས་ཆུང་བཞི་པས་བོད་ལ་སྐོར་ གཟིགས་བྱས་པའི་ཚུར་ལན་བསམ་འཆར་ནང་གི་

དག་ཐེར་ལས་དོན་ལ་ཞིབ་འཇུག་བྱས་པ་ཟེར་བའི་ ནང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ སྒྲིག་ལམ་ནན་ཏུ་བཏང་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་ པའི་རུ་ཚོགས་ལ་སྟོང་བསམ་འཆང་བ་དང་། རྗེས་ སུ་འབྲངས་པ། ཁ་བྲལ་སིམ་འཛུལ་གྱི་གཏོར་ བཤིག་བྱེད་སྤྱོད་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་ མཁན་ཏང་ཡོན་ལས་བྱེད་པར་བཅའ་ཁྲིམས་དང་ སྒྲིག་ལམ་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་ རྒྱུ། སོགས་འཁོད་འདུག་པ་དེ་ནི། སྤྱི་ནོར་༸གོང་ ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ དོ ན ་བདེ ན ་མཐའ་གསལ་ཐབས་གཉི ས ་སྨན་དབུ་ མའི་ལམ་གྱི་ཐོག་ནས་མཛད་དང་མཛད་བཞིན་པ་ ཤེ ས ་གསལ་ཡང་ཁ་བྲལ་རྩོ ད ་ལུགས་ཀྱི ་ སྙོ ན ་ འཛུགས་དང་འབྲེལ་བའི་གཡོ་ཐབས་སྤྱད་དེ་བོད་ མི ་ ཏང་ཡོ ན ་ལས་བྱེ ད ་པ་ཁྲི མ ས་ཐོ ག ་བསྐྱལ་ཏེ ་ ཕམ་ཉེས་སུ་གཏོང་རྒྱུའི་ངན་བྱུས་ཤིག་བརྩམ་འགོ་ བཙུགས་པར་སྙམ། 6

ཡང་འདི་ལོ་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་ཀྲུང་ གོའི་བོད་ལྗོངས་དྲ་བ་ཟེར་བའི་ནང་། བོད་བརྒྱུད་ ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སྐོར་གྱི་ དངོས་བྲིས་གློག་བརྙན་ཕབ་སྐྲུན་འགོ་ཚུགས་པའི་ མཛད་སྒོ་པེ་ཅིང་དུ་འཚོགས་ཡོད་པ་དང་། བོད་ བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་ལ་དོ་དམ་ བྱེད་ཚུལ་ཁྲིམས་ལུགས་ཅན་གྱི་ལམ་དུ་སྐྱོད་ཡོད་ པ་མཚོན་ལུགས་སོགས་དང་། ཡང་ཕྱི་ལོ་ ༢༠༠༧ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ 'བོད་བརྒྱུད་ནང་ བསྟན་སྤྲུལ་སྐུའི ་ ལམ་སྲོ ལ ་ལ་དོ ་ དམ་བྱ་ཐབས་' ཁྱབ་བསྒྲགས་བྱས་ཏེ ་ སྤྲུལ་སྐུའི ་ ལམ་སྲོ ལ ་གྱི ་ རྩ་ དོན་དང་། ཆ་རྐྱེན། ཞིབ་བཤེར་ཆོག་མཆན་འགོད་ པའི་གོ་རིམ་སོགས་གཏན་འཁེལ་གསལ་པོ་བྱས་ ལུགས་སོ ག ས་ཀྱི ་ གནས་ཚུལ་ཐོ ན ་འདུག་པ་ནི ། རྒྱ་ནག་དམར་གཞུང་ཆོས་མེད་སྨྲ་བ་དང་། ནང་ ཆོས་ཀྱི་གནས་ལུགས་གང་ཡང་མི་ཤེས་པ་ཞིག་ གི ས་བོད་ཀྱི་ནང་བསྟན་སྤྲུལ་སྐུའི ་ཡང་སྲི ད་ངོས་


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན། འཛི ན ་ཞུ་ཕྱོ ག ས་ལ་ཐེ ་ བྱུས་ཀྱི ས ་ཁྲི མ ས་ལུགས་ བཟོ་བ་ཟེར་བ་འདི་དག་ནི་ལོ་རྒྱུས་ཀྱི་གནས་བབ་ དང་མི་མཐུན་ཞིང་། རྒྱ་གཞུང་གི་ཆབ་སྲིད་ཀྱི་ དགོས་མཁོ་ཁོ་ནར་དམིགས་ནས་བཟོས་པ་ཡིན་ སྟབས་ཤིན་ཏུ་ནས་འོས་སུ་མ་མཆིས་པ་ཞིག་ཡིན་ པས་སུས་ཀྱང་ངོས་ལེན་བྱ་ཐབས་མེད་ལ། མཐའ་ གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། བོད་ལྗོངས་ཡོངས་སུ་ཆོས་ཀྱི་བསྟི་གནས་ དགོན་སྡེ་སོགས་ལ་དམ་བསྒྲགས་ཅི་ཆེ་ཡོད་མུས་ ལྟར། ཁམས་འབྲི་རུ་རྫོང་ཁོངས་སུ་ཡོད་པའི་ བཙུན་དགོན་བྱ་མདའ་དགོན་པར་ཡང་རྒྱུན་དུ་རྒྱའི་ དམ་བསྒྲགས་ཅི་ཆེ་ཡོད་པ་དང་། ལྷག་པར་འདི་ལོ་ ཕྱི་ཟླ་ ༩ པ་ནས་བཟུང་རྒྱའི་ལས་དོན་རུ་ཁག་ཟེར་ བ་ཆེ ས ་མང་པོ ་ དགོ ན ་པར་ཡོ ང ་ནས་༸གོ ང ་ས་ མཆོག་ལ་མཚན་སྨད་ཞུ་དགོས་པའི་བཙན་བཀའ་ བཏང་ཡང་། བཙུན་མ་དེ་དག་གིས་ཁས་ལེན་མ་ བྱས་པར་བརྟེན་བཙུན་མ་གྲངས་ ༢༦ ཙམ་ཕྱིར་ འབུད་བཏང་སྟེ་དཀའ་ངལ་ཅི་ཆེའི་ནང་ལྷུང་ཡོད་པ་ འདི་ཡང་རྒྱ་གཞུང་གིས ་བོ ད ་མི འི ་ཆོ ས་དད་རང་ དབང་ལ་དམ་བསྒྲགས་དང་གནོན་ཤུགས་སྤྲོད་རྒྱུ་ མཚམས་འཇོག་མི་བྱེད་པའི་མངོན་རྟགས་གསལ་ ཐོན་བྱུང་བ་ཞིག་ཡིན། ཉེ་སྔོན་ཤིན་ཧྭ་གསར་ཁང་ནས་གནས་ ཚུལ་སྤེལ་བའི་ནང་། བོད་ཀྱི་ཡར་ཀླུང་གཙང་པོའི་ ཆུ་རྒྱུན་ཐོག་རྫམ་ཆུ་ཤུགས་གློ ག ་ཁང་ཟེར་བ་ གསར་བསྐྲུན་ཟིན་ཏེ་གློག་གཏོང་འགོ་ཚུགས་ཡོད་ གནས་ཐོན་འདུག དེ་ནི་བོད་ཀྱི་ཁོར་ཡུག་དང་། རྒྱ་ གར་དང་བྷང་ལ་རྡེ་ཤི་སོགས་ཀྱི་ནང་དུའང་གནོད་ སྐྱོན་ཆེན་པོ་འགྲོ་ཉེན་ལ་སོང་རྒྱལ་ཁབ་དེ་དག་གི་ གཞུང་དང་ཉམས་ཞིབ་པ་སོགས་ནས་ཐུགས་སྣང་ ཆེ ་ ཙམ་གནང་དགོ ས ་པའི ་ གལ་ཆེ འི ་ དོ ན ་གནད་ ཅིག་ཆགས་ཡོད། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ནས་ བཟུང་བོད་ནང་གཞིས་ལུས་རྒྱ་ཆེའི་མི་མང་ནས་ མི་རབས་གསར་པ་ཚོས་སྣེ་ཁྲིད་པའི་ཞི་བའི་གྱེན་ ལངས་ཀྱི ་ ལས་འགུལ་རི མ ་པ་སྤེ ལ ་ཡོ ད ་པ་དང་།

ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ སེ ར ་སྐྱ་ཕོ ་ མོ ་ རྒན་དར་གཞོ ན ་གསུམ་མི ་ གྲངས་ ༡༣༢ ཀྱིས་རང་གི་རྩ་ཆེའི་སྐུ་ལུས་མེར་བསྲེགས་ ཀྱི ་ སྒོ ་ ནས་རང་གཞན་གཉི ས ་ཕན་གྱི ་ བྱ་གཞག་ བཟང་པོ་སྒྲུབ་པའི་རེ་འདོད་ཀྱི་ལྷག་བསམ་བཟང་ པོ འི ་ ཀུན་ནས་བསླངས་ཏེ ་ བློ ས ་གཏོ ང ་ཆེ ན ་པོ ་ གནང་དགོས་བྱུང་བ་དེ་དག་ཀྱང་རྒྱའི་དྲག་དཔུང་ གི་དམ་བསྒྲགས་ཅི་ཆེའི་འོག་འགྲོ་བ་མིའི་ཐོབ་ཐང་ ལ་ཚད་ལས་འདས་པའི་བརྡལ་བཤིག་བཏང་ དྲགས་པའི་ཉེར་ལེན་གྱི ས ་ཡིན་པ་ཀུན་གྱི ས ་ མཁྱེན་གསལ་ལྟར་དེ་རིང་གི་ཉིན་མོའི་གོ་སྐབས་ འདི ་ བཞི ན ་དམ་འཛི ན ་གྱི ས ་རྒྱ་ནག་གི ་ འགོ ་ ཁྲི ད ་ ཚོས་འགན་འཁུར་དགོས་པའི་དྲན་སྐུལ་ནན་ཏན་བྱ་ རྒྱུ་ཡིན། གཞིས་བཞུགས་རྒྱལ་གཅེས་དཔའ་བོ་ དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས་བླ་ན་མེད་པའི་མཛད་ རྗེས་རྣམས་ལ་འཛམ་གླིང་ས་ཕྱོགས་གང་སར་ཡོད་ པའི་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་ ངང་མངོན་པར་བསྟོད་རྒྱུ་མ་ཟད། བོད་མིའི་འདོད་ དོན་སྙིང་པོ་བོད་དོན་བདེན་མཐའ་མྱུར་དུ་གསལ་ སླད་བོ ད ་མི འི ་ བླ་ན་མེ ད ་པའི ་ དབུ་འཁྲི ད ་སྤྱི ་ ནོ ར ་ ༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་དང། བཙན་བྱོལ་བོད་མི་ཡོངས་ནས་རྒྱལ་སྤྱིའི་ནང་འཚེ་ མེ ད ་ཞི ་ བའི ་ ལས་འགུལ་སྣ་མང་སྤེ ལ ་དང་སྤེ ལ ་ བཞིན་པ་ལྟར་ད་དུང་མུ་མཐུད་སྤེལ་རྒྱུ་ཡིན། ཡང་ང་ཚོ ས ་དེ ་ རི ང ་གི ་ གཟི ་ བརྗི ད ་དང་། རྒྱལ་ཁའི་ཉིན་མོ་འདི་སྲུང་བརྩི་ཞུ་བ་དང་སྦྲགས་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ གིས་འཚེ་མེད་ཞི་བའི་ལམ་སྟོན་མཛད་པ་ཁག་སྙིང་ དབུས་སུ་བཅངས་ཏེ་འཛམ་གླིང་སྤྱི་དང་། བྱེ་བྲག་ བོད་སྤྱིའི་འཕྲལ་ཕུགས་བདེ་དོན་ལ་སྨན་པའི་རང་ རང་སྐབས་བབས་འཁུར་འཁྲིའི་ལས་འགན་ཞུ་སྒོར་ འབད་འབུངས་ཧུར་བརྩོ ན ་ཆེར་བསྐྱེ ད ་གནང་ དགོས་པ་ནི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་། དུས་དྲན་ཉིན་མོ་སྲུང་བརྩི་ཞུ་བའི་དགོས་དོན་སྙིང་ 7

པོ་ཡིན་པས་ཚང་མའི་ཐུགས་ལ་འཇགས་ནས་ཉིན་ རེ འི ་ འཚོ ་ བའི ་ ནང་ཕྱག་ལེ ན ་གནང་རོ ག ས་ཞེ ས ་ བསྐུལ་མ་ནན་ཏན་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ ལམ་ཞུས་པའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་ དང་བསྟུན་དེ ་ རི ང ་ཉི ན ་རྒྱབ་ནས་ཉི ན ་ཤས་རི ང ་ བཞུགས་སྒར་རྡ་རམ་ས་ལར་ཧི ་ མ་ལ་ཡའི ་ དུས་ སྟོན་སྲུང་བརྩི་དང་འབྲེལ་ས་གནས་ཡུལ་མི་རྣམས་ ནས་ཀྱང་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ འི ་ མཛད་འཕྲིན་ལ་ཆེ་བསྟོད་ཞུ་བ་དང་། ཧིན་བོད་མི་ མང་དབར་མཛའ་བརྩེ འི ་ ལར་ཞེ ན ་གཡོ ་ བ་མེ ད ་ པའི་རྣམ་པ་མཚོན་གྱི་ཡོད་སྟབས། ཧི་མ་ལ་ཡའི་ དུས་སྟོན་གོ་སྒྲིག་འགན་བཞེས་གནང་མཁན་ཚང་ མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་དབུས་སའི་ གཞུང་དང། མི་མང་གིས་ང་ཚོར་ཕན་གྲོགས་གནང་ བའི་བཀའ་དྲིན་ནི་དུས་ནམ་ཡང་བརྗེད་ཐབས་མེད་ པས་ད་རེ ས ་སླར་ཡང་ཐུགས་རྗེ ་ བཀའ་དྲིན་ཆེ ་ ཞེས་ཞུ་རྒྱུ་དང། ད་དུང་ཧིན་བོད་གཉིས་ཀྱི་མི་མང་ དབར་མཛའ་མཐུན་གོང་འཕེལ་མུ་མཐུད་གནས་ རྒྱུར་ཚང་མས་མཉམ་རུབ་རྒྱུན་བསྲི ང ས་གནང་ རྒྱུའི་འབོད་སྐུལ་ཞུ་རྒྱུ་བཅས་དང་། མཐའ་དོན་སྤྱི ་ ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་གིས་དབུས་བསྟན་འཛིན་གྱི་ སྐྱེ ས ་ཆེ ན ་དམ་པ་རྣམས་༸སྐུ་ཚེ ་ ༸ཞབས་པད་ ཡུན་དུ་བརྟན་ཅིང་། ཐུགས་བཞེད་མཐའ་དག་ལྷུན་ གྱིས་འགྲུབ་པ་དང་། འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཞི་ བདེ་འབྱུང་བ་དང་། བོད་དོན་བདེན་མཐའ་མྱུར་དུ་ གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་ སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ལ།།


གསུང་བཤད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དཔོན་ཟུར་དར་རྒྱས་ལགས་ཀྱི་དཔེ་དེབ་དབུ་འབྱེད་གནང་བ།

ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༤ ཉིན་གྱི་ ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་བོད་ཀྱི་དཔེ་མཛོད་ ཁང་གི་ཚོགས་ཁང་དུ་དཔལ་ལྡན་བོད་མི་མང་སྤྱི་ འཐུས་ཚོ ག ས་གཙོ ་ སྤེ ན ་པ་ཚེ ་ རི ང ་མཆོ ག ་གི ས ་ བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མགོ་ལོག་

ནས་ཡིན་པའི་ཁུལ་དཔོན་ཟུར་པ་སྐུ་གཤེགས་དར་ རྒྱས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་ ༼བོད་ ཁུལ་བརྟན་ལྷིང་མེད་པའི་འབྱུང་རྩ་༽ ཞེས་པའི་ དཔེ་དེབ་དེ་དང་། ༼རྩོམ་པ་པོའི་མཐུན་ཚོགས་ཀྱི་ རྩོ མ ་རི ག ་གི ་ ལོ ་ དེ བ ་འདོ ན ་ཐེ ང ས་གསུམ་པ་༽

8

ཞེས་པ་དེ་གཉིས་སྤྱི་འཐུས་རྒྱུན་ལས་ཁག་གཅིག་ དང་རྩོ མ ་པ་པོ ་ དང་གསར་འགོ ད ་པ་བཅས་མི ་ གྲངས་ ༥༠ བརྒལ་བ་བཅར་བའི་དབུས་སུ་དཔེ་ དེབ་དབུ་འབྱེད་གནང་ཡོད་པ་རེད། དེ་ཡང་དར་རྒྱས་ལགས་ཀྱིས་རྒྱ་ཡིག་ཐོག་ བརྩམས་པ་དང་འདི ་ ཕྱོ ག ས་ནས་བོ ད ་ཡི ག ་ཐོ ག ་ བསྒྱུར་བའི་དཔེ་དེབ་དེའི་ནང་དོན་གཙོ་བོ་ནི། བོད་ ཁུལ་བརྟན་ལྷིང་མེད་པའི་འབྱུང་རྩའི་ཐོག་ང་རང་གི་ ངོས་འཛིན་རགས་ཙམ་ཞེས་པ་དང་། བསམ་འཆར་ འགའ་སོ ག ས་རྩོ མ ་ཡི ག ་ཁག་གསུམ་ལས་གྲུབ་ ཡོད་འདུག དེ་ཡང་ཐོག་མར་ལོ་རྒྱུས་ཉམས་ཞིབ་ པ་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་ རྩོ མ ་པ་པོ ་ དར་རྒྱས་ལགས་ཀྱི ་ མི ་ ཚེ འི ་ ལོ ་ རྒྱུས་ སྙིང་བསྡུས་ངོ ་ སྤྲོད ་གནང་བ་དང་དེ ་ རྗེ ས ་རྩོམ ་པ་ པོ འི ་ མཐུན་ཚོ ག ས་ཀྱི ་ ཚོ ག ས་གཞོ ན ་སྤྲོ ་ ཚི ག ས་ ཆོ ས ་གྲགས་ལགས་ཀྱི ས ་དེ བ ་འདི འི ་ རྩོ མ ་སྒྲི ག ་ བྱས་པའི་བརྒྱུད་རིམ་དང་དེབ་འདིའི་ནང་དོན་ཁག་ གསུམ་དུ་དབྱེ་ཡོད་སྐོར་སོགས་ངོ་སྤྲོད་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ མཆོག་གིས་དཔེ་དེབ་སྒོ་འབྱེད་དང་སྦྲགས་ གསུངས་དོན། ཐོག་མར་དེབ་དེ་འདྲ་ཞིག་འདོན་


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན། སྤེལ་ཐུབ་པར་འཚམས་འདྲི་ཡོད་པ་དང་། དར་ ཁོང་གིས་ས་གནས་དང་དབུས་བཅས་ཀྱི་ནང་ཕྱག་ རྒྱས་ལགས་ཀྱི་མི་ཚེའི་ནང་མཐོང་ཐོས་སོགས་ཀྱི་ ལས་གནང་སྟེ ་ ཆབ་སྲི ད ་གནས་སྟངས་ཡག་པོ ་ ཉམས་མྱོང་མང་པོ་བསགས་འདུག་ལ། དེ་བཞིན་ ཤེས་ཀྱི ་ ཡོད་སྟབས་ཁོང་རང་གི་ལྟ་ཚུལ་དང་

བསམ་འཆར། ལོ་རྒྱུས་སོགས་བྲིས་ཡོད་པར་དོ་ སྣང་བྱ་རྒྱུ་གལ་ཆེ ན ་པོ ་ ཡི ན ་པ་སོ ག ས་གསུངས་ གནང་ཡོད་པ་བཅས།།

བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༡ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་སྤྱི་འཐུས་རྒྱུན་ ལས་ཀྱི་སྐུ་ཚབ་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་སྤྱི་འཐུས་རྒྱ་རིགས་ཐར་མཆོག་ཕེབས་པ།

ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༥ ཉིན་རྡ་ས་ ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱི་ཐོག་ དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་མི་ བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ མར་སྐུ་མགྲོ ན ་གཙོ ་ བོ ་ མཆོ ག ་གི ས ་སྣང་གསལ་ མང་སྤྱི་འཐུས་རྒྱ་རིགས་ཐར་མཆོག་གིས་གསུང་ ཚོགས་ཁང་དུ་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་ ཞལ་ཕྱེ་གྲུབ་མཚམས་གཡུ་ཐོག་གསོལ་འདེབས་ བཤད་གནང་དོན། བཙན་བྱོལ་བོད་མིའི་བོད་ཀྱི་ བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ གསུང་འདོ ན ་དང་འབྲེ ལ ་གསོ ལ ་ཇ་འབྲས་སི ལ ་ གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ མི་ལོ་ ༡༡ འཁོར་བའི་དུས་དྲན་དང་དམིགས་ ཕུལ། ནས་མི་ལོ་ ༡༡ འཁོར་བའི་དུས་དྲན་དང་དམིགས་ བསལ་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་ དེ་རྗེས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ བསལ་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་ མཛད་སྒོ་ཚོགས་ཡོད་པ་རེད། ཀྱི་དྲུང་ཆེས་ལས་བསྡོམས་སྒྲོག་སྦྱང་གནང་གྲུབ་ མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། ལྷག་ དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་ བསྟུན་སྐུ་མགྲོན་གཙོ་བོས་གཡུ་ཐོག་སྙིང་ཐིག་སྨན་ པར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་ སྦྱོར་ཁང་གི་དེབ་སྐྱེལ་ཕྱག་འཁྱེར་གནང་། དེ་ནས་ གཙོ་དང་ཚོགས་མི། དེ་བཞིན་ཚོགས་བཅར་བ་ བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི ་ ཚོགས་ ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ གཙོས་ངོ་སྤྲོད་གསུང་བཤད་དང་། སྨན་པ་མཁྱེན་ ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ རྒྱུན་ལས་སྐུ་ཚབ་སྤྱི་འཐུས་རྒྱ་རིགས་ཐར་མཆོག རབ་རྒྱ་མཚོ་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་གི་ ཞུ་རྒྱུ་ཡིན། ཚོགས་འདུ་འདིར་ཆེད་ལས་པ་རྐྱང་ བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ འགན་འཛི ན ་གྱི ་ གསུང་བཤད་སྒྲོ ག ་སྦྱང་གནང་། རྐྱང་འཛོམས་ཡོད་སྟབས་དམིགས་བསལ་ཆགས་ འགན་འཛིན་གྱིས་གཙོས་ཕྱོགས་མཐའ་ཁག་ནས་ སྨན་རམས་པ་འཕྲིན་ལས་གཡང་འབྱོ ར ་ལགས་ ཀྱི་ཡོད། སྤྱིར་བོད་ཀྱི་སྤྱི་ཚོགས་རང་བཞིན་ཀྱི་ལྟ་ ཕེབས་པའི་སྨན་པ་སོགས་མི་གྲངས་ ༧༠ ཙམ་ ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། སྟངས་ཐོག་ནས་སྨན་པར་ཧ་ཅང་གལ་ཆེན་པོ་དང་

9


གསུང་བཤད།

མཐོང་ཆེན་པོ་བརྩི་བཞིན་ཡོད་པ་ལྟར། དེ་རིང་ འདིར་ཚོགས་པའི་ཆེས་མཐོའི་སྨན་པ་རྣམ་པ་ཡིན་ ནའང་བོད་ཀྱི་བཅུ་ཕྲག་རིག་པའི་ཡ་གྱལ་གསོ་བ་ རིག་པ་ལ་སྦྱངས་པ་མཐར་ཕྱིན་པའི་ཆེད་མཁས་པ་ རྐྱང་རྐྱང་ཡིན་པར་བརྟེན། ང་ལྟ་བུ་བོད་ཀྱི་གསོ་བ་ རིག་པར་སྦྱང་མྱོང་མེད་མཁན་ཞིག་གིས་དམིགས་ བསལ་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་བོད་མི་མང་ སྤྱི ་ འཐུས་རྒྱུན་ལས་ཀྱི ་ ཚབ་ཞུས་ཏེ་སོ་སོའི་ བསམ་ཚུལ་འགའ་ཤས་ཞུ་འདོད་བྱུང་། སྤྱིར་བོད་ ཀྱི ་ གསོ ་ བ་རི ག ་པའི ་ ཆེ ས ་མཐོ འི ་ སྨན་པའི ་ ལྷན་ ཚོགས་འདི་སྐབས་ ༡༣ པའི་བོད་མི་མང་སྤྱི་ འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་ པའི་སྐབས་ཁྲིམས་ཡིག་གཏན་འབེབས་བྱས་ཏེ་སྤྱི་ ནོ ར ་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ གི ས ་ཆོ ག ་མཆན་སྩལ་བ་ནས་བཟུང་བོ ད ་མི འི ་ སྒྲི ག ་འཛུགས་ཀྱི ་ རང་སྐྱོ ང ་ངོ ་ བོ འི ་ ཐོ ག ་གཞུང་ འབྲེལ་ལྷན་ཚོགས་ཤིག་ཆགས་ཡོད། ལྷན་ཚོགས་ འདི་དབུ་བརྙེས་ནས་ད་བར་ཕྱག་ལས་མི་ཉུང་བ་ ཞིག་གནང་ཡོད་པ་མ་ཟད། གྲུབ་འབྲས་ཀྱང་གང་ ཙམ་ཐོན་ཡོད་པ་འདི་དགའ་འོས་པ་ཞིག་ཡིན།

བོད་ཀྱི་གསོ་བ་རིག་པ་འདིར་གཞན་དང་མ་ འདྲ་བའི་ལོ་རྒྱུས་རིང་པོ་ཡོད་པ་མ་ཟད། སྔོན་མ་ བོད་བཙན་པོའི་སྐབས་ནས་མིག་དང་སྙིང་གཤག་ བཅོ ས ་ཀྱི ་ སྨན་བཅོ ས ་བྱེ ད ་ཐུབ་པའི ་ རི ག ་གཞུང་ ཚད་ལྡན་ཞིག་ཡིན་པའི་ལོ་རྒྱུས་ཡོད་པ་དང་། རྒྱ་ ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ། རིག་ གཞུང་གཏོར་བཤིག་གི་ཉག་ཕྲའི་དུས་ཚོད་འདི་ལྟ་ བུར་ཡང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་ མཆོག་གི་དགོངས་གཞི་ལྟར་ང་ཚོས་སྐྱར་དུ་ ཉམས་གསོ་ཡག་པོ་གནང་ཐུབ་ཡོད་པས། མ་ འོ ང ས་པར་རི ག ་གཞུང་འདི འི ་ སྲོ ལ ་རྒྱུན་གྱི ་ ཁྱད་ ཆོས་མ་བརླག་པའི་ཐོག་ནས། དེང་རབས་ཀྱི་རྗེས་ ཆོ ད ་པ་ཞི ག ་བྱེ ད ་དགོ ས ་སྐོ ར ་སོ ག ས་གསུངས་ ཡོད་པ་རེད། གོང་གསལ་མཛད་སྒོ་གྲོལ་བའི་ཉིན་རྒྱབ་ཏུ་ བོད་ཀྱི་གསོ་བ་རིག་པའི་སྲིད་བྱུས་དང་འབྲེལ་བའི་ ཐོ ག ་༸རྒྱལ་བའི ་ སྐུ་བཅར་སྨན་པ་རྣམ་པ་དང་། སྨན་ལྷན་ཚོགས་མི་ཟུར་པ་ཁག་གཅིག དེབ་སྐྱེལ་ ཡོ ད ་པའི ་ གསོ ་ རི ག ་སློ བ ་གཉེ ར ་ཁང་གི ་ འགན་ འཛིན་ནམ་སློབ་སྤྱི། གཞན་ཡང་དབུས་བོད་མིའི་ 10

སྒྲི ག ་འཛུགས་ཀྱི ་ འབྲེ ལ ་ཡོ ད ་དཔལ་ལྡན་འཕྲོད་ བསྟེན་བཀའ་བློན་མཆོག་དང་དྲུང་ཆེ། ཚོགས་འདུ་ འདི་དང་ཐད་ཀར་འབྲེ ལ ་བ་ཡོད་པའི་རྒྱ་གར་ དབུས་སྨན་གྱི་ལྷན་ཚོགས་ནས་ཐད་བསྐོས་གནང་ བའི་སྐུ་ཚབ་ཚོགས་མི་སྨན་རམས་པ་འཕྲིན་ལས་ གཡང་འབྱོར་བཅས་མཉམ་ཞུགས་ཐོག་གོ་བསྡུར་ བགྲོ་གླེང་གནང་སྐབས། བོད་མི་མང་སྤྱི་འཐུས་ རྒྱུན་ལས་རྣམ་པ་གཉི ས ་མཉམ་ཞུགས་ཡོ ང ་བ་ ཞེས་སྨན་པའི་ལྷན་ཚོགས་ཡིག་ཚང་ནས་རེ་སྐུལ་ བྱུང་དོན་བཞིན། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ དང་། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ མཆོ ག ་རྣམ་གཉི ས ་མཉམ་ཞུགས་གནང་ཡོ ད ་པ་ བཅས་ཀྱི་གནས་བསྡུས་སུ།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པའི་དྲ་རྒྱ་དབུ་ ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བོད་ མི ་ མང་སྤྱི ་ འཐུས་ཚོ ག ས་གཙོ ་ སྤེ ན ་པ་ཚེ ་ རི ང ་ མཆོག་གིས་སྨར་ཚང་རྒྱལ་ཡོངས་ཚོགས་པའི་དྲ་

འབྱེད་གནང་བ།

རྒྱའི་ལམ་ནས་སྨར་ཚང་བཀའ་བརྒྱུད་དང་འབྲེལ་ རེད། བའི་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་ཆེད་དུ་ དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ དྲ་ཚིགས་ www.martsangkagyubf- ༡༢།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ ficial.org ཞེས་པ་དབུ་འབྱེད་གནང་ཡོད་པ་ སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་ པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག རྡ་ སར་གནས་འཁོ ད ་གསར་འགོ ད ་པ་བཅས་ལྷན་ འཛོམས་ཐོག་ཚོགས་གཙོ་སྦྲེལ་པོ་མཆོག་དང་འགྲོ་ མགོ ན ་གངས་རི ་ ཀརྨ་རི ན ་པོ ་ ཆེ ་ མཆོ ག ་བཅས་ ནས་སྤྱི ་ ནོ ར ་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོག་གི་སྐུ་པར་མཐོང་གྲོ ལ ་རིན་པོ་ཆེའི་སྐུ་ མདུན་དུ་སྣང་གསལ་ཞལ་ཕྱེ ་ གནང་གྲུབ་བསྟུན་ འགྲོ ་ མགོ ན ་གངས་རི ་ ཀརྨ་རི ན ་པོ ་ ཆེ ས ་བོ ད ་ཀྱི ་ ཆོས་དང་རིག་གཞུང་ཉམས་པ་སླར་གསོའི་ལས་ དོན་སྒྲུབ་ཚུལ། སྨར་ཚང་བཀའ་བརྒྱུད་ཉམས་གསོ་ བྱེད་རྒྱུའི་ཀུན་སློང་སྐྱེ་ཚུལ་དང་སླར་གསོའི་གཞི་ རྩ་ཡོད་མེད། ཆ་ རྐྱེ ན ་ སྐྲུ ན ་ ཚུ ལ ་ བ ཅ ས ་ དོ ན ་ ཚ ན ་ བཞི འི ་ ཐོ ག ་ངོ ་ སྤྲོ ད ་ ག སུ ང ་ བ ཤ ད ་ གནང་། དེ་ནས་བོད་ མི་མང་སྤྱི ་ འཐུས་ ཚོ ག ས ་ ག ཙོ ་ མཆོག་གིས་གསུང་ བཤད་གནང་དོ ན ། གངས་རི་ཀརྨ་རིན་ པོ ་ ཆེ ་ མཆོ ག ་གི ས ་ ཉིན་ཤས་སྔོན་ནས་ དེ ་ རི ང ་འདི ར ་ཡོ ང ་ རོགས་གསུངས་པ་ 11


སྤྱི་འཐུས་ཕྱོགས་ཕེབས། བཞིན་བཅར་རྒྱུའི་གོ་སྐབས་བྱུང་། ང་རང་སྒེར་ རག་ལས་པ་རེད། དེ་ཚོའི་སྐོར་ལ་བོད་མི་མང་སྤྱི་ ངོས་ནས་ཆོས་ཕྱོགས་སྐོར་མང་པོ་ཤེས་ཀྱི་མེད། འཐུས་ལྷན་ཚོགས་ངོས་ནས་ཉམས་ཞིབ་བྱས་ཏེ་ ལྷག་པར་ངས་སྨར་ཚང་བཀའ་བརྒྱུད་སྐོར ་གོ ་བ་ འདི་དང་འདི་རེད། ཅེས་ཞུ་ཐུབ་ཐབས་མེད། དེ་ནི་

མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐུགས་རྗེ་ཆེ་ ཞུ་རྒྱུ་ཡིན། ང་ཚོ འི ་ སྤྱི ་ ཚོ ག ས་ནང་གླེ ང ་སློ ང ་མང་པོ ་

ཐེངས་དང་པོ་ཡིན། བཙན་བྱོལ་སྤྱི་ཚོགས་ལ་ཆ་ མཚོན་ན། དོ་སྣང་ཡོད་མེད་ཀྱི་གནས་སྟངས་དང་། ཆོས་ཀྱི་སྒྲིག་འཛུགས་ཡོད་མེད་ཀྱི་གནས་སྟངས་ འོག་བཀའ་བརྒྱུད་ཆེ་བཞི་དང་ཆུང་བརྒྱད་གང་དང་ གང་ཡིན་སྐོར་སྐད་ཆ་འདྲི་སྐབས་སུ་ཚང་མས་ཚད་ དང་ལྡན་པ་བཤད་རྒྱུར་ཁག་པོ་ལྟ་བུ་ཆགས་འདུག དེ་འདྲའི་གནས་སྟངས་འོག་སྨར་ཚང་བཀའ་བརྒྱུད་ སྐོར་གང་ཡང་ཤེས་ཀྱི་མེད་པར་བརྟེན། ཕར་ཚུར་ དྲི་རྩད་བྱས་པ་ཡིན། སྔོན་མ་ཡིན་ན་སྨར་ཚང་ བཀའ་བརྒྱུད་ཀྱི ་ རྒྱུད་པ་ཆ་ཚང་ཆད་པ་ཞི ག ་ལ་ ངོས་འཛིན་ཞུས་ཀྱི་འདུག ད་ཆ་རྒྱུད་པ་སླར་གསོ་ ཡོང་དང་མི་ཡོང་བརྗོད་རྒྱུ་དེ་རིན་པོ་ཆེས་གསུང་ པ་ནང་བཞིན། སྨར་ཚང་བཀའ་བརྒྱུད་ཀྱི་དབང་ ལུང་མན་ངག་གི ་ རྒྱུད་པ་ཏག་ཏག་ཡོ ད ་མེ ད ་ལ་

ཡོང་གི་ཡོད། དེ་རིང་འདིར་བཅར་བའི་རྒྱུ་མཚན་ ལ་བརྟེན་ནས་སྨར་ཚང་བཀའ་བརྒྱུད་བོད་མི་མང་ སྤྱི ་ འཐུས་ལྷན་ཚོ ག ས་ཀྱི ས ་ཁས་ལེ ན ་ནམ་ངོ ས ་ ལེན་བྱས་འདུག་ཅེས་གླེང་སློང་ཡོང་མི་སྲིད་པ་མ་ རེད། ང་ལྟ་བུ་ཡིན་ན། ཆོས་དང་ཆོས་སྐྱོང་སྐོར་ལ་ དེ་ཙམ་ཤེས་ཀྱི་མེད་སྟབས། མཁས་པ་སོ་སོ་དང་། ཆོས་བརྒྱུད་སོ་སོའི་བརྟག་དཔྱད་གནང་རྒྱུ་རེད་མ་ གཏོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ཐག་ཆོད་པོའི་ཐོག་སྨར་ཚང་བཀའ་བརྒྱུད་ཉམས་ པ་སླར་གསོབྱུང་འདུག དབང་ལུང་མན་ངག་ཚང་ མ་ཏག་ཏག་བསྡད་འདུག་ཅེས་ཞུ་ཐུབ་ཐབས་མེད། ཅེས་སོགས་ཀྱི་གསུང་བཤད་གནང།

འབྲེལ་ཡོད་ཆོས་རིག་ལས་ཁུངས་དང་། ཆོས་ བརྒྱུད་སོ ་ སོ འི ་ ནང་གནས་སྟངས་ག་འདྲ་ཆགས་ འདུག་དེ་ཚོའི་ཐོག་ཞིབ་འཇུག་དང་། གནས་སྟངས་ ཁ་གསལ་བཟོ ་ རྒྱུ་གལ་ཆེ ན ་པོ ་ རེ ད ་བསམ་གྱི ་ འདུག ང་ཚོ་འདིར་བཅར་ཏེ་ཞུ་རྒྱུ་གཙོ་བོ་ནི། གངས་རི་ཀརྨ་རིན་པོ་ཆེ་མཆོག་བླ་མ་ཞིག་ཡིན་པ་ མ་ཟད། ཉམས་ཞིབ་པ་ཞིག་ཡིན་པའི་ཆ་ནས་བོད་ ནང་སྨར་ཚང་བཀའ་བརྒྱུད་ཕྱག་བཏབ་ནས་ལོ ་ ༨༤༨ དང་། ཉམས་གུད་ཕྱིན་ནས་ལོ ༣༧༠ ཙམ་ ཕྱིན་ཡོད། དེ་ཚོའི་བརྒྱུད་རིམ་དང་འབྲེལ་བའི་ཐོག་ ནས་ཞིབ་འཇུག་དང་། ཡིག་ཆ་མཁོ་སྒྲུབ་གནང་བ་ སོགས་ཉམས་པ་སླར་གསོའི་ལས་དོན་ལ་རིན་པོ་ ཆེས་ལོ་དྲུག་ཙམ་རིང་སྐུ་ལས་བསྐྱོན་པར་བོད་མི་ 12


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གཙོས་པའི་སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་ གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་ པ་མཁན་པོ ་ བསོ ད ་ནམས་བསྟན་འཕེ ལ ་མཆོ ག ་ གིས་གཙོས་སྤྱི་འཐུས་རྒྱ་རི་བུ་ཕྲུག་མཆོག་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་རྨོག་རུ་ བསྟན་པ་མཆོག་བཅས་སྤྱི་འཐུས་བཞི་ལས་གྲུབ་

ཡོད་པ་རེད། མོལ་གནང་ཡོད། མཇལ་མོལ་སྐབས་བོད་མི་མང་ ཕྱི་ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་རྣམ་ སྤྱི་འཐུས་ཚོགས་གཙོ་གཞོན་པ་སློབ་དཔོན་བསོད་ པ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ཅིག་ཏུ་ ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་ གཟིགས་སྐོ ར ་གནང་སྟེ ་ ཆོས་ཚོགས་ཁག་གི་ འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ ཚོགས་གཙོ་སོགས་དང་ལྷན་༸གོང་ས་༸སྐྱབས་ ཝན་དུ་ཡོང་དགོས་པའི་རྒྱུ་མཚན་རྣམས་ངོ་སྤྲོད་

པའི་ཚོགས་ཆུང་ཞིག་གཞུང་འབྲེལ་ཐོག་ཐེ་ཝན་གྱི་ རྒྱལ་ས་ཐེ་པེ་རུ་ཕེབས་འབྱོར་གནང་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༧ ནས་བཟུང་གསར་འགོད་པ་དང་། ཐེ་ཝན་གྲོས་ ཚོགས་འཐུས་མི། བོད་རྒྱ་མཐུན་ཚོགས་ཀྱི་ ཚོགས་གཙོ་གཙོས་ཚོགས་མི་རྣམ་པ་དང་། བོད་ ཀྱི ་ ཆོ ས ་ཚོ ག ས་ཁག་ཅི ག ་ཏུ་མཇལ་འཕྲད་དང་ གཟི ག ས་སྐོ ར ་སོ ག ས་ཀྱི ་ མཛད་འཆར་བསྐྱངས་

མགོ ན ་ཆེ ན ་པོ ་ མཆོ ག ་གི ་ རླབས་ཆེ ན ་གྱི ་ མཛད་ དང་འབྲེལ། རང་ལུས་མེར་བསྲེགས་ཀྱིས་མཚོན་ འཕྲིན་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་ པའི་བོད་ནང་གི་གནས་བབ་ཛ་དྲག་ལ་རྒྱབ་སྐྱོར་ འབྲེལ་བའི་སྐོར་ལ་ཕན་ཚུན་ངོ་སྤྲོད་གནང་ཡོད་པ་ དང་གདུང་སེམས་མཉམ་བསྐྱེ ད ་ཡོང་ཐབས་ དང་། ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་ཐེ་ཝན་རྒྱལ་ སོ ག ས་ཞུས་རྗེ ས ་ཐེ ་ ཝན་གྲོ ས ་ཚོ ག ས་འཐུས་མི ་ སར་ཡོད་པའི་ཐེ་ཝན་གྲོས་ཚོགས་ལས་ཁུངས་ཀྱི་ རྣམ་གཉིས་ནས་ཐེ་ཝན་གྲོས་ཚོགས་འཐུས་མི་མང་ ཚོགས་ཁང་ ༡༠༥ ནང་ཐེ་ཝན་གྲོས་ཚོགས་འཐུས་ པོས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་། བོད་ཀྱི་ མི་ལྕམ་སྐུ་ཤའོ་མེ་ཆིན་མཆོག་དང་། སྤྱི་འཐུས་ གཞོན་སྐྱེ ས ་མང་པོ་ཞིག་གིས་རང་ལུས་མེར་ ལྕམ་སྐུ་ཁྲིན་ཇེ་རུག་མཆོག་རྣམ་གཉིས་དང་མཇལ་ བསྲེགས་གནང་བར་གདུང་སེམས་མཉམ་བསྐྱེད་ 13


སྤྱི་འཐུས་ཕྱོགས་ཕེབས།

ཡོད། བོད་ཀྱི་རང་ལུས་མེར་བསྲེགས་ལས་འགུལ་

དེ་ནི་རང་དབང་མེད་པའི་གནས་བབ་འོག་གདམ་

14

ཀ་གཞན་མེད་པ་ཞིག་ཡིན་པས་དེ་ལ་གདུང་ སེམས་མཉམ་བསྐྱེད་བྱེད་དགོས་པ་གལ་ཆེན་པོ་ ཡིན་པ་དང་། རྒྱ་ནག་དམར་པོའི་དབང་ཤུགས་ འོག་གསར་འགྱུར་རང་དབང་ལ་བཀག་སྡོམ་ཆེན་ པོ་ཡོད་ནའང་དེང་དུས་དྲ་རྒྱའི་མཐུན་རྐྱེན་སྟབས་ བདེ་དབང་གིས་གནས་ཚུལ་ཅུང་ཙམ་རག་ཐུབ་པ་ དེ་ཡང་གོ་སྐབས་བཟང་པོ་ཞིག་ཡིན་ཚུལ་སོགས་ གསུངས་ཡོད་པ་རེད། བོད་མི་མང་སྤྱི་འཐུས་རྣམ་ པས་ཀྱང་བོད་ནང་གི་རང་ལུས་མེར་བསྲེགས་ལ་ གདུང་སེམས་མཉམ་བསྐྱེད་ཡོང་ཐབས་དང་། ཐེ་ ཝན་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ ཡོང་ཐབས། ཐེ་ཝན་མཐོ་སློབ་ཁག་ཏུ་བོད་ཀྱི་སློབ་ ཕྲུག་གསར་འཇུག་ཡོང་ཐབས། ཐེ་ཝན་གྲོས་ ཚོ ག ས་འཐུས་མི ་ ཁག་བཞུགས་སྒར་རྡ་རམ་ས་ ལར་འཚམས་འདྲིར་ཕེབས་ཐབས། ཕྱི་སྐྱོད་ལག་


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན། དེབ་སེར་པོ་བསྣམ་པའི་ཐེ་ཝན་ནང་བཞུགས་དགེ་ འདུན་པ་ཚོ་ཟླ་གཉིས་རེའི་མཚམས་རྒྱལ་ཁོངས་ གཞན་དུ་ཐོངས་མཆན་ཞུ་བར་བཅར་དགོས་པའི་ དཀའ་ངལ་སེལ་ཐབས་སོགས་ཀྱི་སྐོར་ཞུས་ཡོད་ པ་རེད། དེ་ནས་དགོང་དྲོ་ཆུ་ཚོད་ ༨ པ་ནས་བོད་རྒྱ་ མཐུན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་ མི་རྣམ་པར་མཇལ་འཕྲད་དང་། ཐེ་ཝན་དོན་གཅོད་

ཁང་དང་། བོད་རྒྱ་མཐུན་ཚོགས་ཐུན་མོང་གི་གོ་ སྒྲི ག ་འོ ག ་བོ ད ་རྒྱ་མཐུན་ཚོ ག ས་ཀྱི ་ ཚོ ག ས་འདུ་ ཞིག་སྐོང་འཚོགས་གནང་བ་དང་། བོད་དོན་སྐོར་

གྱི་བགྲོ་གླེང་དང་དྲི་བར་དྲིས་ལན་སོགས་གནང་ ཡོད་པ་མ་ཟད། སྐབས་དེར་རང་ལུས་མེར་ བསྲེ ག ས་དང་འབྲེ ལ ་བའི ་ བོ ད ་དོ ན ་གློ ག ་བརྙན་ གཟིགས་འབུལ་ཡང་གནང་ཡོད་འདུག ཐེངས་ འདིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུར་རྒྱ་ ནག་སྐམ་ས་ནས་ཡོང་བའི་རྒྱ་རིགས་དོན་གཉེར་ ཅན་དང་། གཞུང་ཞབས་པ། མཐོ་སློབ་ཁག་གི་

པོའི་མི་སྣ་ཕེབས་འཛོམས་གནང་ཡོད་པ་རེད། ཕྱི་ཚེས་ ༩ ཉིན་གྱི་ཞོགས་པར་ཆོས་ ཚོ ག ས་ཁག་ཅི ག ་ཏུ་འཚམས་གཟི ག ས་མཇལ་ འཕྲད་གནང་བ་དང་། ཉིན་རྒྱབ་ཆུ་ཚོད་ ༢ ནས་ཐེ་ ཝན་རྒྱལ་སྤྱི འི་བོད་བརྒྱུད་ནང་བསྟན་མཐུན་ ཚོ ག ས་ཀྱི ་ གོ ་ སྒྲི ག ་འོ ག ་སྤྱི ་ འཐུས་རྣམ་པ་དབུ་ བཞུགས་ཐོག་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ ཁག་གི་དབུ་ལས་རྣམ་པ་དང་ལྷན་བཞུགས་མོལ་ ཚོགས་འདུ་ཞིག་ཀྱང་གནང་ཡོད་པ་དང་། ཚོགས་ འདུའི ་ སྟེ ང ་སྤྱི ་ ལྷན་ཚོ ག ས་གཞོ ན ་མཆོ ག ་གི ས ་ འཚམས་གཟིགས་སྐོར་ངོ་སྤྲོད་དང་། ལྷག་པར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ དགོངས་གཞི་དང་། བོད་ཀྱི་ད་ལྟའི་གནས་བབ་ སོགས་ངོ་སྤྲོད་གནང་ཡོད་པ་རེད། དེ་རྗེས་ཚོགས་ བཅར་ཆོ ས ་ཚོ ག ས་ཁག་གི ས ་ཚོ ག ས་གཙོ ་ དང་ འཐུས་མི་རྣམ་པས་ཆོས་ཚོགས་ཁག་ངོ་སྤྲོ ད ་ གནང་བ་དང་། དྲི་བ་དྲིས་ལན་སྐབས་སྤྱི་འཐུས་ རྣམ་པས་ལན་འདེབས་གསལ་བཤད་དང་དགོངས་ འཆར་ཡང་གནང་འདུག སྤྱི་འཐུས་རྣམ་ སློབ་ཕྲུག་དང་སྤྱི་ཚོགས་ཞབས་ཞུ་བ། མང་གཙོ་ པའི་གཟིགས་སྐོར་གྱི་ལས་རིམ་ཁག་ཏུ་སྤྱི་འཐུས་ འབའ་བ་སྐལ་བཟང་ ཡར་ཐོན་ཚོགས་པའི་སྲི ད ་བྱུས་འགན་འཛིན་ རྒྱལ་མཚན་མཆོ ག ་ གཙོ ས ་ཆབ་སྲི ད ་མི ་ སྣ་སོ ག ས་ལས་རི ག ས་མང་ དང་། སྤྱི་འཐུས་ མཁན་པོ་ནོར་བུ་ཚེ་ རི ང ་ མ ཆོ ག ་ རྣ མ ་ གཉིས་ཀྱང་མཉམ་ ཞུགས་གནང་ཡོད་ པ་མ་ཟད། སྤྱི་འཐུས་ འབའ་བ་སྐལ་བཟང་ རྒྱ ་ མ ཚ ན ་ མ ཆོ ག ་ ནས་ལས་རིམ་ཁག་ གི ་ གསུང་སྒྱུར་ཡང་ གནང་བ་བཅས་ཀྱི ་ གནས་བསྡུས་སུ།

15


སྤྱི་འཐུས་ཕྱོགས་ཕེབས།

ཐཡེ་ལཎཌ་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོར་ཕེབས་པ། གླེང་ལྷུག་པོ་གནང་ཡོད་པ་རེད།

དེ ་ རྗེ ས ་སྤྱི ་ ལྷན་སྐུ་ཚབ་རྣམ་པ་ཁུལ་ དེར་རྟེན་གཞི་བྱས་པའི་ནང་དགོན་རྙིང་གྲས་ ཤིག་ཏུ་གནས་གཟིགས་དང་། དེ་གའི་སྤྱི་ ཚོགས་ཞབས་ཞུ་བ་དགེ་སློ ང ་སྐུ་ཞབས་ Win Mektropop མཆོག་མཇལ་ འཕྲད་ཀྱིས་ཁོང་གི་ཕྱག་ལས་རྒྱུས་ལོན་དང་། སྤྱི ་ ལྷན་ཚོ ག ས་གཞོ ན ་མཆོ ག ་ནས་ཁོ ང ་ལ་ ༸གོང་ས་མཆོག་གི་དགོངས་གཞི་དང་། བོད་ མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ བྱུས། རང་ལུས་མེར་བསྲེགས་ཀྱིས་མཚོན་ བོ ད ་ནང་གི ་ ད་ལྟའི ་ གནས་སྟངས་བཅས་ངོ ་ སྤྲོད་གནང་ཡོད་པ་རེད། སྐབས་དེར་སྤྱི་ འཐུས་རྣམ་པས་བོད་ནང་རྒྱའི་སྲིད་བྱུས་འོག་ ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན་ མུ་མཐུད་སྔར་ལྷག་རྒྱབ་སྐྱོ ར ་ཡོ ང ་བའི ་ ཞུ་སྐུལ་ བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་ གནང་ཡོད་པ་མ་ཟད། བོད་ཀྱི་གནད་དོན་སྤྱི་དང་། དད་སོགས་ཀྱི་རང་དབང་ཏིལ་འབྲུ་ཙམ་ཡང་མེད་ འཕེལ་མཆོག་གིས་དབུ་འཁྲིད་པའི་སྤྱི་འཐུས་རྒྱ་རི་ རྒྱ་གཞུང་གི ་ གདུག་རྩུབ་ཅན་གྱི ་ སྲི ད ་བྱུས་འོ ག ་ པར་སོང་། ཐཡེ་ལེཎཌ་ནི་ནང་པའི་རྒྱལ་ཁབ་ཞིག་ བུ་ཕྲུག་མཆོག་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་ བོད་མིའི་དཀའ་ངལ་བཅས་ཀྱི་ཐོག་ཕན་ཚུན་བགྲོ་ ཡིན་དུས་གནད་དོན་དེ་དག་ཐོག་དམིགས་བསལ་ མཆོག སྤྱི་འཐུས་རྨོག་རུ་བསྟན་པ་མཆོག་བཅས་ ལས་གྲུབ་པའི ་ སྤྱི ་ ལྷན་ཚོ ག ས་ཆུང་ནས་ཐེ ་ ཝན་ ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། དེ་ ཉིན་ཕྱི་དྲོ་ཐཡེ་ལེཎཌ་རྒྱལ་ས་སྦེང་ཀོག་ཏུ་འབྱོར་ བ་དང་། ཕྱི་ཚེས་ ༡༥ ཞོགས་པ་ཆུ་ཚོད་ ༡༠།༣༠ ཐོག་དེ་ཁུལ་སྙན་གྲགས་ཆེ་བའི་སྤྱི་ཚོགས་ཞབས་ ཞུ་བ་དང་། རྩོམ་པ་པོ། མང་གཙོའི་ལས་འགུལ་བ། ལོ་མང་རིང་བོད་པའི་གྲོགས་པོ་སྐུ་ཞབས་ཨར་ཇན་ སུ་ལཀ་སི་ཝ་རཤ་ (Arjan Sulak Sivaraksa) མཆོག་མཇལ་འཕྲད་དང་། སྐབས་དེར་ ཚོ ག ས་གཞོ ན ་མཆོ ག ་ནས་བོ ད ་ནང་གི ་ ད་ལྟའི ་ གནས་སྟངས་དང་། ༸གོང་ས་༸སྐྱབས་མགོན་ཆེན་ པོ་མཆོག་གི་མཛད་འཕྲིན། ཁུལ་དེར་སྤྱི་ལྷན་སྐུ་ ཚབ་ཚོ ག ས་ཆུང་བཅར་དགོ ས ་པའི ་ གནད་དོ ན ་ བཅས་ངོ་སྤྲོད་ཀྱིས་བོད་ཀྱི་དཀའ་རྙོག་མ་སེལ་བར་ 16


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

འགན་འཁུར་བཞེ ས ་གནང་ཡོ ང ་བའི ་ འབོ ད ་སྐུལ་ ཡང་ཞུས་གནང་ཡོད་པ་རེད། དེ་ནས་སྤྱི་ལྷན་སྐུ་ཚབ་ཀྱིས་ཁུལ་དེར་རྟེན་ གཞི་བྱས་པའི་ནང་ཆོས་གཙོ་གྱུར་སྲོལ་རྒྱུན་སློབ་ སྦྱོ ང ་ཐོ ག ་དམི ག ས་བསལ་འགན་འཁུར་བཞེ ས ་ མཁན་དགེ་སློང་ Phra Sangkom མཆོག་

དང་མཇལ་འཕྲད་ཀྱིས་གོང་བཞིན་བོད་དོན་ངོ་སྤྲོད་ དང་། ཁོང་གི་ཕྱག་ལས་རྒྱུས་ལོན་སོགས་གནང་ སྟེ། ཕན་ཚུན་གོ་བསྡུར་སྦྱང་བཤད་མཐིལ་ཕྱིན་ གནང་ཡོད་པ་རེད། ཕྱི་ཚེས་ ༡༦ ཉིན་ཞོགས་པ་ཆུ་ཚོད་

17

༡༠།༣༠ ནས་ཆུ་ཚོད་གཉིས་ལྷག་རིང་ཁུལ་དེར་ གནས་སྡོད་རྒྱ་རིགས་སྐུ་ཞབས་ Cheng Weimin ལགས་དང་སྤྱི་འཐུས་འབའ་བ་སྐལ་ བཟང་རྒྱལ་མཚན་ལགས་གཉིས་ཀྱིས་གཙོ་སྐྱོང་ འོག་དེ་ཁུལ་གནས་སྡོད་རྒྱ་རིགས་ཉི་ཤུ་ཙམ་གྱི་ ལྷན་བོད་དོན་ངོ་སྤྲོད་དང་ཕན་ཚུན་སྦྱང་བཤད་ཀྱི་ བཞུགས་མོ ལ ་ཚོ ག ས་འདུ་ཞི ག ་ཚོ ག ས་ཡོ ད ་པ་ དང་། སྐུ་ཞབས་ Cheng Weimin ལགས་ ནས་སྤྱི་ལྷན་ཚོགས་གཞོན་མཆོག་དང་སྤྱི་འཐུས་ རྣམ་པར་ཕེ བ ས་བསུ་དང་ཚོ ག ས་འདུའི ་ ངོ ་ སྤྲོ ད ་ གནང་ཡོད་པ་རེད། དེ་ནས་ཚོགས་གཞོན་མཁན་ པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཚོགས་ བཅར་བ་ཡོངས་ལ་འཚམས་འདྲི་དང་། ༸གོང་ས་ མཆོ ག ་གི ་ རྒྱ་རི ག ས་ལ་འཛི ན ་པའི ་ ཐུགས་བརྩེ ། བོད་ནང་ད་ལྟའི་གནས་སྟངས། བོད་རྒྱའི་དཀའ་རྙོག དབུ་མའི་ལམ་གྱི་སྲིད་བྱུས་བཅས་ངོ་སྤྲོད་མཐིལ་ ཕྱིན་གནང་ཡོད་པ་རེད། དེ་ནས་སྤྱི་འཐུས་རྣམ་པ་ དང་། ཚོགས་བཅར་བ་རྒྱ་རིགས་ཕན་ཚུན་དབར་ བོད་རྒྱའི་གནད་དོན་ཐོག་བགྲོ་གླེང་ལྷུག་པོ་གནང་ ཡོད་པ་རེད། སྐབས་དེ ར ་རྒྱ་རི ག ས་རྣམས་ནས་༸གོ ང ་


སྤྱི་འཐུས་ཕྱོགས་ཕེབས། ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ལ་དད་གུས་ དང་། བོད་མིའི་བདེན་པའི་འཐབ་རྩོད་ལ་ཡིད་ཆེས་ དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་ཚོར་བ་ ཡང་ཤུགས་ཆེ་བསྟན་གནང་ཡོད། དེ་ནས་སྤྱི་ལྷན་ཚོགས་གཞོན་མཆོག་ནས་

རྟགས་བཞེས་མཁན་རྒྱ་རིགས་ལིའུ་ཞའོ་པོ་ གཟེ ང ས་རྟགས་བཞེ ས ་སུ་བཅར་ཐུབ་མེ ད ་པའི ་ ཁར། ད་ལྟའང་རྒྱའི་བཙོན་ཁང་ནང་དཀའ་སྡུག་ མྱང་བཞིན་པའི་གནས་སྟངས་ནི་རྒྱ་ནག་ནང་འགྲོ་ བ་མིའི་ཐོབ་ཐང་རྡོག་རོལབཏང་དང་གཏོང་བཞིན་

འགོད་པ་ཟུར་པ། ཚོང་པ། ཡེ་ཤུའི་ཆོས་པ་བཅས་ ཕྱི་སྡོད་རྒྱ་རིགས་བཅས་ཁྱོན་ ༢༠ ཙམ་ནས་ མཉམ་ཞུགས་གནང་ཡོད་པ་དང་། ཕན་ཚུན་གནས་ ཚུལ་སྦྱང་བཤད་གོ་བསྡུར་བྱེད་རྒྱུར་ཕན་ཐོགས་ ཆེན་པོ་བྱུང་ཡོད་པ་རེད།

མཇུག་བསྡུའི་གསུང་བཤད་གནང་སྐབས་ཚོགས་ འདུ་གོ་སྒྲིག་གནང་མཁན་དང་ཚོགས་འདུར་ཕེབས་ པའི ་ རྒྱ་རི ག ས་རྣམས་ལ་ཐུགས་རྗེ ་ ཆེ ་ ཞུ་དང་། སླད་མར་མུ་མཐུད་འདི་ལྟ་བུའི་ཚོགས་འདུའི་ལམ་ ནས་བོད་དོན་དྲིལ་བསྒྲགས་གནང་དགོས་པའི་རེ་ འདུན་ཡང་བཏོན་གནང་ཡོད་པ་མ་ཟད། དེ་ནས་ འདི་ལོ་རྒྱ་གར་བ་སྐུ་ཞབས་ Kailash Satyathi མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ ཐོ བ ་སྐབས་དངོ ས ་སུ་གཟེ ང ས་རྟགས་བཞེ ས ་སུ་ བཅར་ཐུབ་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ལོའི་གཟེངས་

པའི་དཔེ་མཚོན་ཡིན་པ་སོགས་ངོ་སྤྲོད་གནང་ཡོད་ པ་རེད། ཚོགས་འདུའི་མཐའ་བསྡོམས་སུ་རྒྱ་རིགས་ སྐུ་ཞབས་ Cheng Weimin ལགས་ནས་ད་ རེས་འདི་ལྟ་བུའི་ཚོགས་འདུའི་ལམ་ནས་བོད་མིའི་ དཀའ་སྡུག་ཐོ ག ་སྦྱང་བཤད་དང་གདུང་སེ མ ས་ མཉམ་བསྐྱེད་བྱེད་རྒྱུའི་གོ་སྐབས་ཐོབ་པར་དགའ་ ཚོར་གྱི་རྣམ་པ་ཤུགས་ཆེ་བཏོན་གནང་ཡོད། ད་ རེས་ཀྱི་ཚོགས་འདུའི་ནང་རྒྱ་རིགས་དགེ་རྒན་དང་། ཁྲིམས་དཔོན་ཟུར་པ། སློབ་གཉེར་བ། གསར་

མདོ ར ་ན་ད་རེ ས ་སྤྱི ་ ལྷན་སྐུ་ཚབ་ཚོ ག ས་ ཆུང་ནས་བདུན་ཕྲག་གཅིག་ལྷག་རིང་ཐེ་ཝན་དང་། ཐཡེ་ལེཎཌ་རྒྱལ་ཁབ་གཉིས་ནང་གཞུང་དོན་ ཕྱོ ག ས་ཕེ བ ས་ཀྱི ས ་བོ ད ་དོ ན ་ཞུ་སྐུལ་གྱི ་ མཛད་ རིམ་ཁག་ལེགས་པར་ཟིན་ཏེ་ཕྱི་ཚེས་ ༡༦ ཕྱི་དྲོ་ རྒྱ་གར་ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་བཅས་ ཀྱི་གནས་བསྡུས་སུ།

18


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ་ཕྱག་བཏབ་ནས་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་རྗེས་དྲན་སྲུང་བརྩིར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་གདན་ཞུས་ལྟར་ཆེད་ ཕེབས་གནང་བ།

ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༦ ཉིན་རྒྱ་གར་ བྱང་ཕྱོགས་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ སུ་རྟེན་གཞི ་ བྱས་པའི ་ འཕགས་ཡུལ་སྨིན་གྲོ ལ ་ གླིང་དགོན་པ་ཕྱག་བཏབ་ནས་ལོ་ངོ་ ༥༠ ཧྲིལ་པོ་ འཁོར་བའི་རྗེས་དྲན་དང་འབྲེལ་འཛམ་གླིང་ཞི་བདེ་ ཡོང་བ་དང་བོད་མིའི ་ བདེ ན ་དོན་ཆེ ད ་ཚོགས་ མཆོད་གནང་ཡོད་པ་རེད། དེ་ཡང་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ ཚོད་ ༩ དང་ཕྱེད་ཀའི་ཐོག་སྐུ་མགྲོན་ རྣམས་མཛད་སྒོ ར ་ལྷན་འཛོ མ ས་ཐོ ག ་ རྙིང་མའི་དབུ་བླ་སྟག་ལུང་རྩེ་སྤྲུལ་རིན་ པོ་ཆེ་མཆོག་གིས་སྣང་གསལ་ཞལ་ཕྱེ་ གནང་སྟེ ་ མཛད་སྒོ ་ དབུ་འབྱེ ད ་གནང་ གྲུབ་མཚམས་རྟེན་འབྲེ ལ ་མཚོ ན ་ཆེ ད ་ གར་འཆམ་དང་། ཆོས་རྒྱལ་གཏེར་ བདག་གླི ང ་པའི་རྗེ ས ་འཛིན་གསོལ་

འདེབས་གསུང་འདོན་གནང་། སུ་ཇ་བོད་ཁྱིམ་གྱི་ སློ བ ་ཕྲུག་ཁག་གཅིག་གིས་བཀྲ་ཤིས་ཞོལ་པ་ འཁྲབ་སྟོན་ཞུས། སྐབས་དེར་སྐུ་མགྲོན་གཙོ་བོ་སྔ་ འགྱུར་རྙི ང ་མ་པའི ་ དབུ་འཛི ན ་༧སྐྱབས་རྗེ ་ སྟག་ ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཕོ་ བྲང་གི་སྐུ་ཚབ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་

19

ཆེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་ འཕེལ་མཆོག ཆོས་རིག་བཀའ་བློན་པདྨ་ཆོས་ འབྱོར་མཆོག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ མཆོག གཞན་ཡང་གནད་ཡོད་གྱི་མི་སྣ་ཁག དགོན་སྡེ་དང་བླ་སྤྲུལ་ཁག་གི་སྐུ་ཚབ་པ་དང་སེར་ སྐྱ་མི་མང་ཁྱོན་ཆེ་མཛད་སྒོར་མཉམ་ ཞུགས་ཡོད་པ་རེད། ཕྱི་རྒྱལ་ཡུལ་ གྲུ་དུ་མ་ཞིག་ནས་དད་ལྡན་སྦྱི ན ་ བདག་དང་ཞལ་སློ བ ་བཅས་གང་ མང་ཞིག་སྐུ་མགྲོན་དུ་ཕེབས་ཡོད། དེ་རྗེས་མཁོ་ཁྱིམ་རིན་པོ་ཆེ་ མཆོག་གིས་འཕགས་ཡུལ་འོག་ མི ན ་སྨིན་གྲོ ལ ་གླི ང ་དགོ ན ་པ་ཕྱག་ བཏབ་ནས་ལོ་ ༥༠ འཁོར་བའི་ མཛད་སྒོ་ངོ་སྤྲོད་དང་། སྨིན་གླིང་


སྤྱི་འཐུས་ཕྱོགས་ཕེབས།

མཁན་ཆེ ན ་རི ན ་པོ ་ ཆེ ་ མཆོ ག ་དང་ཨུ་ཏྟར་ཁཎྜ་ མངའ་སྡེའི་བློན་ཆེན་སྐུ་ཞབས་ (shri Dinesh Agarwal) མཆོག་གིས་དུས་དྲན་དང་འབྲེལ་ བའི་གསུང་བཤད་གནང་། དེ་རྗེས་མི་ལོ་ ༥༠ འཁོར་བའི་དུས་དྲན་ངོ་སྤྲོད་གནང་བ་མ་ཟད། སྨིན་

ནམས་བསྟན་འཕེ ལ ་མཆོ ག ་གི ས ་ཀྱང་དུས་དྲན་ དང་འབྲེལ་བའི་གསུང་བཤད་གནང་། དེ ་ རྗེ ས ་བོ ད ་མི འི ་ སྒྲི ག ་འཛུགས་ནང་སྲི ད ་ བཀའ་བློ ན ་རྒྱ་རི ་ སྒྲོ ལ ་མ་མཆོ ག ་དང་ཆོ ས ་རི ག ་ བཀའ་བློ ན ་པདྨ་ཆོ ས ་འབྱོ ར ་མཆོ ག ་གི ས ་གསུང་ བཤད་གནང་རྗེས་བོད་མི་མང་སྤྱི་འཐུས་ཚོགས་ གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་ནང་ ཡོད་པའི་བོད་མི་རྣམས་མཐུན་སྒྲིལ་ཡག་པོ་དགོས་ སྐོར་དང་། དགོན་པའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ ཕྱག་ལས་ཡག་པོ་གནང་སྟེ་ཧ་ཅང་ཡག་པོ་ཡོད་པ་ དེར་བསྔགས་བརྗོད་ཡོད་སྐོར་སོགས་ཀྱི་གསུང་ བཤད་གནང་། དེ་ནས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ མཆོག་གིས་༸གོང་ས་མཆོག་གི་བཀའ་དྲིན་ཉག་ གཅིག་ལ་བརྟེན་ནས་དེང་སྐབས་སངས་རྒྱས་ཀྱི་ བསྟན་པ་འཛིན་སྐྱོང་སྤེལ་གསུམ་གང་ལེགས་ཡོང་ གླིང་ཁྲི་ཆེན་དབུས་པའི་རྩེ་སྤྲུལ་རིན་པོ་ཆེ་མཆོག་ སྐོར་དང་། ད་དུང་མགོན་པོ་གང་གི་བཀའ་སློབ་ དང་། མཁོ་ཁྱིམ་རིན་པོ་མཆོག་བཅས་ཀྱི་མཛད་ ལམ་སྟོན་བཞིན་ཚང་མས་བཀའ་བརྩི་ཧུར་བསྐྱེད་ རྗེ ས ་ལ་བཀའ་དྲིན་རྗེ ས ་དྲན་ཞུ་དགོ ས ་ལུགས་ གནང་དགོས་པའི་བཀའ་སློབ་ཟབ་རྒྱས་སྩལ་ཡོད་ སོགས་ཀྱི་གསུང་བཤད་ཁག་གནང་ནས་བོད་མི་ པ་བཅས་ཀྱི་གནས་བསྡུས་སུ། མང་སྤྱི ་ འཐུས་ཚོ ག ས་གཞོ ན ་མཁན་པོ ་ བསོ ད ་

20


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་རྣམ་གཉིས་སུད་ཚོང་ས་ཁུལ་ཁག་ཅིག་ཏུ་གཞུང་འབྲེལ་གཟིགས་ ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ ནས་ ༢༠༡༥ ཟླ་༡ ཚེས་ ༡༣ བར་བོད་མི་མང་སྤྱི་ འཐུས་པདྨ་འབྱུང་གནས་མཆོག་དང་སྤྱི་འཐུས་ཟླ་ བ་ཚེ་རིང་མཆོག་རྣམ་གཉིས་སྤྱི་ལྷན་གྱིས་ས་ཁུལ་ ཁག་བགོས་ལྟར་སུད་ཚོང་ས་ཁུལ་ཁག་ ༨ ཙམ་ལ་

ཞིབ་ཏུ་ཕེབས་པ།

ཀ་ཏ་ནས་ཨ་སན་སོལ་ལ་ཐོན། ཨ་སན་སོལ་དུ་ འཐུས་མི་ལྔ་དང་ལྷན་ལས་འཆར་སྐོར་གོ་བསྡུར་ ཞུས། དེ་རྗེས་བོད་མིའི་ཁྲོམ་སར་གཟིགས་སྐོར་དུ་ ཕེབས། ཕྱི་ཚེས་ ༢༨ ཉིན་ས་གནས་དེ་གའི་མི་མང་ ༦༠ ཙམ་ལ་བོད་དོན་སོགས་གང་ཅིའི་གསུང་

ཕྱོགས་ཕེབས་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ ཕྱི་དྲོ་དྷ་རམ་ཤཱ་ལ་ནས་ལྡི་ལིར་ ཐོན་ཡོད་པ་དང་། ཕྱི་ཚེས་ ༢༣ ཕྱི་དྲོ་ཆུ་ཚོད་ ༤་ ༤༥ ཐོག་མེ་འཁོར་འཐོན་རྒྱུ་རེད་འདུག་ཀྱང་། དུས་ཚོ ད ་ཕར་འགྱངས་ཐེ ང ས་གཉི ས ་ཙམ་རྗེ ས ་ ཚེས་ ༢༤ མཚན་གྱི་ཆུ་ཚོད་ ༡ ལ་མ་གཏོགས་ ཐོན་མ་ཐུབ་པས་ཕྱི་ཚེས་ ༢༥ མཚན་མོ་ཆུ་ཚོད་ དང་པོ་ལ་ཀོལ་ཀ་ཏར་འབྱོར། ཀོལ་ཀ་ཏ་རུ་སུད་ ཚོང་འཐུས་མི་བཞི་ཡིས་མཇལ་དར་དང་བཅས་ ཕེབས་བསུ་ཞུས་ཡོད་འདུག ཕྱི་ཚེས་ ༢༦ ཉིན་ ཀོལ་ཀ་ཏར་སུད་ཚོང་མི་མང་ ༣༠ ལ་གསུང་ བཤད་གནང། ཚེས་ ༢༧ ཞོགས་པ་ཆུ་ཚོད་ ༩ པར་ཀོལ་ 21

བཤད་དང་དྲི་བ་དྲིས་ལན་གནང། ཚེས་ ༢༩ ཞོགས་པ་ཆུ་ཚོད་ ༡༠ པའི་ཐོག་ དཱན་བད་ལ་ཐོན་པར་དེར་ཆུ་ཚོད་ ༡༢ ཙམ་ལ་ འབྱོར། ལྷ་ས་ཁྲོམ་སའི་མི་འཐུས་གསུམ་ནས་ ཕེབས་བསུ་ཞུས། ཚེས་ ༢༩ ཉིན་སུད་ཚོང་མི་མང་ ༡༩ ཙམ་ལ་གོང་བཞིན་གསུང་བཤད་གནང་། ཚེས་ ༣༠ ཞོགས་པ་ཆུ་ཚོད་ ༨ པའི་ཐོག་དཱན་བད་ ལྷ་ས་སུད་ཚོང་བ་ ༧༠ ལ་གསུང་བཤད་དང་དྲི་བ་ ཁག་ལ་ལན་འདེབས་གནང་། ཚེས་ ༣༡ ཞོགས་པ་ཆུ་ཚོད་ ༦ པའི་ཐོག་ དཱན་བད་ནས་པུ་རོ་ལི་ཡ་བརྒྱུད་ཀྲ་ཀྲ་ན་གྷར་ལ་ ཐོན་པར། པུ་རོ་ལི་ཡར་ཞོགས་པ་ཆུ་ཚོད་ ༧་༣༠ ཙམ་ལ་འབྱོར་བས། དེ་གའི་འཐུས་མི་གཉིས་ནས་ ཕེབས་བསུ་ཞུས་པ་དང། དེར་གཟིགས་སྐོར་འཁྱུག་ ཙམ་ཕེབས་རྗེས་ཀྲ་ཀྲ་ན་གྷར་ལ་རྡོག་ཐོན་བགྱིས་ པར། ཀྲ་ཀྲ་ན་གྷར་འཐུས་མི་གསུམ་ནས་ཕེབས་ བསུ་ཞུས་ཡོད། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་ གསར་ཚེས་ཀྱི་ཞོགས་པ་ས་གནས་དེ་གའི་མི་མང་


སྤྱི་འཐུས་ཕྱོགས་ཕེབས། ༧༥ ཚོགས་འཛོམས་ཐོག་གོང་བཞིན་གསུང་ བཤད་དང་དྲི་བ་ཁག་ལ་ལན་འདེ བ ས་གསལ་ བཤད་གནང་ཡོད། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢ ཉིན་སྤྱི་ འཐུས་པདྨ་འབྱུང་གནས་མཆོག་ཀྲ་ཀྲ་ན་གྷར་ནས་ རན་ཅི་ལ་ཐོན་པ་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ མཆོ ག ་སྦེ ང ་ལོ ར ་ནས་གནམ་ཐོ ག ་བརྒྱུད་རན་ཅི ་ མགྲོན་ཁང་དུ་ས་གནས་དེ་གའི་འཐུས་མི་གསུམ་ ནས་རྣམ་པ་གཉིས་ལ་ཕེབས་བསུ་སྣེ་ལེན་གཟབ་

སྟངས་རྟོག་ཞིབ་ཞུས་ཡོད་པ་དང་། གོང་མཚུངས་ ས་བགོས་ཁོངས་མེད་པ་ཧཱ་ཛ་རི་སྦག་ཏུའང་བཀག་ པར་དེ ་ གའི ་ འཐུས་མི ་ དང་མི ་ མང་བཅས་གྲལ་ བསྟར་གྱིས་ལག་ཏུ་མཇལ་དར་ཐོགས་ཏེ་ཕེབས་ བསུ་ཞུས་ཡོད་འདུག དེ་ནས་གནས་མཆོག་རྡོ་རྗེ་ གདན་དུ་རྡོག་ཐོན་གནང་སྟེ། ཕྱི་དྲོ་ཆུ་ཚོད་ ༣་༣༠ ཙམ་ལ་འབྱོར། ཚེས་ ༦ ཉིན་མི་མང་གྲངས་ ༢༧ ཙམ་ལ་གསུང་བཤད་གནང་བ་དང་། ཚེས་ ༨ ཉིན་སྔ་དྲོ་པཊ་ནར་ཐོན་པར་དེར་

རྒྱས་ཞུས། ཚེས་ ༣ ཉིན་ས་གནས་སུད་ཚོང་བ་ རྣམས་ལ་གསུང་བཤད་དང། དྲི་བ་ཁག་ལ་སྐབས་ ཐོག་སོ་སོར་ལན་འདེབས་གནང་། ཚེས་ ༤ ཞོགས་པ་ཆུ་ཚོད་ ༨ པའི་ཐོག་སྤྱི་ འཐུས་ས་བགོས་གང་གི་ཡང་ཁྱབ་ཁོངས་སུ་མེད་ པའི ་ ལམ་བར་དུ་འཁེ ལ ་གྱི ་ ཡོ ད ་པ་རམ་སྒར་ལ་ འཁྱུག་ཙམ་ཕེབས་འཁོར་བཀག་ནས་གནས་

ཆུ་ཚོད་ ༡་༣༠ ཙམ་ལ་འབྱོར་བར་དེ་གའི་འཐུས་ བླངས་དཔྱ་ཁྲལ་བཟོ་ཕྱོགས་སོགས་ཀྱི་གནད་དོན་ མི་གཉིས་ནས་ཕེབས་བསུ་ཞུས། ཚེས་ ༩ ཉིན་ ཐད་ཞུ་སྐུལ་བྱུང་བ་རྣམས་ལ་གཟིགས་ཞིབ་གནང་ ཚོགས་འདུ་འགོ་འཛུགས་དང་སྦྲགས། མི་མང་ ༧༠ སྟེ་ཕྱོགས་ཕེབས་ལས་དོན་ལེགས་གྲུབ་ཡོད་པའི་ ཙམ་ལ་གོང་བཞིན་གསུང་བཤད་དང། དྲི་བ་ཁག་ གནས་བསྡུས་སུ། ལ་ལན་འདེབས་གནང་། ཚེས་ ༡༡ ཕྱི་དྲོ་མེ་འཁོར་བརྒྱུད་ལྡི་ལིར་ ཐོན་པར་ཆུ་ཚོད་ ༥ ཙམ་རྗེས་ལུས་ཀྱིས་དེར་ཆུ་ 22

ཚོད་ ༣་༡༥ ཙམ་ལ་འབྱོར་སོང་བས་ཐད་ཀར་ བསམ་ཡས་གླིང་མགྲོན་ཁང་དུ་ཐོན། ཚེས་ ༡༢ ཉིན་ལྡི་ལི་ནས་རྡ་སར་ལས་ཁུངས་ཀྱི་སྣུམ་འཁོར་ བརྒྱུད་ཕྱིར་ཕེབས་ཐོན་གནང་ནས། ཕྱི་ཟླ་ ༡ ཚེས་ ༡༣ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད། ད་ ཐེ ང ས་སྤྱི ་ འཐུས་རྣམ་གཉི ས ་ཕྱོ ག ས་ཕེ བ ས་དུས་ ཡུན་དེའི་རིང་སུད་ཚོང་བའི་ཁྲོམ་གྱི་གནས་སྟངས་ སྤྱི་དང་། ཚོང་ཁྲལ་སྐོར། ཁོང་ཚོར་ནང་ལྷན་ནས་ བོགས་ལེན་བརྒྱུད་ཁྲོམ་ས་གསར་གཏོད། དང་


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང་། སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་ས་བགོས་གྷོ་རག་པུར་བོད་མིའི་སུད་ ཚོང་སྐྱིད་སྡུག་དང་། ཝཱ་ར་ཎ་སིའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ཝཱ་ར་ཎ་སིའི་སུད་ཚོང་སྐྱིད་སྡུག་བཅས་ལ་ཕྱོགས་ ཕེབས་གནང་བ།

དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༦ ཉིན་ གྱི་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ཁོང་རྣམ་གཉིས་ བཞུགས་སྒར་རྡ་ས་ནས་ཐོན་ཏེ་ཕྱི་ཚེས་ ༧ ཉིན་གྱི་ ཞོགས་པར་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་ འབྱོར། ཉིན་དེར་གྷོ་རག་པུར་ས་གནས་བོད་མིའི་ སུད་ཚོང་སྐྱིད་སྡུག་གི་འཐུས་མི་ངག་དབང་བསྟན་ འཛིན་ལགས་དང་། ཝཱ་ར་ཎ་སིའི་གཙུག་ལག་སློབ་ གཉེར་ཁང་གི་འབྲེལ་མཐུད་པའམ། རང་བདེན་ ཚོགས་ཆུང་གི ་ ཚོགས་གཙོ་དགེ ་ རྒན་ཆེ ན ་མོ་ བྱམས་པ་བསམ་གཏན། ཝཱ་ར་ཎ་སིའི་སུད་ཚོང་ སྐྱི ད ་སྡུག་གི་འཐུས་མི་དཀོན་མཆོག་ཚེ་རིང་ བཅས་ལ་སྔོན་ཚུད་ཁ་པར་བརྒྱུད་ཕྱོགས་བསྐྱོད་ སྐབས་ཀྱི ་ ཉིན་རེའི་ལས་རིམ་བཟོ་འགོད་ཐད་ བཀོད་མངགས་དང་། ལམ་ཁའི་འགྲུལ་བཞུད་ གནས་སྟངས་སོགས་ཕན་ཚུན་རྒྱུས་ལོན་ཞུས། དེ་ རྗེས་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་མེ་འཁོར་ནས་ཐོན་ དགོས་ནའང་། དུས་ཚོད་ཕར་འགྱངས་ཀྱིས་མཚན་

གུང་ཆུ་ཚོད་ ༡༢།༢༠ བར་བསྒུགས་ནས་ཕྱི་ཚེས་ ༨ ཉིན་གྱི་ཕྱི་དྲོ་གྷོ་རག་པུར་བོད་མིའི་སུད་ཚོང་ སྐྱི ད ་སྡུག་གི ་ འཐུས་མི ས ་ཕེ བ ས་བསུ་ཞུ་སར་ འབྱོར། ཚེས་ ༩ ཉིན་སྤྱི་འཐུས་རྣམ་གཉིས་ནས་ གཙོ ་ བོ ་ ས་བགོ ས ་ཕྱོ ག ས་བསྐྱོ ད ་དུ་ཡོ ང ་དགོ ས ་ པའི་རྒྱུ་མཚན་དང་། ༸གོང་ས་མཆོག་གི་བཀའ་ དྲིན་རྗེ ས ་སུ་དྲན་པའི ་ ཐོ ག ་ནས་བཙན་བྱོ ལ ་བོ ད ་ མིའི་སྒྲིག་འཛུགས་ལ་དོ་ཁུར་བྱ་དགོས་པའི་གལ་ གནད་སྐོར། མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་ དང་མི་རིགས་ཀྱི་སྙིང་སྟོབས་ཉམས་མེད་དུ་གནས་ དགོས་སྐོར། བོད་ནང་གི་ད་ལྟའི་ཛ་དྲག་གནས་ སྟངས་དང་གཞིས་བཞུགས་བོད་མི​ིའི་སྙིང་སྟོབས། རྒྱ་ནག་གི་སྲིད་བྱུས་འཕེལ་འགྲིབ། དེ་བཞིན་བོད་ ཀྱི ་ བདེ ན ་མཐའ་གསལ་བར་བཙན་བྱོ ལ ་བོ ད ་མི ་ རྣམས་ནས་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱ་རྒྱུའི་ གནད་དོན་ཁག ནང་ཁུལ་མཐུན་ལམ་རྡོག་རྩ་ 23

གཅིག་བསྒྲིལ་བྱ་གལ་སོགས་ དང་། དེ་མིན་རྒྱ་གར་ཡུལ་མི་ དང་རང་རེའི་མི་མང་བར་ མཐུན་ལམ་དགོས་གནད། རྒྱ་ གར་གཞུང་གིས་བོད་འབྲེལ་ སྲིད་བྱུས་འཛིན་སྟངས། མི་ རི ག ས་ཀྱི ་ མ་འོ ང ས་སོ ན ་རྩ་ བུ་ཕྲུག་གསོ ་ སྐྱོ ང ་དང་སློ བ ་ སྦྱོང་སྤྲོད་སྟངས། དེ་བཞིན་ བཙན་བྱོ ལ ་སྤྱི ་ ཚོ ག ས་ཁྲོ ད ་ གནས་པའི ་ གནད་དོ ན ་གལ་ གནད་ཆེ་ཁག་གི་ཐོག་གསུང་ བཤད་ཟབ་རྒྱས་གནང་། ཚེས་ ༡༠ ཉིན་ཝཱ་ར་ ཎ་སཱིའི་དབུས་བོད་ཀྱི་གཙུག་ ལག་སློབ་གཉེར་ཁང་གི་ཉེ་འཁྲིས་སུ་བཞུགས་པའི་ གནས་ཆེ ན ་ས་ར་ན་ཐའི ་ མཆོ ད ་རྟེན་ལ་གནས་ མཇལ་དང་། ཉིན་རྒྱབ་རང་བདེན་ཚོགས་ཆུང་གི་ ཚོགས་གཙོ་བྱམས་པ་བསམ་གཏན་ལགས་དང་། བོད་མི་མང་སྤྱི་འཐུས་རྣམ་དག་གཙུག་ཕུད་མཆོག་ རྣམ་གཉི ས ་མཉམ་ཝཱ་ར་ཎ་སཱའི ་ དབུས་བོ ད ་ཀྱི ་ གཙུག་ལག་སློབ་གཉེ ར ་ཁང་གི ་ དཔེ ་ མཛོ ད ་དང་། འཛིན་ཁང་། སློབ་ཕྲུག་གི་ཉལ་ཁང་། སློབ་གྲྭའི་རྩེད་ ཐང་། ཚོགས་ཁང་། དགེ་རྒན་གྱི་ལས་ཁང་བཅས་ སློབ་གྲྭའི་སྤྱིའི་ཁོར་ཡུག་སོགས་ལ་གཟིགས་སྐོར་ གནང་། ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་དགེ་ལུགས་ དགོན་པའམ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ དགེ་རྩ་ཚོགས་པས་ཕེབས་བསུ་འཚམས་འདྲི་དང་ ཞལ་ལག་གོ་སྒྲིག་ལྟར་སྤྱི་འཐུས་གསུམ་དང་། རང་ ཚོགས་ཚོགས་གཙོ། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ ཆེན་མོའི་འབྲེལ་ཡོད་མི་སྣ་བཅས་མཉམ་འཛོམས་ ཐོ ག ་བསམ་ཚུལ་ཁག་ལ་ལན་འདེ བ ས་དང་ལམ་


སྤྱི་འཐུས་ཕྱོགས་ཕེབས། སྟོ ན ་ ལེ ག ས ་ པ ར ་ གནང་། ཚེས་ ༡༡ ཉི ན ་ ཝཱ ་ ར ་ ཎ ་ སི འི ་ དབུས་བོད་ཀྱི་གཙུག་ ལག་སློབ་གཉེར་ཁང་ གི་དགེ་རྒན་རྣམ་པ་ དང་། འཛིན་གྲྭ་གོང་ འོ ག ་ གི ་ སློ བ ་ ཕྲུ ག ་ བཅས་ཁྱོན་མི་གྲངས་ ༡༠༠ ལྷག་འདུ་ འཛོམས་ཐོག་མི་མང་ ཚོ ག ས ་ འ དུ ་ སྐོ ང ་ འཚོ ག ས་གནང་བར། སྤྱི ་ འཐུས་རྒྱ་རི ག ས་ ཐར་མཆོག་ནས་ཝཱར་ ཎ་གཙུག་ལག་སློ བ ་ གཉེར་ཁང་གི་གལ་ ཆེན་རང་བཞིན་དང་། རང་བདེན་ཚོགས་ཆུང་གི་ བྱུང་རིམ། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་ རིམ་མདོར་བསྡུས་ཐོག ༸གོང་ས་མཆོག་གི་བཀའ་ དྲིན་དང་མཛད་རྗེ ས ་ངོ ་ སྤྲོ ད ་སོ ག ས་གནང་ཞི ང ་། སློབ་ཕྲུག་རྣམས་ནས་དྲི་བ་དྲིས་ལན་ཐོག་བགྲོ་གླེང་ ལྷུག་པོར་གནང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་ནས་ཝཱ་ ར་ཎ་སཱི འི ་ གཙུག་ལག་སློ བ ་གཉེ ར ་ཁང་ནས་ཐོ ན ་ པའི་སློབ་ཕྲུག་མང་པོ་ཞིག་བཙན་བྱོལ་བོད་མིའི་སྤྱི་ ཚོ ག ས་ཐོ ག ་ཞབས་ཞུ་གང་ལེ ག ས་གནང་མཁན་ ཡིན་པ་དང་། སློབ་གྲྭ་འདི་ཉིད་ནི་རང་རེའི་བོད་པ་ ཙམ་མ་ཡི ན ་པར་ཧི ་ མ་ལ་ཡའི ་ རི ་ རྒྱུད་ཀྱི ་ རི ག ་ གཞུང་སྲུང་སྐྱོབ་བྱ་སའི་བསྟི་གནས་ཤིག་ཡིན་པ་ སོགས་སློ བ་གྲྭའི་མཛད་རྗེས་ལ་བསྔགས་བརྗོད ། མ་འོངས་བོད་ཀྱི་བདེན་མཐའ་གསལ་ཆེད་འཐབ་ རྩོད་ནང་མཉམ་ཞུགས་བྱ་དགོས་གལ། རྒྱ་དཀར་ ནག་སོ་སོས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བཙན་བྱོལ་ནང་དུ་གནས་པའི་གནད་དོན་ཁག་ཅིག་

གལ་གནད་དུ་བཟུང་སྟེ་གསུང་བཤད་གནང་རྗེས་ སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་རྒྱས་པར་ གནང་། ཉིན་རྒྱབ་ས་གནས་དེར་ཡོད་ཀྱི་དགོན་སྡེ་ ཁག་གསུམ་ལ་གཟིགས་སྐོར་གྲུབ་མཚམས་ཝཱ་ར་ ཎ་སཱི འི་བོད་མིའི་སུད་ཚོང་སྐྱི ད ་སྡུག་ཏུ་རང་ ཚོགས་ཚོགས་གཙོའི་ཕེབས་རོགས་འོག་མི་མང་ ཆ་ཚང་འདུ་འཛོ མ ས་ཐོ ག ་སྤྱི ་ འཐུས་གཉི ས ་ནས་ གོང་མཚུངས་བརྗོད་དོན་ཐོག་གསུང་བཤད་དང་། བསམ་ཚུལ་བརྗེ་ལེན། ཚོང་ཁང་གྲངས་ ༤༨ ལ་ གཟིགས་སྐོར་དང་། འབྲེལ་ཡོད་རྣམས་དང་མཉམ་ དུ་སྐྱི ད ་སྡུག་ཚོ ག ས་པ་དེ འི ་ གནས་སྟངས་རྒྱུས་ ལོན་གྱིས་དཀའ་སེལ་མཇུག་སྐྱོང་དགོས་རིགས་ དང་། ཐག་གཅོད་ལམ་སྟོན་བཅས་གནང་། ཉིན་དེའི་དགོང་དྲོར་ཀོལ་ཀ་ཏ་ནས་ཝཱ་ར་ཎ་ སཱི་བརྒྱུད་ལྡི་ལིར་བསྐྱོད་མཁན་གྱི་མེ་འཁོར་འཛིན་ བྱང་ཉོས་ཡོད་ཀྱང་། གོང་མཚུངས་ལྟར་གནམ་ གཤིས་ཀྱི་རྐྱེན་པས་དུས་ཚོད་ཕར་འགྱངས་ཀྱིས་ ཚེས་ ༡༢ ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་ 24

དུ་འབྱོར། ཕྱི་ཚེས་ ༡༣ ཉིན་བོད་ཀྱི་འགྲིམ་འགྲུལ་ ཁང་དུ་ཐེངས་འདིའི་ས་བགོས་ཕྱོ ག ས་བསྐྱོ ད ་ སྐབས་ཀྱི ་ ཕར་འགྲོ ་ ཚུར་འོ ང ་གི ་ འགྲི མ ་འགྲུལ་ འཛིན་བྱང་སོགས་ལ་རྩིས་རྒྱག་དང་། ཕྱི་དྲོ་ཆུ་ ཚོད་ ༦།༣༠ ཐོག་ལྡི་ལི་ནས་རྡ་སར་ལམ་ཐོན་ གྱིས་ཕྱི་ཚེས་ ༡༤ ཞོགས་པར་སྤྱི་འཐུས་རྣམ་པ་ གཉིས་ལས་གནས་ཐོག་ལས་ཁུངས་སུ་ལས་བཅར་ གནང་ཡོད། ཐེངས་འདིའི་ཕྱོགས་བསྐྱོད་སྐབས་གྷོ་རག་ པུར་བོད་མིའི་སུད་ཚོང་སྐྱིད་སྡུག་ནས་མགྲོན་ཁང་ དང་། གྷོ་རག་པུར་ནས་ཝཱ་ར་ཎ་སཱིའི་བར་གྱི་མེ་ འཁོར་གླ་གཏོང་གནང་དང་། དེ་བཞིན་ཝཱ་ར་ཎ་སཱིའི་ དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་ མགྲོ ན ་ཁང་གླ་སུད་ཚོ ང ་སྐྱི ད ་སྡུག་དང་སློ བ ་གྲྭ་ བཅས་སོ ་ སོ འི ་ ཁོ ང ས་ནས་གཏོ ང ་གནང་བཅས་ བྱུང་བ་གཞུང་གྲོན་བསྲི་ཚགས་ལ་རམ་འདེ གས་ གནང་འདུག་པར་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ ཡིན་པ་བཅས་ཀྱི་གནས་ཚུལ་དུ།།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

བོད་མི་མང་སྤྱི་འཐུས་རྣམས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིར་མཇལ་འཕྲད་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་ པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ ཁང་གི་གོ་སྒྲིག་དང་མཐུན་འགྱུར་འོག བོད་མི་མང་ སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་ཁུར་གནང་སྟེ་ ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༧ ནས་ ༡༥ བར། སྤྱི་འཐུས་རྣམས་ཚོགས་ཆུང་གསུམ་དུ་ཆ་བགོས་

ཀྱིས་རྒྱ་གར་གྱི་བློན་ཆེན་དང་། བློན་ཆེན་གཞོན་ པ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན། གཞན་ཡང་ད་ལྟ་ རྒྱ་གར་གྱི ་ གྲོ ས ་ཚོ ག ས་ཀྱི ་ འཐུས་མི ་ ལས་ཐོ ག ་ ཡི ན ་པ་གང་ཞི ག ་ལ་དེ ་སྔོན་གྱི ་ སྲི ད ་བློ ན ་ཟུར་པ་ དང་བློན་ཆེན་ཟུར་པ། གྲོས་ཚོགས་ཀྱི་ཚོགས་གཙོ་ ཟུར་པ། སྤྱི་ཁྱབ་བློན་ཆེན་ཟུར་པས་གཙོས་གྲོས་ ཚོགས་གོང་འོག་གི་འཐུས་མི་དང་། སྲིད་དོན་ ཚོགས་པའི་དབུ་ཁྲིད་བཅས་ཁྱོན་མི་སྣ་ ༡༠༠ ཐམ་ པར་མཇལ་འཕྲད་དང་། ཕྱི་ཚེས་ ༡༥ དགོང་མོ་རྒྱ་ གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ ཚོགས་པ་སླར་གསོ་གནང་ཐུབ་པ་བཅས་བྱུང་ཡོད་ པ་རེད། དེ་ཡང་ཕྱི་ལོ་ ༡༩༧༠ དོན་གྲངས་ནང་སྐུ་ ཞབས་ཨེམ་སི་ཅག་ལ་ (M.C.Chagla) མཆོག་གིས་གཙོ་སྐྱོང་འོག་རྒྱ་གར་གྲོས་ཚོགས་

འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་ འཛུགས་དང་འབྲེལ། སྐབས་སོ་སོའི་རྒྱ་གར་གྲོས་ ཚོགས་འོག་མའི་འོས་བསྡུ་ཟིན་མཚམས་བོད་མི་ མང་སྤྱི ་ འཐུས་ལྷན་ཚོགས་ནས་གྲོ ས ་ཚོགས་ འཐུས་མི་གསར་དུ་ཕེབས་པ་གང་མང་ལ་མཇལ་ འཕྲད་ཀྱི ས ་སྲི ད ་དོ ན ་ཚོ ག ས་པ་སྣ་ཚོ ག ས་ལས་

མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ སུ་ཡིན་ནས་འགན་ཁུར་གྱི ས ་ལས་དོན་འགོ་ འཛུགས་གནང་སྲོལ་ཡོད་པ་ལྟར། འདི་ལོ་ཡང་ སྐབས་ ༡༦ པའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ འོག་མའི་འོས་བསྡུ་གྲུབ་རྗེས་ཕྱི་ཟླ་ ༧ པའི་ནང་སྤྱི་ འཐུས་ལྔ་ལས་གྲུབ་པའི ་ བོ ད ་མི ་ མང་སྤྱི ་ འཐུས་ ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ལྡི་ལིར་ ཆེད་བཅར་གྱིས་སྲིད་དོན་ཚོགས་པ་མ་འདྲ་བ་ ༡༣ ནས་གྲོས་ཚོགས་གོང་འོག་གི་འཐུས་མིས་གཙོས་ པའི་གལ་ཆེའི་མི་སྣ་ ༣༡ ཙམ་མཇལ་འཕྲད་ཞུ་ ཐུབ་པ་བྱུང་ཡོད། དེ་སྐབས་རྒྱ་གར་གྲོ ས ་ཚོགས་ཚོགས་ བཞིན་པ་དང་སྟབས་བསྟུན་ཕྱི་ཟླ་ ༡༢ ཚེས་ ༦ ཉི ན ་རྡ་ས་ནས་སྤྱི ་ འཐུས་ཚོ ་ ཁག་གཅི ག ་ལྡི་ལི ར ་ ཆེད་བཅར་དང་། ལྡི་ལིའི་ཕྱོགས་བཞུགས་སྤྱི་ འཐུས་རྣམ་པ། འཕགས་བོད་འབྲེལ་མཐུད་ཁང་གི་ ལས་བྱེད་བཅས་ཕྱི་ཚེས་ ༧ ཉིན་བོད་སྒར་བསམ་ ཡས་གླི ང ་དུ་ལྷན་འཛོ མ ས་ཀྱི ས ་བོ ད ་མི ་ མང་སྤྱི ་ གྲུབ་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་ འཐུས་རྒྱུན་ལས་དང་། བོད་ཀྱི་གྲོས་ཚོགས་དང་ སྐྱོར་ཚོགས་པ་སླར་གསོའམ། གྲོས་ཚོགས་འཐུས་ སྲི ད ་བྱུས་ཉམས་ཞི བ ་ཁང་གཉི ས ་ཀྱི ་ ལས་རི མ ་

25


འཇལ་འཕྲད། རྒྱ་གར་གྲོ ས ་ཚོགས་འཐུས་མི་རྣམ་པ་ མཇལ་འཕྲད་ཆེད་ཚོགས་ཆུང་གསུམ་དུ་ཆ་བགོས་ ཡོད་པ་ལྟར། ཚོགས་ཆུང་དང་པོར། སྤྱི་འཐུས་ ཚོགས་ཟུར་པདྨ་འབྱུང་གནས་མཆོག་གིས་སྣེ་ཁྲིད་ པའི་འོག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ མཆོག་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་ བཟང་སྙན་གྲགས་མཆོག སྤྱི་འཐུས་དགེ་བཤེས་ སྨོན་ལམ་མཐར་ཕྱིན་མཆོག འཕགས་བོད་འབྲེལ་ མཐུད་ཁང་གི ་ ལས་བྱེ ད ་བློ ་ བཟང་བསྟན་འཛི ན ་ ལགས་བཅས་དང་། དེ་བཞིན་ཚོགས་ཆུང་གཉིས་

འཆར་སྒྲི ག ་ལྟར་སྤྱི ་ འཐུས་ཀྱི ་ ཚོ ག ས་ཆུང་ཁག་ གསུམ་པོ་སོ་སོས་མཇལ་འཕྲད་བྱ་སའི་གྲོ ས ་ ཚོགས་འཐུས་མི་ཆ་བགོས་གནང་བ་ཁག་སུ་ཡིན་ ངོ་སྤྲོད་དང་། གྲོས་ཚོགས་འཐུས་མིར་མཇལ་

འཕྲད་གནང་ཕྱོགས། མཇལ་འཕྲད་ཟིན་མཚམས་ གྲོ ས ་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོ ར ་ ཚོགས་པ་སླར་གསོ་བྱ་ཕྱོགས་སྐོར་སོགས་ལ་གོ་ བསྡུར་གནང་།

26

པར། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་སྣེ་ ཁྲིད་འོག སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ མཆོག སྤྱི་འཐུས་གངས་ལྷ་མོ་མཆོག་བཅས་དང་། ཚོགས་ཆུང་གསུམ་པར། སྤྱི་འཐུས་ཆོས་སྐྱོང་ དབང་ཕྱུག་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་ དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་དང་། སྤྱི་ འཐུས་ཡེ་ཤེས་སྒྲོལ་མ་མཆོག འཕགས་བོད་ འབྲེལ་མཐུད་ཁང་གི་ལས་བྱེད་བསྟན་འཛིན་དཔལ་


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

འབྱོར་ལགས་བཅས་མཉམ་ཞུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༨ ནས་བཟུང་ཚེས་ ༡༥ བར་ཉིན་རེའི་ ཞོགས་པ་ཆུ་ཚོད་ ༦།༠༠ པ་ཡས་མས་ནས་དགོང་ མོ་ཆུ་ཚོད་ ༨།༠༠ པ་ཡས་མས་བར་གྲོས་ཚོགས་ འཐུས་མི་རྣམས་ལ་ཆེད་བཅར་གྱིས་མཇལ་འཕྲད་ ཡོང་ཐབས་འབད་བརྩོན་ཞུས་པ་ལྟར། སྲིད་དོན་ ཚོགས་པའམ་མི་སྒེར་པ་བཅས་སྡེ་ཚན་ཁག་ ༣༠

མ་ཟིན་ཙམ་ནས་ཁྱོན་མི་སྣ་ ༡༠༠ ཐམ་པར་མཇལ་ འཕྲད་ཞུ་ཐུབ་པ་བྱུང་ཡོད། མི་སྣ་དེ་དག་མཇལ་འཕྲད་སྐབས་ཐོག་མར་ འཚམས་འདྲི་དང་། དེ་རྗེས་བོད་ནང་གི་ཛ་དྲག་ གནས་སྟངས་སྤྱི། བྱེ་བྲག་ཏུ་རང་ལུས་མེར་ བསྲེགས་ཀྱི་གནས་ཚུལ་སོགས་ངོ་སྤྲོད། ད་བར་ རྒྱ་གར་གཞུང་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་

27

གནང་བར་བཀའ་དྲིན་རྗེས་དྲན་དང་མུ་མཐུད་རྒྱབ་ སྐྱོར་ཡོང་ཐབས་སྐོར། མ་འོངས་ཐབས་ལམ་ཇི་ དགེའི་རེ་སྐུལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ངོ་སྤྲོད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་ དོན་རྒྱབ་སྐྱོ ར ་ཚོགས་པ་དང་རྒྱལ་སྤྱི འི་གྲོ ས ་ ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ བརྒྱུད་རིམ་གསལ་བཤད། རྒྱ་གར་གྲོས་ཚོགས་ འཐུས་མི འི ་ བོ ད ་དོ ན ་རྒྱབ་སྐྱོ ར ་ཚོ ག ས་ པའི་ནང་མཉམ་ཞུགས་ཀྱིས་བོད་དོན་ཐོག་ དམིགས་བསལ་ཐུགས་འགན་བཞེས་ ཐབས་སོགས་ཡིག་ངག་གཉིས་ཐོག་ནས་ ཞུས་པར་ཁོང་རྣམ་པས་ཐུགས་ཚོར་ཆེན་ པོ་དང་འབྲེལ་སྐབས་བསྟུན་གྱི་ལམ་སྟོན་ དང་གནང་ཐབས་ཇི་ཡོད་སོགས་ཀྱི་བཀའ་ མོལ་ལྷུག་པོར་གནང་ཡོད། ཕྱི་ཚེས་ ༡༣ ཉིན་བོད་མི་མང་སྤྱི་ འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ ཚེ་རིང་མཆོག་ལྡི་ལིར་ཆེད་ཕེབས་གནང་ བ་དང་། ཕྱི་ཚེས་ ༡༤ སྔ་དྲོ་རྒྱ་གར་གྱི་ གནད་ཡོད་མི ་ སྣ་མཇལ་འཕྲད་དང་སྤྱི ་ འཐུས་ཀྱི་ཚོགས་ཆུང་གསུམ་པོའི་ཚོགས་


འཇལ་འཕྲད།

མི་རྣམས་ཀྱི་ལྷན་རྒྱ་གར་གྲོས་ཚོགས་འཐུས་མིའི་ ༧།༠༠ པའི་ཐོག་རྒྱལ་ས་ལྡི་ལིའི་ Shangrila བོ ད ་དོ ན ་རྒྱབ་སྐྱོ ར ་ཚོ ག ས་པ་སླར་གསོ ་ གནང་ མགྲོ ན ་ཁང་ནང་རྒྱ་གར་གྱི ་ བློ ན ་ཆེ ན ་དང་གྲོ ས ་ ༣༠ སྟངས་དང་། མུ་མཐུད་མཇུག་སྐྱོང་གནང་ཕྱོགས་ ཚོགས་འཐུས་མི་སོགས་གལ་ཆེའི་མི་སྣ་ སྐོར་སོགས་ནང་མོལ་གནང་། ཕྱི་དྲོ་རྒྱ་གར་གྱི་ ལྷག་དང་། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་ རྒྱལ་ས་ལྡི་ལིར་ཚུགས་བཞིན་པའི་ཧི་མ་ལ་ཡའི་ པ་ཚེ་རིང་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་ དུས་སྟོན་དང་། བོད་ཀྱི་དུས་སྟོན་གཉིས་སོ་སོའི་ སེངྒེ་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་ མཇུག་བསྡོམས་མཛད་སྒོ ར ་ཆེ ད ་ཕེ བ ས་ཀྱི ས ་ བསྟན་པ་ཚེ་རིང་མཆོག ཚོགས་ཆུང་གསུམ་པོའི་ སྤྱི་འཐུས་རྣམས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ གསུང་བཤད་གནང་། ཕྱི་ཟླ་ ༡༢ ཚེས་ ༡༥ དགོང་མོ་ཆུ་ཚོད་ ཉམས་ཞི བ ་ཁང་དང་འཕགས་བོ ད ་འབྲེ ལ ་མཐུད་

28

ཁང་གི་ལས་བྱེད་རྣམ་པ་བཅས་ལྷན་འཛོམས་ཐོག་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་ངོ་ སྤྲོད་གསུང་བཤད་གནང་རྗེས། རྒྱ་གར་གྲོས་ ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ སླར་གསོ་དང་འབྲེལ། རྒྱ་གར་གྲོས་ཚོགས་འོག་ མའི་འཐུས་མི་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་ བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་ (Shri. Shanta Kumar) མཆོག་ལ་རྒྱ་གར་གྲོས་ ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ ཚོགས་གཙོའི་ཐུགས་འགན་བཞེས་རྒྱུའི་རེ་སྐུལ་ ཞུས་དོ ན ་ལྟར་ཁོ ང ་ནས་ཞལ་བཞེ ས ་དང་འབྲེ ལ ། རྒྱ་དཀར་ནག་གི་ཆབ་སྲིད་གནས་བབ་སྤྱི་དང་། བྱེ་ བྲག་བོད་དོན་དང་འབྲེལ་བའི་སྐབས་བསྟུན་གསུང་ བཤད་ཟབ་རྒྱས་གནང་། བོད་ཀྱི་གྲོས་ཚོགས་དང་ སྲི ད ་བྱུས་ཉམས་ཞིབ་ཁང་གི་ངེས་སྟོ ན ་པ་སྤྱི ་ འཐུས་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཐུགས་ རྗེ ་ ཆེ ་ ཞུའི ་ གསུང་བཤད་གནང་བ་སོ ག ས་ཀྱི ས ་ སྐབས་འདིའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་ དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་འབྲེལ་བའི་ ལས་དོན་རེ་ཞིག་གྲུབ་པ་བཅས་ཀྱི་གནས་ཚུལ་དུ།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་ཐེ་ཝན་ཀའུ་ཤོང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་མཇལ་འཕྲད་དང་། བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་ཞུ་ སྐུལ་གནང་བ།

སྤྱི ་ ལྷན་ཚོ ག ས་གཞོ ན ་མཁན་པོ ་ བསོ ད ་ གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ ནམས་བསྟན་འཕེལ་མཆོག་གིས་དབུ་འཁྲིད་པའི་ མཆོ ག ་ནས་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ སྤྱི་འཐུས་རྒྱ་རི་བུ་ཕྲུག་མཆོག་དང། སྤྱི་འཐུས་ མཆོག་གི་མཛད་འཕྲིན་དང་༸གོང་ས་མཆོག་གྲོང་ ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་རྨོག་རུ་བསྟན་པ་ ཁྱེར་དེར་ཆིབས་བསྒྱུར་སྐབས་ཕེབས་སྒྲིག་སོགས་

དེ་ནས་སྤྱི་འཐུས་རྣམ་པས་ཀྱང་ཐེ་ཝན་མང་ གཙོའི་ལམ་ལུགས་ལ་བསྔགས་བརྗོད་དང་། བོད་ ཀྱི་གནད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་ ཡོང་བའི་ཞུ་སྐུལ་ཡང་གནང་ཡོད་པ་རེད། གོང་

མཆོག་བཅས་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་ཟླ་ ༡༢ ཚེས་ ༡༡ ཉིན་ཐེ་ཝན་ཀའུ་ཤོང་གྲོང་ཁྱེར་སྤྱི་ ཁྱབ་གཞོན་པ་ལྕམ་སྐུ་ Shyh-Fang Liu མཆོ ག ་མཇལ་འཕྲད་ཀྱི ས ་བོ ད ་དོ ན ་ངོ ་ སྤྲོ ད ་དང་ རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་གནང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༡༡ ཞོགས་པ་སྤྱི་ལྷན་སྐུ་ ཚབ་ཚོགས་ཆུང་ཐེ་ཝན་རྒྱལ་ས་ཐེ་པེ་ནས་ཐོན་ཏེ་ ཉིན་རྒྱབ་ཀའུ་ཤོང་གྲོང་ཁྱེར་དུ་འབྱོར་བ་དང་། དེ་ ནས་ཀའུ་ཤོང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པས་དབུ་ འཁྲིད་པའི་ལས་བྱེད་རྒན་གྲས་ཁག་གཅིག་མཇལ་ འཕྲད་གནང་ཡོད་པ་རེད། མཇལ་འཕྲད་དེའི་ སྐབས་ཐོ ག ་མར་བོ ད ་མི ་ མང་སྤྱི ་ འཐུས་ཚོ ག ས་

གོ་སྒྲིག་ལ་བསྔགས་བརྗོད་དང་། བོད་ནང་གི་ད་ ལྟའི་གནས་སྟངས། དབུ་མའི་ལམ་གྱི་སྲིད་བྱུས་ བཅས་ངོ ་ སྤྲོ ད ་དང་བོ ད ་དོ ན ་ཐོ ག ་ཐེ ་ ཝན་ནས་དོ ་ འཁུར་ཡོང་བའི་རེ་སྐུལ་ཡང་བཏོན་གནང་ཡོད་པ་ རེད། སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ལྕམ་ སྐུ་ Shyh-Fang Liu མཆོག་ནས་ཐེ་ཝན་ མང་ཚོགས་༸གོང་ས་མཆོག་ལ་དད་གུས་དང་བོད་ བརྒྱུད་ནང་བསྟན་ལ་དོ་སྣང་དང་དད་པ་ཞུ་མཁན་ མང་པོ་ཡོད་པ་སོགས་ངོ་སྤྲོད་དང་། དེ་ནས་སྤྱི་ལྷན་ སྐུ་ཚབ་ཚོ ག ས་ཆུང་གྲོ ང ་ཁྱེར་ནང་ཕེ བ ས་གནང་ བར་དགའ་བསུའི་འཚམས་འདྲི་ཡང་གནང་ཡོད་པ་ མ་ཟད། གྲོང་ཁྱེར་གྱི་གཞུང་ལམ་ཞིག་ལ་བོད་ཀྱི་ གཞུང་ལམ་ཞེས་མིང་བཏགས་ཡོད་པ་སོགས་བོད་ དོ ན ་ལ་གདུང་སེ མ ས་མཉམ་བསྐྱེ ད ་ཡོ ད ་ལུགས་ སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

29


འཇལ་འཕྲད། གསལ་ལས་རི མ ་ནང་སྤྱི ་ འཐུས་འབའ་བ་སྐལ་

སྣེ་ལེན་ཡང་ཞུས་གནང་ཡོད་པ་རེད།

བཟང་རྒྱལ་མཚན་མཆོག་དང་། སྤྱི་འཐུས་མཁན་ པོ་ནོར་བུ་ཚེ་རིང་མཆོག དོན་གཅོད་ལས་ཁུངས་ ཕྱི་ཉིན་ཚེས་ ༡༢ ཉིན་ཀའུ་ཤོང་ནས་ཐོན་ ཀྱི་དྲུང་ཆེ་བཅས་ནས་ལྷན་ཞུགས་གནང་ཡོད་པ་ ཏེ་ཐེ་པེ་རྒྱལ་སར་འབྱོར་བ་དང་། དེ་གར་བོད་ རེད། གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ནས་སྤྱི་ལྷན་ བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གཅིག་ལ་ གྱི་སྐུ་ཚབ་ཚོགས་ཆུང་ལ་ཆེ་མཐོང་ཆེན་པོའི་ངང་ མཆོད་མཇལ་དང་། ཕྱི་ཚེས་ ༡༣ ཉིན་ཆོས་

30

ཚོགས་ཤིག་ནས་གོ་སྒྲིག་ལྟར་ཐེ་ཝན་གྱི་བཟོ་གྲྭ་ ཁག་གཅི ག ་དང་། ལོ ་ རྒྱུས་ལྡན་པའི ་ ས་གནས་ཁག་ ཅིག་ལ་གཟིགས་ སྐོར་ཡང་གནང་ ཡོད་པ་རེད།

དེ་ནས་ཕྱི ་ ཚེས་ ༡༤ ཉིན་ བོད་བརྒྱུད་ནང་ བ སྟ ན ་ ཆོ ས ་ ཚོ ག ས ་ ཁ ག ་ གཅིག་ལ་མཆོད་ མཇལ་དང་། ཕྱི་དྲོ་ མཁའ་ལམ་བརྒྱུད་ཐཡེ་ལེཎཌ་རྒྱལ་ས་སྦེང་ཀོག་ ནང་ཉིན་གཉིས་ཀྱི་གཞུང་འབྲེལ་མཛད་འཆར་ཆེད་ ཐོན་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

ཐེ་ཝན་ཁུལ་དུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོར་སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ལྷན་ཞུགས་གནང་བ་།

ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་ཐེ་ ཝན་རྒྱལ་ས་ཐེ་པེ་རུ་རྟེན་གཞི་བྱས་པའི་བོད་མིའི་ སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ ཀྱི་ཚོམས་ཆེན་ནང་ཚོགས་པའི་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེ ལ ་ཞི་ བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ཧྲིལ་པོ་ ༢༥ འཁོར་བའི་གཞུང་འབྲེལ་མཛད་སྒོར་ སྐབས་དུས་དེར་ཐེ་ལྦན་དུ་ཕེབས་ཡོད་པའི་བོད་མི་

གི་བླ་སྤྲུལ་དགེ་བཤེས་དང་། བོད་མི། ཐེ་ཝན་རྒྱ་ སྤྱི ་ ལྷན་སྐུ་ཚབ་ཚོགས་ཆུང་དང་བོད་མི་མང་ རིགས་བཅས་མང་ཚོགས་ ༡༠༠ ལྷག་འདུ་ ཚོགས་ལྷན་བཞུགས་མོལ་ཚོགས་འདུ་ཞིག་གནང་ འཛོམས་གནང་ཡོད་པ་དང་། མཛད་སྒོའི་ཐོག་མར་ ཡོད་པ་དང་། སྐབས་དེར་དང་ཐོག་ཚོགས་གཞོན་ ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ ཤིས་ཚེ་རིང་ལགས་ནས་བོད་རིགས་ཚོགས་པའི་ བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ དམི ག ས་ཡུལ་དང་ལས་དོ ན ་ཁག་ངོ ་ སྤྲོ ད ་གནང་ བྱུས་དང་། བོད་ཀྱི་མང་གཙོའི་འཕེལ་རིམ་བཅས་ རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་ལྷན་ཚོགས་ ཀྱི་ཐོག་ངོ་སྤྲོད་དང་། དེ་ནས་རིམ་བཞིན་སྤྱི་འཐུས་ གཞོན་མཆོག་ནས་དུས་ཆེན་ངོ་སྤྲོད་སྤྱི་དང་། ལྷག་ རྒྱ་རི་བུ་ཕྲུག་མཆོག་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་ མཆོག སྤྱི་འཐུས་རྨོག་རུ་ བསྟན་པ་མཆོ ག ་བཅས་ནས་ བོད་མིའི་གནད་དོན་དང་། ༸གོ ང ་ས་མཆོ ག ་གི ་ མཛད་ འཕྲིན། རྡོག་རྩ་ཆིག་སྒྲིལ་ ད གོ ས ་ པ ་ བ ཅ ས ་ ཀྱི ་ ཐོ ག ་ གསུང་བཤད་གནང་ཡོ ད ་པ་ རེད། དེ་རྗེས་དྲི་བ་དྲིས་ལན་ ག ང ་ འ ཚ མ ས ་ ག ན ང ་ སྟེ ། དོགས་འདྲི་ཁག་ལ་སྤྱི་འཐུས་ རྣམ་པས་རིམ་བཞིན་ལན་ འདེ བ ས་གསལ་བཤད་ཀྱང་ གནང་ཡོད་པ་དང་། མཐའ་ བསྡོམས་སུ་དོན་གཅོད་ལས་ ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་ པོ ་ ལགས་ནས་ཐུགས་རྗེ ་ ཆེ ་ ཞུའི ་ གསུང་བཤད་གནང་སྟེ ་ མཛད་སྒོ་གྲོལ་ཡོད་པ་རེད། མང་སྤྱི་ལྷན་ཚོགས་གཞོན་མཁན་པོ་བསོད་ནམས་ པར་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་ དེ་ནས་དགོང་དྲོ་ཆུ་ཚོད་ ༦།༣༠ ནས་ བསྟན་འཕེ ལ ་མཆོ ག ་གི ས ་དབུས་སྤྱི ་ ལྷན་གྱི ་ སྐུ་ མི འི ་ སྒྲི ག ་འཛུགས་ཀྱི ་ ལས་དོ ན ་བཅས་ངོ ་ སྤྲོ ད ་ ༩།༠༠ བར་ཐེ་ཝན་ཁུལ་གྱི་གཞུང་འབྲེལ་མ་ཡིན་ ཚབ་ཚོགས་ཆུང་ཡང་མཉམ་ཞུགས་གནང་ཡོད་པ་ གནང་ཡོད་པ་རེད། དེ་རྗེས་ཐེ་ཝན་རྒྱ་རིགས་མང་ པའི་ཚོགས་པ་སྒྲིག་འཛུགས་ ༡༢ ཀྱི་ཚོགས་གཙོ་ རེད། ཚོ གས་ལ་དྲི་བ་དྲིས་ལན་གྱི་ གོ ་ སྐབས་གནང་སྟེ་ འགན་འཛིན་སོགས་སྐུ་ཚབ་འཐུས་མི་ ༤༠ ཙམ་ དེ་ཉིན་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ དོགས་འདྲི་ཁག་ལ་སྤྱི ་ འཐུས་རྣམ་པས་ལན་ གྱི་ལྷན་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་སྒོས་སུ་བོད་ ཀའི་སྟེང་མཛད་སྒོ་དངོས་གཞི་ཚོགས་ཡོད་པ་དང། འདེབས་གསལ་བཤད་གནང་ཡོད་པ་རེད། ཀྱི ་ གནས་སྟངས་སོ ག ས་ཀྱི ་ སྐོ ར ་ཕན་ཚུན་སྦྱང་ དེའི་ཐོག་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ མཛད་སྒོ་དངོས་གཞི་གྲོལ་རྗེས་ཉིན་རྒྱབ་ཏུ་ བཤད་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད། དང་ 31


འཚམས་གཟིགས། ད་རེ ས ་ཀྱི ་ ཚོ ག ས་འདུ་འདི འི ་ ནང་ཐེ ་ ཝན་ རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་། ཐེ་ཝན་ངལ་ རྩོལ་ཚོགས་པ། འགྲོ་བ་མིའི་ལྟ་རྟོག་ཚོགས་པ། ཐེ་ ཝན་གཞི་རིམ་ཞི་བདེ་ཚོགས་པ། ཐེ་བོད་མཛའ་ འབྲེལ་ཚོགས་པ། ཐེ་ཝན་བོད་རིགས་ཚོགས་པ་ སོགས་ཚོགས་སྡེ་ཁག་བཅུ་གཉིས་ལྷག་གི་ཚོགས་ གཙོ་དང་སྐུ་ཚབ་མཉམ་ཞུགས་གནང་ཡོད་པ་རེད། སྐབས་དེར་ཚོགས་པ་སྒྲིག་འཛུགས་རེ་རེར་རང་ ལུས་མེར་བསྲེགས་གཙོ་གྱུར་ད་ལྟའི་བོད་ནང་གི་ གནས་སྟངས་དང་། བོད་མིའི་དགོས་འདུན་ཡོད་ པའི་འབོད་སྐུལ་ཡིག་ཆ་ཁག་འབུལ་ལམ་ཞུས་ཏེ་ བོད་དོན་ཐོག་སྔར་བཞིན་མུ་མཐུད་རྒྱབ་སྐྱོར་ཡོང་ བའི་འབོད་སྐུལ་ཡང་ཞུས་གནང་ཡོད་པ་རེད། གོང་

ཐོག་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Chu Wang-Ling མཆོག་ནས་དུས་དྲན་དང་ འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། དེ་ རྗེས་ཚོགས་གཞོན་མཆོག་ནས་བོད་ནང་གི་ད་ལྟའི་ ཡ་ང་བའི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང་། དེ་ནས་ཚོགས་པ་ཁག་གི་སྐུ་ཚབ་ཁག་ཅིག་ནས་ བོད་ནང་གི་ད་ལྟའི་གནས་སྟངས་ལ་གདུང་སེམས་ མཉམ་བསྐྱེད་ཀྱི་གསུང་བཤད་སོགས་གནང་ཡོད་ པ་རེད། དེ་ནས་སྤྱི་འཐུས་རྣམ་པ་ཆ་བགོས་ཀྱིས་ ཚོ ག ས་པ་སྒྲི ག ་འཛུགས་ཁག་གི ་ སྐུ་ཚབ་མཉམ་ གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད།

གསལ་ལས་རི མ ་ནང་སྤྱི ་ འཐུས་འབའ་བ་སྐལ་ བཟང་རྒྱལ་མཚན་མཆོག་དང་། སྤྱི་འཐུས་མཁན་ པོ་ནོར་བུ་ཚེ་རིང་མཆོག དོན་གཅོད་ལས་ཁུངས་ ཀྱི ་ སྐུ་ཚབ་བཅས་ནས་ལྷན་བཞུགས་གནང་ཡོ ད ་ པའི་གནས་ཚུལ་དུ།

32


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

རྒྱ་གར་ I.A.S སྦྱོང་བརྡར་བ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་དུ་ཕེབས་པ།

ཕུ ལ ་ ཏེ ་ འ ཚ མ ས ་ འ དྲི ་ ཞུ ས ་ གནང་བ་དང་སྦྲགས། བོད་མི་ མང་སྤྱི ་ འཐུས་ལྷན་ཁང་དང་། གྲོས་ཚོགས་ཀྱི་ཚོགས་ཁང་དུ་ གཟིགས་སྐོར་དུ་འཁྲིད་གནང་པ་ མ་ཟད། བོད་མི་མང་སྤྱི་འཐུས་ ལྷན་ཚོ ག ས་དང་གྲོ ས ་ཚོ ག ས་ འཚོ ག ས་སྐབས་ཀྱི ་ ལས་རི མ ་ གྱི་སྙིང་དོན་སོགས་ངོ་སྤྲོད་ གནང་། དེ་ནས་ཁོང་རྣམས་ ཀྱི ས ་དོ ག ས་འདྲི་ཞུས་པ་ཁག་ ལ ་ བ ཀ འ ་ ལ ན ་ ཞི བ ་ ག ས ལ ་ གནང་ཡོད་པ་བཅས་ཀྱི་གནས་ ཚུལ་སྙིང་བསྡུས་སུ།

རྐང་རའི་རྫོ ང ་དཔོན་ ལས་འཕར་གྱིས་གོ་སྒྲིག་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༤ རེ ས ་གཟའ་ཉི ་ མ་ཉི ན ་རྡ་རམ་ ས་ལའི ་ ས་གནས་འགོ ་ འཛི ན ་ དང་ལྷན་དུ་རྒྱ་གར་གྱི་ I.A.S སྦྱོང་བརྡར་བ་སློབ་ཕྲུག་ ༡༨ བོད་མི་མང་སྤྱི ་ འཐུས་ལྷན་ ཁ ང ་ དུ ་ ག ཟི ག ས ་ སྐོ ར ་ ལ ་ ཕེབས་ཡོད་པ་རེད། དེ ་ ཡང་རེ ས ་གཟའ་ཉི ་ མའི་སྔ་དྲོ་ཆུ་ཚོད་ ༡༡ །༣༠ ཐོ ག ་ སྤྱི ་ འ ཐུ ས ་ ལྷ ན ་ ཁ ང ་ ད མི ག ས ་ བ ས ལ ་ སྒོ ་ ཕྱེ ་ སྟེ ་ དཔལ་ལྡན་སྤྱི ་ འཐུས་ཚོ ག ས་ གཙོ་སྤེ ན ་པ་ཚེ ་ རི ང ་མཆོག་ གིས་ I.A.S སྦྱོང་བརྡར་བ་ རྣམས་ལ་སྣེ་ལེ ན ་མཇལ་དར་

33


འཚམས་གཟིགས།

རྒྱ་གར་གྱི་དུས་ཆེན་ཐོག་མགྲོན་འབོད་ལྟར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཏུ་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་ཕེབས་པ།

ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༤ ཉིན་བོད་ མི་མང་གི་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྒྱ་ གར་ཧི་མཱ་ལ་ཡ་ཁྱིམ་ཚང་ (Himalaya Pariwar) དང་། (Indian National Trust for Art & Culture) ཞེས་པའི་ ཚོགས་པས་གོ་སྒྲིག་འོག་རྡ་ཤོད་རྫོང་ལས་ཁུངས་ ཀྱི་ (Zila Parishad ) ཚོགས་ཁང་ནང་ (Makar Sankranti) ཞེས་ཉི་མའི་ཁྱིམ་

༣།༣༠ ཐོག་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་ ཞབས་ཀེ ་ སི ་ ཤཱར་མ་མཆོ ག ་རྣམ་གཉི ས ་ལ་ཕྱག་ སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ཀེ་སི་ཤཱར་ རྟགས་རེ་ཕུལ། དེ་ནས་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ མ་ (K.C.Sharma) མཆོག་དང་། བོད་མི་མང་ ཕུན་ཚོ ག ས་མཆོ ག ་དུས་ཆེ ན ་དེ ར ་ལྷན་ཞུགས་ སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང་། སྤྱི་ གནང་ཡོད་སྟབས་ཁོང་གིས་གསུང་བཤད་གནང་ འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག ཧི་མཱ་ དོན། དེ་རིང་རྒྱ་གར་གྱི་ཆོས་ཕྱོགས་ཀྱི་དུས་ཆེན་ ལ་ཡ་ཁྱི མ ་ཚང་ཚོགས་པའི་ཚོགས་གཙོ་དང་ (Makar Sankranti)ཁྱད་འཕགས་ཅན་ ཚོགས་གཞོན། རྡ་ས་ཁུལ་གནས་སྡོད་བལ་པོའི་སྐུ་ འདིར་ངོས་ནས་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་། ཚབ། སྤྱི་ཏི་ཁུལ་གྱི་སློབ་ཕྲུག་ཁག་གཅིག་སོགས་ ཆོས་ལུགས་ཡོངས་ཀྱི་ཆོས་པ་དང་སློབ་ཕྲུག་གི་སྐུ་

རྒྱུད་ཀྱི་གཟའ་བཅུའི་རྒྱུ་ལམ་དགུ་པ་གཞུའི་ཁྱིམ་ ནས་བཅུ་པ་ཆུ་སྲིན་གྱི་ཁྱིམ་(Makar) དུ་འཕོ་ འགྱུར་གྱི་གནས་སྐབས་ཀྱི་ཉིན་མོ་ཞེས་སྲུང་བརྩི་ ཞུས་ཡོ ད ་པ་དེ ་ ལ་མགྲོ ན ་འབོ ད ་ལྟར་སྤྱི ་ འཐུས་ རྒྱུན་ལས་ཀྱི་སྐུ་ཚབ་གནང་སྟེ་ཕེབས་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི ་ ཕྱེ ད ་ཡོལ་ཆུ་ཚོད་

ལྷན་འཛོ མ ས་ཐོ ག ་ཧི ་ མཱ་ལ་ཡ་ཁྱི མ ་ཚང་ཚོ ག ས་ པའི ་ ཚོ ག ས་གཙོ ས ་ཕེ བ ས་བསུའི ་ གསུང་བཤད་ གནང་གྲུབ་བསྟུན་དབྱངས་ཅན་མ་དང་། དབང་ཕྱུག ཚོགས་བདག་བཅས་ཀྱི་བསྟོད་གླུ་ཕུལ། དེ་ནས་སྤྱི་ འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་མཆོག་དང་ཧི་ མཱ་ཅལ་མངའ་སྡེའི་སྤྱི ་ ཁྱབ་དྲུང་ཆེ་ཟུར་པ་སྐུ་ 34

ཚབ། ལྷག་པར་གཞས་པ་གྲགས་ཅན། གཞན་ ཡང་མི ་ སྣ་ཁག་གདན་ཞུས་གནང་བར་ངོ ས ་ནས་ དམིགས་བསལ་བསྔགས་བརྗོད་ཞུ་རྒྱུ། འཛམ་གླིང་ ནང་ཞི ་ བདེ ་ ལྷིང་འཇགས་ཡོ ང ་བར་ཆོ ས ་ལུགས་ དང་མི་རིགས་བར་ཕན་ཚུན་འབྲེ ལ ་ལམ་དང་ མཐུན་ལམ་ལས་རིམ་འདི་ལྟ་བུའི་བརྒྱུད་ནས་ཡོང་


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན། ལ། ལྷག་པར་ཚོགས་པ་འདི་ནས་ལས་དོན་གོ་སྒྲིག་ མང་དག་ཅིག་གནང་ཡོད་པས། དེས་སྤྱི་ཚོགས་ལ་ ཕན་རླབས་དང་མ་འོངས་པའང་དེ་ལྟར་མུ་མཐུད་ དེ་གོ་སྒྲིག་གནང་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ ཡིན། གཙོ་བོ་མི་ཚེའི་ནང་ལས་དོན་གང་གནང་ ཡང་བསམ་བློ་བཟང་པོ་དང་གཞན་ཕན་ཐོག་ཕྱག་ ལས་གནང་བ་ཡིན་ན་རང་ཉིད་ལ་ནད་ན་ཚ་མི་ཡོང་ བ་ལས་དོ ན ་ལམ་འགྲོ་ ཡོ ད ་པ་ཤི ག ་ངོ ས ་ལ་ཚོ ར ་ མྱོང་ཆེན་པོ་བྱུང་། ལྷག་པར་འདི་ལོ་སྤྱི་ནོར་༧གོང་ ས་༧སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་དགུང་གྲངས་ ༨༠ ཕེབས་ཀྱི་ཡོད་པས། དེ་ལྟར་བོད་མིའི་སྤྱི་ ཚོ ག ས་དང་བོ ད ་དོ ན ་རྒྱབ་སྐྱོ ར ་བ་རྣམས་ནས་ དམིགས་བསལ་བཀའ་དྲིན་རྗེས་དྲན་ལས་རིམ་གོ་ སྒྲིག་གནང་འཆར་ཡོད་པ་ལྟར། ཚོགས་པ་འདི་ནས་ ཀྱང་དེ་ལྟར་གོ་སྒྲིག་གནང་ཐབས་ཡོང་བའི་འབོད་ སྐུལ་ཞུ་རྒྱུ་དང་བཅས་སླར་ཡང་ངོས་ནས་མཚམས་ འདྲི་ཞུ་རྒྱུ། ཞེས་སོགས་ཀྱི་གསུང་བཤད་གནང་ ཡོད་པ་བཅས་ཀྱི་གནས་ཚུལ་དུ།

35


བཅར་འདྲི།

ཨ་རིའི་ Frostburg State University,Maryland USA གི་གཙུག་ལག་སློབ་གྲྭའི་སློབ་ཚོགས་ཁག་ཅིག་ལ་བོད་ཀྱི་ ཕྱི་ལོ་ ༢༠༡༥ ཟླ་བ་ ༡ ཚེས་ ༡༩ ཉིན་ལྷ་སྤྱི་ཚོགས་ ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ ཁང་ནས་ཕྱི་ལོ་ ༢༠༠༢ ནས་ བཟུང་ལོ་ལྟར་ཕྱི ་ རྒྱལ་གཙུག་ ལག་སློབ་གྲྭ་དང་མཐོ་སློབ་ཁག་མི་ འདྲ་བ་བདུན་ཙམ་དང་མཉམ་དུ་ རིག་གཞུང་བརྗེ་རེས་ཀྱིས་བོད་ཀྱི་ རིག་གཞུང་དང་། དེ་བཞིན་བོད་ དོན་སོགས་ངོ་སྤྲོད་ཆེད་མཁས་མི་ སྣ་གདན་ཞུས་ཀྱིས་གསུང་བཤད་ གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། ད་ རེས་ཨ་རིར་རྟེན་གཞི་བྱས་པའི་མེ་ རི་ལེན་ཌི་ཕོ་རོས་ཊི་བྷར་གི་ གཙུག་ལག་སློབ་གྲྭའི་སློབ་ཚོགས་ ཁག་ཅི ག ་གདན་ཞུ་བྱས་ཡོ ད ་ལ། དེ་ཁོངས་སློབ་མ་གྲངས་ ༦ དང་། དགེ་རྒན་ཆེན་

གནས་བབ་སྐོར་ངོ་སྤྲོད།

མོ་གྲངས་ ༢ གློག་བརྙན་བཟོ་མཁན་ཆེད་ལས་པ་ འགོ་ཁྲིད་དང་ཉམས་གསོག་སྦྱོང་བརྡར་སྡེ་ཚན་གྱི་ གྲངས་ ༡ དང། ཁོང་ཚོ་གཙུག་ལག་སློབ་གྲྭ་དེའི་ ངེས་སྟོན་པ་སྐུ་ཞབས་ Dauglas Bear ལགས་དང་། དགེ་རྒན་ཆེན་མོ་ Victoria Gearhart ལགས་རྣམ་གཉི ས ་ཀྱི ས ་འགོ ་ འཁྲིད་གནང་ཡོད། ཁོང་ཚོར་ ལྟེ་གནས་ཁང་ནས་ངོ་སྤྲོད་ གསུང་བཤད་དང་། ཕྱི་དྲོ་ཆུ་ ཚོད་ ༢།༣༠ ཐོག་དཔལ་ལྡན་ བོད་མི་མང་སྤྱི་འཐུས་ཚོགས་ གཙོ་སྤེ ན ་པ་ཚེ་རིང་མཆོག་ གིས་ཁོང་ཚོར་བོད་ཀྱི་ད་ལྟའི་ གནས་བབ་དང་ཆབ་སྲིད་སྐོར་ གསུང་བཤད་གནང་ཡོད་པ་མ་

36

ཟད། སློབ་ཕྲུག་རྣམས་ཀྱི་ དོ ག ས་དྲི་ཞུས་ཁག་ལ་བཀའ་ ལན་ཞིབ་གསལ་གནང་ཡོད་པ་ བཅས་ཀྱི་གནས་བསྡུས་སུ།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

རྒྱལ་གཅེས་དཔའ་བོ་སངས་རྒྱས་མཁར་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་ མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༦ ཉིན་ཏེ་དགའ་ལྡན་ལྔ་མཆོད་ཀྱི་སྐབས་བོད་རྒྱལ་ གཅེས་དཔའ་བོ་སངས་རྒྱས་མཁར་ལགས་ཀྱིས་ ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ་མདོ་སྨད་བླ་ བྲང་ཨ་མཆོག་ཡུལ་ཚོའི་རྒྱ་གཞུང་ཉེན་རྟོག་ཁང་ གི་སྒོ་ཁར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ ལུས་མེ ར ་བསྲེ ག ས་ཀྱི ས ་རྒྱ་གཞུང་གི ་ ནོ ར ་ འཁྲུལ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་ རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་པའི་གནས་ ཚུལ་ཐོན་འདུག ཕ་དབང་ལོ་དང་མ་གཡུ་སྒྲོན་གཉིས་ཀྱི་ བུ་རྒྱལ་གཅེ ས ་དཔའ་བོ ་ སངས་རྒྱས་མཁར་ ལགས་ནི། དེང་སྐབས་རྒྱ་གཞུང་གིས་བཅད་ བཟུང་ས་བགོ ས ་ལྟར་གྱི ་ ཀན་སུའུ་ཞི ང ་ཆེ ན ་ ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། གསང་ཆུ་ རྫོང་ཨ་མཆོག་ཁྱུང་རུ་ཐང་ཡུལ་ཚོ་ནས་ཡིན་ ཞིང་། ཁོང་རང་ལོ་ ༣༤ ཡིན་ལ་ཕྲུ་གུ་བུ་མོ་ གཉིས་ཡོད་འདུག རྒྱལ་གཅེས་དཔའ་བོ་ སངས་རྒྱས་མཁར་ལགས་ཀྱིས་རང་ལུས་མེར་ བསྲེ ག ས་ཀྱི ་ ཞི ་ རྒོ ལ ་བྱུང་རྗེ ས ་ས་གནས་དེ འི ་ ཉེན་རྟོག་པ་ཟེར་བ་མང་པོ་འཕྲལ་མར་འབྱོར་ཏེ་ དམ་བསྒྲགས་ཤུགས་ཆེན་བྱེད་འགོ་བཙུགས་ པ་མ་ཟད། སངས་རྒྱས་མཁར་ལགས་ཀྱི་སྐུ་ ཕུང་བཙན་འཕྲོག་བྱས་ཡོད་འདུག ཡུལ་དངོས་ ཀྱི ་ མང་ཚོགས་རྣམས་ཀྱི ས ་ཁོ ང ་གི ་ སྐུ་ཕུང་ གསང་ཆུ་རྫོང་དུ་ཁྱེར་ཡོད་པའི་ཚོད་དཔག་བྱེད་ པ་ཙམ་ལས་རྗེ ས ་ཀྱི ་ གནས་སྟངས་ཞི བ ་ཕྲ་ཁ་ གསལ་བྱུང་མེད། རྒྱལ་གཅེས་དཔའ་བོ་སངས་རྒྱས་མཁར་ ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་འདི་ ནི། ཕྱི་ལོ་ ༢༠༠༩།༢།༢༧ ནས་ ༢༠༡༤།༡༢།༡༦ བར་རང་ལུས་མེ ར ་བསྲེ ག ས་གནང་མཁན་གྱི ་

གནས་ཚུལ་ཤེས་རྟོགས་གསལ་ཁ་བྱུང་བའི་གྲངས་ ༡༣༣ པ་དེ་ཆགས་ཡོད། དེའི་ནང་འདས་གྲོངས་ སུ་ཕྱིན་པའི་གྲངས་ ༡༡༤ དང་། ལྷག་མའི་མི་ གྲངས་ ༡༩ ཡི་འདས་གསོན་གནས་སྟངས་གསལ་ ཁ་ཡོང་ཐུབ་ཀྱི་མེད། ད་ལྟའི ་ བར་དུ་རྒྱ་གཞུང་གི ས ་བོ ད ་ཡུལ་

ཚང་མ་འཆམ་པ། གཞན་གྱིས་བརྒྱུད་སྐུལ་དང་ བཙན་སྐུལ་བྱས་པ་རེད་ཟེར་བ་སོགས་ཁུངས་ལུང་ མེད་པ་དང་གནས་ལུགས་ལ་རྒྱབ་འགལ་དུ་འགྲོ་ བའི ་ རྒྱགས་གཏམ་འབའ་ཞི ག ་གི ས ་བསྙོ ན ་དཀྲི་ བཙན་འགེལ་བྱེད་པ་དང་། ད་དུང་ཁོང་ཅག་རྣམས་ ཀྱི་ནང་མི། གཉེན་ཉེ་དུ། སྤུན་མཛའ་གྲོགས་སོགས།

སྟོད་སྨད་བར་གསུམ་གྱི་ཞིང་འབྲོག་དང་། དགོན་ སྡེ། སློབ་གྲྭ་བཅས་ཀྱི་བོད་མི་རྒན་དར་གཞོན་ གསུམ་གྱི ས ་ཞི་བའི་སྐད་འབོད་བྱེ ད ་པ་དང་། དམི ག ས་བསལ་རང་ལུས་མེ ་ བསྲེ ག ས་གནང་ མཁན་རྣམས་ལ་དམའ་འབེ བ ས་དང་སྡིགས་ར་ སྐུལ་བ། ཁོ་ཚོ་ནི་རིག་འཚོ་མ་ཟིན་པ་དང་། བཟའ་

འབྲེལ་ཡོད་སྡེ་ཚོ་རེ་རེ་ལའང་དོན་མེད་ཁག་དཀྲི་སྣ་ ཚོགས་བྱེད་པ་དང་། ཁྱིམ་ཚང་སྡེ་ཚོ་སོགས་ཀྱི་ འཚོ ་ བའི ་ ཡོ ང ་ཁུངས་བཙན་གྱི ས ་བཅད་དེ ་ བོ ད ་ རིགས་ཡུལ་མི་རྣམས་ལ་བཀྲེ ས ་སྐོ མ ་མྱོ ང ་དུ་ བཅུག་ནས་སྤྲང་འཁྱམས་དབུལ་ཕོངས་ཀྱི་གནས་ སུ་གྱར་དུ་བཅུག་ན། མང་ཚོགས་རང་བཞིན་གྱིས་

37


བསྒྲགས་གཏམ། རང་ལུས་མེ་བསྲེགས་ལ་ཚོད་འཛིན་བྱ་ཐུབ་པའི་ འདོད་རྔམ་བཅང་སྟེ། རང་ལུས་མེ་བསྲེགས་ལ་ ཚོ ད ་འཛི ན ་དང་ཁ་སྒྱུར་བྱེ ད ་འདོ ད ་པ་ཙམ་ལས། ཁོང་རྣམས་ཀྱིས་གཞན་ལ་འཚེ་བ་མེད་པའི་ཐོག་ ནས་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་ པ་བློས་གཏོང་གནང་དགོས་པའི་འཕྲལ་ཕུགས་ཀྱི་ རྒྱུ་རྐྱེན་ངོ་མ་སྟེ། ཁོང་ཚོའི་མངོན་འདོད་དང་རེ་བ་ ཇི ་ ཡི ན ་ལ་རྟོ ག ་ཞི བ ་ཀྱི ས ་གནད་དོ ན ་དངོ ས ་ཐག་ གཅོད་ཀྱི་འགན་ཁུར་གང་ཡང་མེད་པའི་ཁར། རྒྱལ་

ཁབ་ཁ་བྲལ་ཟེར་བའི་ཉེས་མིང་ཞིག་བཀལ་བ་ཙམ་ གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། མང་ གཙོ། རང་དབང༌། དྲང་བདེན་བཅས་པ་རྒྱང་དུ་དོར་ ཆོག་ཆོག་དང་། ཞི་བདེ་དང་དྲང་བདེན་མང་གཙོ་ བཅས་ལ་དགའ་བའི་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། རྒྱལ་སྤྱིའི་གནད་ཡོད་དབུ་འཁྲིད་ རྣམ་པ། གཞུང་སྒེར་ཚོགས་སྡེ་སོགས་ཀྱིས་བོད་ མི འི ་ དཀའ་ངལ་སེ ལ ་ཐབས་སུ་གྲོ ས ་ཆོ ད ་རི མ ་ འཇོག་དང་འབོད་སྐུལ་ཇི་གནང་བཅས་ཚང་མར་

བརྩིས་མེད་ཀྱིས་རྒྱ་གཞུང་གིས་རང་འདོད་ཁོ་ན་ ལག་བསྟར་བྱས་དང་བྱེ ད ་བཞིན་པའི་མཇུག་ འབྲས་མཐའ་དག་རྒྱ་ནག་གཞུང་ཕྱོགས་ཀྱི་སྐབས་ འབྲེལ་འགོ་ཁྲིད་རྣམས་ཀྱིས་འགན་ཆ་ཚང་འཁུར་ དགོས་པ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ ལོ་༢༠༡༤ ཟླ ༡༢ ཚེས་ ༡༨ ལ།

རྒྱལ་གཅེས་དཔའ་མོ་ཚེ་པེ་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་ བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ ཉིན་གྱི་བོད་ ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ ཡོལ་ཙམ་ལ་མདོ་སྨད་རྔ་བ་རྫོང་ རྨེའུ་རུ་མ་ཡུལ་ཚོ འི ་ སྲང་ལམ་ སྨད་ཕྱོགས་ནས་རང་ལོ་ ༡༩ ཡིན་པའི་བུ་མོ་ཚེ་པེ་ལགས་ ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་ ཆེད་དུ་རང་ལུས་མེར་བསྲེགས་ ཀྱི ས ་རྒྱ་གཞུང་གི་ནོར་འཁྲུལ་ དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ ལ་ངོ ་ རྒོ ལ ་བྱས་ཏེ ་ ས་གནས་དེ ་ གར་འདས་གྲོ ང ས་སུ་གྱུར་པའི ་ གནས་ཚུལ་ཐོན་འདུག ཕ་འཆི ་ མེ ད ་རྡོ་རྗེ ་ (འཆི ་ རྡོར)དང་མ་ཅེན་དཔའ་གཉིས་ཀྱི་ བུ་མོ་རྒྱལ་གཅེས་དཔའ་མོ་ཚེ་པེ་ ནི་དེང་སྐབས་རྒྱ་གཞུང་གིས་ བཅད་བཟུང་ས་བགོ ས ་ལྟར་གྱི ་ སི ་ ཁྲོ ན ་ ཞི ང ་ ཆེ ན ་ རྔ ་ བ ་ བོ ད ་ རི ག ས་རང་སྐྱོ ང ་ཁུལ་རྔ་བ་རྫོ ང ་ རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་

གསར་འགོད་བསྒྲགས་གཏམ།

38

བཞི་པ་ནས་ཡིན་ཞིང་། ཁོང་མོ་ ད་ལྟ་རང་ལོ་ ༡༩ ཡིན་ལ་ཕ་མ་ གཅི ག ་པའི ་ སྤུན་བུ་བུ་མོ ་ དྲུག་ ཡོད་པའི་ནང་གི་བཞི་པ་དེ་ཡིན་ འདུག ཁོང་ཆུང་དུས་སློབ་གྲྭར་ འགྲོ ་ མྱོ ང ་མེད་པར་ཕ་མ་དང་ མཉམ་དུ་འབྲོ ག ་པའི ་ འཚོ ་ བའི ་ ཁྲོ ད ་འཚར་ལོ ང ས་བྱུང་བ་ཞི ག ་ ཡིན་ལ། ཀུན་གྱིས་བསྟོད་ བསྔགས་དང་ཡིད་སྨོན་བྱེ ད ་ སའི་གཞུངས་དྲང་གཤིས་འཇམ་ གྱི་བུ་མོ་ཡ་རབས་ཚུལ་མཐུན་ ཞིག་ཡིན་འདུག རྒྱལ་གཅེས་ དཔའ་མོ་ཚེ་པེ་ལགས་ཀྱིས་རང་ ལུས་མེ ར ་བསྲེག ས་ཀྱི ་ ཞི ་ རྒོལ་ བྱུང་རྗེ ས ་ས་གནས་དེའི་ཉེན་ རྟོག་པ་ཟེར་བ་ཚོས་དཔའ་མོ་ཚེ་ པེ་ལགས་ཀྱི་སྐུ་ཕུང་བཙན་ འཕྲོག་བྱས་ཡོ ད ་པས་མ་ཚད། དགུང་ལོ་དྲུག་ཅུར་སོན་པའི་ཕ་ འཆི་མེད་རྡོ་རྗེ་(འཆི་རྡོར)དང་མ་ ཅེན་དཔའ། ད་དུང་གཅེན་པོ། ཡི་


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན། མེ་བཅས་བཙན་ཁྲིད་བྱས་ཡོད་འདུག་ཀྱང་བཀག་ ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ད་ལྟ་ཁ་གསལ་ མི་འདུག རྒྱལ་གཅེ ས ་དཔའ་མོ ་ ཚེ ་ པེ ་ ལགས་ཀྱི ས ་ རང་ལུས་མེར་བསྲེགས་གནང་བ་འདི་ནི། ཕྱི་ལོ་ ༢༠༠༩། ༢། ༢༧ ནས་ ༢༠༡༤། ༡༢། ༢༢ བར་རང་ ལུས་མེར་བསྲེགས་གནང་མཁན་གྱི་གནས་ཚུལ་ ཤེས་རྟོགས་གསལ་ཁ་བྱུང་བའི་གྲངས་ ༡༣༤ པ་ དེ་ཆགས་ཡོད། དེའི་ནང་འདས་གྲོངས་སུ་ཕྱིན་པའི་ གྲངས་ ༡༡༥ དང་། ལྷག་མའི་མི་གྲངས་ ༡༩ ཡི་ འདས་གསོན་གནས་སྟངས་གསལ་ཁ་ཡོང་ཐུབ་ཀྱི་ མེད། ད་ལྟའི ་ བར་དུ་རྒྱ་གཞུང་གི ས ་བོ ད ་ཡུལ་ སྟོད་སྨད་བར་གསུམ་གྱི་ཞིང་འབྲོག་དང་། དགོན་ སྡེ། སློབ་གྲྭ་བཅས་ཀྱི་བོད་མི་རྒན་དར་གཞོན་ གསུམ་གྱིས་ཞི་བའི་སྐད་འབོད་བྱེད་པ་དང་། ལྷག་ པར་རང་ལུས་མེར་བསྲེགས་གནང་མཁན་རྣམས་ ལ་དམའ་འབེབས་དང་སྡིགས་ར་སྐུལ་བ། ཁོ་ཚོ་ནི་ རིག་འཚོ་མ་ཟིན་པ་དང་། བཟའ་ཚང་མ་འཆམ་པ།

གཞན་གྱིས་བརྒྱུད་སྐུལ་དང་བཙན་སྐུལ་བྱས་པ་ རེད་ཟེར་བ་སོགས་ཁུངས་ལུང་མེད་པ་དང་གནས་ ལུགས་ལ་རྒྱབ་འགལ་དུ་འགྲོ་བའི་རྒྱགས་གཏམ་ འབའ་ཞིག་གིས་བསྙོན་དཀྲི་བཙན་འགེལ་བྱེད་པ་ དང་། ད་དུང་ཁོང་ཅག་རྣམས་ཀྱི་ནང་མི། གཉེན་ཉེ་ དུ། སྤུན་མཛའ་གྲོགས་སོགས་འབྲེལ་ཡོད་སྡེ་ཚོ་རེ་ རེ་ལའང་དོན་མེད་ཁག་དཀྲི་སྣ་ཚོགས་བྱེད་པ་དང་། ཁྱི མ ་ཚང་སྡེ་ཚོ ་ སོ ག ས་ཀྱི ་ འཚོ ་ བའི ་ ཡོ ང ་ཁུངས་ བཙན་གྱིས་བཅད་དེ་བོད་རིགས་ཡུལ་མི་རྣམས་ལ་ བཀྲེ ས ་སྐོ མ ་མྱོ ང ་དུ་བཅུག་ནས་སྤྲང་འཁྱམས་ དབུལ་ཕོངས་ཀྱི་གནས་སུ་གྱར་དུ་བཅུག་ན། མང་ ཚོགས་རང་བཞིན་གྱིས་རང་ལུས་མེ་བསྲེགས་ལ་ ཚོ ད ་འཛི ན ་བྱ་ཐུབ་པའི ་ འདོ ད ་རྔམ་བཅངས་ཏེ ། རང་ལུས་མེ་བསྲེགས་ལ་ཚོད་འཛིན་དང་ཁ་སྒྱུར་ བྱེད་འདོད་པ་ཙམ་ལས། ཁོང་རྣམས་ཀྱིས་གཞན་ ལ་འཚེ ་ བ་མེ ད ་པའི ་ ཐོ ག ་ནས་རང་ཉི ད ་ཀྱི ་ ལུས་ སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་ དགོས་པའི་འཕྲལ་ཕུགས་ཀྱི་རྒྱུ་རྐྱེན་ངོ་མ་སྟེ། ཁོང་ ཚོ འི ་ མངོ ན ་འདོ ད ་དང་རེ ་ བ་ཇི ་ ཡི ན ་ལ་རྟོ ག ་ཞི བ ་

ཀྱིས་གནད་དོན་དངོས་ཐག་གཅོད་ཀྱི་འགན་ཁུར་ གང་ཡང་མེད་པའི་ཁར། “ རྒྱལ་ཁབ་ཁ་བྲལ ” ཟེར་བའི་ཉེས་མིང་ཞིག་བཀལ་བ་ཙམ་གྱིས་རྒྱལ་ སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། རང་ དབང༌། དྲང་བདེན་བཅས་པ་རྒྱང་དུ་དོར་ཆོག་ཆོག་ དང་། ཞི་བདེ་དང་དྲང་བདེན་མང་གཙོ་བཅས་ལ་ དགའ་བའི་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ ཚོགས། རྒྱལ་སྤྱིའི་གནད་ཡོད་དབུ་འཁྲིད་རྣམ་པ། གཞུང་སྒེ ར ་ཚོགས་སྡེ་སོགས་ཀྱི ས ་བོད་མིའི་ དཀའ་ངལ་སེ ལ་ཐབས་སུ་གྲོས་ཆོད་རིམ་འཇོག་ དང་འབོད་སྐུལ་ཇི་གནང་བཅས་ཚང་མར་བརྩི་མེད་ ཀྱིས་རྒྱ་གཞུང་གིས་རང་འདོད་ཁོ་ན་ལག་བསྟར་ བྱས་དང་བྱེད་བཞིན་པའི་མཇུག་འབྲས་མཐའ་དག་ རྒྱ་ནག་གཞུང་ཕྱོགས་ཀྱི་སྐབས་འབྲེལ་འགོ་ཁྲིད་ རྣམས་ཀྱིས་འགན་ཆ་ཚང་འཁུར་དགོས་པ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ ལོ་༢༠༡༤ ཟླ ༡༢ ཚེས་ ༢༣ ལ།

རྒྱལ་གཅེས་དཔའ་བོ་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༢༠ ཙམ་ལ་ ཁམས་དཀར་མཛེ ས ་རྟའུ་ཉ་མཚོ ་ དགོ ན ་པའི ་ གྲྭ་ སྐལ་བཟང་ཡེ་ཤེས་ལགས་ཀྱིས་ རྟའུ་ཉ་མཚོ་ དགོ ན ་པའི ་ རྒྱ་གཞུང་གི ་ ལྟ་སྲུང་ཉེ ན ་རྟོ ག ་ལས་ ཁུངས་སྒོ་འགྲམ་དུ་རྒྱ་གཞུང་གི་བཙན་གནོན་དང་ གདུག་རྩུབ་ཅན་གྱི ་ སྲི ད ་བྱུས་ལ་ཞི ་ བའི ་ ངོ ་ རྒོ ལ ་ གནང་སྟེ་“༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་ ནང་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་ དབང་སྤྲོད་དགོས།” ཞེས་པའི་འབོད་ཚིག་སྒྲོག་ བཞིན་རང་ལུས་མེར་བསྲེ ག ས་གནང་ནས་སྐུ་

གསར་འགོད་བསྒྲགས་གཏམ།

གྲོ ང ས་ཡོ ད ་པའི ་ གནས་ཚུལ་ཐོ ན ་འདུག་པ་དང་། ཁོང་གི་སྐུ་ཕུང་རྒྱ་གཞུང་ཉེན་རྟོག་པས་རྟའུ་རྫོང་ ཉེ ན ་རྟོ ག ་ལས་ཁུངས་སུ་བཙན་འཁྱེར་བྱས་པས། ས་གནས་མང་ཚོགས་ཕོན་ཆེན་པོ་འདུ་འཛོམས་ བྱས་ཏེ། སྐལ་བཟང་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ ཕྱིར་མང་ཚོགས་ལ་སྤྲོད་དགོས་པ་དང་། ཁོང་སྐུ་ གྲོ ང ས་ཟི ན ་ཡོ ད ་སྟབས་བོ ད ་ལུགས་དགོ ན ་པའི ་ འགྲོ་སྟངས་ལྟར་འདས་པོར་ཆོས་ཀྱི་བྱེད་སྒོ་སྤེལ་ རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག་པ་དང་། དེའི་རྗེས་ ཀྱི ་ ཞི བ ་ཕྲའི ་ གནས་ཚུལ་ཁ་གསལ་ལག་སོ ན ་མ་ བྱུང་། 39

རྒྱལ་གཅེ ས ་དཔའ་བོ ་ གྲྭ་སྐལ་བཟང་ཡེ ་ ཤེས་ལགས་ནི། དེང་སྐབས་རྒྱ་གཞུང་གིས་བཅད་ བཟུང་ས་བགོས་ལྟར་གྱི་སི་ཁྲོན་ཞིང་ཆེན་དཀར་ མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་ཐེ་ཝ་ ཡུལ་ཚོའི་གྲོང་ཚོ་ནས་ཡིན་ཞིང་། ཁོང་ད་ལྟ་རང་ ལོ་ ༣༧ ཡིན། ཁོང་གི་ཕའི་མིང་ལ་བྱམས་པ་དང་ མ་མིང་ལ་རྡོ་རྗེ་ཞུ་བཞིན་ཡོད་འདུག གྲྭ་སྐལ་བཟང་ ཡེ་ཤེས་ལགས་སྔོན་ཆད་རྒྱ་གར་ལྷོ་ཕྱོགས་དགའ་ ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་ཡོད་ པ་དང་། ཕྱིས་སུ་ཕྱིར་ཕ་ཡུལ་དུ་ལོག་ནས་དགོན་ པའི་གྲྭ་བ་ཆུང་ཆུང་ཚོ་དང་། ཉམ་ཐག་བྱིས་པ། ལོ་


བསྒྲགས་གཏམ། ལོན་རྒན་རྒོན་བཅས་ལ་བོད་ཡིག་སློབ་ཁྲིད་བྱེད་པ་ སོགས་རིག་གནས་འཆད་སྤེ ལ ་གྱི ་ ཕྱག་ལས་ གནང་མཁན་ཞིག་ཡིན་འདུག་པས། ས་གནས་མང་ ཚོ ག ས་རྣམས་ཀྱི ས ་བརྩི ་ བཀུར་བྱེ ད ་སའི ་ དགེ ་ འདུན་པ་ཞིག་རེད་འདུག

ཚོ་ནི་རིག་འཚོ་མ་ཟིན་པ་དང་། བཟའ་ཚང་མ་ འཆམ་པ། གཞན་གྱིས་བརྒྱུད་སྐུལ་དང་བཙན་སྐུལ་ བྱས་པ་རེད་ཟེར་བ་སོགས་ཁུངས་ལུང་མེད་པ་དང་ གནས་ལུགས་ལ་རྒྱབ་འགལ་དུ་འགྲོ་བའི་རྒྱགས་ གཏམ་འབའ་ཞིག་གིས་བསྙོན་དཀྲི་བཙན་འགེལ་

ཇི ་ ཡི ན ་ལ་རྟོ ག ་ཞི བ ་ཀྱི ས ་གནད་དོ ན ་དངོ ས ་ཐག་ གཅོད་ཀྱི་འགན་ཁུར་གང་ཡང་མེད་པའི་ཁར། “ རྒྱལ་ཁབ་ཁ་བྲལ ” ཟེར་བའི་ཉེས་མིང་ཞིག་བཀལ་ བ་ཙམ་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། རང་དབང༌། དྲང་བདེན་བཅས་པ་རྒྱང་དུ་

རྒྱལ་གཅེ ས ་དཔའ་བོ ་ གྲྭ་སྐལ་བཟང་ཡེ ་ ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ བ་འདི་ནི། ཕྱི་ལོ་ ༢༠༠༩། ༢། ༢༧ ནས་ ༢༠༡༤། ༡༢། ༢༣ བར་རང་ལུས་མེར་བསྲེགས་གནང་ མཁན་གྱི་གནས་ཚུལ་ཤེས་རྟོགས་གསལ་ཁ་བྱུང་ བའི་གྲངས་ ༡༣༥ པ་དེ་ཆགས་ཡོད། དེའི་ནང་ འདས་གྲོངས་སུ་ཕྱིན་པའི་གྲངས་ ༡༡༦ དང་། ལྷག་ མའི་མི་གྲངས་ ༡༩ ཡི་འདས་གསོན་གནས་སྟངས་ གསལ་ཁ་ཡོང་ཐུབ་ཀྱི་མེད། ད་ལྟའི ་ བར་དུ་རྒྱ་གཞུང་གི ས ་བོ ད ་ཡུལ་ སྟོད་སྨད་བར་གསུམ་གྱི་ཞིང་འབྲོག་དང་། དགོན་ སྡེ། སློབ་གྲྭ་བཅས་ཀྱི་བོད་མི་རྒན་དར་གཞོན་ གསུམ་གྱིས་ཞི་བའི་སྐད་འབོད་བྱེད་པ་དང་། ལྷག་ པར་དུ་རང་ལུས་མེར་བསྲེ ག ས་གནང་མཁན་ རྣམས་ལ་དམའ་འབེབས་དང་སྡིགས་ར་སྐུལ་བ། ཁོ་

བྱེད་པ་དང་། ད་དུང་ཁོང་ཅག་རྣམས་ཀྱི་ནང་མི། གཉེན་ཉེ་དུ། སྤུན་མཛའ་གྲོགས་སོགས། འབྲེལ་ ཡོད་སྡེ་ཚོ་རེ་རེ་ལའང་དོན་མེད་ཁག་དཀྲི་སྣ་ ཚོགས་བྱེད་པ་དང་། ཁྱིམ་ཚང་སྡེ་ཚོ་སོགས་ཀྱི་ འཚོ ་ བའི ་ ཡོ ང ་ཁུངས་བཙན་གྱི ས ་བཅད་དེ ་ བོ ད ་ རིགས་ཡུལ་མི་རྣམས་ལ་བཀྲེ ས ་སྐོ མ ་མྱོ ང ་དུ་ བཅུག་ནས་སྤྲང་འཁྱམས་དབུལ་ཕོངས་ཀྱི་གནས་ སུ་གྱར་དུ་བཅུག་ན། མང་ཚོགས་རང་བཞིན་གྱིས་ རང་ལུས་མེ་བསྲེགས་ལ་ཚོད་འཛིན་བྱ་ཐུབ་པའི་ འདོད་རྔམ་བཅངས་ཏེ། རང་ལུས་མེ་བསྲེགས་ལ་ ཚོ ད ་འཛི ན ་དང་ཁ་སྒྱུར་བྱེ ད ་འདོ ད ་པ་ཙམ་ལས། ཁོང་རྣམས་ཀྱིས་གཞན་ལ་འཚེ་བ་མེད་པའི་ཐོག་ ནས་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་ པ་བློས་གཏོང་གནང་དགོས་པའི་འཕྲལ་ཕུགས་ཀྱི་ རྒྱུ་རྐྱེན་ངོ་མ་སྟེ། ཁོང་ཚོའི་མངོན་འདོད་དང་རེ་བ་

དོར་ཆོག་ཆོག་དང་། ཞི་བདེ་དང་དྲང་བདེན་མང་ གཙོ་བཅས་ལ་དགའ་བའི་རྒྱལ་ཁབ་ཁག་གི་གཞུང་ དང་། གྲོས་ཚོགས། རྒྱལ་སྤྱིའི་གནད་ཡོད་དབུ་ འཁྲིད་རྣམ་པ། གཞུང་སྒེར་ཚོགས་སྡེ་སོགས་ཀྱིས་ བོད་མིའི་དཀའ་ངལ་སེལ་ཐབས་སུ་གྲོས་ཆོད་རིམ་ འཇོག་དང་འབོད་སྐུལ་ཇི་གནང་བཅས་ཚང་མར་ བརྩི ་ མེ ད ་ཀྱི ས ་རྒྱ་གཞུང་གི ས ་རང་འདོ ད ་ཁོ ་ ན་ ལག་བསྟར་བྱས་དང་བྱེ ད ་བཞིན་པའི་མཇུག་ འབྲས་མཐའ་དག་རྒྱ་ནག་གཞུང་ཕྱོགས་ཀྱི་སྐབས་ འབྲེལ་འགོ་ཁྲིད་རྣམས་ཀྱིས་འགན་ཆ་ཚང་འཁུར་ དགོས་པ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ ལོ་༢༠༡༤ ཟླ ༡༢ ཚེས་ ༢༤ ལ།

40


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་འཕྲིན།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷ་ཚོགས་ཀྱིས་རྒྱ་གར་གྱི་སྲིད་བློན་ཟུར་པ་ Shri Atal Bihari Vajpayee མཆོག་ལ་བྷ་ རཏ་རཱཏ་ན་གཟེངས་རྟགས་འབུལ་རྒྱུ་གནང་བར་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་སྲིད་བློན་ ཟུར་པ་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡི་ Shri Atal Bihari Vajpayee མཆོག་ལ་བྷ་རཏ་རཱཏ་ན་ ཞེ ས ་པའི ་ གཟེ ང ས་རྟགས་འབུལ་རྒྱུ་གནང་བར་ འཚམས་འཕྲིན་ཕུལ་བའི་ནང་འཁོད་དོན། བོད་མི་ མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ཡོངས་ཀྱི་

ཚབ་ཞུས་ཏེ་སྐུ་ཉིད་མཆོག་ལ་རྒྱ་གར་མི་སེར་གྱི་ ག ཟེ ང ས ་ རྟ ག ས ་ མ ཐོ ་ ཤོ ས ་ བྷ ་ ར ཏ ་ རཱ ཏ ་ ན ་ Bharat Ratna award གཟེངས་རྟགས་ འབུལ་རྒྱུའི་གསལ་བསྒྲགས་ཐོན་པར་དགའ་ བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། དེ་བཞིན་ཆེ་མཐོང་ལྡན་པའི་གཟེངས་ རྟགས་འདི ་ བཞི ན ་སྲི ད ་བློ ན ་ཟུར་པ་མཆོ ག ་གི ་ འཁྲུངས་སྐར་ཉི ན ་མོ ་ དང་སྟབས་བསྟུན་གསལ་

བསྒྲགས་གནང་ཡོད་པ་མ་ཟད། རྒྱ་གར་གཞུང་གི་ ངོས་ནས་ཉིན་མོ་འདི་གཞུང་འཛིན་བཟང་པོའི་ཉིན་ མོ ་ ཞེ ས ་གསལ་བསྒྲགས་གནང་ཡོ ད ་སྐོ ར ་དང་། ཁོང་ནི་རྒྱ་གར་གྱི་སྲིད་བློན་ནང་ནས་གཟེངས་སུ་ ཐོན་པའི་སྲིད་བློན་ཞིག་དང་། ཕུལ་བྱུང་གི་དབུ་ ཁྲིད་ཅིག་ཀྱང་ཆགས་ཡོད། ཁོང་གིས་བོད་དོན་ལ་ རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ བཅས་འཁོད་ཡོད་པ་རེད།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་སླར་ཡང་སྲིད་བློན་དུ་བདམས་ཐོན་ ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་ རིང་མཆོག་གིས་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ Shinzo Abe མཆོག་སླར་ཡང་ཉི་ཧོང་གི་ སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འཕྲིན་ ཕུལ་བའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ ཚབ་ཞུས་ཏེ ་ སྐུ་ཉི ད ་མཆོ ག ་ཉེ ་ ལམ་ཉི ་ ཧོ ང ་རྒྱལ་

བྱུང་བར་འཚམས་འདྲི་ཞུས་པ།

ཡོངས་འོས་བསྡུ་ཆེན་མོའི་ནང་སླར་ཡང་མང་མོས་ ཀྱིས་རྒྱལ་ཁ་ཤུགས་ཆེ་ཐོབ་པར་འཚམས་འདྲིའི་ བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག སྐུ་ ཉིད་མཆོག་གིས་བོད་དོན་རྒྱབ་སྐྱོར་སྤྱི་དང་ལྷག་ པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ ཧོང་དུ་ཆིབས་སྒྱུར་སྐབས་གདན་ཞུས་མཚོན་རྒྱབ་ སྐྱོར་གྱི་ལངས་ཕྱོགས་བརྟན་པོ་བཟུང་བར་ཡི་རང་ བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་མཆོག་

ལ་བྱ་བ་ལམ་ལྷོང་ཡོ ང ་བའི ་ སྨོན་ལམ་ཞུ་བ་དང་ སྦྲགས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ ཞི ་ འཇམ་དུ་གྱུར་ཏེ ་ གཉི ས ་སྨན་གྱི ་ ཐབས་ལམ་ འཚོ ལ ་བ་བརྒྱུད་བོ ད ་དོ ན ་བདེ ན ་མཐའ་གསལ་ རྒྱུར་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་སླར་ ཡང་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་ བཅས།།

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མཱ་ལཱ་ཝི་ཡ་མཆོག་ལ་བྷ་རཏ་རཱཏ་ན་གཟེངས་རྟགས་འབུལ་རྒྱུ་གནང་བར་བོད་མི་མང་སྤྱི་ལྷན་ནས་ ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་ཆབ་སྲིད་ པ་སྐུ་ཞབས་སཏ་ཡ་པྲ་ཀཱཤ་མཱ་ལཱ་ཝི་ཡ་ (Satya Prakash Malaviya) མཆོག་ལ་ཁོང་གི་ ཡབ་དམ་པ་རྒྱ་གར་གྱི་ཆབ་སྲིད་པ་དང་བོད་དོན་ རྒྱབ་སྐྱོ ར ་བ་མ་ཌན་མོ ་ ཧན་མཱ་ལཱ་ཝི ་ ཡ་(Shri. Madan Mohan Malaviya) མཆོག་

འཚམས་འདྲི་ཞུས་པ།

ལ་བྷ་རཏ་རཱཏ་ན་(Bharat Ratna award) གཞུང་གིས་སྐུ་ཉིད་ཀྱི ་ ཡབ་ཆེན་ལ་ཆེ་བཀུར་ ཞེ ས ་པའི ་ གཟེ ང ས་རྟགས་འབུལ་རྒྱུར་འཚམས་ གནང་བ་དེར་བསྔགས་བརྗོད་ཞུ་རྒྱུ་དང་། གོ་ འཕྲིན་ཕུལ་བའི་ནང་འཁོད་དོན། བོད་མི་མང་སྤྱི་ སྐབས་འདི་བརྒྱུད་སྐུ་ཉིད་ནས་བོད་དོན་ཐོག་རྒྱབ་ འཐུས་ལྷན་ཚོ ག ས་ཀྱི ས ་བོ ད ་མི ་ ཡོ ང ས་ཀྱི ་ ཚབ་ སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་ ཞུས་ཏེ་སྐུ་ཉིད་ཀྱི་ཡབ་དམ་པ་མ་ཌན་མོ་ཧན་མཱ་ལཱ་ འཁོད་འདུག ཝི་ཡ་མཆོག་ལ་རྒྱ་གར་མི་སེར་གྱི་གཟེངས་རྟགས་ མཐོ་ཤོས་བྷ་རཏ་རཱཏ་ན་གཟེངས་རྟགས་ཐོབ་པར་ དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱ་གར་ 41



Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.