Issuu on Google+

བོད་དོན་གླེང་སྟེགས། BOD-DHON-LING-TIK

སྤྱིའི་འདོན་ཐེངས་ལྔ་པ།

ལེགས་བཤད། འགན་ཁུར་གསུམ།

དང་པོ། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་ མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་ རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ ཚོགས་བཅས་སུ་བདེ་སྐྱེད་འབྱུང་བའི་གཞི་རྩ་ཡིན་ པར་བཞེད། གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ ལུགས་ཕན་ཚུན་བར་མཐུན་འབྲེ ལ ་གོ ང ་མཐོ ར ་ གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་ དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་ བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་ བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་ མཚུངས་ཡིན་པར་བཞེད། གསུམ་པ། ཁོ ང ་ཉི ད ་བོ ད ་མི ་ ཞི ག ་ཡི ན ་པ་དང་ཏཱ་ལའི ་ བླ་མའི ་ མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་ གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་ རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་ པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་ གནང་རྒྱུ་དེའང་ ཁོང་གི་འགན་ཁུར་ཡིན་པར་བཞེད། ༌༌༌༌༌༌༌༌༌༌༌༌༌༌༌༌༸གོང་ས་མཆོག་གི་དྲ་རྒྱ་ལས།

ང་ཚོ་སྟོན་པའི་བཀའ་ལ་གཙི་མཁན་ཞིག་ཡིན།འགྲོ་ བ་རིགས་སེམས་ཅན་མཐའ་དག་བསམ་བློར་འཁོར་ མ་ཐུབ་ན་ཡང་ཁྲག་རྒྱུད་གཅི ག ་པའི ་ ཆོ ལ ་གསུམ་ སྤུན་ཟླ་རྣམས་དམ་ཚི ག ་འོ ་ ཆུ་གཅི ག ་འདྲེ ས ་ཡོ ང ་ ཐབས་ལ་སྒོ ་ གང་ས་ནས་བསམ་བློ ་ གཏོ ང ་དགོ ས ་ ངེས་རེད། གལ་སྲིད་ཆོོལ་གསུམ་ཆོས་ལུགས་དང་ བཅས་པར་ཕྱོགས་རིས་དབྱེ་འཁྱེར་བྱུང་ཚེ། བླ་ སྤྲུལ་སྙན་གྲགས་ཅན་ཡིན་ནའང་འདྲ། དཔོན་པོ་ དབང་ཤུགས་ཅན་ཡིན་ནའང་འདྲ། ཚོང་པ་འབྱོར་ ལྡན་ཅན་ཡིན་ནའང་འདྲ།གང་ལྟར་སུ་ཡིན་ནའང་། དེ་ ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། གང་ཡིན་ ཟེར་ན་ལོ་ངོ་སྟོང་ཕྲག་རིང་ལ་བོད་མི་རྩམ་གཟན་མ་ ཎི་བགྲང་མཁན་ཚང་མ་གཅིག་གྱུར་བྱས་ནས་བསྡད་ ཡོད། ད་དུང་ཡང་ཤ་རུས་ཁྲག་གསུམ་འདྲེས་པའི་ སྤུན་ཟླ་ཚང་མ་སྟག་མོ་མ་བུ་ཁ་འཆམ་པ་ལྟར་རྡོག་རྩ་ གཅིག་ཏུ་སྒྲིལ་དགོས། ༌༌༌༌༌༌༌༌༌༌༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས།

མིག་གིས་མཐོང་བ་དང་རྣ་བས་ཐོས་པ་ ཁོ་ནས་ཐག་གཅོད་དགོས་པ་ཞིག་ལས། ཤེས་པས་མཁས་པར་འགྲོ་བ་དང་། མ་ ཤེས་པས་བླུན་པོར་འགྲོ་བ་ཞིག་ནི་མ་ ཡིན་ན་ཡང་། འོལ་ཚོད་ཀྱིས་སྨྲས་ན་ རྫུན་དུ་འགྲོ་བ་ནི་སྨྲ་མི་དགོས་ལ། ཇི་ ལྟ་བ་བཞིན་ཤེས་པ་ཞིག་བྱུང་ན་ནི་ཅིས་ ཀྱང་དོན་ཆེན་པོར་འགྱུར་ངེས། ---དགེ་འདུན་ཆོས་འཕེལ།

ཟླ་ཕྲེང་ཚགས་པར།

འཛམ་གླིང་ཞི་བདེའི་དབུ་ཁྲིད་ཆེན་པོ།

གསར་རིན་སྒོར། 5Rs

ཕྱི་ལོ་ ༢༠༡༡ ཟླ་བ་ ༦ པའི་ཚེས་ ༡།

དགོངས་སེལ་ཞིག ---- བོད་རྔ་བར་སེམས་གཏད་པ། རྩོམ་ཡིག་འདི་ནི་བོད་རྔ་བའི་ཡུལ་མི་ཡོངས་ལ་གདུང་སེམས་མཉམ་སྐྱེས་ཆེད་ཕུལ་བ་ལགས།

ཕྱི་ལོ་༢༠༡༡ ཟླ་༤ ཚེས་༢༣ ཉིན་རི་བོ་རྡ་རམ་ས་ ལར་ཚ་བ་ཅུང་ཆེ་ཞིང་། གུས་པོའ ་ི འདུག་ཤག་གཡས་ གཡོན་དུ་གད་སྙིགས་བསྲེགས་པའི་དྲི་ངན་གང་སར་ མཆེད་བཞིན་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ ཁང་གིས་བོད་མདོ་སྨད་རྔ་བའི་ཡུལ་དུ་རྒྱ་གཞུང་གིས་ གཉའ་གནོན་དང་རྡུང་གཅོག་གསོད་འཕྲོག་བྱེད་བཞིན་ པའི་གནས་ཚུལ་རྒྱང་སྒྲོག་བྱེད་ཀྱི་འདུག ངས་གློག་ ཀླད་ཀྱི ་ ཁ་ཕྱེ ས ་ནས་QQདྲ་འབྲེ ལ ་གླེ ང ་མོ ལ ་ལས་ བོད་ནང་གི་ངོ་ཤེས་དག་ལ་འབྲེལ་བ་བྱེད་འདོད་ཞུས་ པ་ཡིན། “ཏུས ཏུས ཏུས” ང་ལ་QQནང་དུ་སྔ་ ས་ནས་ངོ་ཤེས་ཤིག་གིས་སྐད་ཅིག་བཞག་འདུག “རྔ་ བར་ན་ཙིའི་དཔུང་ཆེན་སླེབས་འདུག ཁྱོད་ཚོས་ཅི་ བྱེད་ཀྱི་ཡོད།” ངས་ཚིག་དུམ་གཉིས་ཅན་གྱི་འཕྲིན་ ཡིག་འདི་ལ་ཡང་ཡང་བལྟས་ཤིང་། ཚིག་དུམ་འདི་ གཉིས་ཡང་ཡང་བཟླས་པ་ཡིན། ངས་མཉམ་འབྲེལ་ རྒྱལ་ཚོ ག ས་ཀྱི ་ མི འི ་ ཚོ ག ས་ཆུང་གི ས ་བོ ད ་རྔ་བའི ་ ཐད་གླེང་སློང་ཅི་བྱས་དང་། ཨ་རི་དང་ཡུ་རོབ་སོགས་ ནས་རང་རེ འི ་ རྒྱབ་དཔུང་དུ་སྤྲོ ས ་པའི ་ གནས་ཚུལ་ རིང་པོ་ཞིག་བྲིས་ཚར་སོང་། གནས་ཚུལ་འདི་དག་ཁོ་ ལ་གཏོང་དགོས་པ་ཡིན་ནམ། ང་ལ་བློ་དོགས་སྐྱེས་ ཤིང་། ངས་ཁོ་ཚོའི་ཟུངས་ཁྲག་གིས་སྒྲོན་བཞིན་པའི་ དཔལ་འབར་གྱི་མེ་ལྕེ་ལ་བསམ་བློ་བཏང་སྟེ་སྐྱི་གཡའ་ བའི་ཚོར་བ་ཞིག་སླེབས་སོང་། ང་ནི་མི་སྙིང་ཆུང་ཞིག་ ཡིན་པས་གཞིས་བཞུགས་པར་ངར་ཤུགས་སློང་བྱེད་ ཀྱི ་ སྨན་འདི ་ ཡོ ང ས་སུ་གསུབ་ནས་“དགོ ང ས་པ་མ་ ཚོམས་”ཞེས་བྲིས་ཏེ་བཏང་བ་ཡིན། རྡ་རམ་ས་ལར་མི་མང་གི་སྐད་འབོད་བསྟུད་མར་ གྲགས་ཤིང་། ཡ་ང་བའི་རྔ་ཡུལ་གྱི་གནས་སྟངས་ནི་ ཇེ ་ སྡུག་ནས་ཇེ ་ སྡུག་ཡི ན ་པའི ་ གནས་ཚུལ་ཐོ ན ་གྱི ་ འདུག ཞུམ་པ་མེད་པའི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ ཚོ ག ས་ལགས་ཀྱི ས ་རང་ལུས་མེ ར ་བསྲེ ག ས་ཀྱི ་ ངོ ་ རྒོལ་དང་། བགྲེས་སོང་ཕོ་མོ་གཉིས་ཀྱི་ཚེ་སྲོག་འཕྲོག་ པའི་གནས་ཚུལ་སོགས། བསམ་པ་ཙམ་གྱིས་ཞེ་སྡང་ དང་ཁོང་ཁྲོ། འཇིགས་སྣང་སོགས་རིམ་པར་སླེབས། མིའི་ཚེ་སྲོག་ནི་རྩ་ཆེན་ཞིག་ཡིན་པ་ཤེས་བཞིན་དུ་རྒྱ་ དམག་གི་སྨྱོ་ཧམ་དང་གཏུམ་སྤྱོད་བོད་མིའི་ཚེ་སྲོག་ གི ་ སྟེ ང ་དུ་རྟ་རྒོ ད ་སྤང་ལ་ཤོ ར ་བ་བཞི ན ་སླེ བ ས་ཤི ང ་ ། རྒྱ་དམག་འདི་དག་ལ་ཚེ་སྲོག་གི་རྩིས་ཐང་དང་མིའི་ ཀུན་སྤྱོད་ཀྱི་ངེས་ཤེས་ཡེ་ནས་སྟོང་བ་འདི་ཅི་ཞིག་མ་ འགྲིག་པ་ཡིན་ནམ། ངའི་མིག་ལམ་དུ་མདོག་ལྗང་སེར་ཅན་གྱི་ལྭ་བ་གྱོན་ ཞིང་། བོད་མི་རྣམས་ཀྱིས་མཐོང་ཡང་མ་མྱོང་བའི་དྲག་ ཆས་གོ་མཚོ ན་ཐོག ས་པའི་འཇིག ས་སྐུལ་བ་མང་པོ་ ལོ་མང་རིང་ཞི་བདེ་བག་ཕེབས་ཀྱིས་འཚོ་བ་རོལ་བའི་ རྔ་བའི་མི་མང་གི་ཕྱོགས་སུ་སླེབས་ཤིང་། རྔ་བ་སྟོད་ སྨད་བར་གསུམ་དུ་ཅི་ཞིག་ཟ་རྒྱུ་ཡོད་མེད་དང་། ཅི་ ཞིག་འཐུང་རྒྱུ་ཡོད་མེད་ལ་ཧམ་སེམས་ཀྱིས་ཞིབ་ལྟ་ བྱས། གློ་བུར་དུ་མེ་མདའི་སྐད་ཀྱིས་རྔ་ཡུལ་ཡོངས་ སུ་ཁེངས་ཤིང་། སེམས་ཀྱི་དག་ཞིང་ལ་སློབ་སྦྱོང་བྱེད་ སའི་སློབ་གྲྭ་ཆེན་མོ་ཞིག་མེ་ལྕེ་ཁྲོད་དུ་ཡལ་བར་གྱུར། དགེ་འདུན་པ་ཉིས་སྟོང་ལྷག་གི་སློབ་སྦྱོང་བྱེད་ས་འདི་ གཏོར་བཤིག་མཁན་གྱི་ལག་འོག་ནས་རིམ་པར་ཡལ་ རྗེས། ལོ་རྒྱུས་ཡིག་ཚགས་ཁྲོད་ཀྱི་ལྷ་སྟེང་དགོན་ གྱི་མིང་བྱང་འདི་ལས་ལྷག་མེད་དུ་གྱུར། བཙན་པོའ ་ི དམག་དཔུང་གི་ཁྲོད་དུ་མཛད་རྗེས་ཆེ་ཞིང་བློ་སྟོབས་ ལྡན་ལ་ཕྱི་བཤོལ་མེད་པའི་རྩེ་རྣོ་བའི་མདུང་རིང་དང་ ། དངོ་མི་ཐོགས་པའི་རལ་གྲི་འཆང་མཁན་གྱི་དཔའ་

བོ ་ མང་པོ ་ ནང་པའི ་ ཆོ ས ་ཀྱི ས ་བྱམས་སེ མ ས་ཅན་ གྱི་མི་རྒྱུད་དུ་བསྐྲུན་ཞིང་། བརྩེ་སེམས་ཀྱིས་ཁེངས་ ཏེ ་ འཇི ག ་རྟེ ན ་ཁམས་གཅེ ས ་པར་སྐྱོ ང ་བའི ་ དུས་སུ་ བར་མེད་དུ་གྲགས་པའི་མེ་མདའི་སྐད་སྒྲའི་ངོགས་སུ་ འཐིམས། ཤུལ་དུ་ལུས་པ་ནི་ཕ་མེད་མ་མེད་ཀྱི་བྱམས་ སེམས་ཅན་གྱི་མི་རྒྱུད་ཁག་ཅིག་ཡིན། རི་དྭགས་རྔོན་ པའི ་ ཚོ ར ་བ་ཙམ་ལས་མེ ད ་པའི་ དམག་ལྭ་ལྗང་སེ ར ་ ཅན་གྱི་འཇིགས་སྐུལ་བ་དག་དགོད་སྒྲའི་ཁྲོད་ཕྱིར་ཐོན་ བྱས་ཤིང་། འཁྱེར་འདོད་པ་ཆ་ཚང་འཁྱེར་ནས་ཕྱིན་ སོང་། དེ་དུས་ཕྱི་ལོ་ ༡༩༣༥ རེད། བྱམས་སེ མ ས་ཅན་གྱི ་ མི ་ རྒྱུད་ཀྱི ས ་བསླབས་པ་ནི ་ བྱམས་སེམས་གཅིག་བུ་ག་ལ་ཡིན། ལས་དབང་དང་ ། རྒྱུ་འབྲས། བཟོད་པ། ཀུན་ཁྱབ་སེམས་འཁུར་ལྡན་ པའི་རིག་གནས་ཅི་འདྲའི་མང་པོ་ཞིག་ཁོ་ཚོས་རྟོགས་ ཏེ་ཉམས་ལེན་བྱེད་བཞིན་འདུག་ཨང་། རྔ་བའི་མི་ མང་གིས་རང་གི་རིག་གནས་ཉམས་ལེན་དང་མདུན་ བསྐྱོད་ཀྱི་གོམ་པ་མཚམས་འཇོག་བྱས་མྱོང་མེད་པ་ དང་། ཤུལ་ལུས་སྐྱ་སེར་གཉིས་ཀྱིས་རང་འགན་ཕྲག་ ཏུ་བླངས་ཏེ ་ གཟི ་ བརྗི ད ་ལྡན་པའི ་ དགོ ན ་པ་གསར་ བཞེངས་ཀྱིས་སེམས་ཀྱི་དག་ཞིང་ལོངས་སུ་སྤྱོད་པའི་ རྣམ་པ་ཕུན་སུམ་ཚོ གས་པར་བསྐྲུན་སྟེ ་ཞི་བདེ་བག་ ཕེབས་ཀྱི་འཚོ་བར་འབད་བརྩོན་བྱ���། འོན་ཀྱང་། འཇིགས་སྐུལ་བ་སླར་ཡང་སླེབས་ཤིང་། དབང་བསྒྱུར་དང་བཙན་འཛུལ་གྱི་འདོད་པ་སྔར་ལས་ ཆེ་བ་བྱུང་། “ས་རྒྱལ་ཁབ་ཀྱི་ཡིན་། ཆུ་རྒྱལ་ཁབ་ ཀྱི་ཡིན་”ཟེར་བའི་བཤད་ཡམས་ཤིག་བསྒྲགས་ཤིང་ ། བོད་མི་རྣམས་ལ་རྒྱལ་ཁབ་སུ་ཡིན་ནམ་སྙམ་པའི་ དྲི་བ་འཁོར་ཡོད་ངེས། ཡ་མཚན་པ་ཞིག་ལ་རྒྱལ་ཁབ་ དེ་ནི་ངོ་གདོང་སྐྱ་བེར་བེར་གྱི་གཟུགས་པོ་ཐུང་ཞིང་ ། ཁྱིའི་སྣ་དང་འདྲ་བོ་ཡོད་པའི་རྒྱ་མི་བཙན་འཛུལ་བ་ ཚོ་ཡིན། དེ་ནས་བཟུང་རྔ་ཁོག་གིས་མཚོན་པའི་བོད་ ཡུལ་ཡོ ང ས་སུ་ཁྲག་རྒྱུན་ཆད་པའི ་ དུས་ཚོ ད ་ཡལ་ མྱོང་མེད་ཅིང་། ཁྲག་འདོན་པར་དགའ་བའི་བཙན་ འཛུལ་བའི་འགྲམ་པར་དམར་གོར་གོར་ཀྱི་སྐྱིད་མདོག་ ཤར་ཏེ་“མི་ཡིས་རང་དོན་མ་བསྒྲུབས་ན།། གནམ་ སའི་དབར་དུ་གནས་ཐབས་མེད།།” ཟེར་བའི་རྒྱ་མིའི་ གཏམ་དཔེ་དེ་ཁོ་ཚོས་ལྐོག་ཏུ་ཡང་ཡང་བསྐྱོར་གྱིན་ ཡོད། རྒྱ་མི་ལས་གཞན་གྱིས་མི་ཐོས་སར་་་་་་་་་ འཇིགས་སྐུལ་དང་གཉའ་གནོན། རྡུང་གཅོག་གསོད་ འཕྲོག་གི་མནར་གཅོད་འོག་ནས་ལོ་ངོ་བདུན་ཅུ་དོན་ གསུམ་འདས་པའི་ཕྱི་ལོ་ ༢༠༠༨ ལོར་རྔ་བའི་མི་མང་ གིས་སྙིང་རྗེའི་མཚོན་དོན་གྱི་གཟུངས་སྔགས་ཡི་གེ་ དྲུག་མ་བཟླས་ཤིང་། བདག་གཞན་མཉམ་བརྗེ་ཡི་ ཆོ ས ་ཀྱི ་ དགོ ང ས་དོ ན ་རྒྱ་དམར་འཇི ག ས་སྐུལ་བར་ སློབ་ཁྲིད་བྱས། “ཐག ཐག ཐག”སྐྱབས་ཡུལ་དགེ་ འདུན་པ་གཅིག་དང་། སློབ་གྲྭར་འགྲོ་བའི་བུ་མོ་ཞིག་ ས་རུ་འགྱེལ། ད་དུང་དེ་ལས་ཀྱང་མང་པོ་རླངས་པ་ཐུ་ ལུ་ལུའི་ཟུངས་ཁྲག་ནང་དུ་བསྙལ་སོང་། ང་ཚོའི་དྲན་ ཡུལ་དུ་སྙན་ཚིག་ཅིག་འཁོར། སྙན་ཚིག་དེ་ནི་མི་ཤི་ རྟ་འགྱེལ་ལ་ཞེ་སུན་བྱུང་བའི་རི་བོ་དགེ་ལུགས་པའི་ སྙན་ངག་སྨྲ་བ་ཆེན་པོ་ཞང་ཞུང་ཆོས་དབང་གྲགས་པ་ ལགས་ཀྱི་“འཛིན་མ་རུས་པའི་གོས་དཀར་ནི།། བར་ བར་ཁྲག་གི་ལྟིང་ཀ་འཁྱིལ།། ལ་ལར་ཁྲག་རྒྱུན་དྲོན་ མོ་འབབས།། ”ཞེས་པ་འདི་ཡིན། སྙན་ཚིག་རྐང་བ་ གསུམ་པོ ་ འདི ་ ཡི ས ་རྔ་ཡུལ་གྱི ་ རྣམ་པ་ཡོ ང ས་སུ་ མཚོན་པར་བྱས་ཤིང་། ང་ལ་འདི་ལས་ཀྱང་ཁ་གསལ་ ལ་ཚིག་ཉུང་བའི་བརྗོད་པ་ཅི་ཡང་མ་བྱུང་། དྲག་སྤྱོད་

Bod-Dhon-Ling-Tik

-----རས་པ།

གཞུང་གི་ཀླ་ཀློའ ་ི རུ་དཔུང་སྔར་ལས་ཀྱང་སྣོན་པ་ བྱས་ཤིང་། བྱམས་སེམས་ཅན་གྱི་མི་རྒྱུད་རྣམས་ འུ་ཐུག་པ་བཟོས་སོང་། བཟོ ད ་བསྲན་ཆེ ་ ལ་བློ ་ སྤོ བ ས་ཉམས་པ་མེ ད ་པའི ་ བདེན་དོན་གྱི་མགོ་བོ་ཡར་ལ་བཀྱགས་ཤིང་། ཚེ་ སྲོག་གིས་བདེན་དོན་གྱི་ལ་རྒྱ་རྩོད་པའི་བོད་ཕྲུག་ གཞོན་ནུ་ཞིག་གིས་རང་སྲོག་དོར། “བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་མི་རྣམས་ཀྱིས་ཀྱང་རང་དབང་ གི་འཚོ་བ་རོལ་ཆོག་དགོས། བོད་མི་རྣམས་ཀྱིས་ ཀྱང་རང་ཉི ད ་ཀྱི ་ དད་མོ ས ་བྱེ ད ་སར་གུས་བཀུར་ བྱེད་པའི་རང་དབང་དགོས། ང་ཚོ་ལ་རང་ཉིད་ཀྱི་ བདག་དབང་དགོས། ”ཞོགས་པའི་ཉི་ཟེར་གྱི་དྭངས་ གཙང་དང་འགྲོགས་པའི་རྒྱལ་གཅེས་དཔའ་བོ་ཕུན་ ཚོ ག ས་ལགས་ཀྱི ་ སྐུ་ཕུང་གི ས ་མངོ ན ་འདོ ད ་མང་ དག་ཅིག་མནབས་ནས་ཀིརྟི་དགོན་པའི་ཕྱོགས་སུ་ སླེབས་ཤིང་། ཁོང་གི་ཆོས་ཀྱི་གྲོགས་པོ་རྣམས་ དང་། ཡུལ་མི་རྣམས་ཀྱིས་ཁོང་གི་མངོན་འདོད་དེ་ རང་ཉིད་ཀྱི་མངོན་འདོད་ཡིན་པའི་གསལ་བསྒྲགས་ བསྐྱངས། ཏང་ཀྲུང་དབྱང་ནས་སླེབས་པའི་ཁ་པར་ གྱི ་ ཏི ར ་སྒྲ་རྔ་བའི ་ རྫོ ང ་སྲི ད ་གཞུང་ནས་སི ང ་སི ང ་ གྲགས་ཤིང་། དྲག་སྤྱོད་གཞུང་གི་གཏུམ་དྲག་ ཅན་གྱི་ཁྱི་ཚོགས་ཤར་གྱིས་རྔ་བ་ཀིརྟི་དགོན་པའི་ ཕྱོགས་སུ་སླེབས་ནས་ཐག་ཐག་ཐག་གི་མེ་མདའི་ སྐད་སྒྲ་བར་མེད་དུ་བསྒྲགས་བྱུང་། ད་དུང་ཚེ་ སྲོག་ཅི་ཙམ་ཞིག་རྒྱ་དམར་གྱི་དགོད་སྒྲ་དང་མཉམ་ དུ་མཇུག་བསྡུས་ཡོད་ཨང་། ང་རང་རི་བོ་ཆུང་ ཆུང་རྡ་རམ་ས་ལའི་སྒང་ནས་དྲན་མེད་ཚོར་མེད་དུ་ ལུས་ཤིང་། གསར་ལམ་ཁག་ཏུ་ཉིན་རྒྱུན་ཛ་དྲག་གི་ གནས་ཚུལ་སྤེལ་གྱིན་འདུག དྲ་རྒྱའི་གཞུང་ངོས་ སུ་རྔ་བའི་མིང་བྱང་གིས་ཁེངས་ཤིང་། རྔ་བའི་རྒྱལ་ གཅེ ས ་དཔའ་བོ ར ་བསྟོ ད ་པའི ་ སྙན་ངག་གི ་ ཚོ ར ་ རླབས་ཐུལ་མགོ་བརྩམས། ཐེག་ཆེན་ཆོས་གླིང་དུ་ རྔ་ཡུལ་དང་། བོད་ས་ཡོངས་སུ་དྲག་སྤྱོད་གཞུང་གི་ མེ་མདའི་མཆུ་སྦུག་ཏུ་དྲངས་པའི་དཔའ་བོ་རྣམས་ དང་། བཙོན་ལུས་སྤུན་ཟླ་རྣམ་པར་གདུང་སེམས་ མཉམ་བསྐྱེ ད ་ཀྱི ་ ཆེ ད ་དུ་སྨོ ན ་ལམ་གསུང་འདོ ན ་ བྱེད་ཀྱི་ཡིན་ཞིང་། ངས་ཀྱང་《སྨོན་ལམ་ཕྱོགས་ བསྒྲིགས་》ཀྱི་དེབ་ཁྱེར་ནས་ཐེག་ཆེན་ཆོས་གླིང་དུ་ སྨོན་ལམ་འདེབས་པར་འགྲོ་རྒྱུ་ཡིན། རིགས་རྒྱུད་གཅིག་པའི་རྔ་བའི་མི་མང་ལགས། ངས་ ནི ་ སྨོ ན ་ལམ་གྱི ་ ཆོ ་ ག་འདི ་ གཉེ ར ་ཏེ ་ རང་སེ མ ས་ སྡུག་གིས་མནན་པའི་གདོང་པ་ཕྱི་རུ་སྟོན་པ་ལས་ ཅི་ཡང་མི་ནུས་པས་“དགོངས་པ་མ་ཚོམས་”ཞུ་རྒྱུ་ ཡིན། བོད་ལྕགས་ཡོས་བཙན་བྱོལ་ལོ་༥༡པ་ཕྱི་ལོ་༢༠༡༡ཟླ་

༤ཚེས་༢༥དགོང་མོ།

བོད་ཕྲུག་རྣལ་མ། -1-


=༢=

ངའི་བོད་སྐད་ཡིག

ང་རང་ཚོ འི ་ བཟང་སྤྱོ ད ་གྱི ་ གནས་ཚུལ་དེ འི ་ ཐོ ག ་ ནས་མང་ཚོགས་ལ་༧རྒྱལ་བ་རིན་པོ་ཆེའི་བཀའ་ སློབ་དང་མཐུན་པའི་མིག་དཔེ་བསྟན་ཐུབ་པ་ཞིག་ ངེས་པར་དུ་ཡོང་བའི་རེ་བ་ཞུ་གི་ཡོད། རེ་བ་ཙམ་ མ་ཟད་ཡིད་ཆེས་ཞུ་ཡི་ཡོད། ངའི་མེས་པོ་ཚོའི་སྤྱི་ཚོགས་ཁྲོད་ཀྱི་བོད་སྐད་ཡིག་ནི་ མཆོད་བཤམས་ཀྱི་ཁྲོད་ནས་བཤམས་རྒྱུ་ཞིག་དང་ཁ་ ༌༌༌༌༌༌༌༌༌༌༌༌༌༌༌བཀའ་ཁྲི་ཟམ་གདོང་རིན་པོ་ཆེས། ཏོན་གྱི་དཔེ་ཆ་འདོན་བྱེད་ཅིག ད་དུང་བླ་གྲྭ་ཚོས་ནང་ ཆོས་སྦྱོང་བྱེད་དང་སྒོམ་ཆེན་ཚོས་གསང་སྔགས་སྒྲུབ་ བྱེད་ཁོ་ན་ཞིག་ཆགས་ཡོད། ཡིན་ནའང་། ད་ལྟའི་ན་ རང་རེ་གངས་ཅན་མི་རིགས་ལ་མཚོན་ན་ལོ་རྒྱུས་ གཞོན་ཚོའི་སྤྱི་ཚོགས་ཁྲོད་དུ། བོད་སྐད་ཡིག་ནི་མིའི་ ཀྱི་རྒྱུན་རིང་བ་དང་རིག་གནས་ཀྱི་ལོངས་སྤྱོད་ཕྱུག་ རིགས་ཀྱི་གནད་དོན་གླེང་བྱེད་ཅིག་དང༌། མིའི་རིགས་ པ་སོ ག ས་རྒྱལ་ཁབ་ཕྱི ་ ནང་ཀུན་ཏུ་གྲགས་ཀྱང་ ཀྱི་འཚོ་གནས་སྒྲུབ་བྱེད་ཅིག་ཡིན། ད་དུང་བོད་སྐད་ གྲགས་ལ། བདེན་ཡང་བདེན་མོད། མེས་པོ་རྣམས་ ཡིག ་གིས ་ངའི་མི ་རི ག ས་འདི འི ་སྐྱོ ་སྡུག་གི ་ལོ ་རྒྱུས་ ཀྱི ་ཤུལ་བཞག་དངོ ས ་རྫས་ཡོ ད ་ཁུལ་གྱི ས ་རང་ ཀྱི་འཁན་འཁྲི་ཁུར་ནས་གཞིས་བྱེས་གཉིས་གཅིག་ཏུ་ མཐོང་ང་རྒྱལ་གྱིས་ཉལ་བསྡད་ན་མི་འགྱངས་པར་ སྤྲེལ་དགོས། སེམས་བསམ་པའི་གཏིང་ནས་གླེང་བའི་ གཞན་གྱི་གྱང་རྩ་དང་ཟས་ལྷག་ལ་བརྟེན་པའི་སྤྲང་ སྙིང་གཏམ་དང་། ཤ་རུས་པའི་མཐུལ་ནས་ལངས་བའི་ པོར་འགྱུར་བར་ཐེ་ཚོམ་མེད། ན་ཟུག་དེ་དག་ཕྱི་རུ་འདོན་དགོས། ཉམས་ཐག་པའི་མི་ རིགས་འདིའི་ཕྱིར་དུ། ཤོར་ཟིན་པའི་རྒྱལ་ཁབ་འདིའི་ ---དོར་ཞི། ཆེད་དུ། ད་དུང་མི་རིགས་འདིའི་ལུས་གསེང་ན་རྒྱུ་བའི་ན་ཟུག་ བོད་ཀྱི་ལྟེ་གནས་གྲོང་ཁྱེར་ལྷ་ས་དང་། གནའ་རབས་ གི་འཁུན་སྒྲ་གྲངས་མེད་དེ་ཕྱི་ལ་བསྒྲག་དགོས། ལྷག་ ལོ་རྒྱུས་ཀྱི་འབྱུང་ཡུལ་ལྷོ་ཁའམ། ཀོང་པོ། འབྲི་གུང་ དོན་དུ་གཏིང་ཟབ་ཅིང་རྒྱ་ཆེ་བའི་མི་ཆོས་རིག་གནས་ སོ ག ས་ས་གནས་དུ་མར་གནའ་དུས་བཙན་པོ འ ་ི ཀྱི་དབུ་འཕང་དགུང་དུ་བསྟོད་དགོས། མི་རིགས་འདིའི་ སྐབས་བསྐྲུན་པའི་རྡོ་རིང་གི་ཡི་གེ་བཟོ་བཅོས་ཀྱི་ མཛེས་དཔྱོད་ལྟ་གྲུབ་དང་རིག་གནས་སེམས་ཁམས་ དྲི་མས་མ་གོས་པ་ཁག་གཅིག་ད་ལྟའང་དངོས་སུ་ སོགས་བརྒྱུད་སྤྲོད་བྱེད་དགོས། མི་རབས་ནས་མི་ གནས་ཡོད་པ་དེ་དག་གི་ཐོག་ཆབ་སྲིད་དང་། དམག་ རབས་བརྒྱུད་དེ། དོན། ས་རིས་བདག་དབང་གི་སྐོར་སོགས་འཁོད་ བོད་སྐད་ཡིག་ལ་འདི་ལྟར་འགན་འཁྲི་གྲངས་མེད་ཅིག་ ཡོད་ལ། ཆོས་ལུགས་འཛིན་སྐྱོང་ཐད་ཀྱི་གཙིགས་ ཡོད། བོད་སྐད་ཡིག་ལ་འདི་ལྟར་ལས་དོན་གྲངས་མེད་ ཡིག་ཀྱང་ཚུད་པ་བཅས་ལོ་རྒྱུས་དཔྱད་གཞིའི་ནང་ ཅིག་ཡོད། དོན་ཕུན་སུམ་ཚོགས་ཙམ་མཆིས། ---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

མི་ཞིག་ཚད་ལྡན་ཡིན་དང་མིན་གྱི་ཚད་གཞི་དེ་མི་ དེ་ལ་རྒྱབ་སྐྱོར་བྱེད་མཁན་མང་ཉུང་ཐོག་ནས་བལྟ་ རྒྱུ་མིན་པར། མི་དེས་བཤད་པའིི་སྐད་ཆ་དེ་དང་ བསམ་བློ་དངོས་ཡོད་གནས་ཚུལ་དང་མཐུན་ན་མི་ དེ་ཚད་ལྡན་ཡིན་པ་དང་། དེ་མིན་ན་ཚད་ལྡན་མིན།

༌༌༌༌༌༌༌༌༌དུང་དཀར་བློ་བཟང་འཕྲིན་ལས་ཀྱིས།

ལོ་ངོ་ཁྲི་སྟོང་མང་པོའ ་ི རིང་ལ། ལམ་ཕྲན་འདི་རྒྱ་ཇེ་ ཆེར་དང་ཁོད་ཇེ་སྙོམ། ཁྱོན་ཇེ་ཡངས་སུ་གཏོང་མ་ ཐུབ་པ་དེ་ནི་ང་ཚོའི་ངོ་ཚ་ཡིན་པ་ལས་གནའ་མིའི་ གླེན་རྟགས་ག་ལ་ཡིན།

༌༌༌༌༌༌༌༌༌༌༌༌༌དཔལ་དོན་གྲུབ་རྒྱལ་གྱིས།

ཤ་དར་ཁྲག་དར་དུས་སུ།། ཡོན་ཏན་ནོར་བུ་བསགས་དགོས།། ཡོན་ཏན་མེད་པར་རྒས་དུས།། ཁྱི་རྒན་སྒོ་ཉལ་འདྲའོ།།

༌༌༌༌༌༌༌༌༌༌མཁས་དབང་དམུ་དགེ་བསམ་གཏན་གྱིས།

རྨི་ལམ་རྨིས་པ།

བསྟན་འཛིན་ཆོས་འཕེལ། 《ས་རཱ》

གཅིག། རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་བསམ་ཞིང་ གཏམས་པར་བྱས་ན། སེམས་སྐྱོ་སྐྱོ་བར་དུ་བསམ་ རྒྱུ་ཡོད་ལ། ཁ་ན་ན་བར་དུ་འཆད་རྒྱུ་ཡོད། དེ་ནི་ ང་བསམ་མཁས་པས་མ་ཡིན་ལ། ང་བཤད་མཁས་ པས་དེ་བས་ཀྱང་མིན། གང་ཟག་སུ་ཞིག་ཡིན་ཡང་ ལྷན་སྐྱེས་ཀྱི་རང་དབང་དང་ལྷན་སྐྱེས་ཀྱི་ཐོབ་ཐང་

-2-

ཕྱི་ལོ་ ༢༠༡༡ ཟླ་བ་ ༢ པའི་ཚེས་ ༣།

བོད་དོན་གླེང་སྟེགས།

— འབྲོག་རུ་ཆོས་གྲགས། 《རྡ་ས།》

ངས་ཐེའུ་རང་དྲན་གི

ཨ་འདུས་མིག་ཆུ། 《ས་རཱ》

༡ ཕ་ཡུལ་གྱི་རྩྭ་ཐང་རང་རིགས་ཀྱི་དུར་ས་རུ་བསྐྲུན་ དུས། ཕ་ཡུལ་གྱི་མཚོ་མོ་མཚལ་ཁྲག་གིས་དམར་ པོ་རུ་བསྒྱུར་དུས། ཕ་ཡུལ། རོ་གཟན་རྒོད་པོ་ཁྱུ་ གཅིག་གིས་གནམ་འཕང་གཅོད་ས་དང་། ཁྲག་ འཐུང་སྦྱང་མོ་འབའ་ཞིག་གིས་འདུར་རྒྱུག་བྱེད་ས་ ཞིག་ཏུ་གྱུར་དུས། ངའི་ཕ་ས་ཕ་ཡུལ། དམར་སྲུང་ དམག་ལི ་ འགའ་ཞི ག ་གི ས ་ཨག་རི ང ་འཐེ ན ་ས་རུ་ གྱུར་ཞིང་། རྒྱ་མོ་རྐང་ཐོ་རེ་གཉིས་ཀྱིས་སྒེག་ཉམས་ ངོམ་ས་ཞིག་ཏུ་གྱུར་དུས། བལྟས་བལྟས་རིག་རིག་ ལ། སྙིང་སྟོབས་ཀྱི་གོ་ཆ་སྲ་མོ་ཞིག་བགོས་ཤིང་། སྙུ་ གུའི་རལ་གྲི་རྣོ་དབལ་ཞིག་བཏེགས་ནས། བསད་ བསད་གཏུབ་གཏུབ་ཀྱི་ཁྲག་དམར་གླེགས་བམ་ཆེན་ པོ་ཞིག་གི་ལྟེབ་ཁུག་ན་བླུགས་ནས། སྟག་ཤ་ར་ཞིག་ གི ས ་ཀི ་ རི ང ་ཞི ག ་འདེ བ ས་བཞི ན ་ཤོ ར ་འོ ང ་བའི ་ བདག་གི་ནུ་བོ་སྟེ། ཐེའུ་རང་ཞེས་པའི་གསར་རུ་ལོ་ ཆུང་དེ་དྲན་བྱུང་། ༢ མ་ཡུལ་རི་ལུང་གི་ཤིང་ནགས་བྲེགས་ནས་གྲྭ་བཙུན་ དག་གི་མགོ་བོ་ལྟ་བུ་ཞིག་ཏུ་བསྐྲུན་ཞིང་། མ་ཡུལ་ སྤང་གཤོང་གི་གཏེར་ཁ་བསྔོགས་ནས་སློག་པ་ཐེད་ པོ་འདྲ་བ་ཞིག་ཏུ་བསྐྲུན་དུས། མ་ཡུལ། དུག་སྦྲུལ་ ནག་རིང་ཞིག་དང་འདྲ་བའི་མེ་འཁོར་རྒྱུ་ས་ཞིག་ཏུ་ གྱུར་ཞིང་། སྐྱག་འབུ་སྦྲང་ནག་ཞིག་དང་མཚུངས་ པའི་རླངས་འཁོར་རྡོག་རྡོག་པོ་དེ་དག་འཚུབ་ལོང་ རྒོད་ས་ཞིག་ཏུ་གྱུར་དུས། ངའི་མ་ས་མ་ཡུལ། རྒྱ་ རྒན་ལབ་གྱལ་འགའ་ཞི ག ་གི ས ་དུད་ཆང་རོ ལ ་ས་ ཡོད་པ་ནི་ འགྲོ་མིའི་རིགས་གཙོ་བྱས་པའི་སྲོག་ལྡན་ གཡས་གཡོན་གྱི་ཤག་མཚེ་ཚང་མ་ལྷིང་འཇག་གེར་ ཞིག་དང་། རྒྱ་མོ་ཡུགས་ས་མ་ཁྱུ་ཞིག་གིས་གཞང་ གྱི་རིགས་ཐམས་ཅད་གཅིག་མཚུངས་རེད། དེ་ལྟ་བུའི་ རེད་ལ། ལ་ལས་རྔུར་པའང་གསལ་ལ་མི་གསལ་བ་ བཙོང་གི་གཡའ་ཆུ་བཞུར་ས་རུ་གྱུར་དུས། ཤེས་ ཆོས་ཉིད་འདི་ནི་སྲིད་པ་རྒན་པོའ ་ི གཤིས་ལུགས་སུ་ ཞིག་འཐེན་གྱི་འདུག། ངས་རྨི་ལམ་ལ་རྨི་ལམ་རང་དུ་ ཤེས་གོ་གོར། བསམ་གཞིགས་ཀྱི་གྲི་རིང་ཐོགས་ འཁུམས་པས་དེ་དང་འགལ་ན་ད་གཟོད་ཀླ་ཀློ་དུ་བགྲང་ བསམས་ནས་སླར་ཡང་ཉལ་བ་ཡིན། ཤིང་། ལ་རྒྱ་ཡི་ཐོ་བ་འཁྱེར་ནས། ལྐོག་ལྐོག་སུད་ གསུམ། ཆོག་པ་ཡིན། གཉུག་མའི་ལོ་རྒྱུས་དང་གདོད་མའི་ སུད་ཀྱིས་རང་རིགས་ཀྱི་ཤ་ཚིལ་ཟ་བའི་མི་ངན་དག་ བྱུང་བ་ལ་ཕྱི་མིག་བལྟས་ན་ད་གཟོད་ཀླ་ཀློའ ་ི བྱེད་བབ་ དེ ་ ནས་ཕལ་ཆེ ར ་ཆུ་ཚོ ད ་གསུམ་ཙམ་གྱི ་ རྗེ ས ་སུ་ གི་ངོ་གདོང་བཤོས་ནས། སྐྲ་ལོ་གཡག་རྔ་འདྲ་བོ་ གཅིག་གཅིག་གཉིས་གཉིས་ཀྱི་མིག་ལམ་དང་ཡིད་ངོ་ སླར་ཡང་ངའི་རྨི་ལམ་དུ་སྙན་ངག་ལྷ་མོ་ ཕེབས་བྱུང། འཕྲག་ལ་གློད་ནས་འགྱིང་འོང་བའི་བདག་གི་ནུ་བོ་ ཚང་མར་ཁྲ་ལྷམ་མེར་འཆར་འོང། དེ་ལྟར་འཆར་བའི་ མོས༼ཁྱོད་ལ་དཀའ་ངལ་གང་ཡོད་དེ་རིང་སྙན་ངག་ སྟེ། ཐེའུ་རང་ཟེར་བའི་ན་གཞོན་བུ་རྒོད་དེ་དྲན་བྱུང་། ཅེས་ གནད་དོན་རེ་རེ་ནི་ཀླ་ཀློའ ་ི བྱེད་བབ་དངོས་མ་རེ་རེ་ གི་ལམ་ནས་གྱེར་ན་འགྲིག་གི་རེད་དམ༽ ༣ ཡང་ངས་༼ང་བོད་པའི་གངས་རི་ཡིན་ འོ ད ་དཀར་དྲ་ཚི ག ས་ཀྱི ་ རྒྱང་འབོ ད ་ལེ ་ ཚན་ལས་ ཡིན་པས་ ཞིབ་དཔྱོད་ཀྱིས་འཇུག་ཅིང་ཉམས་སུ་སྦྱར་ གསུངས། ཏེ་གཏན་དུ་བརྗེད་རྒྱུ་མེད་པར་བཟོ་དགོས། དེ་ནི་བོད་ པའི་རྒྱུ་མཚན་གྱིས་དཀར་པོ་བྱས་ནས་བསྡད་ས་མི་ བསྐྱུར་ཞིང་། རྩོམ་པོའ ་ི མཐུན་ཚོགས་ཀྱི་མིག་ཟུར་ ང་བོད་པའི་ཁ་བ་ཡིན་པའི་རྒྱུ་མཚན་གྱིས་ ལས་མ་འོང་བའི་《ཁྲག་ཡིག་》དམར་པོའ ་ི བདག་པོ་ པའི ་ མི ང ་གི ས ་གོ ས ་པའི ་ སེ མ ས་ཅན་ཐམས་ཅད་ཀྱི ་ འདུག། ང་བོད་པའི་ སྟེ། མི་ཆེན་དཔོན་ཆེན་གྱིས་རྣ་བར་མ་བཞག་ཀྱང་ བགོ་སྐལ་ཡིན་ལ་འོས་འགན་ཡིན་པ་མ་ཟད་གདམས་ དཀར་པོ་བྱས་ཏེ་འབབ་ས་མི་འདུག། སྤངས་ལྗོ ང ས་ཡི ན ་པའི ་ རྒྱུ་མཚན་གྱི ས ་ལྗང་མདོ ག ་ ། བླ་ཆེན་དགེ་བཤེས་ཚོས་ཐུགས་དགོངས་ལ་མ་ ང་མེད་པའི་འོས་འགན་ཡིན། བྱས་ཏེ་འཚར་ས་མི་འདུག། ང་བོད་པའི་ཆུ་གཙང་ཆབ་ ཤར་བའི ་ ཐེ འུ ་རང་སྟེ ། ནུབ་བྱང་ལྷ་སྲི ན ་སྡེ ་ བརྒྱད་ གཉིས། མདང་ནུབ་ངའི་རྨི་ལམ་ནང་དུ་རང་དབང་ ཡིན་པའི་རྒྱུ་མཚན་གྱིས་དྭངས་མ་བྱས་ནས་བཞུར་ས་ ཀྱི་ནང་ཚན། བོད་མིའི་སྡུག་བསྔལ་ཧར་གྱིས་སྒྲོག་ ལྷ་མོ་ངའི་འདུན་དུ་ཕེབས་ཏེ་༼ཁྱོད་ཀྱིས་དཀའ་ངལ་ མི་འདུག། ང་བོད་པའི་ནགས་ཚལ་ཡིན་པའི་རྒྱུ་མཚན་ མཁན་གྱི་དུང་སྒྲ་རིང་མོ། བཙོན་ཁང་ནང་གི་སྐར་ རྣམས་ཆད་ལྷག་མེད་པར་ཤོད༽ཅེས་གསུང་བྱོན་པར་ གྱིས་གཡུ་ལོ་རྒྱས་དེ་མཚར་ས་མི་འདུག། ང་བོད་པའི་ མ་འོད་ཆེན། བདག་གིས་དྲན་བྱུང་། དྲན་གདུང་གི་ གྱུར། ངས༼ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་ང་ལ་ གཡག་རོ ག ་ཡི ན ་པའི ་ རྒྱུ་མཚན་གྱི ས ་རྩ་་ལྡུམ་ལྗང་ སེམས་པར་བཞད་པའི་སྙིང་གི་ཚི་ལུ། ཐེའུ་རང་ཧ་ རང་དབང་མེད། ང་བོད་ཡིན་པའི་རྒྱུ་མཚན་གྱིས་ང་ལ་ ཁུ་ཟ་ས་མི་འདུག། ང་བོད་པའི་ཁྲུང་ཁྲུང་ཡིན་པའི་རྒྱུ་ ཅང་དྲན་གི ཐོབ་ཐང་མེད། ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་ང་ལ་ མཚན་གྱི ས ་གནམ་མཐོ ན ་པོ ར ་འཕུར་ས་མི ་ འདུག། ༤ རྒྱལ་ཁབ་མེད་། ང་བོད་ཡིན་པའི་རྒྱུ་མཚན་གྱིས་ངས་ ང་བོ ད ་པའི ་ ཆར་པ་ཡི ན ་པའི ་ རྒྱུ་མཚན་གྱི ས ་དུས་ བཙན་བྱོ ལ ་རྩོ མ ་པ་པོ འ ་ི ངག་སྒོ ་ ན་མ་ གཞན་ངོ་སྲུང་དགོས། ང་བོད་པ་ཡིན་པའི་རྒྱུ་མཚན་ ཐོག་ཏུ་་་་་་་་་༽ཞེས་ངས་རྫོགས་རྒྱུ་མེད་པར་གྱེར་དེ་ ཐོན་ཞིང་། བོད་སྐྱོབ་རེ་འབོད་པ་དག་གིས་བསྐྱབ་ གྱིས་ང་ལ་སྨྲ་བརྗོད་རང་དབང་མེད། ང་བོད་པ་ཡིན་ མཚམས་འདིར་སླེབ་དུས་སྙན་ངག་ལྷ་མོས་སུན་སྣང་ ཡུལ་དུ་མ་གྱུར་བའི་ན་གཞོན་ཏེ། སྨྲ་ལྕེ་བདེན་པ་ལ་ པའི་རྒྱུ་མཚན་གྱིས་གཞན་གྱིས་ང་ལ་མཐོང་ཆུང་བྱེད་ ཆེན་པོས༼ད་འགྲིག་ཐག་ཆོད་སོང། ཁྱོད་མ་དཀའ་ བཅོལ་ཞིང་། རང་རིགས་ཚེ་སྲོག་གིས་སྐྱོབས་པའི་ ཀྱི་འདུག། ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་གཞན་ ནའང་ང་དཀའ་ཡི་འདུག། གྱེར་ནས་རྫོགས་རྒྱུ་ཁྱོན་ དཔའ་བོ། རྒྱ་མོ་སྨིན་ལེགས་མའི་ཟུར་མིག་ལ་མ་ ཁྱོད་ཚོ་བོད་པ་ཚོས་རྟག་པར་འདི་ ཆགས་ཤིང་། མོའ ་ོ ཙེ་ཏུང་གི་མགོ་བོའ ་ི བམ་ཁས་མ་ གྱིས་ང་མི་གྲལ་དུ་རྩིས་ཀྱི་མི་འདུག། ང་བོད་ཡིན་པའི་ ནས་མི་འདུག། རྒྱུ་མཚན་གྱིས་ངའི་སྲོག་ལ་གཞན་གྱིས་སྲོག་གི་རིན་ འདྲ་གྱེར་གྱེར་ནས་བསྡད་པ་ལས་གཞན་ཅི་ཡང་ཤེས་ ཁུགས་པའི་སྒལ་ཚུགས་དྲང་མོ། ལྕགས་ནག་འདོམ་ ཐང་བྱིན་གྱི་མི་འདུག། ང་བོད་པ་ཡིན་པའི་རྒྱུ་མཚན་ ཀྱི་མི་འདུག༽ཅེས་བཀའ་བཀྱོན་ཕེབས། ངས་ཅུང་ པ་བཅོ་བརྒྱད་ཀྱི་དམ་པོར་བཅིངས་པའི་སྟག་རྒོད་ གྱིས་ཁྱི་མཞིན་དུ་འཁྱམ་དགོས་ཀྱི་འདུག། ང་བོད་ མི་འདོད་པའི་རྣམ་འགྱུར་ཞིག་སྟོན་བཞིན་༼ད་ཁྱེད་ ངར་མ། ཐེའུ་རང་དྲན་བྱུང་། ཉིན་མཚན་མེད་པར་ པ་ཡ���ན་པའི་རྒྱུ་མཚན་གྱིས་གཞན་གྱིས་ང་ལ་་་་་་་་་་་་ ཀྱིས་ཀྱང་ང་ཚོར་མཐོང་ཆུང་བྱེད་ཀྱི་འདུག། ང་ཚོ་བོད་ དྲན་བྱུང་། ་༽ཞེས་ངས་ཁ་ན་ན་དང་མིག་ཆུ་འཛར་འཛར་གྱིས་ རྣམས་དེ ་ འདྲ་རྐྱང་རྐྱང་མི ན །༽ཞེ ས ་ངས་རང་ནུས་ འཆད་བཞིན་པའི་མཚམས་དེར་རང་དབང་ལྷ་མོ་སུན་ གང་ཡོད་ཀྱིས་རྩོད་པ་བྱས། སྐབས་དེར་མོས་༼ཁྱོད་ ཡོད་པ་འདྲ། མོས༼ད་འགྲིག་སོང་། ཁྱོད་ཚོ་བོད་པར་ ཚོ་དེ་འདྲ་རྐྱང་རྐྱང་ཡིན་ས་མ་རེད། སེམས་ཤུགས་ ལ་ལྟ་སྐབས། ཆུ་ཚོད་བརྒྱད་པ་ཟིན་པར་སྐར་མ་ལྔ་ ཐུག་ཀྱང་འདི་འདྲ་རྐྱང་རྐྱང་རེད། ཁྱོད་ངོ་མ་དེ་འདྲ་ ཆེ་མདོག་བྱེད་མཁན་ཁྱོད་རང་གིས་ཁྱོད་རང་ལ་ལྟོས་ ལས་མི་འདུག། ། མྱུར་དུ་ལངས་ཏེ་ཁྲུས་བཤལ་ཡང་ སྡུག་ལ་ཐུག་ཡོད་ན་ཁྱོད་ཅིའི་ཕྱིར་འདི་འདྲ་ཉལ་ནས་ དང། ཉི་མ་འཕོངས་མགོར་ཤར་ནས་ཡོང་གི་འདུག་ མ་བྱས་པར་འཛིན་གྲྭར་ཕྱིན་པ་ཡིན། སྡོད་ཀྱི་ཡོད༽ཅེས་ངའི་འགྲམ་པར་འགྲམ་ལྕགས་ཚ་ ཁྱོད་ད་དུང་ཉལ་ནས་སྡོད༽ཅེས་ཤེལ་གྱི་བུམ་པ་སྙིང་ ཐག་ཆོད་ཅིག་གཞུས་ཏེ་གཉིད་ལས་བསླངས། དེ་དུས་ དུ་སྡུག་པ་ཞིག་ལས་ཆུ་ཕྲན་བུ་བསྟོར་ཏེ་ཡལ་སོང། དེ་ ཕལ་ཆེར་མཚན་གྱི་ཆུ་ཚོད་༡༡ཙམ་ཡིན་ས་རེད། ངའི་ མ་ཐག་ངའང་སད། ངས་སྔས་མགོར་ཡོད་པའི་ཆུ་ཚོད་ མཐར་དེ ད ་ན་འདི ་ ཡོ ད ་ཚད་ང་ཚོ ས ་བསྒྲུབ་དགོ ས ། འདི་ཡོད་ཚད་སྒྲུབ་བྱེད་ཀྱི་ལག་ཆ་གཙོ་བོ་ནི་བོད་སྐད་ ཡིག་ཡིན་པས་ང་ཚོར་བོད་སྐད་ཡིག་མེད་སོང་ན་ཡོད་ ཚད་མཇུག་རྫོགས་སོང་བ་མ་ཡིན་ནམ། གྲོགས་པོ་ལགས། ད་ལྟའི་བོད་སྐད་ཡིག་ནི་ཁྱེད་ཀྱི་ འཚོ་བའི་ནང་གི་ལྷུ་ལག་ཅིག་ཡིན། ད་ལྟའི་བོད་སྐད་ ཡིག་ནི་ཁྱེད་ཀྱི་འཇིག་རྟེན་ནང་གི་ལམ་ཡིག་ཅིག་ཡིན། བོད་སྐད་ཡིག་ནི་བོད་མི་རིགས་འདིའི་ལྕེ་ལྟ་བུ་ཡིན་ པས། ངས་ནམ་ཡང་བོད་མི་རིགས་འདི་ལྐུགས་པར་མི་འགྲོ་ བའི་སྨོན་འདུན་ཞུ་བཞིན་ཡོད། གླེན་པར་མི་འགྲོ་བའི་ སྨོན་ལམ་འདེབས་ཀྱིན་ཡོད། སྨོན་ལམ་འདི་རེ་འདུན་ ཞིག་ཡིན། དྲན་གདུང་གིས་མནར་བའི་སྐྱབས་བཅོལ་ གྱི་ལོ་ཟླའི་ཁྲོད་ནས་མིག་ཆུས་བསླངས་པའི་རེ་འདུན་ ཞིག་ཡིན། སེམས་བསམ་པའི་གཏིང་ན་རེ་བའི་འདུན་ པ་ཞིག་ཡིན། རེ་འདུན་དེ་མངོན་གྱུར་ཡོང་ཆེད་བོད་མི་རེ་རེ་ལ་བོད་ སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་ཆེན་པོ་ཡོད། བོ ད ་སྐད་ཡི ག ་དར་སྤེ ལ ་བྱ་རྒྱུའི ་ ལས་འགན་མང་པོ ་ ཡོད། འདི ་ ནི ་ བོ ད ་མི ་ སྒེ ར ་པ་ཞི ག ་གི ས ་རང་གི ་ རྒྱལ་ཁབ་ སླར་གསོའ ་ི ཆེད་བསྒྲུབ་དགོས་པའི་ལས་དོན་རླབས་ ཆེན་ཞིག་ཡིན།

Bod-Dhon-Ling-Tik


ཕྱི་ལོ་ ༢༠༡༡ ཟླ་བ་ ༢ པའི་ཚེས་ ༣།

བོད་དོན་གླེང་སྟེགས།

=༣=

ཆེད་སྒྲིག་ལེ་ཚན།

–བོད་རྔ་བའི་སྐྱིད་སྡུག་གླེང་བ།

བོད་ཀྱི་གཞོན་ནུའི་ཟས་བཅད་ངོ་རྒོལ་པ་རྣམས་ ལ་རྩོམ་སྒྲིག་པའི་ངོས་ནས་གདུང་སེམས་ མཉམ་སྐྱེད་ཞུ་བཞིན་ཡོད།

ཨ་མདོ་རྔ་བ།

–རྔ་བ་དཔའ་བོའ་ི ཞིང་ལ་སྦྲིངས་པ། ལྷ་ཆབ་སྦྱིན་པ།《རྡ་ས》

གོ་མཚོན་སྤྲས་པའི་དམར་དམག་གི་མིག་སྡང བཙན་གནོན་དང་གདུག་རྩུབ་ཀྱི་ཡོལ་བའི་ཧྲག་བར སྤུ་གྲིའི་སོ་ཁ་ན་རྐང་རྗེན་དུ་བགྲོད་པའི་བདག་གི་དཔའ་བོ་དཔའ་མོ མིག་བཙིམ་ཡང་སེམས་ལ་འཁོར་འོང་བའི་རྣམ་ཤེས་དེ་དག ཁྱོད་ཀྱི་པང་ནས་འཚར་ཏེ་ཁྱོད་ཀྱི་པང་ནས་ཆས་སོང

ཁྱོད་ཀྱི་ཞལ་རས་སྒོར་མོ་དེ་ཇི་འདྲའི་ཡིད་དུ་འོང་ནའང མེ་མདའ་དང་སྒྱོགས་ཆེན་གྱི་དུད་སྨུག་གིས་སྦགས་བྱུང་ཨང ཁྱོད་ཀྱི་ཞི་འཇམ་གྱི་གཤིས་ཀ་དེ་ཇི་འདྲའི་སྲ་ཞིང་བརྟན་ནའང དབྱུ་གུའི་ཟོལ་དུ་དགྲ་བོའ ་ི མེ་མདའ་དང་རྩེ་གྲིས་སྐུལ་ཏེ ཁྱོད་ཀྱིས་རང་གི་སྒྲ་དབྱངས་དེ་མི་འཁྲོལ་ག་མེད་བྱུང་སོང ཨ་མདོ་རྔ་བ དཔའ་བོའ ་ི སྙིང་སྟོབས་ཀྱི་མེ་ལྕེ་དྲག་ཏུ་འབར་བའི་ཞིང་ཁམས ཁྱེད་ཀྱིས་བྲིས་པའི་ལོ་རྒྱུས་ཀྱི་ཐིག་ཕྲེང་རེ་རེ་ནི བདེན་པ་དང་སྙིང་སྟོབས་ལ་བརྒྱུས་པའི་འོད་ཟེར་རེ་རེ་སྟེ མི་རིགས་ཤིག་གི་སེམས་གཏིང་ལ་ཟུག་པའི་ཁྱོད་ཀྱི་མིང་བྱང་ཡང རྟག་བརྟན་ཐེར་ཟུག་གི་མར་མེ་ཚེ་འབར་དེ་མ་ཡིན་ནམ དཔའ་བོ་ཕུན་ཚོགས།

མིག་ཆུ་ཁོག་ལ་མིད་ནས་ཟུངས་ཁྲག་ཕྱི་ལ་བཏོན་ཏེ ངོ་གདོང་དམར་སྨུག་གི་དཔའ་བོའ ་ི སྣང་བརྙན་དེ་བོད་ལ་བཞག་སོང མི་ལོ་ཉི་ཤུར་མྱངས་པའི་སྡུག་བསྔལ་ལས་ཀྱང་སྟོབས་ཆེ་བའི སྙིང་སྟོབས་ཀྱི་མེ་ལྕེ་དེ་འཛམ་བུ་གླིང་ལ་ཁྱབས་སོང

བདག་གི་སྙིང་ཉེ་བའི་རྒྱལ་གཅེས་དཔའ་བོ་ཆུང་ཆུང ཁྱེད་ཀྱིས་རང་གི་ཚེ་སྲོག་གི་སྒྲོན་མེ་སྦར་ཏེ གདུག་རྩུབ་ཀྱི་མུན་པ་གཞིལ་བའི་ལོ་རྒྱུས་ཀྱི་རྟོགས་བརྗོད་དེས བདག་གི་མིག་ཆུ་དང་སེམས་གཅོང་ལ་རང་དབང་མེད་པར་གྱུར་སོང

དགྲ་བོའ ་ི མེ་མདའ་དང་ལྕགས་དབྱུག་གིས་ཁྱེད་ཀྱི་ཚེ་སྲོག་འཕྲོག་ཀྱང ཁྱོད་ཀྱི་རང་དབང་དང་སྙིང་སྟོབས་དེ་ནམ་ཡང་འཕྲོག་མི་བཏུབ ཁྱོད་ཀྱི་བདེན་པ་དང་གཟི་བརྗིད་དེ་ནམ་ཡང་གཞོམ་མི་སྲིད འཆི་བ་ལ་འཇིགས་པ་མེད་པའི་རྒྱལ་གཅེས་དཔའ་བོ་ཆུང་ཆུང་ལགས དཔའ་བོ་བཀྲ་བྷེ།

སྙིང་ལ་གཟན་པའི་སྐག་སྒྲ་གཉིས་བསྟུད་མར་གྲགས་སྐད ཁྱོད་ཀྱི་སྙིང་སྟོབས་ཀྱི་མེ་ལྕེ་དེ་ལྷབ་ལྷུབ་ངང་དགུང་དུ་མཆེད་སྐད ད་དུང་རང་དབང་གི་འབོད་སྒྲ་དེས་རྔ་ཁོག་རིང་མོ་གཤགས་དུས གཟི་བརྗིད་ལྡན་པའི་མི་རིགས་ཤིག་ཁྱོད་ཀྱི་རྗེས་ན་འཚོ་ཡོད

ཐེ་ཚོམ་མེད་པར་འཆི་ཕོད་ཀྱི་སྙིང་སྟོབས་དེས ད་དུང་བདག་གི་མི་རིགས་འདིར་གསོན་གནས་ཤིག་ཡོད་པར་མཐོང་བྱུང བཀྲ་བྷེ་ལགས ཁྱོད་རང་མུན་པར་བཅུག་ཡོད་ཀྱང གཟི་བརྗིད་ལྡན་པའི་འོད་སྣང་དེས་བདག་གི་མཁའ་དབྱིངས་ཁྱབས་ཡོད འདོན་སྤེལ།: ༢༠༡༡/༠༤/༠༢

རྒྱལ་གཅེས་དཔའ་བོ་བློ་ བཟང་ཕུན་ཚོགས་ ཀྱི་རྒོལ་ལུགས།

རྔ་བའི་དཔའ་བོ་ཚོར་ཕུལ་བ།

–ཕུན་ཚོགས།《རྡ་ས》

དོ་ནུབ་ཀྱི་མཚན་མོ་ནི་ཁྱོད་དང་ཤིན་ཏུ་མཚུངས་སྟེ། ཉི་ཟེར་གྱི་ཁ་ཟས་དང་རིང་དུ་བརྒལ་བའི་ཕྱིར་རོ།

རྔ་བ། ཁྱོད་ཉིད་མེ་དཔུང་ཞིག་ཡིན་པའི་དབང་དུ་བཏང་ན། ཁྱོད་ཀྱི་མེ་སྟག་གི་རྣོ་དབལ་རེ་རེས་གཏུམ་སྤྱོད་ཀྱི་སྙིང་རྩ་བསྲེགས་ལ། ཁྲག་དྲོན་གྱི་འཕར་རྩ་གཏིང་ནས་ཁོལ་བར་བྱས་པར་མ་ཟད། ཁྱོད་ཀྱི་ཨམ་གཙུག་གིས་སྒུལ་བའི་སྙིང་རུས་གསོན་པོ་དག འཇིག་རྟེན་གྱི་མཐོ་སར་ལྡིང་ཞིང་། མི་སེམས་ཀྱི་ཟབ་སར་འཛུལ་འོང་།

རྔ་བ། ངས་ཁྱོད་ཀྱི་གཏམ་རྒྱུད་ཀྱིས་སྒུལ་བའི་ས་ཆེན་པོའ ་ི གཤོག་པ་མཐོང་བྱུང་ལ། ངས་ཁྱོད་ཀྱི་སྙིང་སྟོབས་ཀྱིས་སྤུར་བའི་ཆུ་ཆེན་པོའ ་ི རླབས་སྒྲ་ཐོས་བྱུང་། མི་ཡུལ་ནི་བདེན་སྟོབས་ཀྱི་ཆེད་དུ་བཞེངས་པ་མིན་ནའང་། མི་ཚེ་གནས་ལུགས་ཀྱིས་བཞུད་ཐུབ་པ་ནི་ཁྱོད་ཉིད་དེ། ཞེ་གནག་གི་མཆེ་བར་ནས་སྙིང་སྟོབས་ཀྱིས་ལངས་སྤོབས་པའང་ཁྱོད་ཉིད་ཁོ་ནའོ། དེ་ལྟ་ནའང། རྔ་བ མིག་ཆུས་སྒུལ་གྱིན་པའི་རྔ་བ། སྙིང་གི་འུ་ཁུང་བརྟོལ་བའི་ཁྲག་དྲོན་དེ་ནི་ཁྱོད་ཀྱི་གསོན་ཤུགས་དང་སྙིང་སྟོབས་ལོས་ ཡིན་ཏེ། མི་སེམས་སྙི་མོས་གྲུབ་པའི་སྙིང་ཁམས་འདིས་ནི་ཁྱོད་ཀྱི་ལོ་རྒྱུས་ལ་ཞིབ་ལྟ་བྱེད་མི་ཕོད་ ཅིང་། ཁྱོད་ཉིད་འགྲོས་སྟངས་ལ་རྒྱང་ལྟ་བྱེད་མི་ཕོད་ཨང་། རྔ་བ། ༢༠༡༡།༤ །༢༢ མཚན་མོར་མདོ་སྨད་རྔ་བའི་ཞི་རྒོལ་ལ་ཞིབ་ཉན་ཐེངས་གཅིག་བྱས་རྗེས།

རང་ཉིད་མེ་ལ་སྒྲོན་མཁན་ཁྱོད། (ཕ་ཡུལ་དུ་ཁ་པར་ཐེངས་ཤིག་བཏང་རྗེས་བྲིས།)

སྦྲ་ཪིགས་ཐོགས་མེད།《ལྡི་ལི》

སུ་ལའང་ཡོད་ཆོག་པའི་མཛེས་སྡུག་གི་རྨི་ལམ་དེའི་ཕྱིར་དུ། ཡང་ན། སུ་ལའང་ཡོད་དགོས་པའི་རང་དབང་གི་འབོད་སྒྲ་དེའི་ཆེད་དུ། སྨག་ནག་པའི་ཕ་ཡུལ་གྱི་རི་སུལ་དེ་ནས། ཁྱོད་ཀྱིས་རང་ཉིད་མར་མེ་རྐོང་བུ་ཞིག་གི་ཚུལ་དུ་བསྒྲོན། ཁྱོད་ཀྱིེས་རང་ཉིད་ཚག་སྒྲ་རྐང་ཞིག་གི་ཟོལ་དུ་སྤར། དམར་ལྷབ་ལྷུབ་ཀྱི་མེ་ལྕེ་དེས། སྨག་རིམ་གྲངས་མེད་ཀྱི་མཚན་གཞུང་གཤགས་ནས། སུ་ཞིག་གིས་བརྡར་བའི་གནས་ལུགས་བཞིན། གཏམ་རྒྱུད་གཞན་ཞིག་བྲང་ཁོང་བརྟོལ་ནས་ཕེབས་སོང་། འདི་ཁོ་ན་ཁྱོད་ཀྱིས་མི་ཡུལ་ལ་བཞག་པའི་རྐང་རྗ���ས་ཡིན་ནམ། འདི་ཁོ་ན་ཁྱོད་ཀྱིས་ཕ་ཡུལ་ལ་བསྐྱུར་བའི་ཁ་ཆེམས་ཡིན་ནམ། མཚན་མོ་དེའི་སྔ་རྗེས་སུ། ཁྱོད་ཀྱི་ཕ་ཡུལ་དུ་དྲག་རླུང་འཚུབ་བྱུང་། གནའ་གཏམ་ཁྲོད་ཀྱི་དྲག་རླུང་ཡང་བསྐྱར་འཚུབ་བྱུང་། མུན་པ་གྱོན་ཞིང་མུན་པར་དགའ་བའི་འུག་པའི་ཚོགས། སུ་ཞིག་གི་ཚེ་སྲོག་ལ་རྔམ་པའི་དུར་འདབས་ཀྱི་ཁྱི་སྤྱང་བཞིན། ཡང་བསྐྱར་སླེབས་བྱུང་། ཉམ་ཆུང་གང་མང་ཞིག་ཁྱུར་མིད་གཏོང་བར་སླེབས་བྱུང་། འོན་ཀྱང་། ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོས། ཁྱོད་ཀྱིས་སྤར་བའི་མེ་ལྕེ་སྒྲོན་མེར་བཏེགས་ནས། ཁྱོད་ཀྱིས་བསྐྱུར་བའི་ཁ་ཆེམས་སེམས་ཁོངས་སུ་ཉར་ནས། གོམ་པ་རེ་རེ་བཞིན་ཨུ་ཚུགས་ཀྱིས་སྤོ་བཞིན་ཡོད། རླུང་རྟ་རེ་རེ་བཞིན་རེ་སྤོབས་ཀྱིས་གཏོར་བཞིན་ཡོད། ཞི་བདེ་དང་གནས་ལུགས་ལ་རིན་ཐང་མེད་པའི་ཁྱོད་ཀྱི་ཕ་ཡུལ་དུ། ཁྲིམས་ལུགས་དང་ཐོབ་ཐང་ལ་བེད་སྤྱོད་མེད་པའི་ཁྱོད་ཀྱི་ཕ་ཡུལ་དུ།

Bod-Dhon-Ling-Tik

– རྒྱ ལ ་ ག ཅེ ས ་

དཔའ་བོ་ཁོང་སྐུ་གཤེགས་ནས་ཉིན་ཞག་བཞི་བཅུ་ཞེས་ དགུ་འཁོར་བའི་དུས་དྲན་དུ་ཕུལ་བ།

–ལི་སྨྱོན་མ་ཧ་ཀཱ་ལཱ།

སྤུན་ཟླའི་ལས་དབང་ཡ་ཁོག་སེམས་སུ་ཉར་དུས།། ཚོར་སྣང་ལྕི་མོ་ཞིག་གིས་བྲང་ཁོག་རྡུང་དུས།། ན་ཟུག་རྙིང་པ་ཞིག་གིས་ཧོབ་ཀྱིས་དཀྲོག་དུས།། ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།།

ས་ཡ་དྲུག་གི་ལས་དབང་སེམས་སུ་རུམ་དུས།། སྐྱིད་སྡུག་མཉམ་མྱོང་ཞིག་ལ་ཕུགས་བསམ་བཅོལ་དུས།། རང་གི་རིགས་ལ་ཞེན་པ་དཀར་པོ་འཆང་དུས།། ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།།

གཏམ་རྒྱུད་ནག་པོ་ཕྱིར་དྲན་ཐེངས་ཤིག་བྱས་དུས།། ཕ་གྱོད་རྙིང་པར་སྤྱན་ཞགས་ཐེངས་ཤིག་འཕེན་དུས།། རྒོལ་ལུགས་སྲོལ་དང་མཐུན་པའི་རྒོལ་སྟངས་འདིས་ཀྱང་།། ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།། རང་རིགས་མི་ལ་བཀུར་བའི་དད་འདུན་ཕྲ་མོ།། ལྷད་མེད་དྭངས་གཙང་སེམས་འདི་ཐུགས་སུ་འཁྲུངས་དུས།། རང་སྲོལ་མཆོད་མེ་འབུལ་པའི་རྒོལ་ལུགས་འདིས་ཀྱང་།། ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།།

རང་རིགས་དོན་དུ་རྒོལ་སྟངས་གྲངས་ལས་འདས་ཀྱང་།། རང་ལུས་མེ་རུ་བསྲེག་པའི་རྒོལ་སྟངས་རྫིག་པོ།། དེའི་ཕྱིར་ལ་རྒྱའི་དབང་གི་མཆོང་སྟངས་འདིས་ཀྱང་།། ཁྱེད་ཀྱི་དཔའ་རྩལ་སུས་ཀྱང་འགྲན་ནུས་མ་སོང་།། སྙན་ཚིག་བུང་བའི་གཤོག་སྒྲོ་ལྡེམ་མྱུར་ཞིག་གིས།། ཁྱེད་རང་དྲན་པའི་གདུང་བ་སེལ་བའི་ཕྱིར་དུ།། དབང་མེད་སྨྱུ་གུས་གར་སྟོབས་བསྒྱུར་སྟངས་འདིས་ཀྱང་།། སྐྱིད་སྡུག་མཉམ་མྱོང་ཞིག་གི་མཚོན་དོན་ཡིན་ནོ།།

༢༠༡༡་་༥་་༤་་ཡི ་ དགུང་མོ ་ འབྲས་སྤུངས་བློ ་

གསལ་གླིང་གྲྭ་ཚང་གི་ཉིན་ཞག་ཞེ་དགུ་འཁོར་བའི་དུས་ སྐབས་དང་བསྟུན་ནས་སྨོ ན ་ལམ་གསུང་དུས་ཐོ ལ ་བྱུང་

དུ་ཚོགས་ཐོག་ན་གདུང་བ་དྲག་པོ་ཞིག་སྐྱེས་ནས་མྱ་ངན་ ཞིག་གི་ཚབ་ཏུ་བྲིས།།

འདོན་སྤེལ།: ༢༠༡༡/༠༥/༠༤

ཁྱོད་ཀྱི་ཕ་ཡུལ་དུ། ད་ལྟ་མུན་ནག་རྐྱང་རྐྱང་འཁོར་ནས་ཡོད། ཁྱོད་ཀྱི་ཕ་ཡུལ་དུ། ད་ལྟ་མིག་ཆུ་ཁོ་ན་བཞུར་གྱིན་ཡོད། གང་ལྟར། ཁྱོད་ཀྱི་ང་ཚོར་འོད་ཟེར་གྱི་གཏམ་རྒྱུད་བསྐྱུར་ ནས་ཕེབས་སོང་། ཁྱོད་ཀྱིས་ང་ཚོར་གནས་ལུགས་ཀྱི་མིག་ཟུང་གནང་ནས་ བཞུད་སོང་། དེའི་ཕྱིར། དུས་ཚིགས་གང་རུང་གི་སྔ་རྗེས་སུ། ཕ་ཡུལ་དུ་གདུག་སེམས་ཀྱི་མུན་པ་ཇི་འདྲའི་མཐུག་ནའང་། ཕ་ཡུལ་དུ་འཇབ་རྒོལ་གྱི་དྲག་ཆར་ཇི་འདྲའི་རྩུབ་ན་ཡང་། ང་ཚོ་ཡང་ཕྱིར་མི་ལྡོག་པའི་ཁྱོད་ཀྱི་ཕེབས་ལམ་དེར་ཞུགས་ ནས་ཡོང་གིན་ཡོད། ང་ཚོ་ཡང་འོད་སྣང་གིས་ཁེངས་བའི་ཁྱོད་ཀྱི་བགྲོད་ལམ་དེ་ དེད་ནས་སླེབ་བཞིན་ཡོད།

-3-


=༤= བོད་ཡིག་དྲ་རྒྱ་ངོ་སྤྲོད།

བླ་སྲོག་གི་སྒྲོན་མེ།

༸གོང་ས་མཆོག་གི་དྲ་ཚིགས། www.gyalwarinpoche.com བཙན་བྱོལ་བོད་གཞུང་དྲ་རྒྱ། www.tibet.net

བོད་ཀྱི་དྲ་མཛོད། www.tibetnetwork.com མཆོད་མེ་དྲ་བ། www.tibetcm.com

རང་དབང་དྲ་གནས། www.rangwang.net རང་གྲོལ་སྨྱུག་གསར་དྲ་བ། www.rangdrol.net ཕ་ཡུལ་དྲ་ཚིགས། www.phayul.com

འོད་དཀར་དྲ་ཚིགས། www.dawakarpo.com

དགེ་འདུན་ཆོས་འཕེལ་དྲ་ཚིགས། www.gdqpzhr.com ན་གཞོན་གསར་བ་དྲ་ཚིགས། www.tbyouth.com

ཤམ་བྷ་ལ་དྲ་ཚིགས། www.shambalapost.com ཨེ་ཤི་ཡ་རླུང་འཕྲིན་དྲ་ཚིགས། www.rfa.org

ཚིག འབྲུག་ལྷ་རྒྱལ།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ།……《བྱིས་པའི་དབྱངས་གསལ་ཀློག་འདོན་གྱི་སྒྲ་དང་ སྦྱར་ཏེ།》 ང་ཡི་མེས་པོའ ་ི རུས་རྐང་ལས་འཛུམ་པའི་གསེར་གྱི་མར་ཁུ། མཐོན་པོའ ་ི གངས་ཁྲོད་དུ་སྒྲོན་པའི་གསེར་གྱི་མར་མེ། ཨོ། དབྱངས་གསལ་སོ་བཞི། ངའི་རྣམ་ཤེས་ཀྱི་མཁའ་དབྱིངས་ལ་འོད་ཀྱིས་འཚེར་བྱུང་། ངའི་བླ་སྲོག་གི་གཏིང་རུམ་ལ་དྲོད་ཀྱིས་གསལ་བྱུང་། ཨོ། དབྱངས་གསལ་སོ་བཞི། ང་བོད་པའི་སྒལ་ཚིགས་སྦྲེལ་བྱེད་ཀྱི་རྡོ་རྗེ་མདུད་པ། ང་བོད་པའི་མགོ་བོ་དགྱེ་བྱེད་ཀྱི་བློ་རྩ་བརྟན་པོ། ང་བོད་པའི་འཇིག་རྟེན་མཐོང་བྱེད་ཀྱི་མིག་དབང་རྣོན་པོ། ཨ། དབྱངས་གསལ་སོ་བཞི། ངའི་བླ་སྲོག་གི་སྒྲོན་མེ། ང་ཡི་སེམས་ཀྱི་ཡོལ་གོ་རུ་བླུག་པའི་གསེར་གྱི་མར་ཁུ། གློ་སྙིང་མཆིན་གསུམ་དུ་སྒྲོན་པའི་གསེར་གྱི་མར་མེ། ཨོ། དབྱངས་གསལ་སོ་བཞི། ངའི་རྨོངས་མུན་གྱི་ཞིང་ཁམས་ལ་འོད་ཀྱིས་མངོན་བྱུང་། ངའི་གྲང་འཁྱག་གི་འཇིག་རྟེན་ལ་དྲོད་ཀྱིས་བབས་བྱུང་། ཨོ། དབྱངས་གསལ་སོ་བཞི། ང་བོད་པའི་ཁྱིམ་གཞིས་འཛིན་བྱེད་ཀྱི་མཐིང་སྨུག་སྦྲ་ཆུང་། ང་བོད་པའི་ལུས་སྟོབས་འཕེལ་བྱེད་ཀྱི་མར་རྩམ་སྣུམ་པོ། ང་བོད་པའི་རིགས་རྒྱུད་སྤེལ་བྱེད་ཀྱི་ཁུ་ཁྲག་དྭངས་མོ། ཨ། དབྱངས་གསལ་སོ་བཞི། ངའི་བླ་སྲོག་གི་སྒྲོན་མེ།

–བོན་རྒྱ་བློ་བཟང་བཀྲ་ཤིས། 《ནོར་གླིང》

མི་བུ་ཞིག་གི་རྣམ་དཔྱོད་ལ་འོད་སྣང་བཀྱེད་ཚུལ་དེ སུ་ཞིག་གི་སྙིང་ལ་བཏབ་པའི་གཏམ་གྱི་སྒོ་མོ

རང་དབང་ལྷ་མོའ་ི འཛུམ་རིས་ལ་དུང་བའི་དཔུང་ཁག་ཅིག དཔལ་དོན་གྲུབ་རྒྱལ་གྱི་དྲ་བ། བླ་སྲོག་གི་འབོད་པ་བཏང་བའི་རུ་འདྲེན་དུ་གྱུར www.zt.tibet.cn ཚོད་ཚོད་ལ བསམ་བློའ་ི གྲུ་ཟུར་ནས་འཛུམ་པའི་སྐད་ཆ་ཐེད་པོ་དེ་དག བོད་ཀྱི་སྐད་ཡིག་དྲ་ཚིགས། བསམ་གཞིགས་ཀྱི་རྣོ་ཁ་ནས་ཡང་སྐོར་བསྐྱར་སྐོར་བྱེད་དུས www.ti.tibet.cn སུ་ལ་བཅིངས་པའི་དུང་སེམས་ཀྱི་རྨང་རྡོ་དེའང་འགུལ་ཙམ་འགུལ་ཙམ་བྱས མཚོ་སྔོན་བརྙན་འཕྲིན་དྲ་བ། www.qhtb.com འདི་ནི ཐོབ་ཤོར་གྱི་བར་གསེང་ལས་བུད་པའི་ཚེ་སྲོག་ཕྲ་མོ་ཙམ བོད་སྐད་བརྙན་འཕྲིན་དྲ་བ། འདི་ནི དུས་རླུང་གིས་བདས་པའི་བསམ་གཞིགས་ཀྱི་ཡོ་ལང་ཞིག www.ti.tibetradio.cn བོད་ཀྱི་བརྡ་འཕྲིན་ལག་རྩལ་དྲ་བ། དུས་རབས་ཤིག་ཁད་ཀྱིས་བཞུད་པའི་ལོ་ཟླ བོད་ཀྱི་བང་ཆེན་དྲ་ཚིགས། www.tibetexpress.net དར་རྒུད་ཀྱི་ཞིང་ཁམས་ནས་རྨི་ལམ་བཞིན་ཡལ་དུས

www.tibetitw.com

བོད་ཀྱི་དྲ་བ། www.ti.tibet3.com དགེ་སློབ་གླེང་སྟེགས། www.gyelob.net

རྡོ་འབུམ་དཔེ་འཕྲིན་དྲ་བ། www.dobum.org

ཆིག་སྒྲིལ།

པོ་ཏ་ལའི་མི་དམངས། ཕྱིར་ཕ་ཡུལ་དུ་ཕེབས་ཤོག

–རྣོ་སྦྲེང་།

ཕ་ཡུལ་དང་ཁ་གྱེས་ཏེ་ལོ་ངོ་ག་ཚོད་ཅིག་ལ་ས་མཐར་འཁྱམ་པའི་པོ་ཏ་ལའི་མི་དམངས ཕ་མ་དང་ངོ་མ་ཐུག་པར་དྲན་གདུང་ག་ཙམ་ཞིག་བཟོད་བསྲན་ཡོད་པའི་བྱེས་གྱར་བའི་བོད་མྱི ཁྱོད་ཚོས་ཕ་ཡུལ་དྲན་པ་ནང་བཞིན ཕ་ཡུལ་གྱིས་ཁྱོད་ཚོ་དྲན་གྱིན་ཡོད་དེ རེ་སྒུག་གི་ལག་པ་ཐོད་ལ་བཞག་སྟེ་མཛུབ་མོ་ནང་བཀུག་བྱེད་ཀིན་པའི་ཁོག་རྩིས་ཀྱི་རེའུ་མིག རྩྭ་ཐང་གི་ནམ་མཁའ་ན་བྱ་ཁྱུ་བཞིན་འཕུར་བའི་དྭངས་གཙང་གི་ཚོར་བའི་གསེབ་ལ་བཞག་ཡོད རྒན་རྒོན་ལོ་ལོན་ཚོས་མ་ནི་འདོན་མཚམས་ཀྱི་བར་ན་ཁྱོད་ཚོ་གླེང་གི་ཡོད་ལ གསར་བུ་དར་མ་ཚོས་ལས་ཀ་ལས་མཚམས་ཀྱི་བར་ན་ཁྱོད་ཚོ་བཤད་ཀི་ཡོད གྲྭ་བཙུན་དང་ཨ་ནེ་ཚོས་རྒྱ་ཕིབས་དང་གསེར་ཏོག གཡེར་ཆུང་གི་སིལ་སྒྲའི་བར་ན་ཁྱོད་ཚོའི་གོམ་སྒྲ་ལ་ཉན་ཡོད

ཤེས་ཡོན་ཅན་ཚོས་ཁྱོད་ཚོས་སྙིང་སྟོབས་ཤིག་བཏེགས་ནས་འོང་བར་རེ་སྒུག་བྱས་ཡོད སློབ་བུ་ཚོས་དཔེ་ཆའི་ཐིག་ཕྲེང་གི་བར་གསེང་ན་ན་ཟུག་དང་སྐྱོ་ཤས་ཀྱིས་ཁྱོད་ཚོ���་ངང་སྒུག་བྱས་ཡོད ས་མཐར་འཁྱམས་ནས་ཡུན་རིང་བྱིན་པའི་པོ་ཏ་ལའི་མི་དམངས ད་ནི་ཕ་ཡུལ་ལ་ལོག་ཤོག རང་དབང་གསར་བ་ཞིག་བསུས་ནས དམངས་གཙོའི་ལེགས་སྐྱེས་ཤིག་བཏེགས་ནས ཕ་ཡུལ་ལ་འཚོ་བ་རོལ་དུ་ཤོག ཕ་ཡུལ་གྱི་མི་དམངས་དང་ལྷན་འཛོམས་ཀྱི་དགོད་སྒྲ་འཐུང་དུ་ཤོག

ཡེ་ཤེས་བསམ་གཏན་གྱིས། 《ས་རཱ》

གངས་རིའི་བཤད་ན་ཁྱོད་ཚོ་འགྲོ་ཁར་སྐྱོ་ལྷང་གིས་བཞུད་སོང་ཟེར མཚོ་མོས་བཤད་ན་ཁྱོད་ཚོ་ནམ་ཞིག་སྤྲོ་ལྷང་ལྷང་གིས་ཡོང་སྲིད་ཟེར སྦྲ་ནག་གིས་སྐྱོ་གར་གྱིས་དྲངས་པའི་དགའ་སྤྲོ་ཞིག་ཡོད་པར་ཡིད་ཆེས་བདོག་ཟེར ལུག་ཁྱུས་མི་རིང་བར་བདག་པོ་འོང་སྟེ་ང་ཚོ་རྩྭ་ཆུ་འཛོམས་ས་ཞིག་ལ་འདེད་སྲིད་ཟེར

པོ་ཏ་ལའི་མི་དམངས ཕྱིར་ཕ་ཡུལ་ལ་ཕེབས་ཤོག ཁྱོད་ཚོས་ཕ་ཡུལ་དྲན་པ་ནང་བཞིན ཕ་ཡུལ་གྱིས་ཀྱང་བརྗོད་མི་ཐུབ་པའི་ཐ་སྙད་རེ་རེའི་ངོ་གདོང་གི་བར་ན་ཁྱོད་ཚོ་དྲན་གྱི་ཡོད 08/11/14ཉིན་གུང་པེ་ཅིན་དུ།

ཤར་ཕྱོགས་མི་བསྲུན་དུག་གི་སྦར་མོ་ཤ་རུས་སྤུན་ལ་བརྡབས་པས་ན།། ནོར་འཛིན་པང་ལ་བལྟ་བར་མི་བཟོད་ཁྲག་གི་མཚོ་མོ་འཁྱིལ་བའི་ཁྲོད།། སྤུན་ཟླ་སྟོང་གི་ཚེ་སྲོག་གློད་པའི་ཁྲག་གི་ཕུང་པོ་མཐོང་ཡོད་ན།། མི་རིགས་ལ་རྒྱ་དགུང་དུ་བཏེགས་ནས་ཆིག་སྒྲིལ་ནུས་པ་གཅིག་ཏུ་སྤུངས།།

མུན་ནག་ཁྲོད་དུ་ལྷབ་ལྷུབ་གཡོ་བའི་མཐོ་སྒང་ཡུལ་གྱི་དར་ལྕོག་དེ།། དམར་པོའ ་ི བདུད་ཀྱི་ཆར་རླུང་དཀྱིལ་ན་ཟད་ལ་ཉེ་བའི་དུས་སྐབས་འདིར།། ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་རླུང་འཚུབ་གངས་རིའི་ཡུལ་ལ་མ་ལྡང་བར།། དཔའ་ངར་ཞུམ་མེད་ཨམ་གཙིགས་བསྡམས་ཏེ་ཆིག་སྒྲིལ་དཔུང་པ་མཁའ་ལ་འཕྱར།། སུམ་རྩེན་ལྷ་ཡི་སྐྱེད་ཚལ་ཇི་བཞིན་ཁ་བའི་ལྗོངས་སུ་བཤུས་འདྲ་བའི།། སྣོད་བཅུད་ཕུན་ཚོགས་ལྷ་ལམ་ཡངས་པོར་རྒྱུ་སྐར་བཞིན་དུ་བཀྲ་བ་ལ།། དམར་པོའ ་ི གླང་གིས་ལྕགས་ཀྱི་མཆེ་བ་ངོམ་པ་མེད་པར་ལྡད་པས་ན།། ཁྱེད་དང་ང་ཞེས་བླུན་གཏམ་སྤངས་ནས་ཆིག་སྒྲིལ་ལམ་དུ་མདུན་བསྐྱོད་གྱིས།། ཕ་རོལ་དགྲ་བོའ ་ི རྣ་བར་འགེངས་པའི་འབྲུག་སྒྲ་ལྟ་བུའི་ལྡིར་སྒྲ་དང་།། ཚེ་སྲོག་འབུམ་ཕྲག་སྐད་ཅིག་བརླག་པའི་ཚོན་གྱི་ནུས་པ་མ་མཆིས་ཀྱང།། བཅུ་གཉིས་བདག་པོ་ནུབ་ཏུ་བཞུད་ཀྱང་ཤར་རིའི་རྩེ་ནས་བསྐྱར་ཕེབས་ལྟར།། ཆིག་སྒྲིལ་ནུས་ཤུགས་མཉམ་དུ་བསྡེབ་ན་རང་དབང་ཉིན་མོའ ་ི ལོས་ཀྱང་ཤར།།

ཤེས་པའི་རིག་གནས་ཆུ་གཏེར་ཇི་བཞིན་དཔོག་པ་དཀའ་བའི་གཏིང་མཐའ་ལ།། གཞལ་བར་འདོད་པའི་མ་འོངས་བོད་ཀྱི་སོན་རྩ་འི་ཉ་མོའ ་ི ངར་སེམས་ཀྱིས།། གཡུ་ཞུན་དྲ་བ། དུས་ཀྱི་གེགས་དབང་རྦ་རླབས་ཁྲོད་ནས་བརྩོན་པ་ལྷུར་ལེན་ཡང་ཡང་འཁྱུག ། www.youshun12.com བརྩེ་བའི་གངས་ཕྲུག་སྙན་གྱི་དབང་པོ་བདག་ལ་འཁྱུག་ཙམ་གསན་པར་མཛོད།། ཁ་བརྡ་དྲ་ཚི གས། www.khabdha.org གངས་རིའི་འདབས་ལ་གཅེས་པའི་སྤུན་ཟླ་དམར་པོའ ་ི ཚོན་གྱིས་བཀུམས་ན་ཡང་།། གངས་རིའི་བླ་མ་ཡིད་བཞིན་ནོར་བུ་དབུ་འཕང་དགུང་དུ་གསེར་འོད་འཁྱུད།། གངས་རིའི་ཡུལ་གྱི་སྤུན་ཟླའི་སླད་དུ་ཉིན་མཚན་རེས་མོས་ངལ་བར་སྐྱོང།། གངས་ཕྲུག་ང་ཚོས་ཆིག་སྒྲིལ་དཔུང་པས་རྩ་དོན་མ་བསྒྲུབ་ཅི་ལ་རུང།།

-4-

གངས་རི་དང་མཚོ་མོ སྦྲ་ནག་དང་ལུག་ཁྱུ ཁྱོད་ཚོའི་རྨི་ལམ་གྱི་གཞུང་ན་རྒྱུན་པར་ཡོད་སྲིད་པའི་མཐོ་དབུས་མདོ་སྒང་གིས ཁྱོད་ཚོ་དྲན་ནས་ཡུན་རིང་བྱིན་སོང ཁེར་རྐྱང་གི་མགོ་བོ་བྲང་ལ་བསྙེས་ཏེ་ཡུན་རིང་བྱིན་སོང

དུས་རླུང་གིས་བདས་པའི་བསམ་གཞིགས

ཀུན་གླེང་དྲ་གནས། www.tibetanvoa.com ལོ་རྒྱུས་ཀྱི་གླེགས་བམ་ལས བོད་ཀྱི་དུས་བབ་དྲ་ཚིགས། www.tibettimes.net

ཕྱི་ལོ་ ༢༠༡༡ ཟླ་བ་ ༢ པའི་ཚེས་ ༣།

བོད་དོན་གླེང་སྟེགས།

Bod-Dhon-Ling-Tik

ང་ཚོའི་མི་རབས་འདིའི་ཆོས་ལུགས་པ་ཡིན་ན་འདྲ། འཇིག་ རྟེན་པ་ཡིན་ནའང་འདྲ། འཚོ་གནས་ཀྱི་ཉེན་ཁ་ཆེན་པོ་ཞིག་ གི་སྐས་ཚིགས་སུ་གནས་ཡོད་པས། འགག་དོག་པའི་ལོ་རྒྱུས་ ཀྱི་བྲག་འཕྲང་འདི་ནས་ང་ཚོས་ཅིས་ཀྱང་གསོན་ལམ་ཞིག་མི་ འཚོལ་ཐུ་མེད་ཡིན་སོང་། ༌༌༌༌༌༌༌༌༌༌༌༌༌༌སྒོ་ཤེས་རབ་རྒྱ་མཚོས།


བོད་དོན་གླེང་སྟེགས།

ཕྱི་ལོ་ ༢༠༡༡ ཟླ་བ་ ༢ པའི་ཚེས་ ༣།

རྔ་བའི་ལ་རྒྱའི་མེ་ལྕེ་གྱེན་དུ་འབར།

སྤྱི ར ་བཏང་བོ ད ་རི ག ས་མི ་ མང་གི ་ བདེ ་ སྡུག་དང་ དེ འི ་ རི ག ་གཞུང་གི ་ སླད་དུ་རང་སྲོ ག ་བློ ས ་བཏང་ བྱས་པའི་མདོ་དབུས་ཁམས་གསུམ་གྱི་སྤུ་ཟླ་ གྲངས་ཀྱི་མི་ཟིན་ལ། དེ་དག་རེ་རེའི་རྣམ་ཤེས་ ཀྱིས་ང་ཚོ་ལ་ཉིན་རེ་འབོད་ཀྱིན་ཡོད་ལབ་ན་རྫུན་ དུ་ འགྲོ་མི་སྲིད། མེས་པོ་གོང་མ་དག་གི་དཔའ་དང་ བློ ་ རི ག ་བཅས་ལ་ང་ཚོ ས ་རྗེ ས ་སུ་ཡི ་ རངས་བྱེ ད ་ པ་ལས་ འཁང་ར་བྱེད་ས་གཏན་ནས་མེད། དུས་ རབས་ཉེར་གཅིག་པའི་མེ་ཏོག་གསར་དུ་བཞད་པ་ ནས་བཟུང་བོད་རིགས་ཀྱི་སྤུན་ཟླ་གང་མང་ཞིག་གི་ ཚེ་སྲོག་བོད་ཅེས་པའི་ཐ་སྙད་འདིའི་ཆེད་དུ་ཕུལ་བ། ཀུན་གྱི་མིག་ལམ་དུ་བཤམས་ནས་ཡོད་ལ་རྣ་ལམ་ དུ་ཡང་ཡང་ཐོས་ཡོད་ངེས་ཡིན། ལྷག་པར་ཉིས་ སྟོ ང ་བརྒྱད་ནས་བཟུང་རྣམ་པ་གསར་བའི ་ ལས་ འགུལ་ཞི ག ་དང་ཆོ ལ ་གསུམ་ཡོ ང ས་ཀྱི ས ་འབོ ད ་ སྒྲ་མཉམ་དུ་བསྒྲགས་པ་རེད། དེ་དུས་རྒན་གཞོན་ དང་ཤེས་ཡོན་མཐོ་དམན་གྱི་ཁྱད་པར་མེད་པར་ཀུ་ སྒྲས་གནམ་ས་བཀང་བ་དང་། ཚེ་སྲོག་གིས་བདེན་ དཔང་བྱས་པ་རེད། དེ་དང་བསྟུན་ནས་བྱེས་ཀྱི་བོད་ རིགས་ཚོས་ཀྱང་རང་ནུས་ཀྱིས་ལས་འགུལ་རབ་ དང་རིམ་པ་ཞིག་སྤེལ་བ་དང་དེ་ལ་དེའི་ཚོད་ཀྱིས་ གྲུབ་འབྲས་ཤིག་ཏན་ཏན་ཡོད་རྒྱུ་རེད། གཅིག སྔོན་མ་རྔ་བའི་ཚོང་བ་ལབ་ན་སྐད་གྲགས་ ཆེ ་ བ་དང་ཆོ ལ ་གསུམ་བོ ད ་ཁུལ་གྱི ་ ནང་གི ་ ཚོ ང ་ ཕྱོགས་ནས་སྔོན་ཐོན་པ་རེད། གཉིས། རྔ་བའི་ རྩོམ་པ་པོ་གང་མང་ཞིག་གིས་ཤར་དུང་རི་དང་དྲ་ བའི ་ ཁོ ར ་ཡུག་བརྒྱུད་ནས་བོ ད ་དོ ན ་གླེ ང ་བ་དང་ ། གླེང་ཕྱོགས་ཀྱང་མཐོ་རྒྱག་དམན་རྒྱག་མིན་པར་ བདེན་པ་གཞི་བཅོལ་དང་རང་གཞན་སུ་ཞིག་གིས་ བལྟས་ན་ལོས་ཡིན་བསམ་སྐྱིད་ཅིག་རེད། གསུམ། བྱེས་ཀྱི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ ལུས་མེ ་ བསྲེ ག ས་བཏང་ནས་བོ ད ་མི ་ རི ག ས་ལ་ དྲན་སྐུལ་ཅིག་བྱས་ཡོད་ལ། དེ་ལ་བོད་མི་རྩམ་ཟན་ ཡོངས་ཀྱིས་གདེང་འཇོག་དང་མིག་དཔེ་ལྟ་བུ་དང་ ཀུན་གྱི་སེམས་ནང་དུ་ཉར་ནས་ཡོད་རེད། ཁ་སང་ བདུན་ཕྲག་འགའི་སྔོན་དུ་རྔ་བའི་དགེ་འདུན་པ་ཕུན་ ཚོགས་ཁོང་གིས་སྐུ་ཕུང་མེ་བསྲེགས་བཏང་བ་དང་ ། རྔ་བའི་མི་མང་གིས་དེ་ལ་རིན་ཐང་དང་རྗེས་དྲན་ བྱས་པ། ཁྲི་སྟེང་དུ་བཞག་ནས་དྲི་མས་མ་གུས་པའི་ དར་ཨེ་ཤེ་བསྒྲོན་པ་སོགས་ཧ་ལས་པའི་མཐོང་ཆེན་ ཞིག་བཞག་ཡོད་མོད་ཀྱང་། ས་འདི་ནས་སྐབས་ དེ་དང་དུས་དེར་དེའི་ཚོད་ཀྱིས་འདེང་འཇོག་ཅིག་ དང་གོ་གོ་ཐོས་ཐོས་རིག་རིག་བྱས་མ་སོང་། དེ་ནི་ ཕྱོགས་ཡོངས་ནས་བལྟས་ན་ནོར་འཁྲུལ་ཆེ་ཤོས་ ཤིག་རེད། རང་དབང་ལུང་བ་ནས་རང་ལུས་མེ་ བསྲེ ག ས་བཏང་ན་རི ན ་ཐང་ཡོ ད ་ལ་རྒྱ་མའི ་ མེ ་ མདའ་ཁ་ནས་སྐུ་ཕུང་མེ་ལ་བསྒྲོན་པ་ཅིའི་ཕྱིར་མ་ མཚུངས་པ་རེད་ཅེས་པའི་དྲི་བ་ཞིག་རང་སེམས་ ནས་འགོག་མེད་དུ་ཤོར་སོང་། བཞི། རྔ་བ་ཀི་རྟི་ དགོན་པའི་དགེ་འདུན་པ་ཚོས་རྒྱ་མའི་མེ་མདའ་ཁ་

__ཨ་རིག་དགེ་མཐོང་། 《ལྷོ་ཕྱོགས།》

ནས་བདེན་དོན་ཆེད་རང་ཚུགས་མ་ཤོར་བ་དང་ཆོད་ སེམས་མ་འགྱུར་བར་བཞུགས་པ་རེད། སྐབས་དེའི་ རྡུང་རྡེག་མནར་གཅོད་ནི་བཤད་མི་དགོས་པར་ཀུན་ གྱི་ཀུན་གཞིའི་རྣམ་ཤེས་ལ་དོན་སྤྱི་ལྟ་བུ་ཞིག་འཆར་ ངེས་རེད། དེ་ལ་བྱེས་ཀྱི་ཀིརྟི་བྱེས་པ་གྲྭ་ཚང་གིས་ རྒྱབ་སྐྱོར་རམ་གདེགས་ལྟ་བུའི་ཚུལ་དུ་སྒྲིག་ཁྲིམས་ ཡོད་པའི་སྒོ་ནས་ངྷ་ས་ནས་ལྡི་ལི་བར་གོམ་བགྲོད་དུ་ ཕེབས་པ་དང་། ཕེབས་སྟངས་དེ་ནི་དངོས་གནས་ཞི་ བའི་ངོ་རྒོལ་རང་རེད་བསམ་སྐྱིད་ཅིག་ཏུ་ངེས་སོ། ། དེ་དང་ལྷན་དུ་མདོ་སྨད་དབུས་རྒྱུན་ཚོ་མཉམ་ཞུགས་ གནང་བ་དང་། གཞོན་ནུ་དང་ཚོགས་པ་ཁག་ཅིག་ གིས་ཁ་རུ་ཁ་ཐུག་ལས་འགུལ་སྤེལ་བ། ལྷག་པར་ད་ ཐེངས་གཞོན་ནུ���ཚང་གི་ཚོགས་གཞོན་དང་ཟུང་དྲུང་ ། དྲུང་ཆེ་བཅས་ཀྱིས་རང་སྔུན་མ་བྱས་ཏེ་ཟས་བཅད་ ངོ་རྒོལ་དུ་བཞུགས་པ་ནི། བཙན་བྱོལ་སྤྱི་ཚོགས་ ཀྱིས་ལས་འགུལ་སྤེལ་སྟངས་ཐད་ནས་ལེགས་ཤོས་ དང་ཁ་དོན་མཚུངས་པ་ལྟ་བུར་ཚོར་བྱུང་། དེ་མིན་ དུས་རྒྱུན་ཚོགས་སྒེར་ཚོས་སོ་སོས་ཁ་ནས་ཆེན་པོ་ རྐྱང་རྐྱང་བཤད་པ་དང་། ལག་ལེན་ཁྲོད་ནས་སྐར་ཆ་ འགའ་ལ་གོམ་པ་སྤོ་མི་འདོད་པར། མི་མང་ལ་རྒྱབ་ ལོགས་ནས་ཀུ་བཏབས་ནས་བསྡད་པ་ནི་ཡག་རྟགས་ ཤིག་ཁྱོན་ནས་མ་རེད། ཁ་སང་ཁོ་བོ་ལྡི་ལི་ནས་ཡོང་ དུས་གཞོ ན ་ནུའི ་ ལས་བྱེ ད ་ཁག་ཅི ག ་ཟས་བཅད་ངོ ་ རྒོལ་ལ་བཞུགས་འདུག་པ་དང་རྒྱལ་སྤྱིས་ཀྱང་དེ་ལ་ དོ ་ སྣང་བྱས་ཏེ ་ ལྟ་རུ་ཡོ ང ་རྒྱུ་རེ ད ་ཅེ ས ་པའི ་ གསར་ འགྱུར་མཐོང་། དེ་ནས་མེ་འཁོར་བརྒྱུད་ཧོང་སོར་དུ་ བསླེབས་དུས་དེ་ན་བོད་རིགས་ཁག་ཅིག་ཟས་བཅད་ ངོ་རྒོལ་དུ་བཞུགས་འདུག་པ་དང་། དེ་བཞིན་སྦེལ་ ཀོབ་གཞིས་གྲོང་དང་པོར་ཐོན་དུས་ཡང་ཟས་བཅད་དུ་ བཞུགས་འདུག འདི་ལྟར་བལྟས་ཡོང་ན་བོད་པ་གང་ ན་ཡོད་ན་དེར་བོད་དོན་གླེང་གིན་ཡོད་པའི་ཏན་རྟགས་ ཤིག་ཚུར་ངོམ་ནས་ཡོང་གིན་འདུག དེ་ལྟར་བོད་ གཞིས་བྱེས་གཉིས་ཀྱིས་བོད་དོན་གླེང་བ་དང་བདེན་ མཐའ་བརྩད་ན་རེ་བ་ཏན་ཏན་ཡོད་རྒྱུ་རེད། ད་དུང་ ངས་མ་མཐོང་བ་དང་མ་ཐོས་པས་ལས་འགུལ་ག་ཚོད་ ཡོད་རྒྱུ་རེད། སུས་ཀེམ་གྱི་རྐང་རྩལ་སྤོ་ལོ་རྩེ་འགྲན་ པ་གྲགས་ཅན་བུ་ཆུང་བྷོ་ཌི་ཡ་༼ ཉེ་ ཆར་བོད་མདོ་ སྨད་རྔ་བ་ཀི རྟི ་ དགོ ན ་པར་རྒྱ་ནག་གཞུང་གི ས ་དྲག་ གནོན་བྱེད་བཞིན་པར་ཡང་ཤི་ལོང་ཁུལ་གྱི་བོད་མིས་ ངོ་རྒོལ་ལས་འགུལ་སྤེལ་སྐབས་སུ་ཁོང་མཉམ་ཞུགས་ གནང་ཡོད་རེད༽ཅེས་གོ་ཐོས་བྱུང་། དེས་ཀྱང་ང་ཚོ་ ལ་བརྡ་གསར་བ་ཞིག་བརྒྱབས་པ་རེད། བོད་ནང་ནས་ མེ ་ འབར་ན་ང་ཚོ ས ་འདི ་ ནས་གསོ ད ་མི ་ ཉན་པ་ཀུན་ གྱིས་ཐུགས་ལ་ཟུངས། འདི་ནས་གསོད་མི་ཉན་ཞེས་ པ་དེ་ལ་རྒྱབ་སྐྱོར་མ་བྱས་ན་དོན་གྱིས་བསད་པ་རེད། ཉིས་སྟོང་བཅུ་གཅིག་གི་ཟླ་བ་ལྔ་བའི་ཚེས་བརྒྱད་ཉིན་ གྱི ་མཚན་ཆུ་ཚོ ད ་དང་པོ ་དང་སྐར་མ་ང་བཅུ་ང་དྲུག་ སྟེང་མཇུག་བསྡུས་པའོ།།

ད་ལྟ་ང་ཚོར་གལ་ཆེན་པོ་གང་འདུག་ཅེ་ན།ང་ཚོ་འཚེ་བ་མེད་པའི་ ལམ་ལ་བརྟེན་ནས་ཡོད།འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་བ་ ལ་ཤེས་བྱ་ཡོན་ཏན་དགོས་པ་དང་།ཤེས་བྱ་ཡོན་ཏན་གྱི་ཐོག་ནས་ བདེན་པ་མཐའ་ལ་འཁྱོལ་བ་ཞིག་བྱེད་དགོས། ཤེས་བྱ་ཡོན་ཏན་ མེད་ན་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་པ་བདེན་པར་ འཁྱོལ་རྒྱུ་ཁག་པོ་ཡིན། དེར་བརྟེན་དེ་རིང་འདིར་ཡོད་པའི་ཁྱོད་རང་ གཞོན་ནུ་ཕོ་མོ་ཚོས་སློབ་སྦྱོང་ལ་ཤུགས་བརྒྱབ་དགོས་པ་ཡིན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༸གོང་ས་མཆོག་གིས།

=༥=

མང་གཙོ་དང་གོ་ལོག བཙན་བྱོ ལ ་བོ ད ་མི འི ་ འོ ས ་བསྡུ་ཐེ ང ས་སྔོ ན ་མ་དག་ དང་བསྡུར་ན། ད་ལོའ ་ི བཀའ་སྤྱིའི་འོས་འཕེན་ཐད་མི་ དམངས་ཀྱི་ཁྲོད་ནས་འུར་གླེང་ཆེན་པོ་ཡོད་པར་གྱུར། དེ་བས་སྤྱི་ཚོགས་ཐོག་གི་དཔྱད་བརྗོད་པ་དང་གཏམ་ བརྗོད་པ་གང་མང་ཞིག་གིས་ཀྱང་ད་ནི་མང་ཚོགས་ལ་ མང་གཙོའི་གོ་རྟོགས་སླེབས་ཡོད་ཚུལ་བསྒྲགས་བྱུང༌། འོན་ཀྱང་བདག་གིས་དེ་ལྟར་མི་འདོད་དེ། མང་གཙོ་ ཞེས་པ་ནི་ཆབ་སྲིད་བྱ་འགུལ་ཁྲོད་དུ་ཞུགས་པ་དང་ དེར་སྤྲོ་བ་བླངས་ཙམ་ལ་གོ་ན་ག་ལ་འགྲིག དེ་ནི་མང་ གཙོ ་ མངོ ན ་མཚོ ན ་གྱི ་ ཆ་ཤས་གལ་ཆེ ན ་ཤི ག ་ཡི ན ་ འདུག་ནའང༌། ཚན་ཉིད་རིག་པའི་འཚོ་བ་དང་འབྲེལ་ བའི ་ བསམ་སྤྱོ ད ་ཀྱི ་ གཤི ས ་ལ་མེ ད ་ན་མང་གཙོ འི ་ ཚད་མཐོ་སར་སོན་པ་མ་ཡིན་ནོ། དེ་བས་ན་མང་གཙོ་ ཞེས་པ་ནི་རྒྱལ་ཁབ་དང་ཚོགས་སྡེ་ཡི་གྲུབ་ཆ་སྟེ་ཆབ་ སྲིད་ཀྱི་གཞི་སྒྲོམ་དང་དཔལ་འབྱོར་གྱི་གཞི་སྒྲོམ། སྤྱི་ ཚོགས་ཀྱི་གཞི་སྒྲོམ་བཅས་ཀྱི་རིམ་པ་སོ་སོའ ་ི འཛིན་ སྐྱོང་དང་དོ་དམ། འབྲེལ་ལམ་དང་ལས་ཁུར་སོགས་ཀྱི་ ཁྲོད་ནས་རྒྱུན་དུ་མངོན་འོས་པའི་བྱ་སྤྱོད་ཅིག་ཏེ། དེ་ ཡང་ལོ་རྒྱུས་དང་སློབ་གསོའ ་ི ཡིན་རིང་གི་འཕེལ་རྒྱས་ ཀྱི་རྒྱུད་རིམ་ནང་དུ་བྱུང་ཞིང༌། མང་གཙོའི་རྩ་དོན་དང་ རིན་ཐང༌། ཁག་ཐེག་བཅས་ལ་བློ་སྦྱོང་བྱས་པ་ལས་ བྱང་གོ མ ས་སུ་སོ ང ་ཞི ང ་བསམ་གཤི ས ་སུ་གྲུབ་པ་ ཞིག་གོ དེ་ལྟ་ན་བཙན་བྱོལ་སྤྱི་ཚོགས་སུ་རྟག་ཏུ་སྒྲོག་ གིན་པའི་ཡང་དག་པའི་མང་གཙོ་ཞེས་པའི་ཁ་གཡང་ སྙན་མོ་འདི་ལ་བློ་མི་བདེ་ཞིང༌། ང་ཚོ་ཡང་དག་པའི་ མང་གཙོའི་སྤྱི་ཚོགས་ཤིག་ཏུ་བསྙེག་པར་ད་ལྟ་ད་དུང་ སྟ་གོན་གྱི་གནས་སུ་ལྷག་ཡོད་པ་མིན་ནམ་སྙམ། ཁྱད་པར་དུ་ད་ལོའ ་ི སྔོན་འགྲོ་དང་དངོས་གཞིའི་འོས་ བསྡུའི ་ སྐབས་དག་ཏུ་མི ་ དམངས་ཀྱི ་ སྤེ ལ ་བའི ་ བྱ་ འགུལ་དང་གཏམ་སྤྱོ ད ་ཁྲོ ད ་དུ་འོ ས ་འཕེ ན ་གྱི ་ སྤྱོ ད ་ ལམ་ཅུང་མི་བཟང་བའི་རྣམ་པ་རེ་ཟུང་ཡང་མངོན་ཡོད་ ལ། ལྷག་པར་དུ་དངོས་ཡོད་འཚོ་བའི་ནང་དུ་མང་གཙོ་ ལ་གོ་བ་མ་ལོན་པའི་གཏམ་སྤྱོད་རྒྱུན་དུ་ཡོང་བཞིན་ ཡོད་ཅིང༌། འདིར་དངོས་བྱུང་གནས་ཚུལ་ཞིག་དཔེ་ མཚོན་དུ་བཀོད་ན། ལོ་གཅིག་ལྷག་གི་ཡར་སྔོན་ཞིག་ ལ་ང་ཚོ་མི་མང་པོ་ཞིག་དོན་བྱ་ཞིག་གི་ཆེད་དུ་མཉམ་ འཛོམས་བྱས། བསམ་ཚུལ་མི་འདྲ་བའི་དབང་གིས་ གྲོས་ཐག་མ་ཆོད་པར་ལུས་པའི་སྐབས། འདོད་མོས་ ཡོད་མེད་ལག་པ་བརྐྱངས་བཅུག་མོད། འོན་ཀྱང་མི་ཆ་ ཚང་མོས་པ་གཅིག་ཏུ་མ་བབས། དེར་བརྟེན་དེའི་ཁྲོད་ ཀྱི་མི་གཅིག་ཁོང་ཁྲོའ ་ི ངང་ཡར་ལངས་ཏེ་མོས་མཐུན་ མེད་པའི་མི་ཉུང་ཕྱོགས་དེ་ལ་ཁ་འཁོར་ནས་ཁྱེད་ཚོ་ཅི་ རེད། ས་འདི་མང་གཙོའི་ལུང་པ་རེད། མང་ཟེར་ན་མང་ པོའ ་ི དོན་རེད་འདི་ཡང་ཤེས་ཀྱི་མེད་དམ་ཞེས་སྡིགས་ ར་བྱས་བྱུང༌། ཁོའ ་ི འདོད་ཚུལ་ལྟར་ན་ཉུང་ཕྱོགས་དེར་ འདོད་མོས་ཡོད་མེད་ཅི་ལྟར་ཡང་མང་ཕྱོགས་ཀྱི་ཁ་ལ་ མགོ་སྒུར་ནས་ཉན་དགོས་པ་དེ་རེད། དོན་དངོས་སུ་ མང་ཚོགས་ཁྲོད་དུ་ད་དུང་ཡང་སྣང་ཚུལ་འདི་འདྲ་དང་ གོ་བ་འདི་ལྟ་བུ་ལེན་མཁན་གྱི་མི་ཧ་ཅང་མང་པོ་ཡོད་ ལ། དེ་ཡང་ཁག་ཅི་ལ་ཡོད་དེ། དམངས་གཙོའམ་མང་ གཙོ་ཞེས་པ་ནི་བོད་པར་མཚོན་ན་མིང་བརྡ་གསར་བ་ ཞིག་རེད་ལ། མིང་འདི་བོད་སྐད་དུ་ཐོག་མར་དམངས་ གཙོ་སོགས་སུ་བསྒྱུར་ཏེ་བཀོལ་པ་དང༌། ད་ལྟ་གཞུང་ འབྲེལ་ཡིག་ཆར་མང་གཙོ་ཞེས་སྤྱོད་ཀྱིན་ཡོད། བོད་ མི་ཚོས་མིང་བརྡ་འདི་ཡིག་ངག་གཉིས་ཐོག་ནས་ལོ་ ངོ་སུམ་བཅུ་ལྷག་གི་རིང་ལ་བེད་སྤྱད་ཀྱང༌། ད་ལྟ་ད་ དུང་དེའི་གོ་དོན་བོད་པ་གང་མང་གི་སེམས་སུ་གསལ་ ཁ་དོད་པོ་ཞིག་ངེས་མེད་ཚོད་དུ་གདའ། ཆ་བཞག་ན། མང་གཙོ་ཞེས་པའི་སྐབས་སུ་མང་ཉུང་གི་མང་ལ་གོ་བ་ བླངས་ཏེ། མི་ཁ་མཐུན་པ་མང་ཤོས་ཀྱིས་དབང་བསྒྱུར་ བའི་གཞུང་ལ་འདོད་པ་ནི་རྦད་དེ་གོ་ལོག་ཐེབས་ཤིག་ རེད། གོ་བ་དེ་ལྟར་བླངས་པ་ནི་མང་གཙོའི་རྩ་བའི་གཞི་ རྟེན་དང་འགལ་ཡོད་དེ། མང་གཙོ་ནི་ཆབ་སྲིད་ལམ་ ལུགས་ཤིག་དང་ཚན་ཉིད་ལྟ་གྲུབ་ཅིག ཡང་ན་བསམ་ པའི་འཁྱེར་སོ་ཞིག་གང་གི་ངོས་ནས་བལྟས་ཀྱང་རང་

Bod-Dhon-Ling-Tik

–པདྨ་བསམ་གྲུབ།

དབང་དང་འདྲ་མཉམ། མཛའ་བརྩེ་བཅས་གཞི་ལ་ བཞག་ཏེ་བསྐྲུན་པ་ཞིག་ཡིན་སྟབས། གོ་བ་དེ་ལྟར་ ལེན་པར་མི་རིགས་ཏེ། རང་དབང་དང་འདྲ་མཉམ་དེ་ ཡང་མི་བུ་སྒེར་གཞི་ལ་བཞག་པ་ཞིག་ཡིན་པ་ལས་ མང་མཐའ་ལ་ལྷུང་བ་ཞིག་གཏན་ནས་མིན། མི་སྒེར་ གྱི་བརྩི་མཐོང་གཅེས་སུ་འཛིན་པའི་མང་གཙོས་མི་ བུ་སྒེར་གྱི་གཏམ་བརྗོད་རང་དབང་དང་དགག་རྒྱག་ རང་དབང༌། མཐའ་ན་གཞན་ཕྱོགས་ལ་མོས་མཐུན་ མི་བྱ་བའི་ཐོབ་ཐང་ལ་ཁག་ཐེག་བྱེད་ལ། དེ་ནི་མང་ གཙོའི་རྩ་བའི་རྩ་དོན་གལ་ཆེན་ཞིག་ཀྱང་ཡིན་པས་ ན། མང་གཙོའི་མང་ནི་མང་ཉུང་གི་མང་ལ་གོ་བ་ བླངས་ན་བརྡ་དོ ན ་གྱི ་ བར་ལ་འགལ་ཚད་ཆེ ན ་པ་ ཤོར་འགྲོ་བས་མི་འཐད་དོ། དེ་ཡང་དབྱིན་ཡིག་གི་Democracy ཞེས་ པའི ་ མི ང ་ཚི ག ་འདི ་ ཐོ ག ་མར་ནུབ་གླི ང ་ནས་བྱུང་ ཞིང་དེའི་སྐད་དོད་དུ་བོད་ཕྱི་ནང་གཉིས་ནས་ འགྱུར་སྣ་ཚོགས་ཤིག་བྱུང་མྱོང་འདུག་ཅིང༌། དེའི་ ཐོ ག ་མའི ་ ���ོ ང ་ཁུངས་ནི ་ གྷི ་ རི ག ་གི ་ མི ང ་ཚི ག ་སྟེ ་ demosཞེ ས ་པ་མི ་ མང་དང་kratosཞེ ས ་པ་ སྟོབས་ཤུགས་ལ་ལས་དབང་བསྒྱུར་ལ་གོ་བ་ཡོད་ ཀྱང་དོན་ལ་མི་འགལ།ལ་གོ་བས་ན་དེའི་ཚོག་དོན་ ནི་མི་མང་གི་སྟོབས་ཤུགས་ཟེར་བ་ཡིན་ཕྱིར། ད་ ལྟ་གཞུང་འབྲེལ་གྱིས་སྤྱོད་པའི་མིང་བརྡ་མང་གཙོ་ ཞེས་པ་འདི་ལ་མི་མང་གཙོ་བའམ་མང་ཚོགས་གཙོ་ བ་ཞེས་པའི་དོན་དུ་བཀྲལ་ན་བརྡ་དོན་འབྲེལ་ཆགས་ པར་མཐོང་མོད། འོན་ཀྱང་མང་མང་གིས་འདིའི་གོ་ བ་ཚུལ་བཞིན་མ་ལོན་པར་གོ་ལོག་ཏུ་སྤྱོད་པའི་སྣང་ ཚུལ་ཧ་ཅང་མང་པོ་འདུག་གོ ཡང་གོ་བ་དེ་ལྟར་ལེན་པ་ལ་དོགས་གནད་འདི་ཡོད་ དེ། མང་གཙོའི་སྤྱི་ཚོགས་སུ་བྱ་བ་ཐམས་ཅད་མང་ མོ ས ་ཀྱི ས ་ཐག་གཅོ ད ་པ་དང་མང་ཕྱོ ག ས་དབང་ ཆེ་བར་འཛིན་པ་མིན་ནམ་ཟེར་ན། དེ་ཡང་མིན་ཏེ་ མང་ཕྱོགས་དབང་ཆེ་བར་འཛིན་པ་ནི་མང་གཙོའི་ ཐབས་ལམ་ཞིག་ཡིན་གྱི་དེའི་རྩ་དོན་དང་དམིགས་ ཡུལ་མ་ཡིན་ནོ། གལ་ཏེ་རྒྱལ་ཁབ་ཅིག་གི་མི་མང་ ཡོངས་དོན་བྱ་གཅིག་ལ་སྤྱི་མོས་བྱུང་ན་ནི་ལྷ་རབ་ རེད་མོད། འོན་ཀྱང་གནའ་བོའ ་ི འཚོ་བ་ཤོག་ཁག་གི་ རྣམ་པ་དེ། རིམ་བཞིན་ས་རྒྱ་ཆེ་ལ་མི་འབོར་མང་ བའི་རྒྱལ་ཁབ་ཀྱི་ངོ་བོར་འཕོས་ཤིང༌། ལྷག་པར་ བཟོ ་ ལས་གསར་བརྗེ འི ་ ཚུན་ནས་རྒྱལ་ཁབ་དག་ གི་མི་འབོར་དང་ས་རྒྱ། སྤྱི་ཚོགས་ཀྱི་རྙོག་འཛིང་ རང་བཞིན་དག་བསམ་ཡུལ་ལས་འདས་པ་ཞིག་ཏུ་ འཕེལ་བ་ན། གནས་སྟངས་དེ་འདྲའི་འོག་ཏུ་མི་ཁྲི་ འབུམ་མང་པོ་ས་གཅིག་ཏུ། དུས་གཅིག་ལ། མཉམ་ གཅིག་ཏུ་འཛོམས་ནས་གྲོས་བསྡུར་དང་ཐག་གཅོད་ བྱེད་ཐབས་མེད་ལ། མི་མང་ཡོངས་ཀྱི་འདོད་མོས་ གཅིག་མཐུན་དང་བརྒྱ་ཁ་གཅིག་གྲགས་ཡོང་དཀའ་ བས་ན་ཐབས་ལམ་འདི ་ ལས་ལེ ག ས་པ་ཞི ག ་མ་ རྙེད་པ་རེད་ལ། དེ་བས་ཉུང་ཕྱོགས་དེ་རང་བཞིན་ གྱིས་དབང་ཆུང་བར་སོང་སྟབས། དེ་ནི་མང་གཙོ་ རང་ལུགས་ཀྱི་ཞན་ཆ་ཞིག་ཏུ་སྨྲ་ཞིང༌། ཞན་སྐྱོན་དེ་ སེལ་ཆེད་མང་གཙོ་རང་ལུགས་ཀྱིས་མི་བུ་སྒེར་གྱི་ རང་དབང་དང་བརྩི་མཐོང་ལ་རིན་ཐང་ལྟ་བས་འགན་ ལེན་དང་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་པ་རེད། རྒྱུན་མཚན་དེའི་དབང་གིས་མང་གཙོའི་རྒྱལ་ཁབ་ དག་གི་རྩ་ཁྲིམས་སུ་ཡང་ཉུང་ཕྱོགས་ཀྱི་རང་དབང་ ལ་སྲུང་སྐྱོ བ ་ཆ་ཚང་ཡོ ད ་པའི ་ ཐོ ག ་ནས་ད་གཟོ ད ་ མང་ཕྱོ ག ས་ཀྱི ས ་དབང་འཛི ན ་བྱེ ད ་དགོ ས ་པའི ་ གནད་འདི་འཁོད་པ་མ་ཡིན་ནམ།

-5-


བོད་དོན་གླེང་སྟེགས།

=༦=

ང་ཡི་ལོ་ཟླ་དང་ཨ་མདོ་རྔ་བ།

གཅིག ཆུང་ཆུང་བྱིས་པའི་དུས་སུ། ཁྱིམ་གྱི་ཀོ་ཐུམ་ཅན་ གྱི་རླུང་འཕྲིན་ཚི་སྟུག་མ་དེ་ལས། རྔ་བ་ན་ཚོང་བ་ མང་གི་ཞེས་འོར་དང་ཡང་གིས་གྲགས་ཡོང་བ་དེ་ ནི། ངའི་རྣ་ལམ་དུ་རྔ་བ་ཟེར་བ་ཞིག་འཁྱེར་ནས་ ཡོང་མཁན་གྱི་དབྱར་ཐོག་མའི་འབྲུག་སྒྲ་ཡིན་ཞིང༌། ངའི་སེམས་སུ་རྔ་བ་ཟེར་བ་ཞིག་འཇགས་སུ་འཇུག་ མཁན་གྱི་སྒྲ་དབྱངས་ཆེས་ཐོག་མའང་དེ་ཡིན་མོད། དེ ་ ནི ་ ཨ་ཁུ་སྨན་བླའི ་ ཁ་ཤགས་ཀྱི ་ དགོ ད ་བྲོ ་ བའི ་ ཚིག་གི་རོལ་རྩེད་དང་ངག་གི་འགྱུར་ཁུག་ལས་ཐོས་ པ་ཡིན་པས། སྐབས་དེར་ངའི་རྣ་ལམ་དུ་རྔ་བ་ཟེར་ བ་ནི་དགོད་སྤྱད་ཅིག་ལས་ཅི་ཡང་མིན་ལ། ངའི་ སེམས་ནའང་རྔ་བ་ཟེར་བ་དེར་གོ་བ་ཅི་ཡང་མེད། འོན་ཀྱང༌། དུས་དེ་རིང་སྐབས་དེ་དུས་ཀྱི་རྔ་བ་དེ་ སླར་ཡང་ཡིད་ལ་དྲན་ཞིང༌། སེམས་ནས་རྣོག་ཚེ། སྐབས་དེ་དུས་ཀྱི་ཚོང་པ་མང་པོ་མང་པོ་ཅན་གྱི་རྔ་ བ་དེ། མཐོ་སྒང་གི་ན་བུན་སྟུག་པོའ ་ི ཁྲོད་ན། ལམ་ལ་ ཆས་ཀྱིན་པའི་རྔ་བ་དེ་ཡིན་འདུག་ལ། དེ་ནི་ས་སྒང་ གི་ཡང་རྩེ་རུ་རྟོགས་སད་ཀྱི་རྔ་སྒྲ་ཞིག་གྲགས་ཡོང་ གིན་པ་དེ་རེད་གདའ་ཨང༌།། གཉིས། ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ཀྱི་དུས་སུ། མི་སྐྱིད་ མི་བདེ་ཟེར་བའི་ས་མཐའ་རུ། ངས་ཁ་གྲགས་ཚད་ ལ་ཁ་ནས་དམྱལ་བ་བོ་དང༌། མྱི་ལྡང༌། བཀའ་འགྱུར་ ཟེར་བཞིན་ཁ་རྒྱག་ཆེན་པོས་ཁ་ཤོམ་འཐེན་མཁན་ གྱི་རྔ་བ་པ་གཞི་ནས་མཐོང་ལ། སྐབས་དེར་རྔ་བ་ པ་ཕལ་ཆེ་བས་སློབ་གྲྭའི་ཐབ་ཚང་གི་གཞུང་གི་ཟ་ མ་མི་ཟ་ཞིང་གཞུང་གི་ཉལ་ཆས་མི་གྱོན་ལ། གོ་ སྐབས་ཤིག་ནམ་ཡིན་ལ་རྔ་བ་པ་དག་མདུན་དུ་ཐོན་

སྐལ་བཟང་ཉི་མ། 《ཤེས་རབ་དགའ་ཚལ་གླིང༌།》

ཡོང་པས། ངས་སྐབས་དེ་དུས་ཀྱི་ཕྱི་འཛོམས་ནང་ འཛོམས་ཀྱི་རྔ་བ་པ་ཚོ་མཐོང་དུས། རླུང་འཕྲིན་ནང་གི་ སྐད་ཆ་དེ་སླར་ཡང་ཡིད་ལ་ཝ་ལེར་དྲན་ཞིང༌། རྔ་བའི་ ཚོང་པ་དག་གི་འབྱོར་ཉམས་དེ་སེམས་སུ་ལྷམ་མེར་ འཆར་པས། རྔ་བའི་ཚོང་པ་དག་གིས་རང་གི་བུ་རབས་ ཚ་རྒྱུད་ལ། རྐང་རྟེན་མཐུག་ཐག་ཆོད་པ་ཞིག་བཟོས་ འདུག་པ་གཞི་ནས་རྟོགས་ལེ་ཡིན།། གསུམ། སྤྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོར། བོད་ཡུལ་རང་དབང་ དང་མང་གཙོའི་གཡུལ་ལ་ཆས་དུས། བོད་མདོ་སྨད་ རྔ་བ་རུའང་དམར་པོ་ཁྲག་གི་རུ་དར་འཕྱར་ཏེ་ཚེ་སྲོག་ གི ས ་གཏུག་གཤེ ར ་རྒྱག་པ་རླུང་འཕྲི ན ་དང་བརྙན་ འཕྲིན་ཀུན་པོ་ལས་ཐོས་ཤིང༌། འཇིགས་ཡེར་ཡེར་གྱི་ གནམ་ས་ཞིག་གི་ཁ་ཕྱེས་སོང་ལ། ཁྲག་དམར་གྱིས་ ནེམ་པའི་བོད་རྔ་བའི་དཔའ་རྒོད་ཚོའི་ཕུང་བོ་པར་ལ་ བཏབས་པ་དག་གིས། སྲང་ལམ་དང་བཞི་མདོ། རྒྱ་ ལམ་གྱི་གཡས་གཡོན་དང་འགོ་རྔ༌། ཐ་ན་ཧྲག་བར་ ཆུང་ཆུང་ཞི ག ་གི ་ བར་སྟོ ང ་ཡང་མ་ལུས་པར་ཁེ ང ས་ སོང་བ་མཐོང་པས། བླ་འདར་འདར་གྱི་རང་གི་སྙིང་ ཁམས་སུ། དོན་ངོ་མར་རྔ་བ་རུ་ཅི་ཞིག་མང་ངམ་སྙམ་ པའི་དྲི་རྟགས་ཤིག་གིས་ཚ་འདྲི་བྱས་བྱུང༌།། བཞི། བོད་རྔ་བའི་སྨྱུག་འཆང་པ་དག་གི་སྙིང་སྟོབས་སུ་ངོམ་ ཆོག་པའི་གཉན་མིང་པས། ང་ཚོའི་ལུས་ཐོག་གི་འགྲོ་ བ་མིའི་ཐོབ་ཐང་གྲངས་བཤེར་བྱས། རྔ་ཡུལ་གྱི་ཐེའུ་ རེངས་སུ་འབོད་པའི་ཕོ་རྒོད་དར་མ་ཞིག་གིས། དྲ་ལམ་ གྱི་ཤོག་ཐང་ཆེན་པོའ ་ི ཐོག་ཐག་ཏུ། སྟོང་ལོ་བརྒྱད་པའི་ ཁྲག་ཡིག་གི་རྡོ་རིང་བསླངས། ད་དུང་བོད་རྔ་བའི་སྨྱུག་

ཨ་མའི་ལག་རྩམ་དྲན་པ།

འཆང་པ་དེ་དང་། འདི་དང་འདི་ལ་སོགས་པ། སྨྱུག་ དམག་གི་རུ་དཔུང་དེ་སུ་ཞིག་གི་རྒྱབ་དཔུང་དུ་མདུན་ ལ་ཐོན་ཞིང༌། ཚ་ཚ་འུར་འུར་གྱི་《ཤར་དུང་རི་》དང་ 《དུས་རབས་ཀྱི་ང་》སོགས་ཀྱི་དར་ཆ་མཐོ་རུ་སྒྲེང་ བཞི ན ་འུར་དང་སྟོ བ ས་ཀྱི ས ་མཆོ ང ་ཡོ ང ་བ་འདི ས ། དགྲ་གཉེན་ཀུན་ལ། མིའི་རིགས་ཡོངས་ལ། འགྲོ་བ་ ཐམས་ཅད་ལ། ཉེན་བརྡ་ཞིག་གཏོང་དུས། ལྐོག་བརྡ་ ཞིག་རྒྱག་དུས། ངས་རང་གི་ལོ་ཡི་འཁོར་མོ་རིས་སུ་ བཀྲ་བའི་མི་ཚད་མིག་གིས་མཐོང་གི་ངས་རང་གི་བློ་ དང་རིགས་པས་བསགས་པའི་ཤེས་ཚད་སེམས་ཀྱིས་ མྱོང་གི། ལྔ༌། དུས་དེ་རིང་གི་རྔ་བ་ཀིརྟི་དགོན། རང་ལུས་མེ་རུ་སྦར་ ནས་བདེ ན ་པའི ་ བུ་ཆུང་གཉོ ར ་མཁན་གྱི ་ དཔའ་བོ འ ་ི འདུ་རྭ་ཆེན་མོ། གྲྭ་བ་ཁྱུ་འདེད་ཀྱིས་མུན་ནག་གི་བཙོན་ རྭར་འཇུག་གིན་པའི་དམྱལ་ཁམས་གསོན་པོ། ཉིན་ མཚན་མེད་པར་དམར་དམག་གི་སྡིགས་ར་དང་སྡུག་ སྦྱོང་གི་ཁྲག་དང་མིག་ཆུ་ཆད་རྒྱུ་མེད་པའི་ཁྲིམས་རྭ་ བཙན་པོ། དུས་དེ་རིང་ཁྱེད་ཀྱི་མཚན་ཙམ་ཐོས་ཀྱང་ ཀྲུང་གོའ ་ི གློག་བརྙན་རྙིང་གྲས་ཁག་གི་ནང་ནས་མཐོང་ བའི་ཧྲོ་ལན་དགོན་པ་དག་དྲན་ཡོང་གི ཁོང་ཚོས་ རང་ཉིད་ཆུང་ཆུང་ཞིག་ཡིན་པ་ཤེས་བཞིན་དུ། མི་ མང་གི་བདེ་སྡུག་གི་ཆེད་དུ་སྲིད་གཞུང་ཞིག་འགོ་རྟིང་ སློག་པའི་འཐབ་ར་སྦྲན་པ་དང༌། སྲིད་གཞུང་གི་ཁྲིམས་ མེད་ལུགས་མེད་ཀྱི་བྱ་སྤྱོད་ཐེར་འདོན་བྱ་ཆེད་དབྱུག་ པའི་རྩལ་གྱི་སྤོབས་པ་རི་ལས་མཐོ་བ་དང༌། རང་གི་ ཆོ ས ་ལུགས་རང་དབང་ཁུ་ཚུར་གྱི ་ ངར་ཤུགས་ཁོ ་ ནས་རྩོད་པ་བཅས་དྲན་པ་མ་ཟད། ཀིརྟི་དགོན་པའི་གྲྭ་ ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེགས་པ་དང༌། གྲྭ་ བ་སུམ་རྒྱ་ཐམ་པ་འཛི ན ་བཟུང་བཀག་ཉར་བྱས་པ་ སོགས་གོ་ཡོང་དུས། ཧྲོ་ལན་དགོན་པའི་ཛ་དྲག་སྐབས་ ཀྱི་ཁྲི་བ་ཀྲི་ཧྲན་དང་དགེ་སྤུན་ཆེ་ཆུང་རྣམས་སོགས་ཀྱི་ གཟུགས་སྣང་ཡིད་ལ་འཁོར་ཡོང་བས། སྙིང་དམར་པོ་ ལྷོག་ལྷོག་བྲང་ཁོག་གི་མུ་མཐའ་ལ་ལྡིང་འགྲོ་འོ།། རྔ་ཡུལ་ཀིརྟིདགོན། ཁྱོད་ཀྱི་འཇིགས་པ་ང་ཡི་སྡུག་ བསྔལ་ཡིན། ཁྱོད་ཀྱི་སྡུག་བསྔལ་ང་ཡི་འཇིགས་པ་ ཡིན། །

ལོ ་ མ་སེ ར ་པོ འ ་ི འཕུར་ལྡི ང ་རྒོ ད ་ཅི ང ་དགུན་གྱི ་ རང་ གཤི ས ་མངོ ན ་ལ་ཉེ ་ བའི ་ དུས་འདི ར ་ང་སྔར་བཞི ན ་ ཁེ ར ་རྐྱང་དུ་ཁང་མི ག ་གྲུ་བཞི ་ འདི ་ ན་ཨ་མའི ་ འཛུམ་ –སྨིན་སྣང་མཛེས། 《ས་རཱ》 ཞལ་ཡི ད ་ལ་སྒོ མ ་ཞི ང་ཨ་མའི ་ ལག་རྩལ་དྲན་བཞི ན ་ རྩྭ་ཐང་ནས་གཉོམ་ལག་རྒྱས་ཤིང་སྦྲ་འདབས་ནས་ ངེད་ཚང་གི་ཤིང་སྒམ་གྲུ་བཞི་དེའི་ནང་ན་ཉར་བའི་ཨ་ མིག་ཆུའི་ཐིགས་པ་རེ་རེ་མཁུར་ཚོས་བརྒྱུད་དེ་ས་རུ་ ཚེ་སྲོག་འབུས་པའི་བོད་མི་ཞིག་ཡིན་ཕྱིན་ཕལ་ཆེར་ མས་ལག་འཐག་གི ་ རྩམ་པ་ནི ། ་ངེ ད ་ཚང་གི ་ ཕ་མའི ་ ཟགས་བྱུང་། སྐབས་འདིར་རང་དབང་མེད་པར་མདང་ ཨ་མའི ་ ལག་རྩམ་གྱི ་ རོ ་ བཅུད་ལ་བརྟེ ན ་ཏེ ་ འཚར་ ཡང་མེས་ནས་བརྒྱུད་པའི་གཅེས་ནོར་དང་། ལོ་ངོ་སྟོང་ དགོང་གི་རྨི་ལམ་དེ་དྲན་བྱུང་། རྨི་ལམ་དུ་ཁོ་མོ་དང་ ལོངས་མ་བྱུང་བ་གཅིག་ཀྱང་མེད། ཁོ་མོར་མཚོན་ ཕྲག་དུ་མའི་ལོ་རྒྱུས་རུམ་ཞིང་མི་རབས་དུ་མའི་གཏམ་ ཨ་མ་གཉིས་སྦྲ་འདབས་ན་འཛོམས་ཤིང་ཨ་མས་སྔར་ ན་ཡང་ཨ་མའི་ལག་རྩམ་ལ་རོལ་ཏེ་ནར་སོན་པའི་ རྒྱུད་ཁུར་ཏེ་ཚེ་སྲོག་གྲངས་མེད་ཅིག་ལ་ལང་ཚོའི་ཁོ་ བཞི ན ་ཚ་བེ ར ་བེ ར ་གྱི ་ ལག་རྩམ་བརྫི ས ་ཏེ ་ ཁོ ་ མོ འ ་ི ལག་ཏུ་བཞག་པར། ཁོ་མོས་ཨ་མས་ལག་རྩམ་དྲན་ འབྲོག་ཕྲུག་མ་ཞིག་ཡིན། ལག་རྒྱས་སུ་བཅུག་སོང་། དྲགས་ནས་རྔམ་ཟ་བྱེད་བཞིནའདུག ཁོ་མོའ ་ི མཐའ་ ཨ་མའི་ལག་རྩམ་ནི་བོད་མིའི་ཐུན་མོང་མ་ཡིན་པའི་ དེར་བརྟེན། ངེད་སྤུན་མཆེད་སུ་ཞིག་ཡིན་ཡང་ཨ་ ཟས་ཏེ་བོད་མིའི་འཚོ་བའི་ཁྲོད་དུ་ཆེས་མེད་དུ་མི་ མའི ་ལག་རྩམ་གྱི ་རོ་བཅུད་ལ་བརྟེ ན་ཏེ ་ནར་མ་སོ ན་ འཁོ ར ་ན་ཡོ ད ་པའི ་ སྤུན་མཆེ ད ་ཚོ ས ་ཀྱང་བདག་ལ་ མིག་ཟུང་རིག་རིག་གིས་གྱེར་ཞིང་ལག་ཟུང་བསྲིང་ རུང་བའི་བཅུད་ལྡན་གྱི་ཟས་མཆོག་ཅིག་ཡིན། པ་གཅིག་ཀྱང་མེད། ལྷག་པར་དུཁོ་མོ་ནི་སྤུན་མཆེད་ གདོན་མའི་མེས་པོའ ་ི བཀའ་དྲིན་ཅན་སུ་ཞིག་གིས་ གཞན་ལས་ཀྱང་ཨ་མའི་ལག་རྩམ་ལ་རོལ་བར་དགའ་ བཞིན་འདུག་གོ། དཀའ་སྡུག་གི་རྔུལ་ནག་ལས་བརྡོལ་བའི་རྩམ་པ་ཟ་ བའི་བུ་མོ་ཞིག་ཡིན་ཕྱིན། ནམ་རྒྱུན་ཨ་མ་དང་འབྲལ་ བའི་སྲོལ་འདི་བྱུང་བ་ནས། རྩམ་པ་འདི་མི་རིགས་ མ་མྱོང་ལ་ཨ་མའི་ལག་རྩམ་དང་ཡང་འབྲལ་མ་མྱོང་ ཤིག་གི་ཚེ་སྲོག་གི་རྟེན་གཞི་དང་རིགས་རྒྱུད་ཅིག་ ། ཚེ་སྲོག་གི་རུས་རྐང་རེ་རེ་ལ་ཡང་ཉིན་རེ་ནས་ཉིན་ བོད་དོན་གླེང་སྟེགས། གི་ཐུན་མོང་མ་ཡིན་པའི་ཟས་སྐལ་དུ་གྲུབ། མི་ རེར་གསོན་ཤུགས་རྒྱས་པ་རྟོགས་ཐུབ། ཨ་མས་ རིགས་འདི་ལ་མགོ་ནག་རྩམ་ཟན་པ་ཞེས་པའི་མིང་ གསུངས་པ་ལྟར་ན་ཚི་དྲེག་ཆགས་ཤིང་སྐྱ་བོར་གྱུར་ འདི་ཡང་དུས་འདི་ནས་ཐོགས། དེའི་ཕྱིར། བོད་པ་ བའི་རྩམ་སྒམ་འདི་ཕ་མེས་བཀའ་དྲིན་ཅན་ཚོས་ཤུལ་ རྩོམ་སྒྲིག་པ། ཞིག་ཡིན་ཕྱིན་རྩམ་པ་ཟ་བར་མི་དགའ་མཁན་ཉུང་ བཞག་གི་གཅེས་ནོར་ཡིན་པས། ཨ་མས་ཀྱང་རྗེས་ ཉུང་ཡིན། ཁོ་མོར་མཚོན་ན་ཡང་བོད་པ་ཞིག་ཡིན་ མར་རྩམ་སྒམ་འདི ་ བུ་མོ ར ་བརྒྱུད་སྤྲོ ད ་བྱེ ད ་དགོ ས ་ ཨ་འདུས་མིག་ཆུ། ཕྱིར་རྩམ་པ་ཟ་བར་དགའ་ལ། ལྷག་པར་དུ་ངེད་ཚང་ ཞེས་ཐེངས་མང་གསུངས་མྱོང་བ་མ་ཟད། སྐབས་རེར་ གི་ཤིང་སྒམ་དུ་བླུགས་པའི་ཨ་མའི་ལག་རྩམ་ཟ་བར་ ཨ་མས་རྩམ་སྒམ་དང་འབྲེལ་བའི་གཏམ་རྒྱུད་རིང་པོ་ རྩོམ་ཡིག་སྐུར་སྒམ། ཧ་ཅང་དགའ། རེ་ཡང་བཤད་མྱོང་། ངས་དྲན་པ་ནས་བཟུང་ངེད་ཚང་གི་མར་སྒྱེད་འགྲམ་ གང་ལྟར་། ང་ནི་ཨ་མའི་ལག་རྩམ་གྱི་གསོས་པའི་བུ་ གྱི ་ཤི ང ་སྒམ་གྲུ་བཞི ་ དེ འི ་ བདག་པོ ་ ཨ་མ་ཡི ན ་ལ། མོ་ཞིག་ཡིན་ཕྱིར། རྩམ་པ་ནི་ངའི་མི་ཚེའི་ནང་འབྲལ་ bodhonlingtik2011@ ཟས་ཐུན་སླེབས་ཐེངས་རེར་དྲི་ཞིམ་འཐུལ་ཞིང་དྲོད་ དུ་མེད་པའི་ཟས་མཆོག་ཅིག་ཡིན་ལ། ངའི་ཚེ་སྲོག་གི་ gmail.com ཁོ ལ ་མ་ཡལ་བའི ་ ཨ་མའི ་ ལག་རྩམ་ལ་རོ ལ ་དུས་ གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། སེམས་སུ་སྔར་མེད་སྤྲོ་བ་ཚད་མེད་རེ་སྐྱེས་མྱོང་ལ། ཡིན་ན་ཡང་། ངའི་གོམ་སྟབས་ཁེར་རྐྱང་དུ་ཕྱོགས་པ་ འབྲེལ་གཏུག་ཨང་། མྱུར་དུ་རྔམ་ཟ་བྱས་ཏེ་སླར་ཡང་ལག་པ་བསྲིངས་ ནས་ང་ཨ་མ་དང་བྲལ་ཟིན་ལ་ཨ་མའི་ལག་རྩམ་དང་ བར་དགའ། ཡང་བྲལ་ཟིན། 9882224292

-6-

Bod-Dhon-Ling-Tik

ཕྱི་ལོ་ ༢༠༡༡ ཟླ་བ་ ༢ པའི་ཚེས་ ༣།

འབོད་སྐུལ་དང་ རེ་བ།

བོད་དོན་གླེང་སྟེགས་དང་འབྲེལ་བའི་རྒྱ་ཆེའི་རྩོམ་ པ་པོ་དང་ཀློག་པ་པོ་རྣམས་ལ། བོད་དོན་གླེང་ སྟེ ག ས་འདི ་ ནི ་ སྔ་ལོ ར ་སློ བ ་ཕྲུག་རྒན་པ་གཉི ས ་ ཀྱིས་ལྷག་བསམ་རྣམ་དག་གི་ཀུན་ནས་བསླངས་ཏེ་ བསྐྲུན་པ་ནས་ད་བར་ལོ་གཅིག་ཙམ་ལས་མ་ལོན་ པའི་ལོ་ཆུང་ཞིག་ཡིན་ལ། ད་སྐབས་ཀྱང་སློབ་ཕྲུག་ ཅི ག ་གི ས ་སློ བ ་ཞོ ར ་དུ་རང་རི ག ས་ཀྱི ་ སྐད་ཡི ག ་ དང་རིག་གཞུང་གི་ཉམ་ཉེས་ལ་བསམ་ནས། འབད་ འབད་དུང་དུང་གི ས ་ཚགས་པར་འདི འི ་ ཚེ ་ སྲོ ག ་ རྒྱུན་གནས་ཡོང་ཕྱིར་སྒྲུབ་བཞིན་པ་ལགས་ན། རྒྱ་ ཆེའི་སྙུག་ཐོགས་པ་རྣམས་ཀྱིས་རྩོམ་ལུས་ལ་ཁྱད་ མེད་ཀྱིས་རང་རེའི་འདས་ཟིན་པའི་ཉམ་ཉེས་ཀྱི་རྒྱུ་ རྐྱེན་དང་། མ་འོངས་མདུན་ལམ་གྱི་འཕེལ་ཕྱོགས་ ལ་ཕན་པའི་རྩོམ་ཡིག་གང་མང་ཞིག་གཤམ་གསལ་ གློག་འཕྲིན་ཁ་བྱང་བརྒྱུད་ནས་སྨོན་ལམ་བོད་ཡིག་ གསུམ་པའི་སྟེང་ངེད་རྩོམ་སྒྲིག་པར་གནང་སྐྱོང་ཡོང་ བའི་རེ་བ་སྙིང་ནས་ཞུ། ཚགས་པར་དང་དུས་དེབ་ གང་ཞིག་འཚོ་བ་གཞན་དོན་དུ་ཡིན་ཡང་། འཚོ་བྱེད་ ཀྱི་ཁ་ཟས་ལྟ་བུ་ནི་ཁྱེད་ཅག་སྙུག་ཐོགས་པ་དག་གི་ རྩོམ་ཡིག་གི་སྦྱིན་གཏོང་ཆེན་པོ་ཁོ་ན་ལ་རག་ལས་ ཏེ། ད་བར་ཚགས་པར་དང་དུས་དེབ་མང་པོ་ཞིག་ འཇིག་རྟེན་དུ་ཕེབས་ཤིང་ཡུན་རིང་མ་འགོར་བར་ ལྔ་ལམ་དུ་ཆས་དགོས་བྱུང་བ་མང་པོ་ཞིག། རྩོམ་པ་ པོའ ་ི རྩོམ་ཡིག་གི་སྦྱིན་གཏོང་ཞན་པ་དང། ཀློག་པ་ པོའ ་ི རེ་སྒུག་གི་འདུ་ཤེས་ངན་དྲག་པའི་ཅི་ལ་མིན་ སྙམ་ན། ལྷག་བསམ་དང་ཤེས་དཔྱོད་མངའ་བའི་རྒྱ་ ཆེའི་རྩོམ་པ་པོ་ཚང་མས་ཟླ་རེའི་ཚགས་པར་འདིར་ ཕྱོགས་གང་ཐད་ནས་རྒྱབ་སྐྱོར་རེ་ཡོང་བར་ཞུ་ཞེས་ དམར་དམར་སྙིང་ནས་རེད་འབོད་ཞུ་བཞིན་ཡོད།

བཟོད་གསོལ་དང་ སློང་གཏམ། ད་རེའི་འདིར་བཀོད་པའི་རྩོམ་ཡིག་མི་ཉུང་བ་ཞིག་ རྩོམ་པ་པོ་རང་རང་གི་དྲ་ཐོག་ཟིན་བྲིས་ལས་འདིར་ གདན་འདྲེན་ཞུས་པ་ཡིན་ལ། དེ་ལྟར་བྱེད་ཆོག་པའི་ དབང་ཚད་ཀྱང་སྙུག་ཐོགས་པ་དེ་དག་ཁོ་ནར་དབང་ བ་བཞིན། དེ་དག་གི་ཟིན་བྲིས་གཤམ་དུ་བདག་ གིས་ཀྱང་ཟིན་མཆན་རེ་བཀོད་ནས་འདྲེན་བཀོད་བྱ་ ཆོག་པའི་གནང་བ་ཞུས་ཡོད་ཀྱང་ཁོང་དག་གིས་དེ་ བཞིན་བགྱི་བའི་གསུང་སྐད་མ་བྱོན་ནའང་རང་ཉིད་ ཀྱིས་ཀྱང་སེམས་ཁོང་ནས་བཟོད་གསོལ་ཞུ་བཞིན་ འདིར་བཀོད་ཡོད་པས་རྩོམ་ཡིག་དེ་དག་གི་བདག་ པོ་སོ་སོར་ལག་གཉིས་བྲང་ཁར་སྦྱར་ཞིང་སེམས་ བསམ་པའི་གཏིང་ནས་དགོང་དག་ཐུགས་དག་ཅེས་ ཞུ་རྒྱུ་ཡིན། མ་འོངས་པར་ཡང་ཚགས་པར་འདིས་ ཐད་ཀར་འཚོ་རྟེན་གྱི་རྩོམ་ཡིག་གི་ཟས་མཆོག་མ་ རེ ག ་ཚེ ་ སླར་ཡང་དེ ་ ལྟར་བྱེ ད ་ཆོ ག ་པའི ་ འབོ ད ་པ་ བྱེད་བཞིན་ཡོད་ལ། རྩོམ་པ་པོ་དག་གིས་གཤམ་ འོག་གློག་འཕྲིན་ཁ་བྱང་ངམ་ཁ་པར་ཨང་གྲངས་ཀྱི་ འབྲེལ་ཟམ་ཐོག་ནས་ལམ་སྟོན་དང་། རྩོམ་ཡིག་ བོད་དོན་དང་འབྲེལ་ཡོད་རེ་གནང་བར་ཞུ། ད་ ཐེངས་ཀྱི་ཚགས་པར་འདི་བདག་གིས་རྩོམ་སྒྲིག་གི་ ལས་ལ་ཞུགས་པ་དང་པོ་ཡིན་པས་དག་ནོར་དོན་ ནོར་གྱི་སྐྱོན་ཡོད་སྲིད་པས་བཟོད་གསོལ་སྙིང་རུས་ པའི་གཏིང་ནས་ཞུ་བཞིན་ཡོད།


news of june