Page 1

དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

གཟའ་ཟླ་བའི་ཉིན་ཐོ། ང་དུར་ཁྲོད།

ཆར་བ་སིམ་སིམ་འབབ་བཞིན་འདུག གྲོང་གསེབ་འདིའི་ཁོར་ཡུག་ནི་ཧ་ཅང་ཧ་ཅང་ལྷིང་འཇགས་ཤིག་ཏུ་སྣང་། ཁོང་གིས་

ཁ་པར་ཐོན་ཏེ་གཞེས་གྲོང་གསུན་པར་ལས་ཀའི་ཞོར་དུ་ཞལ་ལག་མཆོད་དུ་འགྲོ་ཟེར། དེ་རིང་གཟའ་ཟླ་བ་ཡིན་ལ་ང་རང་ལ་ཡང་ ལས་ཀ་དམིགས་བསལ་མེད་པས་ངས་མོས་མཐུན་བྱས་པ་ཡིན། གཟའ་ཟླ་བའི་ཉིན་དགེ་འདུན་པ་ཚོ་གཞིས་གྲོང་དུ་ལས་ཀ་ཙག་

ཙིག་བསྒྲུབ་ཏུ་འགྲོ་པས་གླ་འཁོར་རེག་ཁག་པོ་རེད། དེ་བས་ངས་ཁོ་ལ་ངེད་གཉིས་འཆམ་འཆམ་དང་སྦྲགས་ཏེ་གཞིས་གྲོང་དུ་ འགྲོ་ཞེས་བཤད་པ་ཡིན།

འོ་རེད། ཁོའ་ི མིང་ལ་སྐལ་བཟང་ཟེར་ལ་ངོས་ཀྱི་གྲོགས་པོ་ཡག་ཤོས་ཡིན། ནམ་རྒྱུན་ཁོས་ང་ལ་སློབ་གསོ་དང་སེམས་ཁུར་བྱེད་

ལ།སློབ་སྦྱོང་གི་ཕྱོགས་ལ་ཡང་དམིགས་བསལ་ལྟ་རྟོག་བྱེད། སྐར་མ་ཁ་ཤས་ལ་མར་ཕྱིན་རྗེས་ཁོས་ང་ལ་སྔོན་ཆད་གྱི་སྐད་ཆ་རྙིང་

བ་ཞིག་སྟེ་ནམ་རྒྱུན་ཁོང་གི་སེམས་ཁུར་གྱི་མདོག་དེ་ངས་མདུན་དུ་ཡང་བསྐྱར་མངོན་དུ་བཅུག་བྱུང་། གྲོགས་པོ་ཁོ་བོས་གོ་ཐོས་

2011

ཡིན་ན་ཁྱེད་ཀྱིས་ནང་ཆོས་ལ་མི་ལྟ་བའི་མི་ཚད། སློབ་སྦྱོང་གང་ལ་ཡང་དོ་སྣང་ཆུང་དུ་འགྲོ་བཞིན་འདུག་ཟེར། དོན་ངོ་མ་དེ་ལྟར་

ཡིན་ན་ཧ་ཅང་ཡིད་སྐྱོ་བ་ཞིག་རེད། ཁོས་དེ་ལྟར་གླེང་བཞིན་སེམས་ཧ་ཅང་སྐྱོ་བའི་མདོག་ཅིག་བསྟན་བྱུང་། ཁོ་ནི་ནམ་རྒྱུན་ཆོས་

གྲྭའི་ནང་དུ་རྩོད་པ་ཡག་པོ་བྱེད་མཁན་གྱི་གྲས་ཀྱི་གཅིག་ཡིན་ལ། སློབ་སྦྱོང་གི་ཕྱོགས་ལ་དོ་སྣང་ཧ་ཅང་ཆེ། ཡིན་ནའང་། ངས་ ཁོ་དང་ཁོ་ལྟ་བུའི་གྲོགས་པོ་ཁ་ཤས་ཀྱིས་རང་གི་སྦྱང་བྱའི་གཞུང་དང་རང་གི་བར་ཐག་ལ་བསམ་བློ་ཁྱོན་ནས་མི་གཏོང་བ་དེར་ སྐྱོན་བརྗོད་བྱེད་བཞིན་ཡོད། ཁོང་གིས་མི་གཞན་ལ་སེམས་ཁུར་དང་གྲོགས་པོ་ལ་གདུང་སེམས་འཆང་བ་དེར་ང་ཅུང་ཙམ་མོས་ མཐུན་མ་བྱུང་། རྒྱུ་མཚན་ནི་ཁོ་ལ་ད་དུང་དེའི་ཆུ་ཚད་དེ་མི་འདུག་བསམ། ངས་ཁོ་ལ་སྐལ་བཟང་། ཁྱེད་ཀྱིས་ཆོས་གྲྭའི་ནང་དུ་

རྩོད་པ་བྱས་པ་དེར་མི་ཚང་མས་བསྔགས་བརྗོད་ཐོབ་བཞིན་འདུག ཡིན་ནའང་། ཁྱེད་ཀྱིས་ཚིག་སྦྱངས་པ་དེའི་ཚོད་ཀྱིས་སེམས་

ལ་ཡང་ཅུང་ཙམ་བརྟགས་དཔྱད་བྱེད་དགོས་པ་རེད། སྔོན་མ་ཁྱོད་མི་བབ་ཆགས་ཤིག་དང་གཤིས་བཟང་ཞིག་ཡིན། ཡིན་ནའང། ལོ་ཁ་ཤས་ཀྱི་རིང་འདིར་ཁྱེད་རང་རྩ་བ་ནས་འགྱུར་སོང་། ཁྱེད་ཀྱིས་ཅི་ཞིག་སྦྱང་བཞིན་ཡོད། ནང་ཆོས་སྦྱང་བ་རེད། ཡང་ན་སྙན་ གྲགས་སྐོམ་པོ་ཞིག་སྦྱང་བ་རེད། སྐད་ཆ་དེ་ཅུང་བཙན་དྲགས་བྱུང་བ་འདྲ། སྐལ་བཟང་གིས་ཁ་མི་གྲགས་པར་བསམ་བློ་གཏོང་

བཞིན་ངོ་གདོང་ཡང་འགྱུར་སོང་། ཅུང་ཙམ་ནས་ཁོང་གིས་ཁྱེད་ཀྱིས་བཤད་པ་དེ་རེད། ད་ལྟ་ངས་བསམ་བློ་མང་པོ་གཏོང་ཐུབ་ཀྱི་ མི་འདུག ཡིན་ན་ཡང་རྗེས་ནས་བཏང་ན་འགྲིག་གི་རེད། གཞན་རྗེས་མ་ཆོད་ན་ངོ་ཚ་དགོས་པ་མ་རེད་པས། ནང་སྒོས་རང་གི་ འཛིན་གྲྭའི་ནང་གི་རོགས་པ་ཚོ་དང་རྐང་པ་མཉམ་དུ་སྤོ་མ་ཐུབ་ན་ཕ་མའི་རེ་བ་ཡང་སྟོང་ཟད་དུ་ཕྱིན་པ་རེད།

རེད་ཡ། སྐལ་བཟང་ནི་མི་རྒྱུད་བཟང་ཞིག་ཡིན་ལ། སྐད་ཆ་འདི་དག་ཡང་སེམས་གཏམ་དམར་པོ་ཞིག་རེད། ཡིན་ན་ཡང་

ངས་ནང་ཆོས་ཁོང་ཚོ་ནང་བཞིན་སྦྱོང་གི་མེད་མོད། ཅུང་ཙམ་སྦྱངས་པ་དེ་ཡང་སྒང་གི་ཁོའ་ི བཤད་པ་དེ་འདྲ་དམིགས་ཡུལ་དུ་

62


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

བཟུང་མེད། ངས་བསམ་ན་ནང་ཆོས་སྦྱོོང་མཁན་ཞིག་ཡིན་ན་གོང་གི་དམིགས་ཡུལ་དེ་འདྲ་བཟུང་ན་ཧ་ཅང་འོས་འཚམ་ཤིག་མ་ རེད། གཞན་རྗེས་ཆོད་ན་ཡང་འདྲ་མ་ཆོད་ན་ཡང་འདྲ། ཕ་མའི་རེ་བ་འགྲུབ་ན་ཡང་འདྲ་མ་འགྲུབ་ན་ཡང་འདྲ། གང་ལྟར་སེམས་

ལ་འགྱུར་བ་ཡག་ས་ནས་མ་བཏང་བར་དུ་ནང་ཆོས་སྦྱངས་པའི་དགོས་པ་ཁྱོན་ནས་འགྲུབ་མི་འདུག་བསམ། དེའི་རྐྱེན་ངས་སྐལ་

བཟང་ལ་གྲོགས་པོ་ཁྱོད་རང་གིས་སློབ་སྦྱོང་ལ་དོ་སྣང་བྱེད་བཞིན་པ་ཡག་པོ་རེད། ཡིན་ན་ཡང་། ཁྱོད་ཀྱིས་སྦྱང་བཞིན་པ་ནི་རིག་ གཞུང་གཞན་དང་མཚུངས་གི་མ་རེད། རང་གི་སྤྱོད་ངན་ཙམ་ལ་འགྱུར་བ་གཏོང་མ་ཐུབ་ན་ཧ་ཅང་ཐབས་སྐྱོ་བ་རེད་ཅེས་བཤད་

པ་ཡིན། སྐབས་དེར་སྐལ་བཟང་གིས་ཀྱང་མགོ་བོ་ལྡེམ་ལྡེམ་བྱེད་བཞིན་བསམ་གཞིགས་ཀྱི་ཀློང་དུ་ཕྱིན། ཆར་བ་སིམ་སིམ་ཞིག་

འབབ་བཞིན་འདུག་ལ་ལམ་ཕྲན་འདི་དང་ལྗོན་ཤིང་ལ་ཁྲུས་གསར་བ་ཞིག་བརྒྱབ་པས་མི་སེམས་ལ་བདེ་སྣང་ཞིག་བར་མེད་དུ་ སྦྱིན། བསིལ་རླུང་གིས་གནང་བའི་ཚོར་བ་ནི་དེ་འདྲའི་སྐྱེད་པོ་ཞིག་ཨང་། གཞིས་གྲོང་ནས་ཕྱིར་ཤག་ཏུ་ལོག་རྗེས་སྐལ་བཟང་ཡང་

བུད་སོང་། གྲོང་གསེབ་འདིར་ཆར་བ་འབབ་ལ་ཁད་བྱས་ཙམ་གྱིས་ཀྱང་གློག་ཤི་འགྲོ་བས། ངས་ཞག་སྒྲོན་དེ་བསྒྲོན་ཏེ་ཉིན་ཐོ་འདི་ འབྲི་འགོ་བརྩམས། ཕྱི་ལོགས་སུ་ད་དུང་ཆར་བ་ཁད་ཀྱིས་འབབ་བཞིན་འདུག གསལ་ལ་མི་གསལ་བའི་ཞག་སྒྲོན་གྱི་འོད་ངོགས་ ན་གྲྭ་རྐྱང་ཞིག་གི་སེམས་པ་ནི་དམར་ལམ་ལམ་དམར་ལམ་ལམ་འབར་བཞིན་འདུག

2011 རྩོམ་པོ་ལགས། ཁྱེད་ཀྱིས་དུས་དེབ་འདིའི་ཐོག་བསམ་ཚུལ་དང་དྲི་བ་རང་བཞིན་གྱི་རྩོམ་ཞིག་བསྐུར་ཨེ་ ཐུབ། ཁྱེད་ཀྱི་རྩོམ་ལུས་སམ་བརྗོད་བྱེད་ཚིག་ལྷུག་གི་རྣམ་པ་ཡིན་ཞིང་རྩོམ་འདིའི་བརྗོད་བྱའམ་སྲོག་ནི་གྲྭ་ བའི་སྐོར་གྱི་བྱེ་བྲག་གང་ཞིག་ངེས་དགོས་པར་ཡིད་ལ་ཞོགས། དཔེར་ན། ཕན་གནོད་གཉིས་ལས་ཕན་པ་གཙོ་ བའི་བསམ་ཚུལ་དང་དྲི་བ་རང་བཞིན་གྱི་རྩོམ་ལྟ་བུ།

63


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

དགོན་སྡེའི་སློབ་གསོར་བཏོན་པའི་བསམ་འཆར་འགའ། ལྡོང་སྲས། མཚོ་སྔོན།

བོད་ཀྱི་ཕ་མེས་ཡང་མེས་དང་ལོ་པཎ་བཀའ་འདྲིན་ཅན་རྣམས་ཀྱིས་སྔ་ན་མེད་པའི་ཡི་གེ་བཟོས་ཏེ་རྒྱ་གར་སོགས་ཡུལ་གྲུ་

དུ་མ་ནས་བཀའ་དང་བསྟན་བཅོས་སོགས་མཐའ་ཡས་པ་བསྒྱུར་ཏེ་དམ་པའི་ཆོས་ཀྱི་སྒྲོན་མེ་ཆེས་ཆེར་སྦར་བས་བོད་གནའ་མིའི་ འཚོ་བ་དང་རིག་གནས་དཔལ་འབྱོར་ཆབ་སྲིད་སོགས་གང་ཐད་ནས་དར་རྒྱས་བྱུང་བས་གྱི་སྨོན་གནས་སུ་གྱུར་བའི་རིག་པའི་ ཞིང་ཁམས་ཤིག་ཏུ་བསྒྱུར་བ་སུས་ཀྱང་ཁས་ལེན།

འོན་ཀྱང་བར་སྐབས་ཤིག་ནས་རང་རེའི་རིག་གཞུང་འདི་ལའང་དར་རྒུད་མང་བོ་བྱུང་སྟེ་རྐང་ཆད་ལག་སྡུམ་དུ་གྱུར་མོད།

རིམ་བཞིན་སྤྱི་ཚོགས་ཀྱི་འཕེལ་རྒྱས་ངེས་ཅན་ཞིག་བརྒྱུད་ནས་རིག་གནས་ཀྱི་ལང་ཚོ་དར་ལ་བབ་པ་དང་བསྟུན་དེང་སྐབས་

རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོད་ཀྱི་རིག་གནས་དང་ཆོས་ལུགས། སློབ་གསོ། སྐད་ཡིག་སོགས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་ དང་འགྲོ་བཞིན་འདུག་པས་ཤིན་ཏུ་དགའ་འོས་པ་ཞིག་རེད། དེ་བས་ད་ལྟ་སྐྱ་སེར་དག་གི་ཁྲོད་ཀྱི་ཤེས་ཡོན་ཅན་གང་མང་ཞིག་གི་

2011

བོད་ཀྱི་སློབ་གསོའ་ི བྱ་བར་ཐུགས་ཁུར་ཆེན་པོ་གནང་འདུག་སྟེ། དེའི་ཐད་ཀྱི་ལྟ་སྟངས་དང་བསམ་འཆར་འདྲ་མིན་སོགས་སྤེལ་ ཏེ་སློབ་གསོའ་ི ཕྱི་ནང་གི་ཆ་རྐྱེན་དང་འཕེལ་རྒྱས་མང་ཙམ་ཞིག་ལ་གྲུབ་འབྲས་མི་དམན་པ་བླངས་དང་ལེན་བཞིན་པ་ནི་ཧ་ཅང་ ལེགས་པའི་བྱ་བ་ཞིག་རེད། འོན་ཀྱང་ད་དུང་མི་འདང་ས་ཆེས་མང་བོ་ཞིག་ཡོད་པར་མ་ཟད། ཁྱད་པར་དུ་དགོན་སྡེའི་སློབ་གསོ་

ལ་ཐུགས་ཁུར་བྱེད་པ་ཤིན་ཏུ་ཉུང༌། ངེས་པར་དུ་མི་རིགས་ཤིག་སྐྱོབ་དགོས་ན་ཐོག་མར་མི་རིགས་དེའི་ཤེས་རིག་བསྐྱབ་དགོས་ པས་མི་རིགས་དར་སྤེལ་གཏོང་ན་ཐོག་མར་མི་རིགས་ཀྱི་རིག་གནས་དར་སྤེལ་དུ་གཏོང་དགོས།

དེས་ན་དགོན་སྡེ་ནི་བོད་ཀྱི་སྲོལ་རྒྱུན་སློབ་གྲྭ་ཡིན་པ་སུས་ཀྱང་ཁས་ལེན། དེས་ན་རིག་གནས་རྙིང་བ་ནི་རིག་གནས་གསར་

བ་སྤེལ་བའི་གཞི་ཡིན་ཅིང༌། རིག་གནས་གསར་བ་ནི་རིག་གནས་རྙིང་བ་བསྲིངས་པའི་རྒྱུན་ཡིན་པས་ང་ཚོས་ངེས་པར་དུ་དགོན་ སྡེའི་སློབ་གསོ་ལ་ཐུགས་ཁུར་བྱེད་དགོས་པ་རེད། བོད་མི་རིགས་འདིར་མཚོན་ན། དགོན་པ་དང་སློབ་གྲྭ་ནི་མེད་དུ་མི་རུང་སྟེ།

དཔེར་ན། མི་ཞིག་གི་ལག་པ་གཡས་གཡོན་གཉིས་ཀ་བཞིན་ཅིག་ཤོས་ཡོད་ན་ཆོག་པ་ཞིག་གཏན་ནས་མིན། དེས་ན་དེ་གཉིས་

འཛིན་སྐྱོང་སྤེལ་གསུམ་བྱེད་པར་སློབ་གསོ་ལ་རག་ལས་པས། སློབ་གསོ་ནི་ངེས་པར་དུ་ཚང་མས་གླེང་དགོས་པ་ཞིག་རེད། ད་

ལྟའི་མི་མང་ཆེ་བ་ཞིག་གིས་གྲྭ་བའི་སྤུས་ཀ་བཤད་བཞིན་ཡོད་པས་གྲྭ་བའི་སྤུས་ཀ་རྗེ་ལེགས་སུ་འགྲོ་དགོས་ན་ངེས་པར་དུ་དགོན་

སྡེའི་སློབ་གསོལ་རག་ལས་པས་ང་ཚོས་དགོན་སྡེ་སློབ་གསོ་གླེང་དགོས་ལ་གླེང་རིན་ཡོད་པ་ཞིག་ཀྱང་ཡིན། ད་ལྟའི་གནས་ཚུལ་ ལ་བལྟས་ཏེ་བཤད་ནའང༌། དགོན་སྡེ་ཡག་ཤོས་ཤིག་ལ་བོད་ཀྱི་རིག་གནས་བཅུ་ཆ་ཚང་བའི་བོད་ཀྱི་སློབ་གྲྭ་ཆེན་མོ་ཞེས་བཤད་

ན་ཐལ་ཆེ་མེད། འོན་ཀྱང་མང་ཆེ་བ་ཞིག་ལ་མཚོན་ན། སློབ་གཉེར་གྱི་ཕྱོགས་ལ་ཞན་ཆ་ཅུང་མང་བས་འདིའི་ཞན་ཆའི་སྐོར་མདོ་ ཙམ་བཤད་པར་འདོད།

64


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ། སློབ་གཉེར་གཙོ་བོ་བྱེད་དགོས་པ།

སྤྱིར་ན་གྲྭ་བ་ཞིག་ལ་མཚོན་ན། ཇི་སྲིད་འཚོའི་བར་དུ་སློབ་གཉེར་བྱེད་པ་ཞིག་འོང་དགོས་མོད། འོན་ཀྱང་ད་ལྟའི་གནས་ཚུལ་

ལ་བལྟས་ན། དགོན་སྡེ་ཕལ་ཆེ་བ་གྲོང་ཆོག་ལ་མི་ཕེབས་པ་མེད་པས་གྲོང་ཆོག་དེ་སློབ་གཉེར་གྱི་བར་ཆད་ཆེན་པོ་ཞིག་རེད་ཅེས་

བཤད་ན་ཆོག་ལ། ལ་ལས་དེ་གྲྭ་རྐྱང་འཚོ་བའི་དགོས་མཁོ་དང་ཡང་ན་མང་ཚོགས་ཀྱི་རེ་འདོད་སྐོང་བའི་དགོས་མཁོ་རེད་ཅེས་

བཤད་མོད། གལ་ཏེ་དེ་ལྟར་ཡིན་ན། དཀོན་མཆོག་ལ་ཉེ་རིང་མི་མངའ་བས་དགོན་པ་ནས་མང་ཚོགས་ཀྱི་རེ་འདོད་ལྟར་ཆོས་སྤེལ་

ན་གོང་གི་དགོས་མཁོ་དེ་གཉིས་ཀྱང་སྐོང་ཐུབ་ལ་སློབ་གཉེར་ལ་བར་ཆད་ཀྱང་མི་འབྱུང་བས་བྱེད་ཐབས་དེ་ངེས་པར་ལག་ལེན་ དུ་བསྟར་རྒྱུ་ཤིན་ཏུ་གལ་ཆེ། དེ་ལག་ལེན་བྱེད་པར་གཙོ་བོ་དགོན་པའི་དོ་དམ་ཁང་དང་ཆོས་ལུགས་ཤེས་ཡོན་ཅན་དག་གིས་བྱེད་

ཐབས་ཅི་ཡོད་རྫོང་དང་ཁུལ་གྱི་ཆོས་ལུགས་ལས་ཁུངས་ལ་ཡར་ཞུ་ཕུལ་ཏེ་ཆོག་མཆན་བླངས་ནས་སྒྲིག་ཡིག་སྤེལ་ན་བྱ་བ་དེ་ ལེགས་འགྲུབ་ཡོང་བར་མ་ཟད་མི་དམངས་ཀྱིས་ཀྱང་ཁས་ལེན། དེ་མ་གཏོགས་དགོན་སྡེ་ཆུང་ཆུང་རེ་གཉིས་ཀྱིས་དེ་ལྟར་བྱས་ ཀྱང་མི་དམངས་ཀྱི་དགའ་བསུ་མི་ཐོབ། དགོན་སྡེ་ཆེ་ཆུང་གང་ཡིན་ཡང་མཚན་ཉིད་གཟུག་རྒྱུ་ཆེས་གལ་ཆེ་བ་ཞིག་རེད། དེ་ཅིའི་

ཕྱིར་ཞེ་ན། ཚད་མ་རིག་པ་འདི་གྲོལ་བ་དོན་དུ་གཉེར་བ་ལ་ཆེས་མེད་དུ་མི་རུང་བ་ཡིན་པར་མ་ཟད་བློ་རིག་གི་རྩལ་སྦྱོང་བྱེད་ཀྱི་ ཐབས་ལམ་ཉག་གཅིག་དང་རང་གཞན་གྱི་མ་རྟོགས་ལོག་རྟོག་སོགས་འཇོམས་བྱེད་ཀྱི་རིག་པའི་གཞུང་ལུགས་རླབས་ཆེན་ཞིག་ ཡིན་པས་ངེས་པར་དུ་དགོན་པ་ཞིག་ལ་མཚོན་ན་མཚན་ཉིད་མེད་མི་རུང༌། མི་ལ་ལས་སྒྲུབ་གྲྭ་ཞིག་ལ་མཚན་ཉིད་ཅིག་དགོས་ དོན་མེད་ཟེར་བ་མང་མོད། འོན་ཀྱང་ཤེས་རིག་དང་ཚན་རིག་འགྲན་རྩོད་ཀྱི་དུས་རབས་ཆེན་མོ་འདིར་གྲོང་ཆོག་གི་སྒྲུབ་གྲྭ་ཞིག་ བྱེད་མི་ཉན་པ་ཐུགས་ཀྱིས་མཁྱེན་དགོས། དེ་མིན་ན་ད་ལྟ་ཁྱིམ་པ་ཕོ་མོས་ཚུར་ཕྱག་འཚལ་བ་ལ་གྲྭ་བ་ཡོན་ཏན་མེད་པ་ཚོས་རྗེས་

ནས་ཕར་ཁྱིམ་པ་ལ་ཕྱག་འཚལ་དགོས་རྒྱུ་རེད་ཅེས་གསུངས་པ་ང་ཚོའི་དགོན་པ་སོ་སོའ་ི དོ་དམ་ཁང་དང་ཆོས་ལུགས་མི་སྣ་ཚོས་ སེམས་སུ་འཛིན་དགོས་པའི་ལེགས་བཤད་ཅིག་རེད།

ངེས་པར་དུ་སྐད་རིགས་གཞན་ལ་སྦྱོང་དགོས་པ།

དགོན་སྡེ་ཆེ་ཆུང་གང་གིས་ཀྱང་སྐད་ཡིག་གཞན་ལ་སྦྱོང་རྒྱུར་དེ་འདྲའི་མཐོང་ཆེན་མི་བྱེད། གྲྭ་བ་དག་གིས་ཀྱང་སྐད་ཡིག་

གཞན་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་སྟེ། འུ་ཅག་གི་རྒྱལ་བསྟན་རིག་གནས་རིན་ཐང་ཅན་པོ་འདི་འཛམ་གླིང་གིས་ཤེས་

སུ་འཇུག་དགོས་པས་སྐད་ཡིག་གཞན་གྱི་ལམ་ནས་ནང་བསྟན་གྱི་ནང་དོན་ངོ་མ་དེ་གསལ་བཤད་བྱེད་རྒྱུ་རང་ཅག་གྲྭ་བ་ཚང་ མའི་ཕྲག་ལ་བབས་པའི་བཤོལ་མེད་ཀྱི་འགན་འཁྲི་ཞིག་རེད། དེས་ན་གཙོ་བོ་དེའི་ཕྱོགས་ཀྱི་དགེ་རྒན་བཀོད་སྒྲིག་དང་དུས་ཚོད་

བཀོད་སྒྲིག་སོགས་དོ་དམ་ཁང་དང་སྐད་གཉིས་མཁྱེན་པའི་ཤེས་ཡོན་ཅན་དག་གིས་འདིའི་ཕྱོགས་ལ་རྒྱབ་སྐོར་དང་ཐུགས་ཁུར་ གནང་རྒྱུ་ཆེས་གལ་ཆེན་ཞིག་རེད།

སློབ་གཉེར་གྱི་ཁོར་ཡུག་གི་སྤུས་ཀ་ཇེ་ལེགས་སུ་གཏོང་དགོས།

མིའི་རིགས་ཀྱི་ཤེས་རིག་གི་ཆུ་ཚད་དེ་རིམ་བཞིན་རྒྱུན་མ་ཆད་པར་གོང་ནས་གོང་འཕེལ། རྒྱ་ཇེ་ཆེ་ནས་ཇེ་ཆེ་རུ་སོང་ཞིང༌།

ལྷག་པར་དུ་དེང་དུས་འཛམ་གླིང་ཧྲིལ་པོར་ཤེས་རིག་དང་ཚན་རིག་ལག་རྩལ་གསར་བའི་འགྲན་བསྡུར་གྱི་ཚད་མཐོ་རུ་བསྙེགས་

པའི་དུས་འདིར། ང་ཚོས་བོད་ཀྱི་ཤེས་རིག་གི་མ་ལག་ཧྲིལ་པོར་བསམ་གཞིག་གཏོང་དགོས་ཤིང༌། ལྷག་པར་དུ་བོད་ཀྱི་དགོན་སྡེ་

65

2011


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

ཞིག་ལ་མཚོན་ན། བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་ལྟ་བུ་ཞིག་བྱེད་དགོས་པས་ང་ཚོས་ངེས་པར་དུ་སློབ་གཉེར་གྱི་ཁོར་ཡུག་གི་

སྤུས་ཀ་ཇེ་ལེགས་སུ་གཏོང་དགོས། བོད་ཀྱི་ལོ་རྒྱུས་སྟེང་དགོན་སྡེ་དག་གིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་དང་ཕན་

འབྲས་ཆེན་པོ་བཞག་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན་ལ། ད་ལྟའི་དུས་འདི་ལའང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་བཞིན་ཡོད་ མོད།

དགོན་སྡེ་ལ་ལ་ཞིག་ལ་མཚོན་ན། སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ཏེ་སློབ་གཉེར་གྱི་ཕྱོགས་ལ་མི་སྤྲོ་བའི་སྐྱོན་ཆ་ཞིག་

ཤེས་མེད་ཚོར་མེད་ངང་བྱུང་བཞིན་ཡོད་པ་རེད། དགོན་པ་ཡང་དག་པའམ་ཚད་ལྡན་ཞིག་ཏུ་འགྲོ་དགོས་ན། སློབ་གཉེར་གྱི་ཁོར་ ཡུག་གི་སྤུས་ཀ་ཇེ་ལེགས་དང་ཆ་ཇེ་ཚང་དུ་གཏོང་དགོས། དེ་གཏོང་བ་ལ་ཐོག་མར་གྲོང་ཆོག་དུ་ཕེབས་པར་གཏན་འགོག་བྱེད་

དགོས། དགོན་པ་ཞིག་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་ནི་ཚད་ལྡན་གྱི་དགེ་རྒན་ཞིག་ཞུས་ཏེ་གྲྭ་བཙུན་བྱིངས་ལ་སློབ་གཉེར་ བྱེད་དུ་འཇུག་རྒྱུ་དེ་གཙོ་བོ་རེད། ཁྱད་པར་དུ་ལམ་རིམ་བློ་སྦྱོང་སོགས་ལ་སྦྱོང་བ་གལ་ཆེ། དེ་ལྟར་བྱས་ན་གྲྭ་བཙུན་བྱིངས་ཀྱི་སྤུས་

ཀ་དང་སྒྲིག་ལམ་ཕྱོགས་ལ་ཕན་ངེས་ཅན་ཞིག་ཐོབ་ངེས། དགོན་པའི་སློབ་གཉེར་ཁོར་ཡུག་འཐུས་ཚང་དུ་གཏོང་རྒྱུ་དེ་གཙོ་བོ་བླ་ མ་དང་སྤྲུལ་སྐུ། དགོན་པའི་དོ་དམ་ཁང་སོགས་ཀྱི་འགན་འཁྲི་ཞིག་རེད། ང་རང་རྫོང་ཆོས་ལུགས་ཀྱི་ཚོགས་འདུ་ལ་ཐེངས་ཁ་ཤས་ ལ་འགྲོ་མྱོང་མོད། ཚོགས་འདུར་ཕེབས་པའི་བླ་མ་ཡིན་ནའང་འདྲ། དགེ་རྒན་ཡིན་ནའང་འདྲ། དགོན་པའི་དོ་དམ་ཁང་གི་མི་སྣ་

ཡིན་ནའང་འདྲ། ཡར་ཞུའི་རེ་བ་གཙོ་བོ་ནི་དགོན་པའི་དཔལ་འབྱོར་གྱི་ཆ་རྐྱེན་མ་གཏོགས་སློབ་གཉེར་གྱི་དགོས་མཁོ་དང་དེའི་ ཕྱི་ནང་གི་ཆ་དང་བྱེད་ཐབས་སོགས་ཞུ་མཁན་གཅིག་ཀྱང་མཐོང་མ་སོང༌། དེའང་བསམ་བློའ་ི སྟེང་གི་སྐྱོན་ཆ་ཆེན་པོ་ཞིག་རེད།

ང་ཚོས་ངེས་པར་དུ་དུས་རབས་ཆེན་པོ་འདིའི་ནང་དུ་གནའ་དེང་གི་ཤེས་རིག་ཆ་ཚང་བའི་དགོན་པ་ཞིག་ཏུ་བསྒྱུར་རྒྱུ་ནི་ང་ཚོ་གྲྭ་ བ་ཚང་མའི་འོས་འགན་རེད།

2011

དེས་ན་སློབ་གཉེར་ཅུང་ཆ་ཚང་བའི་དགོན་སྡེ་དག་གི་ཤེས་ཡོན་ཅན་རྣམས་ཀྱིས་འདིའི་ཕྱོགས་སུ་ཐུགས་ཁུར་དང་རྒྱབ་སྐྱོར་

གནང་སྟེ་སློབ་གཉེར་མེད་པའང་ཡོད་ཀྱང་ཆ་ཚང་མིན་པ་དག་ལ་སློབ་སྟོན་དང་བསམ་ཚུལ་བརྗེ་རེས་གནང་བ་དང་ཡང་ན་

དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་ཆེད་དམིགས་ཀྱིས་ལེ་ཚན་བཀོད་སྒྲིག་གནང་སྟེ་དེའི་ཕྱོགས་ཀྱི་བགྲོ་གླེང་དང་དཔྱད་

རྩོམ་སོགས་སྤེལ་བ། ལྷག་པར་དགོན་སྡེ་དག་གི་ནང་དུ་གྲྭ་བཙུན་ཤེས་ཡོན་ཅན་གྱིས་དགོན་པའི་སློབ་གསོ་ལ་བཅོས་བསྒྱུར་དང་

ཁ་སྣོན་སོགས་གནང་ནས་མཚན་ཉིད་མེད་པའི་དགོན་སྡེ་དག་ལ་མཚན་ཉིད་གཟུག་པ་དང༌། གཞན་ཐ་སྙད་རིག་གནས་ལ་སྦྱོང་ བ། དེ་བཞིན་སྐད་ཡིག་གཞན་ལ་སྦྱངས་པ་དང༌། ཚན་རིག་ལ་སྦྱོང་བ་སོགས་སློབ་གཉེར་ཁ་ཚང་ཞིག་བྱེད་སའི་ཁོར་ཡུག་དང་ཆ་ རྐྱེན་བསྐྲུན་རྒྱུ་ནི་གྲྭ་བཙུན་སློབ་གསོ་བ་དང་ཤེས་ཡོན་ཅན་དག་གིས་བསྒྲུབ་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་གལ་ཆེན་ ཞིག་རེད་དོ།།

མདོར་ན་ང་ཚོའི་གྲྭ་བཙུན་ཤེས་ཡོན་ཅན་དག་གིས་ཅི་ཐུབ་ཀྱིས་དགོན་སྡེའི་སློབ་གསོ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ།

གྲོང་ཆོག་ལ་འགྲོ་རྒྱུ་གཏན་འགོག་བྱས་ནས་སློབ་གཉེར་ཕྱོགས་ལ་འབད་པ་བྱེད་རྒྱུ་ནི་ཆོས་ལུགས་མི་སྣ་ཚོས་བསྒྲུབ་དགོས་པའི་ བྱ་བ་གལ་ཆེན་ཞིག་རེད་ལགས་ཞེས་ཞུའོ།།

66


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

དུས་རབས་ཉེར་གཅིག་གི་གྲྭ་གཞོན་ཚོར་བཏོན་པའི་རེ་བ།

དྲི་མེད་ཆོས་ཀྱི་བྱ་བ་ངས་མ་འཁྱོངས།། ཟང་ཟིང་འཇིག་རྟེན་མི་ཆོས་ངས་མ་ནུས།། གང་ཡང་མ་འཇོན་ང་ཡི་ཚོགས་ཞིང་དག ། ཀྱེ་ཀྱེ་བཞེངས་ཤིག་ཡར་ལ་བཞེངས་ཤིག་ལགས།།

གངས་ཚྭ་སྨྱུག

གཅིག

ཀྱེ་ བདག་གི་བྲང་གཞུང་ན་བར་མེད་དུ་ལྡིང་བའི་ཟུར་གསུམ་གྱི་སྙིང་དམར་བོ་འདི་དང་ཧ་ཅང་ཉེ་བའི་བདག་དང་ན་མཉམ་

པའི་གྲྭ་གཞོན་ཚོ་ལགས། རང་ཉིད་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་པ་ཞིག་དང༌། ཁོའ་ི བསྟན་པའི་རྒྱུན་འཛིན་མཁན་ཅིག་

ཡིན་བསམ་ན། ཅིས་ཀྱང་རང་ཉིད་ཀྱི་སེམས་སྟེང་ན་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་ནས་ཡུན་དུ་འཇིག་རྟེན་འདིར་གནས་པ་ དང་འཚོ་འདོད་པའི་རེ་གཞག་བླ་ན་མེད་པ་ཞིག་དང༌། བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་འཚོ་བའི་སྡུག་སྔལ་གྱི་སྲོག་ལ་

ཉེ་བར་འཇུས་མཁན་གྱི་རྒྱུ་གཅིག་པུར་འགྱུར་བའི་སྨོན་པ་རིང་དྲགས་པ་ཞིག་སེམས་ངོགས་སུ་གསལ་ལྷིང་ངེར་ཡོད་པ་ནི་སྨོས་ མེད་རེད་དོ།།

2011

གཉིས

དུས་རབས་ཀྱི་འགྱུར་ལྡོག་དང༌། སྤྱི་ཚོགས་ཀྱི་འཕེལ་རྒྱས། སྙིགས་དུས་ཀྱི་མཐའ་མ་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་

ཉིད་འཛམ་གླིང་གི་ཡུལ་གྲུ་སོ་སོར་དང༌། ཕྱོགས་ཁག་རེ་རེར་ཁྱབ་བརྡལ་དུ་འགྲོ་བཞིན་པ་དང་བསྟུན་དད་མོས་བྱེད་མཁན་དང་

བསྟོད་བསྔགས་འབུལ་མཁན་སོགས་ཧ་ཅང་མང་ན་ཡང༌། ཁོ་བོའ་ི རང་སེམས་གསོན་པོ་དེ་ནང་དུ་འཁོར་ནས་བསམ་གཞིག་རྣལ་ མ་རེ་བཏང་ཚེ། ཕྱིའི་རྣམ་པའི་ཆ་ནས་ཅུང་འཕེལ་རྒྱས་དང་དར་ཁྱབ་ཏུ་འགྲོ་བའི་སྣང་བ་ཞིག་ངང་ངང་ཤུགས་ཀྱིས་སྟེར་ན་ཡང༌།

དོན་སྟེང་ནས་ཞིབ་འདང་ཞིག་བརྒྱབ་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་བྱེ་མའི་ཐང་ཆེན་ན་ལུས་པའི་མེར་རྡོག་ཅིག་ དང༌། སྐམ་ལ་ཉེ་པའི་མེ་ཏོག་རྐང་གཅིག་དང་ཨ་ན་མ་ན་རེད།

གསུམ

དེ་ལས་ཀྱང་སེམས་ཕངས་པ་དང་ཡིད་སྐྱོ་བ་ཞིག་ལ། དེང་སྐབས་རྒྱ་བོད་ཡུལ་གྲུ་ཀུན་དུ་རྒྱལ་སྲས་དཔའ་བོ་གང་ཞིག་གི་

སྤྲུལ་གཟུགས་འཛིན་པ་དག་དང༌། རྒྱལ་བའི་གསུང་རབ་གང་ཞིག་གི་མཁས་མིང་འཛིན་པ་སྐོར་ཞིག་གིས་བག་མི་ཚ་བར་ད་ དུང་ཞི་ཞིང་དུལ་བའི་ངང་དད་ལྡན་མང་ཚོགས་ཀྱི་མགོར་བཞུགས་ཏེ་སྙིང་རྗེ་དང་བྱམས་པ་ཡོད་མདོག་གིས་མིག་ཟུང་ལན་རེར་

བཙུམ་བཞིན་འཇིག་རྟེན་མི་ཆོས་དང༌། དམ་པ་ལྷ་ཆོས་གང་ལ་ཡང་མ་གཏོགས་པའི་ཆོས་རྫུན་ཡ་མཚན་དག་དག་ལབ་སྟེ་རྒྱལ་

བའི་བསྟན་པ་རིན་པོ་ཆེའི་སྲོག་རྩ་དྲུང་ནས་འཇོམས་བཞིན་འདུག་ན་ཡང༌། དད་ལྡན་མང་ཚོགས་དེ་དག་གིས་རང་ཉིད་ཀྱི་ཡོད་

67


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

ཚད་ཁོང་ཚོར་ཕུལ་ཏེ་ཆོས་ཀྱི་འབྲས་བུ་ཅུང་ཙམ་རེ་ཨེ་ཐོབ་རེ་བའི་ཡར་རྒྱུག་མར་རྒྱུག་ཅི་ཙམ་བྱས་ཀྱང་ཁོང་ཚོའི་སེམས་སྟེང་

ལ་དྲི་མ་མེད་པའི་ཆོས་ཀྱི་འབྲས་བུ་ཅུང་ཙམ་ཡང་སྨིན་མ་མྱོང་བར་མ་ཟད། ཆོས་དཔོན་རྫུན་མ་དེ་དག་གི་སེམས་རྒྱུད་ལ་སྙིང་རྗེ་ དང་བྱམས་པ་ཐ་ན་ཆོས་ཀྱི་ཆར་རྒྱུན་ཙམ་ཡང་བབས་མྱོང་མེད་པ་སྐྱེ་བོ་ཅི་ཙམ་ཞིག་གི་སེམས་ངོགས་སུ་གསང་བ་ལྐོག་ཏུ་རྒྱུར་ ཡོད་དམ།

བཞི་བ།

ཡང་འཇིག་རྟེན་འཚོ་བའི་ལམ་ཁ་རེ་རེ་ན་སྐྱ་མིན་སེར་མིན་དུ་འགྱུར་བཞིན་བའི་གྲྭ་བཙུན་ན་གཞོན་སྐོར་ཅིག་གིས་རང་

ཉིད་ལ་མི་མཛའ་ཞིང༌། བསྟན་པ་ལ་དེ་བས་ཀྱང་མི་འོས་པའི་ཡ་མ་བརླ་ཡི་སྐྱོ་གར་རིང་མོ་ཞིག་སྤྱི་ཚོགས་ཀྱི་མཐོང་ལམ་ན་མངོན་

བར་འཁྲབ་ཀྱིན་འདུག་ལ། དེ་བས་ཀྱང་གྲྭ་གཞོན་མང་པོ་ཞིག་གིས་ཁོང་ཚོར་མིག་དཔེར་འཛིན་བཞིན་ཤེས་མེད་ཚོར་མེད་བར་ ནས་རང་ཉིད་སྤྱི་ཚོགས་ཀྱི་གད་སྙིགས་སུ་འགྱུར་བཞིན་པ་ཡང་ཤེས་ཀྱིན་མེད་ཚོད་འདུག ད་དུང་དེ་ལས་ཀྱང་སྙིང་རྩ་འཇགས་ མི་ཐུབ་པ་ཞིག་ལ། ང་ཚོ་དང་ན་མཉམ་པའི་གྲྭ་གཞོན་གང་མང་མང་ཞིག་གིས་རང་ཉིད་ཀྱི་ལྟ་ན་སྡུག་པའི་ལང་ཚོ་ལ་མཛེས་སྤྲས་

མི་བྱེད་ལ། གསེར་ལས་ལྷག་པའི་རང་ཉིད་ཀྱི་མི་གཤིས་ལ་བརྩི་བཀུར་མི་ཐོབ། དྲི་མ་མེད་པའི་རང་ཉིད་ཀྱི་བློ་གྲོས་ལ་སྦྱོང་བརྡར་

མི་བྱེད། རིན་ཐང་བྲལ་བའི་རང་ཉིད་ཀྱི་མི་ཚེ་ལ་དོ་སྣང་མི་བྱེད་པར་ཉི་མ་དང་ཟླ་བ་ལོ་དང་ལོ་རིམ་གྱིས་འདས་སྟེ་མི་ཚེའི་ཁད་ ཀྱིས་ཟད་པ་འདི་སྤྱན་ལམ་དུ་མངོན་པ་དང༌། ཡིད་ལ་གསལ་ལེར་དྲན་ཚེ། སེམས་བསམ་པའི་སྟེང་ནས། ཤ་རུས་པའི་གསེང་ནས། ཀྱེ་ཧུད། ལྕགས་ཐག་རྗེ་ངར་ལྟ་བུའི་ན་ཟུག་ཅིག་གིས་བདག་གཏོང་བར་མི་བྱེད་དོ།། ལྔ་བ།

2011

བདག་གི་སྙིང་ཉེ་བའི་བདག་དང་ན་མཉམ་བའི་གྲྭ་གཞོན་ཚོ། ང་ཚོས་འདས་ཟིན་པའི་ལོ་རྒྱུས་དང༌། ད་ལྟའི་གནས་བབས་

ཀྱི་སྤྱི་ཚོགས་ལ་ཅི་འདྲའི་ནག་ཉེས་ཞིག་བཟོས་ཡོད་པ་དང༌། ཅི་འདྲའི་བསུབ་ཐབས་མེད་པའི་རི་མོ་ཁྱད་མཚར་བ་གང་མང་མང་ ཞིག་བྲིས་ཟིན་པ་དང་འབྲི་བཞིན་པ་ནི་སུ་ཞིག་ལ་གསང་ཐུབ་བམ། ང་ཚོ་ད་དུང་འདི་ལྟར་འགྲོ་རྒྱུ་ཞིག་དང༌། འདི་ལྟར་སྐྱོད་རྒྱུ་

ཞིག་བྱུང་ན། ཅུང་མི་འགོར་བར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་རྩ་ལག་ཉིང་ལག་ཡོད་ཚད་སྐམ་བོར་མི་འགྱུར་བའི་ ངེས་པ་རང་ལ་ཡོད་དམ། ང་ཚོས་ད་དུང་རང་ཉིད་ཀྱི་རྐང་ལག་འཇིག་རྟེན་པའི་གྲོང་ནས་ཡར་སྐུམ་རྒྱུ་ཞིག་དང༌། བྱ་སྤྱོད་འཇིག་

རྟེན་པའི་བྱ་སྤྱོད་དང་རྒྱང་དུ་གྱེས་རྒྱུ་ཞིག་མེད་ཚེ། ཧ་ཅང་ཉག་ཕྲ་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ང་ཚོའི་སེམས་ དང་ལུས་ཀྱི་རྣམ་པ་མི་འདྲ་བའི་ཟུར་རེ་རེ་ལ་རྫོགས་ཚིག་གམ་གྱེས་ཕྱག་མི་འབུལ་བའི་ངེས་པ་ག་ལ་ཡོད། དྲུག་པ།

དེའི་ཕྱིར་ང་ཚོའི་རང་ཉིད་ལ་ཀུ་ཡངས་བརྒལ་འོད་འགྱེལ་གྱི་འཁོར་ཡུག་ཅིག་དང༌། བསམ་བློ་རང་སྐྱ་བ་ཞིག་གི་ངོས་ནས་

རྙིང་རལ་དང་ཞིག་རལ་དུ་འགྲོ་བཞིན་པའི་གཙུག་ལག་ཁང་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས་པའི་རྒྱལ་བའི་བསྟན་པ་རིན་

པོ་ཆེ་འདི་ཉིད་ལ་སྔར་མེད་ཀྱི་མཛེས་རིས་དང༌། ཡིད་དུ་འོང་བའི་ཚོན་རྩི་ད་དུང་ནང་གི་སྒྲིག་གཞིའི་ཕྱིའི་རྒྱལ་ཕིབས་དང་ བཅས་རང་ཉིད་ཀྱི་རྣམ་དཔྱོད་དང་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གསར་བཞེང་བྱ་དགོས་ལ། དེ་ལྟ་བུའི་མཛེས་ཤིང་ལྟ་ན་སྡུག་

པའི་ཁང་བཟང་ཞིག་བཞེངས་བ་ལ་དཀའ་ངལ་དང༌། དཀའ་ཚགས་མི་ཉུང་ཞིག་བརྒྱུད་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད།

68


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

ཡིན་ཡང་འདི་ཡོད་ཚད་ང་ཚོ་མི་རབས་ཕྱི་མའི་གྲྭ་གཞོན་ཚོས་འགན་མི་འཁུར་ན་སུ་ཞིག་གིས་འཁུར། འདི་ཡོད་ཚད་ང་ཚོ་མི་

རབས་ཕྱི་མའི་གྲྭ་གཞོན་ཚོས་དང་དུ་མི་ལེན་ན་སུ་ཞིག་གིས་དང་དུ་ལེན། འདི་ཡོད་ཚད་ང་ཚོ་མི་རབས་ཕྱི་མའི་གྲྭ་གཞོན་ཚོས་ བདག་པོ་མི་རྒྱག་ན་སུ་ཞིག་གིས་བདག་པོ་རྒྱག

བདུན་པ།

ཀྱེ་ ཀྱེ་ སོམས་དང་དཔྱོད་དང༌། དྲི་མ་མེད་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་འདི་ནས་ཅི་ཙམ་ཞིག་

ལ་འཚོ་བ་དང་ག་ཙམ་ཞིག་ལ་གནས་པ་ནི་ང་ཚོ་མི་རབས་ཕྱི་མའི་གྲྭ་གཞོན་ཚོར་རག་ལས་འདུག་པས། ད་ལྟའི་བདག་པོ་རྒྱག་

མཁན་ཡང་ང་ཚོ་ཡིན་ལ། མ་འོངས་པའི་བདག་པོ་ཡང་ང་ཚོ་ཡིན། བདག་གི་སྙིང་ཉེ་པའི་ཆོས་གྲོགས་དམ་པ་ཚོ་ལགས། ང་ཚོས་ བསམ་གཞིག་བྱེད་རན། ང་ཚོས་བཅོས་བསྒྱུར་བྱེད་རན། ང་ཚོས་རང་ཉིད་ལ་སྐུལ་ལྕག་གཏོང་རན།

རྗེ་བཙུན་བླ་མའི་རྣམ་ཐར་སྙིང་ལ་ཆོངས།། ཀླུ་སྒྲུབ་ཐོགས་མེད་དག་ལ་དཔེ་རུ་གཟིགས།། མི་ཡི་དབང་བོ་སྲས་གཙང་སྲས་ཀྱི་བསྟན།།   སྐལ་བའི་བར་དུ་མི་འཇིག་བརྟན་པོར་མཛོད།།

2011

69


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

མ་བཤད་ཚད་མེད་རེད། = བསམ་གཟས་ནས་གདོང་གཏད་པ་ནི་ལམ་ཞིག་གི་ཆེད་དུའོ།།=

སྔོན་གླེང་།

ཚྭ་མྱི་རྒོད།

དེ་རིང་ཁོ་བོས་འདི་ནས། ཁྱོད་ཚོར་ཞེ་བསམ་པའི་སྐད་ཆ་གཙང་མ་གཙང་དག་ཞིག་སྦྱོར་འདོད་པ་ནི། ཁོ་བོ་རང་གི་འཚོ་

བའི་ཉེ་སར་བཅར་ནས་རང་ཉིད་གནས་བའི་ཁོར་ཡུག་འདི་གཙང་སྦྲ་སྤུས་དག་ཞིག་བྱེད་རྩིས་ཡིན་ལ། སྙིགས་གྱུར་རྒན་རབས་

པའི་རྩིང་སྤྱོད་དང་རྩིང་སེམས་ཀྱི་འདུ་ཤེས་གྱོང་བོ་དག་ཀྱང། མེ་རུ་བསྲེག་འགོ་རང་ཉིད་ནས་བརྩམ་རྒྱུ་ཡིན། དེ་ལྟར་བྱས་ཚེ།

ང་ཚོས་ད་གཟོད། སྤྱི་ཡོངས་ནས་དྭངས་གཙང་གི་མཁའ་དབུགས་གསར་བ་ཞིག་མཉམ་དུ་བརྔུབ་ཐུབ་ལ། ཆར་སིམ་དང་འཇའ་ གུར་གྱིས་བསུས་བའི་དབྱར་གཞུང་གི་ཁོར་ཡུག་ཞིག་ཀྱང་སྤྱད་ངེས་བ་མ་ཡིན་ནམ།

2011

ང་ཚོས་འདི་ལྟར། རང་གི་འཚོ་བ་དང་རང་གི་མདུན་ལམ་ལ་འགན་ཁུར་བ་ནི། རང་ཉིད་མི་བུ་རང་མཚན་པར་བྱ་རྒྱུའི་འགན་

ལེན་བྱེད་སྟངས་ལེགས་ཤོས་ཤིག་ཡིན་ན། འུ་བུ་ཅག་གིས་ཐོག་མར། རང་ཉིད་ནས་འགོ་བརྩམ་དགོས་བའི་སྦྱོར་རིགས་དེ་ངོས་ གསུམ་དུ་འདུ་སྙམ་པ་ནི། ཐོག་མར་རང་སེམས་ཀྱི་རྨོངས་མུན་མཐུག་པོའ་ི མཁར་རྫོང་གཏོར་ནས་རང་ཉིད་ཡར་ལངས་རྒྱུ་དང་། བར་དུ་ལྗང་མདོག་བཀྲ་བའི་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་པར། ཆེས་བཀག་རྡོ་གྱུར་བ་དག་བློ་དང་ཐབས་བཀོད་ཀྱི་སྒོས་

གཡས་གཡོན་གང་རུང་དུ་དེད་ནས། རང་མོས་ཀྱིས་གླུ་དབྱངས་ལེན་ཐུབ་བྱ་རྒྱུ། ཐ་མར་དུས་རབས་ཀྱི་རྟ་ཕོའ་ི བང་རྩལ་ཅི་ཙམ་

མྱུར་ནའང་། དེ་ཙམ་གྱིས་རིག་གནས་སྣ་མང་གི་ཐོན་སྐྱེད་རྦ་རླབས་མཐོན་བསླང་དང་། ཁོར་ཡུག་ཚད་ལོན་ཞིག་གི་འགན་འཁྲི་ རང་ཉིད་ཀྱིས་འཁུར་དགོས་པ་བཅས་ཡིན་པར་འདོད་པ་དེའ།ོ །

ད་སྨོས་བཞིན། ཁོ་བོས་རང་གི་ལྟ་ཚུལ་གྱི་སྦྱོར་བ་ཞིག་བཀོད་པ་འདི་ནི། རང་བློས་གང་ཟིན་ཚོད་དང་ཁོག་ཤིང་དྲང་ཚིགས་

སུ་བཞག་ཁུལ་བྱས་ནས་དཔྱད་པའི། གནས་ལུགས་ཀྱི་ངོས་དང་རྒྱུ་མཚན་གྱི་ཁུངས་དེ་ལྟར་ལགས་ན། ང་ཚོའི་གནས་བབ་འདི་གོ་ རིམ་གང་ཞིག་གི་ཚད་དུ་སླེབས་ཡོད་ནའང་། མཚམས་དེ་ནས་ཕྱིར་བཤོལ་དང་འཛེམ་ཟོན་མེད་པར། སྙིང་སྟོབས་ཀྱི་མེ་རི་འཕྱུར་

བའི་ངང་གླེང་དགོས་བ་ནི། མི་བུ་རང་ཉིད་ཁ་ཞེ་གཉིས་མེད་ཀྱིས་བྱ་བའི་གནད་ལ་ལག་ལེན་གྱིས་འགན་ཁུར་མཁན་ཞིག་ཡིན་

ཕྱིན། ངེས་བར་དུ་རང་ལ་མ་ཚང་ཐུ་མེད་ཀྱི་ཆ་རྐྱེན་ཞིག་དང་། ཡང་ན་འཕེལ་རྒྱས་ཤིག་གི་སྔོན་འགྲོའ་ི སྟ་གོན་ཀྱང་ཅི་ལ་མིན། ཡང་གཅིག་བཤད་ན། ཁོ་བོ་མི་ཞིག་ཡིན་ཕྱིན། རང་གིས་མོས་འདོད་ལྟར་རང་ཉིད་འཚོ་ཞིང་གནས་ཐབས་ལ་གཞོལ་དགོས་པ་ནི། མི་བུ་རང་རང་གི་ཐོབ་ཐང་ཡིན་པའི་མི་ཚད་འགན་འཁྲི་ཡང་ཡིན་མོད།

70


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

གང་ལྟར་ཡང། དེ་དག་བསྡུས་བསྡུས་ཤིག་གི་ལམ་ནས་སྦྱོར་ན། མི་སྒེར་སོ་སོས་རང་གི་འཚོ་བ་དང་རང་ཉིད་ལ་འགན་ཁུར་

བ་ནི། ཚོགས་པ་སྦྱི་དང་མི་བུ་སྦྱི་ལ་འགན་ཁུར་གྱི་ཡོ་བྱད་ལྟ་བུར་གྱུར་ཡོད་སྟབས། ཁོ་བོས་ཀྱང་། གནད་དོན་འགའ་ཞིག་༼མ་ བཤད་ཚད་མེད་རེད་༽སོང་བའང་རྒྱུ་མཚན་འདི་ལ་ཐུག་པས་སོ།།

རྒན་གཞོན་བར་གྱི་འདུ་ཤེས་འཛིན་སྟངས།

ཁོ་བོས་མཚམས་འདི་ནས། ༼རྒན་གཞོན་བར་གྱི་འདུ་ཤེས་འཛིན་སྟངས་༽་ཟེར་བའི་སྐད་ཆ་འདི་གླེང་འགོ་བརྩམས་པ་ནས་

བཟུང་། མང་མང་ཞིག་གི་དྲན་པའི་སེམས་ལྗོངས་སུ་དེ་མ་ཐག་བག་ཆགས་གང་ཞིག་གིས་དྲངས་བའི། དཔྱིད་ཁ་སླེབས་པ་ལྟ་

བུའི་དགའ་ཚོར་གྱི་སྣང་བརྙན་གསོན་པོ་ཞིག་ངང་གིས་འཆར་འོང་བ་ནི། ཁྱེད་རྒན་རབས་པ་རྣམས་ཀྱིས་གཞོན་པ་དག་ལ། ཤ་ཚ་

ཚ་དང་། སྙིང་ཉེ་ཉེ་ཡིས་བྱམས་སྐྱོང་བསླབ་བྱ་གནང་རྒྱུ་དང། གཞོན་རབས་པ་རྣམས་ཀྱིས་ཀྱང་། རྒན་རབས་པ་དག་ལ་བཀུར་སྟི་ བཀའ་རྩི་བྱེད་པའི་སྣང་ཚུལ་འདི་ཡིན་མོད། འོན་ཀྱང་། ཁོ་བོས་ནི། ཁྱེད་རྒན་རབས་པ་ཚོ་གཉིད་ན་རྨི་ལམ་གྱི་གོ་རིམ་འཁྲུག་བྱེད་

དང་། སད་ན་ཁྲོ་བའི་སྙིང་རླུང་ལྡང་ས། སོང་ན་སྔུན་ནས་བགྲོད་ལམ་འགོག་མཁན་ཀྱི་ཆེས་ནག་ཉེས་པ་ཆེན་པོ་དག་ཏུ་བརྩིས་ ནས། གུས་བརྩི་ལམ་ལུགས་ཀྱི་འཆང་རྒྱའི་བཀྱིག་ཐག་རང་ཉིད་ཀྱིས་གདུབ་ཏེ། མི་མཐུན་ལྡོག་བཤད་བྱ་རྒྱུ་ཡིན་ན། ཁྱེད་རྒན་ རབས་པ་ཚོ་དགོངས་པ་མ་འཚོམས་ཞུས་པ་ཡིན།

སྤྱིེར་ཡིན་ན། ང་ཚོའི་ལོངས་སྤྱོད་ཀྱི་དུས་རབས་འདི་ནི་དུས་རབས་ཉེར་གཅིག་པ་སྟེ། མི་ཀུན་གྱི་ཁ་ན་བྱང་བྱང་དུ་ཡོད་པའི་

ཆེས་ཁྱད་འཕགས་རང་བཞིན་གྱི་དུས་རབས་རྩ་ཆེན་ཞིག་ཏུ་རྩི་མོད། ཡིན་ན་ཡང་། ཚུལ་དེ་ནི། དུས་རབས་ཀྱི་འཕོ་འགྱུར་ཀློག་

ཞགས་ཅི་ཙམ་འཁྱུག་ཅིང་རང་ཉིད་འགེབས་སྲུང་མཁན་ཚོའི་ངོས་ནས་བལྟས་ན། དུས་རབས་ཉེར་གཅིག་པའི་མིང་བརྡ་འདི་ཁ་ ལ་བླངས་བསྡད་ན་ལེན་རིན་ཡོད་པ་དང་། འོས་འཚམ་ཞིག་ཡིན་པ་བདེན་ཀྱང། འོ་མ་དཀྲུགས་པའི་ཉིང་བཅུད་ལེན་མི་ཤེས་པར།

ནམ་ཡིན་ན་གཞུང་ཚིག་གང་ཞིག་བསྐྱར་འགྲེལ་ཡང་འགྲེལ་གྱི་འདམ་དུ་ཟུག་ཅིང་། དུས་རབས་ཀྱི་འཕོ་འགྱུར་མངོན་སྟངས་ལ་ རྨོངས་ཤིང་། རིག་གནས་དང་མི་བུ་ལ་རྩིས་ཐང་མི་སྤྲོད་པའི། ང་ཚོ་སེར་མོ་བའི་སྡེ་ལ་མཚོན་པའམ་དེའི་ངོས་ནས་ཅིག་བལྟས་ཚེ། སྐད་ཆ་དེ་དག་ནི་ཅོལ་གཏམ་དང་འུར་འགྲོག་ཁོ་ན་ལས་མ་འདས་མོད།

ད་ནིི། ང་ཚོ་སུ་དང་སུ་ཞིག་ཡིན་རུང་། རང་རང་གིས་མནོ་བསམ་གནད་འཇོག་གི་སྒོས་རང་འདང་ཞིབ་མོ་རེ་རྒྱོབ་ཅིག་དང།

ད་ལྟ་ང་ཚོ་ལ་འདི་འདྲའི་རྗེས་ལུས་ཚབས་ཅན་ཞིག་ཐེབས་ཡོད་པ་དེ། རང་ཉིད་ཁོ་ནས་མ་འཇོན་པ་དང་མ་འདང་པའི་ལན་པ་

རེད་དམ། དགོས་ངེས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཞིག་མེད་སོང་བས་རེད། མི་སྒེར་རེ་གཉིས་ཤིག་ལ་རང་ཉིད་མི་བུ་རང་

མཚན་པར་བྱེད་ནུས་ལྡན་ཙམ་གྱིས། ང་ཚོའི་གནས་བབ་འདི་ལྗང་མདོག་གི་ཁོར་ཡུག་གཞན་ཞིག་ཏུ་བསྒྱུར་ཐུབ་བམ། ཚོགས་པ་

གང་ཞིག་སྤྱི་མཉམ་ནས་ཡར་རྒྱས་གཏོང་སྟངས་དང་། མི་སྒེར་བྱེ་བྲག་པ་ཞིག་ཡར་ལང་སྟངས་མཚུངས་སམ། གལ་སྲིད་གྲྭ་མང་ གི་བསམ་བློར་གཞི་བཅོལ་མི་བྱེད་པར། མིག་རྒྱང་ཐུང་ཞིང་བསམ་བློ་རྙིང་བའི་ལྟ་གྲུབ་ཅན་ཚོའི་དབང་ཤེད་འོག་ནས། ང་ཚོས་ ནམ་ཡང་ལམ་ཁ་ཞིག་རྙེད་སྲིད་དམ། ང་ཚོའི་གཡས་གཡོན་གྱི་མི་གན་ཚོས། དུས་རབས་དང་འཚམ་པའི་སློབ་སྤྱོང་བྱས་ནས།

དུས་རབས་དང་འཚམ་པའི་བྱ་བ་བསྒྲུབ་ནས། དུས་རབས་དང་འཚམ་པའི་སྐད་ཆ་བཤད་ནས། རང་ཉིད་འཛམ་གླིང་གི་མི་ཞིག་ཏུ་

འགྱུར་རྒྱུའི་ལྟ་གོན་ལ་རོལ་བཞིན་པའི་དུས་རབས་རྩ་ཆེན་འདི་འདྲ་ཞིག་ལ། ང་ཚོས་རང་མགོ་མི་ཐོན་པའི་ལམ་ཁ་ཞིག་བདམས་ ནས་བཙན་གྱིས་བསྐྱོད་དགོས་པ་འདི་ཅི་ལ་ཐུག་སོང་བ་རེད། ང་ཚོ་ལ་མཛུབ་མོས་ལམ་བསྟོན་གནང་མཁན་དང་བྱམས་བརྩེས་

71

2011


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

མིག་ཟུང་བསྲིངས་མཁན་མེད་སོང་བས་ག་ལ་ཡིན། ང་ཚོ་ལ་མཚོན་ན་དུས་རྒྱུན་དུ་(དུས་རབས་ཉེར་གཅིག་པའི་གྲྭ་བ་དང་། དུས་ རབས་ཉེར་གཅིག་པའི་ནང་པ། འདམ་གཤོག་གཉིས་ལྡན་)བྱེད་དགོས་བའི་བཀའ་བསློབ་རབ་དང་རིམ་པ་ཅི་ཙམ་ཞིག་གནང་བ་ སུ་ལ་མི་གསལ་ཨང་།

ད་ལྟའི། གདན་ས་ཁག་གི་མཁན་ལས་སྣེ་རྣམས་ཀྱིས་གཙོས་བྱས་བའི། ཁྱེད་རྒན་རབས་པ་ཚོར་ཞུ་རྒྱུ་ཞིག་ལ། ཁྱེད་ཚོས་དུས་

རབས་ཉེར་གཅིག་པའི་གྲྭ་བ་ཇི་ལྟར་བྱེད་དགོས་པ་དང་། དེ་ལ་ཁྱད་ཆོས་ཅི་ཙམ་ཞིག་ཚང་དགོས་པ། དེ་ཚང་བ་ལ་གཞི་རིམ་གྱི་ རྨང་ཇི་ལྟར་འདིང་དགོས་མིན་སོགས་ཀྱི་ཐད་ལ། ཆེད་དམིགས་ཀྱིས་ཐུགས་འདང་ག་ཚོད་ཞིག་གནང་མྱོང་ངམ། ད་ནི། གནས་ ལུགས་ར་སྤྲོད་དང་རྒྱུ་མཚན་ཁུངས་སྐྱེལ་བྱས་ནས་འདི་ལྟར་དེད་འོང་ན། ད་ལྟ་གདན་ས་ཁག་གི་གནས་བབ་འདི་ཅི་འདྲའི་རྗེས་

ལུས་ན་ཡོད་པའི་ནག་ཉེས་དང་། གདན་ས་ཁག་ལ། གྲྭ་རྒྱུན་གསར་ཞུགས་ཧ་ཅང་དཀོན་པའི་སྒོ་ཆེན་ཞིག་བརྒྱབ་བཞག་པའི་ནག་ ཉེས་དང་། གདན་ས་ཁག་ནས། དེང་དུས་ཀྱི་རིག་གནས་ལ་དགའ་བའི་གྲྭ་གཞོན་གང་མང་ཞིག ཕྱིར་འབུད་ཀྱི་སྒོ་ཆེན་ཞིག་ཕྱེས་

བཞག་པའི་ནག་ཉེས་དང་། བུད་ནས་ཀྱང་། རིགས་གཅིག་ལ་འཚོ་བའི་དཀའ་ངལ་འཕྲད་ཀྱིན་པའི་ནག་ཉེས་དང་། རིགས་གཅིག་

སྐྱ་མིན་སེར་མིན་དུ་གྱུར་ནས་སྐྱུག་བྲོ་བའི་བྱ་བ་མང་དག་ཅིག་གིས། གྲྭ་བ་སྦྱི་ལ་གནོད་སྐྱེལ་བའི་ཉེས་བསགས་དེ་དག་ཐམས་ ཅད་ཀྱང་། ཁྱེད་རྒན་རབས་པ་ཚོས་རང་རྒྱུས་རང་གིས་མ་ལོན་པའི་ནག་ཉེས་རྐྱང་རྐྱང་ཡིན་པ་བསྙོན་མེད་རེད།

གལ་སྲིད། ཁྱེད་ཚོ་ཁ་མིན་དོན་གྱིས་རྗེས་རབས་པ་དག་ལ་ཤ་ཚ་བའམ། ཁོང་ཚོའི་མ་འོང་བའི་ཆེད་དུ་བཀའ་བསློབ་བསྩལ་

རིགས་ཀྱི་རྒྱབ་ལྗོོངས་དག་ལ། དཔྱོད་ཤེས་ཀྱི་བསམ་བློ་བེད་སྤྱད་ནས། རང་འགན་ཏག་ཏག་ཅིག་འཁུར་སྒྲུབ་བྱེད་ཐུབ་ཏེ། གྲྭ་ཚང་ རེ་རེའི་ངོས་ནས་མ་འཇོན་ཀྱང་། གདན་ས་ཁག་གིས་སྟོབས་ཤུགས་མཉམ་སྤྲེལ་གྱི་སྒོ་ནས། ང་ཚོའི་གཡས་གཡོན་གང་རུང་ཞིག་

2011

ན། བོད་རང་གི་ཐུན་མོང་མ་ཡིན་པའི་རིགས་གནས་ཆེ་ཆུང་དག་གཙོར་བཟུང་བྱས་ཏེ། རིག་གསར་ནང་འདྲེན་དང་། ཕྱིའི་སྐད་

ཡིག་སོགས་འཐུས་སྒོ་ཚང་བའི་སློབ་གྲྭ་ཆེན་མོ་ཞིག་ཟུར་དུ་འཛུགས་བསྐྲུན་བྱེད་ཐུབ་བྱུང་ཡོད་པ་ན། གོང་སྦྱར་གྱི་གནད་དོན་དེ་

དག་ཀྱང་། ཕལ་ཆེར་མི་བྱུང་བའི་ཚོད་དུ་སླེབས་འདུག་ལ། ང་ཚོའི་ལུས་སྟེང་དུ་ནམ་ཡང་འཁུར་ནས་ཡོད་པའི། ཆེས་མིང་བྱང་ བརྗིད་པོ་འདིའི་སྟོང་ཆའང་ཁ་གསབ་བྱེད་ཐུབ་སོང་བ་མ་ཡིན་ནམ།

ད་སྐབས་འདི་ལ་ཡང་། ཁྱེད་ཚོས་བཤད་ཚོད་ལ་བལྟས་ན། གྲྭ་བའི་སློབ་གཉེར་དང་གྲྭ་བའི་མདུན་ལམ་རྐྱང་རྐྱང་གླེང་སྟེ། ང་

ཚོའི་ཁོར་ཡུག་འདི་ད་ལྟ་ཉིད་དུ་གཟེང་སེ་བཞག་ཨེ་མི་འཇོག་བསམ་བསམ་ཅིག་ཡོད་པ་རེད། ཡིན་ན་ཡང་། དོན་དམ་དུ། ང་ ཚོའི་སློབ་གཉེར་བྱེད་སྟངས་དང་མདུན་ལམ་ཐད་ལ་བསམ་བློ་ཡེ་ནས་མི་གཏོང་མོད། གྲྭ་མང་གི་སློབ་གཉེར་དང་མདུན་ལམ་ལ་

ཁ་ཞེ་གཉིས་མེད་ཀྱིས་ཁག་ཐེག་བྱེད་འདོད་ན། མ་མཐའི་ཆ་རྐྱེན་ཡང་། སྐབས་དུས་ཀྱི་འཛམ་གླིང་སྤྱིའི་འཕོ་འགྱུར་ལ་བལྟས་ཤིང་ ཞིབ་འཇུག་གི་རིམ་པ་བརྒྱུད། གྲྭ་མང་ཚོའི་བསམ་བློར་རྒྱུས་ལོན་དང་། སྐུལ་འདེད་བྱེད་པ་ནས་འགོ་བརྩམ་དགོས་བ་མ་ཡིན་ནམ།

དེ་བས་ན། མཚམས་འདི་ནས། ངས་ཁྱེད་ཚོར་ཞུ་རྒྱུ་གཅིག་ལ། གྲྭ་ཚང་ཁག་ནས་རྩོད་པ་ནམ་ཚོགས་ཀྱང། ཆུ་ཚོད་གཅིག་ཟིན་མ་ ཟིན་ཞིག་གི་མཚམས་ནས། གྲྭ་བ་ཀུན་པོ་ཉོབ་ཉོབ་གྱུར་སྟེ། ཁོང་ཚོ་ཁྱུ་ཁྱུར་འདུས་བའི་བར་དང་གསང་ནས་སྡུག་སྐད་དང་ལབ་ གླེང་ཇི་བྱེད་ལ་ཉན་ཨེ་མྱོང་། གཏན་ནས་ཡོད་ཚད་མེད་ན། ཁོ་ཚོ་ན་རེ་(སྤྱིར་ཡིན་ན་ང་ཚོ་ལ་དུས་འཚམ་གྱི་སློབ་སྤྱོང་གི་ཁོར་

ཡུག་ཅིག་སྐྲུན་དགོས་རན་རེད། ཡིན་ན་ཡང་། ང་ཚོ་ལ་དེ་འདྲའི་སྟོང་ཆ་ཆེན་པོ་ཞིག་ལྷག་ནས་ཡོད་སྟབས། ད་རང་རང་སོ་སོས་ ངོས་ནས་རང་སྤྱོང་ལ་ཤུགས་རྒྱག་རྒྱུར་ཐུག་ཡོད། འོན་ཀྱང་། དེང་སེང་། ནངས་ནུབ་ཀྱི་རྩོད་པ་གང་ཡིན་ཡང་། ཚོགས་ཡུན་རིང་

དྲགས་རྐྱེན་གྱིས་རང་སྤྱོང་ཀྱང་བྱེད་ཁོམ་མི་འདུག ད་དུང་དེའི་མི་ཚད། དགོས་མཁོ་ཅི་ཡང་མེད་པའི་བསྐང་གསོ་དང་ཞབས་

72


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

བརྟན་མང་པོ་ཞིག་ཀྱང་འཚོག་གིན་འདུག ཨ་ཨ་ཨ ད་ཡིན་ན་དངོས་གནས་སུན་གྱིན་འདུག མུ་ནས་འདི་ལྟར་ཆས་དགོས་ན་ ལམ་ཁ་ཞིག་རྙེད་རྒྱུ་མ་རེད་ཡ་)ཟེར། དེ་ནས་ཅང་མི་འགོར་བར་ཟླ་གཅིག་གཉིས་རྗེས་ལ། འཛིན་གྲྭ་དེའི་ནང་ནས་དཔེ་ཆ་ཡག་ གྲས་ཀྱི་མི་གཉིས་གསུམ་ཞིག་ཕྱིར་ལ་བུད་ཚར་རེད།

གོང་གཞིགས་ལྟར། སྣང་ཚུལ་གྱི་འགངས་དོན་དེ་དག་ལ་བལྟས་འོང་ན། ད་ནི། ང་ཚོའི་ཁོར་གཡུ་འདི་བཙོག་པོ་བཟོ་བྱེད་དེ།

ལམ་དང་ལུགས་སྲོལ་ལ་མི་མཐུན་པའི་འདུ་ཤེས་དང་སྐད་ཆ་དེ་དག་ཐུང་མྱུར་དུ་གད་སྙིགས་སུ་གཡུགས་ཏེ། མང་གཙོའི་ཐོབ་ ཐང་ལོངས་སྤྱད་ཤིང་། གྲྭ་མང་ཚོའི་དབང་ཆའི་འོག་ནས། སྒྲིག་འཛུགས་ཁག་ལ་བཅོས་བསྒྱུར་དང་བསྐྱར་གསོ་བྱེད་རན་པ་ནི། ཆེས་གལ་ཆེན་ནང་ནས་འགངས་ཆེན་ཞིག་ཏུ་བབས་ཚོད་མི་འདུག་གམ།

ཁོ་བོས་ནི། དལ་དང་ལྷོད་ཀྱིས་ཅི་ཙམ་ཞིག་གཞིགས་ཀྱང་། ཁྱེད་ཚོ་ནི། དངོས་གནས་འགྱོད་དགོས་བ་ཞིག་དང་། སྐྲག་དགོས་

དོན་ཅང་ཡང་མེད་པར་བསམས། ཁྱེད་ཚོ་ཡིན་ན་ནི། ཅི་ཞིག་འཇོན་མིན་ལ་མ་ལྟོས་པར་གནའ་ནས་ད་རག་བར། དབང་ཆ་ཚང་

མ་བཟུང་ནས་འོངས་བ་ཡིན་མོད་ལ། ཁོང་ཚོར་དབང་ཆ་ཚང་མ་བརྩིས་སྤྲད་ནས་བརྒྱ་ཆ་བརྒྱ་བློ་འཁེལ་བྱས་ན་ཆོག་སྟེ། ཁོང་ཚོ་ ཡིན་ན་ཡང་། (དུས་རབས་གཉེར་གཅིག་པའི་གྲྭ་བ། འདམས་གཤོག་གཉིས་ལྡན་བྱེད་དགོས་)པའི་བཀའ་སློབ་དག་ལ་གཞི་བཅོལ་

བྱས་སྟེ། རང་ཉིད་ཡར་ལངས་སྟངས་ཀྱི་རིམ་པ་ཞིག་དང་ཐམས་ལམ་ཞིག་འཚོལ་རྒྱུ་ལས། ང་ཚོ་དུས་རབས་གཉེར་གཅིག་པའི་གྲྭ་ བ་ཡིན་པས། ང་ཚོ་ལ་ཐ་མག་འཐེན་ཞོར། ཆུང་རགས་འཐུང་ཞོར། བུད་མེད་ཉར་ཞོར་ཏུ། སློབ་སྤྱོང་བྱེད་སའི་ཁོར་ཡུག་ཅིག་སྐྲུན་ དགོས་བའི་ཆ་རྐྱེན་གཏན་ནས་མི་འདོན་པས་སོ།།

དུས་རབས་ཉེར་གཅིག་པའི་གྲྭ་བའི་ཁྱད་ཆོས་ནི། རིགས་གནས་གང་ཞིག་གི་རྨང་གཞིའི་དྲི་ཙམ་ཡང་མི་ཁ་བའི་ཁར། དོམ་

ལེན་བུ་ལེན་གྱིས་གློག་ཀླད་གང་རྫིག་དང་ཁ་པར་གང་སྟོབས་བཀོལ་རྒྱུ་དང་། ཡང་ན། བསྟན་པ་བཤིག་སླད་དུ་གུ་ཡངས་ཀྱི་སྣང་ ཚུལ་ཁོ་ནར་འབྲེལ་རྒྱུ་ཞིག་མིན་པར། ང་ཚོའི་སྤྱང་བྱ་གཙོ་བོ་བོད་བརྒྱུད་ནང་བསྟན་ཆོས་ལུགས་གཞི་རྩར་བཞག་ནས། དེང་གི་

རྒྱལ་སྤྱིའི་རིག་གནས་གྱི་རང་བཞིན་ལྡན་པའི་རིག་གནས་ཀྱི་མ་ལག་ཀུན་ཁོག་ཏུ་ཆུད་དགོས་བ་དང་། དེ་དང་ནང་བསྟན་ཆོས་ ལུགས་ཟུང་འབྲེལ་དུ་སྤྱངས་བ་ཡང་། ལོག་ལམ་དུ་མ་སོང་པར་རང་གཞན་གཉིས་ཕན་ལ་དམིགས་ནས། ཡང་དག་ཅིག་བཀོལ་ དགོས་བ་འདི་རེད་སྙམ།

སྤྱིར་ན་ནང་པ་སྤྱིའི་གྲྭ་བ་ལ་ཁྱབ་པའི་དུས་རབས་ཉེར་གཅིག་པའི་གྲྭ་བའི་ཁྱད་ཆོས་འཇོག་རྒྱུ་ཡོད་ལ། ནང་པ་ཡིན་ན་དུས་

རབས་ཉེར་གཅིག་པའི་ནང་པ་བ་བྱེད་དགོས་པ་ཤིན་ཏུ་གལ་ཆེན་ཆགས་ཡོད་པ་རེད། འོན་ཀྱང་། ཅུང་བྱེ་བྲག་ཏུ་བབས་ནས་ བལྟས་ཚེ། འུ་ཅག་བོད་པའི་གྲྭ་བ་ཚོར་ཁྱད་ཆོས་དེ་ཚང་དགོས་པ་ནི། ཆེས་ཁ་ཚ་དགོས་གཏུགས་ཤིག་ཏུ་ཆགས་ཡོད་སྟབས། ཁོང་

བོས་རང་ནས་འགོ་བརྩམས་པ་ནི། ཁྱད་ཆོས་འདི་ཐོག་མར་ཇི་ལྟར་ལག་ལེན་ལ་བསྟར་དགོས་མིན་དང་། དེ་ལ་རྒོལ་མཁན་ཚོར་

ཅིས་ཀྱང་གདོང་གཏད་ཁུལ་བྱས་བ་ཡིན་ན། ཁྱེད་རྒན་རབས་པ་ཚོས། ཁོ་བོ་མི་སར་ཞིག་ཞོགས་དང་། ཁོ་བོས་ནི། བྱ་བ་གང་ཞིག་ རང་ཉིད་ནས་འགོ་བརྩམ་དགོས་པའི་འགན་འཁྲི་དང་བླངས་བྱས་སྟེ། རང་དང་ན་མཉམ་པའི་མི་སྨྲ་བརྟུལ་ཞུགས་སྲུང་མཁན་གྱི་

ཁ་ཆུང་དབང་ཆུང་གང་མང་མང་ཞིག་གི་སེམས་ཚབ་བྱས་ཏེ། ཁྱེད་ཚོ་དང་ལྷན་དུ་གྲོས་མོལ་ལྷོད་དལ་ཞིག་བྱེད་དགོས་ཐུག་སོང། ཁྱེད་ཚོས་ཐོད་པའི་ཁྲག་རྩ་སྦུམ་པོ་དང་། གདོང་གི་དམར་མདངས་འཐུག་པོ་རང་སར་ཞི་རུ་ཆུགས་དང་། ཁོ་བོས་ནི། བདག་གི་ ཉིན་ཐོར་གསལ་བའི་ཁྱེད་ཚོས་ཉེས་བསགས་དག་རེ་རེར་བཞིན་ཞུ་དགོས་ཐུག་སོང་། ཁྱེད་ཚོས་རྒས་དྲགས་པའི་བསམ་བློ་དང་

73

2011


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

གུ་དོག་པའི་ལྟ་བ་དོར་ཐབས་བྱོས་དང། ཁོ་བོས་ནི། བྱུང་རིམ་ངེས་ཅན་ཞིག་གི་ཐད་ནས། ཁྱེད་ཚོ་དང་ལྷན་དུ་རྩིས་སྤྲོད་རྩིས་ ལེན་གྱི་སྒྲིག་གཞི་གསར་བ་ཞིག་བཟོ་དགོས་ཐུག་སོང་ངོ།།

སྤྱི་དངུལ་དང་ཉེན་བརྡ།

ང་ཚོ་ནི། རང་རང་ཚོད་ཀྱི་ཕུགས་འདུན་བསམ་བློ་དང་འཚོལ་དཔྱོད་ཀྱི་ལྟ་བ་ཡོད་ས་ཡིན། ང་ཚོས་རང་ཉིད་འགྲོ་སའི་ལམ་

ཁ་འདེམ་ཤེས་ལ། སྤྱིའི་འཛུགས་བསྐྲུན་ཁྲ་ཁྲ་རིག་རིག་གི་བསླུ་བྲིད་འོག་ནམ་ཡང་ཚུད་མི་སྲིད་ན། ཁྱེད་ཚོས་སྔར་བཞིན། གྲྭ་ཚང་

ཁག་བར་འགྲན་རྩོད་ཀྱི་གཙང་པོའ་ི རྒྱུན་བསྲིངས་ནས། ཨར་འདམ་གྱིས་བསྐྲུན་པའི། འདུ་ཁང་དང་། སྨན་ཁང་། མགྲོན་ཁང། སོགས་གང་སྟོབས་གང་རྫིག་བརྒྱབ་པའམ་རྒྱག་འདང་འཆར་རིགས་ལ། ང་ཚོོས་ནམ་ཡང་རྩིས་ཐང་སྤྲོད་མི་ཐུབ་ལ། དེ་ཙམ་གྱིས་ ངོ་སོ་འཁྱེར་འདང་བྱེད་ན་ཡང་ནོར་བ་རེད། དཔེར་ན། མཚམས་འདི་ནས། ཁྱེད་ཚོའི་སྐྱོན་རེ་གཉིས་ཤིག་བཏོན་ན། གདན་སའི་

སྨན་ཁང་དག་ལ་རྐང་རྩ་ངར་བ་ཞིག་དང་། མཛེས་བཀོད་གྲ་དག་ཞིག་ཡོད་པ་ལས། དོན་ངོ་མར་ནད་པ་ཚབས་ཆེན་ཞིག་མྱུར་

སྐྱོབ་བྱེད་པར་ཕར་ཞོག ཐ་ན་ཆམ་ནད་ལྟ་བུའི། ན་ཚ་སྦྱིར་བཏང་བ་ཞིག་ཀྱང་སྐྱོབ་རྒྱུ་དཀའ་སེ་དཀའ་སེ་ཡིན་མོད་ལ། ལ་ཤས་ཀྱི་

སྨན་ཁང་ནང་ནས་ན་ཚར་བརྟག་དཔྱད་བྱེད་མི་ཐུབ་པར་མ་ཚད། སྨན་ཡང་ཏག་ཏག་ཞིག་སྤྲོད་ཤེས་ཀྱིན་མེད་པ་གསལ་ར་དགའ་ ར་ཡིན་མོད།

གང་ལྟར་ཡང་། ཁྱེད་ཚོས་ནི། ཁོ་བོས་གང་བཤད་པ་དག་ཅི་ཞིག་ལ་རྩི་འདང་ཡོད་ན། དེ་ལྟར་དུ་འགྲེལ་ཆོག་ལ། ཁྱེད་ཚོས་

ནི། ཁོ་བོའ་ི འཚོལ་དཔྱོད་ཀྱི་ལྟ་བར་འབུར་འཇོམས་བསམ་ནའང་། འདོད་པ་ལྟར་འགྲན་སློང་ལོས་ཆོག ཆོག་གི་རེད། འོན་ཀྱང།

2011

ཁྱེད་ཚོས་ནག་ཉེས་ཀྱིས་རྐྱེན་པས། ང་ཚོ་ཚང་མ་ལ་བསམ་ཡུལ་ལས་འདས་བའི་སྡུག་གྱོང་ཡ་ང་བ་ཞིག་འཕྲད་པའི་ཉེན་ཁ་ལ་

སླེབས་གྲབས་ཡོད་པ་ནི། ཁྱེད་ཚོས་མི་རྟོགས་ཀྱང་། རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་ཁག་ནས། ཡང་དང་བསྐྱར་གྱིས་ཉེན་བརྡ་ གཏོང་གིན་མི་འདུག་གམ། ད་ལོའ་ི ཟླ་ཤས་འདིའི་རིང་ལ་བསམ་བློ་བཏང་ནའང། རྒྱ་གར་དབུས་ཆེས་མཐོའ་ི ཁྲིམས་ཞིབ་ཁང་ནས། དམིགས་བསལ་གྱིས་ཞིབ་བཤེར་ཚོགས་ཆུང་ཞིག་བཙུགས་པ་དེས། རྒྱ་གར་གྱི་མངའ་སྡེ་ཀེ་ར་ལའི་ནང་དུ་ཡོད་པའི་ཧིན་དྷུའི་ལྷ་ ཁང་( Sree Padmanabha Swamy)ཞེས་པའི་ནང་གི་རྒྱུ་དངོས་རྣམས་ཞིབ་བཤེར་འཁྲུན་གཙང་བྱས་རྗེས། བསྡོམས་པའི་

ཧིན་སྒོར་བྱེ་བ་འབུམ་གཅིག་ལྷག་གི་རིན་ཐང་ཡོད་པའི་དངོས་རྫས་རྣམས་གཞུང་བཞེས་གནང་སོང་བ་དང་། གཞན་ཞིག་ལ། རྡ་ སའི་རི་འདམས་ཀྱི་བོད་ཀྱི་བླ་བྲང་ག་གེ་མོ་ཞིག་གི་ནང་དུ། ཕྱི་རྒྱལ་གྱི་རླངས་འཁོར་གསུམ་བཞི་ཞིག་སྒེར་གཉེར་བྱས་ཤིང། དེ་ དག་ལ་ཁྲིམས་མཐུན་གྱི་ཁྲལ་མ་སྤྲད་པའི་རྐྱེན་པས། ཉེན་རྟོགས་པ་བླ་བྲང་ནང་དུ་ཡོང་ནས། ཁྲིམས་མཐུན་མིན་པའི་ཧིན་སྒོར་

བྱེ་བ་གཉིས་བསྔོགས་བཏོན་བྱས་སོང་མོད་ལ། དེ་མིན་རྒྱ་གར་གྱི་བླ་ཆེན་(ས་ཡཱེ་བྷ་བྷ་)གྲོང་རྗེས་སུ། ཤུལ་གྱི་ཆོས་ཚོགས་ནང་

བསྔོགས་བཤེར་བྱེད་སྟངས་དང་། དེ་གཙོས་བའི་བླ་ཆེན་ཁག་ཅིག་(ག་རོ་པ་དེའི་)བ་ཡིན་རབས་ཀྱི་ངོས་འཛིན་བྱས་ཏེ། ཐ་ན་ མི་མང་མགོ་སྐོར་མཁན་རེད་མ་ཟེར་བའི་ཅུང་དགའ་ཞིག་ཏུ། གསར་འགྱུར་བརྒྱུད་ལམ་ཁག་ནས་བསྒྲགས་ཚུལ་ལ་བལྟས་ན། ན་

ནིང་ལོ་ནས་བཟང་། རྒྱ་གར་དབུས་ཁྲིམས་ཞིབ་ལས་ཁུངས་ནས། བླ་ཆེན་དང་། དགོན་སྡེ། ཆོས་ཚོགས་ཁག་ཏུ་ཁྲིམས་མཐུན་མིན་

པའི་རྒྱུ་སྒོར་བསགས་གཉེར་བྱས་ཡོད་མེད་ཐད་ལ། ཞིབ་འཇུག་གི་ལས་གཞི་གསར་བ་ཞིག་འགོ་བརྩམས་ཚར་ཡོད་ན། ཅང་མི་ འགོར་བར། གདམ་སའི་ཕྱག་མཛོད་རྒྱགས་པ་ཚོའི་སྐེ་རྩ་མཐུག་ས་ནས་ཀྱང་མི་འཛིན་པའི་ངེས་བ་མེད་པས། ད་ནི་(ཆུ་མ་ཡོང་

སྔོན་ནས་ཆུ་རགས་དང་། རྐྱེན་མ་ཡོང་སྔོན་ནས་ཟློག་པ་)བྱས་ན། ཡག་ས་མ་རེད་དམ། ད་ནི་སྔ་ས་ནས་འགྲོ་སོང་གཏོང་ས་དེ། མ་ འཆུག་པ་དང་མ་ནོར་བ་བྱས་ན། ཡག་ས་མ་རེད་དམ།

74


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ། ཁོག་རྩིས་ཀྱི་རྒན་རབས་པ།

སྐབས་དོན་གྱི་རྒན་རབས་པ་ཟེར་བ་དེ་ནི། ད་ལྟའི་རྒས་འཁྱོམས་དུ་སོང་བའི་བླ་རྒན་དག་གི་སྟེང་ལ་མི་འབབ་པར། ལོ་ན་

སོ་སྟོད་ནས་ལྔ་སྟོད་བར་གྱི་དེང་གི་མཐོ་རིམ་དབང་འཛིན་པ་ཚོས་གཙོར་བྱས་ནས། དེའི་བར་གྱི་ཡོངས་ལ་ཁྱབ་ཡོད་ན། གནའ་ སྔ་མོར་སྤག་ས་ནས་གདན་ས་ཁག་ཚུར་སྤར་འོངས་བའི་བླ་རྒན་དེ་ཚོ་ལ་ནི། སྡིགས་རྒྱུ་ཞིག་མ་དགོས་སྡིགས་འདང་ཙམ་ཡང་

བྱེད་རྩིས་མེད་མོད། ཁོང་ཚོར་མཚོན་ན། དངོས་གནས་གཟི་བརྗིད་ལྡན་ལ། བཀུར་འོས་ཡོད་པའི་བླ་རྒན་ཕངས་རྒྱུ་རྐྱང་རྐྱང་རེད།

ཁོང་ཚོ་ཐོག་མར་སླེབས་མཚམས་སུ། དེང་གི་གདན་ས་ཁྲ་ཆིལ་ལེ་བ་འདི་དག་ཆགས་ས། ཐང་ལག་མཐིལ་ཙམ་རེ་མ་གཏོགས་མི་ འདུག་ཟེར་ན་ཕལ་ཆེར་ཆོག་ས་རེད། ཡིན་ན་ཡང་། ཁོང་ཚོས་ཤས་རྟེན་ན་རུས་པས་རྟེན་དཀའ་བའི་སྐུ་ངལ་ཁྱད་བསད་མཛད་པ་ ལ་བརྟེན་ནས། དེང་སྐབས་ང་ཚོའི་གནས་བབས་ཀྱི་མངོན་སྟངས་འདི་འདྲ་ཞིག་ལ་ཆགས་ཐུབ་པ་མ་ཡིན་ནམ།

སྐབས་དེར་ཁོང་ཚོར་མཚོན་ན། འཁྱེར་ཡོང་བ་ཞིག་དང་། འཁུར་འོང་བ་ཞིག་ཡོད་པ་ནི། ཕལ་ཆེར་རང་ཉིད་ཀྱི་ལྟོ་རྒྱབ་ལས་

ཅང་མེད་སྐད་དང་། ཐོན་ནས་ཀྱང་། སློབ་སྤྱོང་བྱེད་ཆོག་ཆོག་ཞིག་མེད་པར། ཤིང་ནགས་གཅོད་འབྲེག་དང་སྐྱེལ་འདྲེན། ཞིང་

རྨོས་ལུད་འདེབས་སོགས་ཀྱི་ལས་དཀའ་བྱེད་ཞོར་དུ། ཚིལ་དྲག་ཁུར་བའི་དཔེ་ཆ་ཟད་པོ་གཅིག་གཉིས་ཤིག་རེས་མོས་ཀྱིས་སློབ་ གཉེར་གནང་ཞིང་། རྒྱུན་དུ་སྡོད་སའི་རྩྭ་གུར་དེས་ཆར་དུས་སྐབས་སུ་ཆར་རླུང་མི་ཚོགས་ལ། ཚ་བའི་སྐམས་སུ་ཉི་འོད་ཡང་མི་

ཁོག་ཟེར། དེ་ལྟར་གསུངས་འོང་བ་ལ་གཞིགས་ན། དེ་དུས་དངོས་གནས་ཁོང་ཚོ་ལ་སློབ་སྤྱོང་གི་ཆ་རྐྱེན་དང་འཚོ་བའི་མཐུན་

རྐྱེན་ཧ་ལས་པ་ཞན་ས་རེད། ཡིན་ན་ཡང་། འུ་བུ་ཅག་གིས། རྒས་པོ་དམ་པ་ཚོས་བརྒལ་སོང་བའི་ལོ་དང་ཟླ་བའི་ཁུགས་སོ་རེ་རེ་ན། དཔྱོད་ཤེས་ཀྱི་རྟ་ཕོ་བཞོན་ནས་ཕྱིར་ལ་ཅིག་ཆས་ཚེ། ཁོང་ཚོས་སྐབས་དེར། རང་རང་གི་སློབ་སྤྱོང་ལ་འགན་ཁུར་བྱེད་ཚུལ་དང།

ཡང་ན། གཞི་རྒྱ་ཆེ་བའི་ད་ལྟའི་གདན་ས་ཁག་གི་རྨང་འདིང་འཛུགས་བསྐྲུན་གྱི་ཐད་ལ། དཀའ་སྤྱད་ཀྱི་སྙིང་རུས་ཇི་ལྟར་བསྐྱེད་ ཡོད་མེད་ནི། ང་ཚོ་ཀུན་པོར་ལག་མཐིལ་གྱི་རི་མོ་ལྟར་གསལ་ལེར་མངོན་པ་སྨྲོས་དགོས་མེད་པ་ཞིག་མ་ཡིན་ནམ།

སྐབས་དེར། རིག་གནས་སྣ་མང་ནང་འདྲེན་གྱི་ཐོན་སྐྱེད་བསམ་བློའ་ི དཔལ་ཡོན་ཅང་རྒྱས་མེད་ཀྱང་། དེ་ནི་སྐབས་དེའི་ཡུལ་

དུས་ཁོར་ཡུག་གནས་བབ་གང་ལ་གཞིགས་ནའང་། སྦྱི་མཚུངས་རང་བཞིན་གྱི་གནས་བབས་ཤིག་ལ་ངོས་འཛིན་རྒྱུ་ལས། དམིགས་ བསལ་གྱིས་རྗེས་སུ་ལུས་པ་ཞིག་མིན་པར་འདོད།

དེ་བས་ན། སྐབས་དེར། ཁོང་ཚོའི་ཉིན་གཅིག་གི་ཆུ་ཚོད་མང་ཤོས་ལས་དཀའ་ལ་བཏང་ཡོད་ནའང་། དེ་ནི་རང་རང་གི་སློབ་

སྤྱོང་གི་བཀག་རྡོར་མ་གྱུར་པའི་མི་ཚད། མཐར་བརྟན་ཤིང་བརླིངས་པའི་འཛུགས་བསྐྲུན་གྱི་རྨང་བཏིང་བ་དང་། ནང་བསྟན་ཆོས་

ལུགས་ལ་ཡང་སློབ་གཉེར་གྱིས་འབྲས་བུ་གཡུར་དུ་ཟ་བ་རེ་བྱུང་ཡོད་པ་རྣམས་ནི། ཚན་རྩལ་རིག་པ་གཙོར་བཟུང་གི་ཐོག་རིག་

གནས་སྣ་མང་གི་ཐོན་སྐྱེད་ཀྱི་ཡོ་ལང་ཅུང་ཟད་ཀྱང་རྒྱས་མེད་པའི་དུས་སྐབས་དེ་འདྲ་ཞིག་ལ་ཆ་མཚོན་ན། འཕྲལ་ཕུགས་གཉིས་ ཀར་དེ་ལས་ལྷག་པའི་འགན་ཁུར་སྟངས་ཤིག་ཡེ་ནས་མེད་པ་མ་ཡིན་ནམ།

མཁས་མིང་རྫུན་མའི་གདོང་པགས་དམར་བཤོས།

དེང་གི་གྲྭ་བའི་སྦྱི་ཚོགས་ཀྱི་མཁས་མིང་འཛིན་པ་འགའ་རེའི། སྐྱིགས་བུ་བསློང་བའི་མི་གཞིའི་ངོས་ཐད་ནས་ཅིག་བལྟས་ཚེ།

ཁོང་ཚོའི་གྲངས་དེ་སྨྱུག་འཛིན་པ་ཞིག་གཏན་ནས་མ་རེད་ཟེར་ནས་བཤད་ཚོད་མི་ཐིག་ཀྱང་། ཁོ་ཚོའི་སྨྱུག་འགུལ་ལ་ཁྱར་མཚར་

75

2011


དུས་རབས་ཉེར་གཅིག་པའི་གྲྭ་བ་ཚོར་བཏོན་པའི་རེ་བ།

གྱི་མངོན་སྟངས་ཤིག་ཡོད་པ་ནི། སྟོང་བཤད་ཀྱིས་རྫིག་ཉམས་བཏོན་པ་འདི་རེད། ཁོང་ཚོས་ནི། ཤེས་ཡོན་པ་དང་བསམ་བློ་བ་གང་

ཞིག་གི་བཤད་ཚུལ་དང་ཟེར་ཚུལ་ཏག་ཏག་ཞིག་མ་ཡོང་ཚེ། གཞི་རིམ་ལ་ཕན་པའི་སྐད་ཆ་སླ་བོ་བཤད་རྒྱུར་བག་ཚ་བ་ཡོད་པ་ རེད་ལ། ཁོང་ཚོས་ནི། ཐོག་མར་རྩོམ་གྱི་རྒྱུ་ཆ་འཚོལ་སྟངས་ཀྱང་། སྦྱི་ཚོགས་ན་གྲགས་ཆེ་བའི་རྩོམ་པ་པོ་ཞིག་ཚད་གཞི་བཟུང་

ནས། ཁོའ་ི བསམ་བློར་རྗེས་བསྡུས་བྱེད་ཨེ་ཐུབ་ལྟ་རྒྱུ་ལས། རང་གི་མི་ཚེ་སྐྱེལ་སའི་ཁོར་ཡུག་འདིའི་ཆེད་དུ། ཅི་ཞིག་བསུ་འདྲེན་ བྱེད་དགོས་དང་། གང་ཞིག་ལ་མདའ་མདོང་གཏད་དགོས་པའི་ཐད་ནས། དོན་སྨིན་གྱི་སྐད་ཆ་ཚིག་གཅིག་ཀྱང་བཏོན་པ་མ་རེད།

འོན་ཀྱང་། ཁོ་ཚོ་ལ་འགན་འཁུར་ས་ཞིག་གཏན་ནས་མེད་སོང་བ་ནི་མ་ཡིན་སྟེ། རང་མིང་སྐམ་པོ་ལ་སྲུང་སྐྱོབ་དཔེ་མེད་བྱེད་པས་ སོ།།

ད་དུང་ཁོང་ཚོས་ཀྱང། དམིགས་ཡུལ་ངེས་ཅན་ཞིག་གི་ཐད་ནས་གཞན་ལ་གདོང་གཏད་རྒྱུ་ནི་ཆེས་མ་རུང་བ་ཞིག་ཏུ་རྩི་ལ།

ཁོ་ཚོ་ལ་མི་ག་གེ་མོ་ཞིག་གིས་རྩོམ་ཡིག་རེ་འབྲི་བའི་རེ་བ་བཏོན་ཚེ། ཁོང་ཚོ་ན་རེ། ཡ་ཡ ངས་ཅིག་ལྟ་དགོས་ཟེར་ནས། མཁས་

འཛིན་གྱི་གདོང་པགས་རྫུན་མ་བསྐྱར་དུ་གདོང་ལ་ཅིག་འཐེན་ཏེ། ཞོར་དུ་མི་དེའི་ངོ་མདངས་དྭངས་མིན་ལ་ཅིག་བལྟས། དེ་ནས། གལ་སྲིད་མི་དེའི་རེ་བ་བསྒྲུབ་རྒྱུ་བྱས་ན། མི་དེ་ལ་ནུས་བ་ངེས་ཅན་ཞིག་དང་ཡང་ན་རྣམ་པ་མཛེས་བོ་ཞིག་ཡོད་དགོས་བ་སོགས་

ནི། དེང་གི་གྲྭ་བའི་སྦྱི་ཚོགས་ནང་ནས་རྩོམ་པ་པོ་དང་བསམ་བློ་བ་ཡིན་མདོག་བྱེད་པར་དགའ་ཤིང་། གནད་ཀྱི་དམ་པར་ཐུག་ དུས་རྒྱ་ལ་མ་དགོས་སྲང་ལ་ཀྱང་གཞལ་རིན་མེད་མཁན་དག་གི་མི་གཞི་སྐྱོ་བོའ་ི ངོས་ནས་བལྟས་བ་ལས། མང་ཤོས་ཀྱིས་རང་ཉིད་ རྩོམ་པོ་དང་བསམ་བློ་བ་ཡིན་པའི་འདུ་ཤེས་ལག་བསྟར་ལ་ཕབ་ཀྱིན་ཡོད་པ་དམིགས་ཀྱིས་སྦྱོར་དགོས་མ་མཐོང་ངོ།། མཐའ་སྐད།

2011

ཀློག་པ་པོ་རྒན་གཞོན་བར་མ་སུ་ཡིན་རུང་། ཁྱོད་ཚོས་ངེས་བར་དུ་ཤེས་དགོས་བ་ཞིག་ཡོད་པ་ནི། ཁོ་བས་མིད་པ་འགག་རག་

བར་དུ། ཅེའི་ཕྱིར། ཁྱེད་རྒན་རབས་པ་ཚོ་ཁ་གཏད་ཀྱི་ནག་ཉེས་བ་ཞིག་ཏུ་བརྩིས་ནས། འཇིགས་སྣང་མེད་པར་ཁྱེད་ཚོའི་མིང་ནས་

བོས་འདུག་ཡོད་པ་འདི། དགོས་བ་ཅེའི་ཕྱིར་དང་། རྒྱུ་མཚན་ཅི་ཡོད་ལ་དཔྱོད་ཤེས་ཀྱིས་ཟབ་འཇུག་དགོས་པ་ཤིན་ཏུ་འགངས་ཆེ་ བ་དེའ།ོ །

76

DUMIG  

CGDF DGDSS ZFGVCD

Read more
Read more
Similar to
Popular now
Just for you