Issuu on Google+

༢༠༡༠ སྟོན་ཀ།

ཀུན་ཕན་གཏམ་གསར། ཀུན་ཕན་ཐེབས་རྩ་ཚོགས་པའི་དུས་དེབ།


KÜNPEN TAMSAR Trace Foundation’s Quarterly Newsletter

Paola Vanzo, སྤྱི་ཁྱབ་རྩོམ་སྒྲིག་པ། Peter Wiegand, རྩོམ་སྒྲིག་པ་དང་། རྩོམ་པ་པོ། སྒྲིག་སྦྱོར་བ། Wendy D’Amico, རྩོམ་སྒྲིག་པ་དང་རྩོམ་པ་པོ། Jamie Dea, རྩོམ་པ་པོ། ཁམས་མཚོ་སྐྱིད། ཡིག་སྒྱུར། བསྟན་པ། ཡིག་སྒྱུར། བསོད་ནམས་ཚེ་རིང་། ཡིག་སྒྱུར། དབང་ཕྱུག་མཚོ། ཡིག་སྒྱུར། བློ་བཟང་དོན་གྲུབ། ཡིག་སྒྱུར། Kristina Dy-Liacco, རྩོམ་པ་པོ་དང་ཞུ་དག་པ། Jeremy Burke, ཞུ་དག་པ། བསྟན་འཛིན་དགེ་ལེགས། ཡིག་སྒྱུར་དང་ཞུ་དག་པ། ཀུན་བཟང་རྒྱ། ཞུ་དག་པ། ཀརྨ་ཏཱ་རེ། ཞུ་དག་པ། Janet Gyatso, Charlie Finch, Gillian Tan, Yumjeap & Wanchuk Tsering སོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ།

ཀུན་ཕན་ཐེབས་རྩ་ཚོགས་པ། དབུ་འཛིན་ལྷན་ཚོགས། Andrea E. Soros Eric Colombel

སྤྱི་ཁྱབ་འགན་འཛིན། Enrico Dell’Angelo Trace Foundation 132 Perry St. Suite 2B New York, NY 10014

གལ་ཏེ་དམིགས་བསལ་གྱི་གསལ་བཤད་ཡོད་པ་ལས། དེ་མིན་ནང་དོན་དང་དཔར་དབང་ཚང་མ་ཀུན་ཕན་ཐེབས་རྩ།

༢༠༡༠ ལ་དབང་།

གལ་ཏེ་ཀུན་ཕན་ཐེབས་རྩའི་

ཆོག་མཆན་མེད་ན། དཔར་རྒྱབ་པ་དང་དེ་མིན་གྱི་བེད་སྤྱོད་གཏོང་མི་ཆོག གནས་ཚུལ་འཕར་མ་དགོས་ན། pressroom@trace.org ལ་ཡི་གེ་གཏོང་རོགས།

“ཀུན་ཕན་གཏམ་གསར།”ནི་ཀུན་ཕན་ཐེབས་རྩ་ཚོགས་པས་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ནང་དཔར་སྐྲུན་བྱས་པའི་དུས་དེབ་ཞིག་རེད། དུས་དེབ་དེའི་དཔར་བཤུས་ ཤིག་དྲ་བ་༼www.trace.org/tamsar.html༽ནས་ལེན་ཐུབ།


རྩོམ་སྒྲིག་པའི་གཏམ།

གློ་བུར་དུ་མི་ཞིག་ངེད་ཚོ་དང་ཁ་འགྱེ་བའི་སྐབས་ལ། ང་རང་ཚོའི་སེམས་ཐམ་མེ་ཐོམ་མེར་ གྱུར་ནས། དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་སླད་ཕྱིན་ཇི་ལྟར་བྱ་སྙམ་པའི་ཐེ་འཚོམ་ཡང་ཤར། དེ་ ནི་གཟའ་འཁོར་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཕྱག་ འདེབས་མཁན་སྐུ་ཞབས་ཇིན་སི་མི་ཐ་མཆོག་སྐུ་ཞིང་ལ་གཤེགས་པ་ཐོས་འཕྲལ་ངེད་ཚོར་ཤར་ བའི་ཚོར་སྣང་དེ་རེད། ཞོགས་པ་དེར། ངེད་རྣམས་ནི་ཀུན་ཕན་གཏམ་གསར་འདོན་ཐེངས་གཉིས་པ་དེ་པར་རྒྱག་བཞིན་ ཡོད། ༢༠༡༠ལོའ ་ི ཟླ་བ་བརྒྱད་པའི་ནང་ལ་ཐོག་མར་ངེད་ཚོས་དུས་དེབ་འདི་འཆར་འགོད་བྱེད་ སྐབས། འདོན་ཐེངས་འདི་དེང་རབས་ཀྱི་སྤྱི་ཚོགས་ནང་ལ་བོད་ཀྱི་རིག་གནས་ཡར་རྒྱས་གཏོང་ མཁན་དང་དར་སྤེལགཏོང་མཁན་གྱི་མི་སྣ་དང་ཁོང་རྣམས་ཀྱི་ལས་གཞིའི་ཐོག་ལ་དམིགས་འབེན་ བྱ་རྒྱུར་ཐག་གཅོད་བྱས། དེར་བརྟེན། ཉེ་རབས་ལྷ་སར་བོད་ཀྱི་རི་མོའ ་ི སྒྱུ་རྩལ་ཐོག་མར་དར་སྤེལ་ འགྲོ་བའི་སྐབས་དང་དགེ་འདུན་ཆོས་འཕེལ་སྒྱུ་རྩལ་མཐུན་ཚོགས་ཀྱི་ཐོག་མར་འཛུགས་སྐབས་ཀྱི་ བྱུང་བ་བརྗོད་པའི་རྩོམ་ཞིག་འཆར་འགོད་བྱས་པ་དང་། དེ་ནས་བོད་པའི་ལོ་ཆུང་ན་གཞོན་རྣམས་ ལ་རང་ཉིད་ཀྱི་རིག་གཞུང་མཚོན་པའི་ཤེས་བྱ་དང་ལག་རྩལ་སྤྲོད་པའི་བྱིས་པའི་ལེ་ཚན་ཞིག་དང་ ། ད་དུང་བོད་ཡིག་གི་ཚེག་བར་ལ་སྒྱུར་བཅོས་གཏོང་དགོས་མིན་གྱི་སྐོར་ལ་བགྲོ་གླེང་ཚོགས་ཀྱི་ སྐོར་ལ་རྩོམ་འགའ་ཤས་གཤམ་ལ་ཀློག་པ་པོ་རྣམས་ལ་སྤྱན་བསྟར་ཞུས་པ་ལྟར་གྲ་སྒྲིག་བྱས་པ་ ཡིན། དུས་དེབ་འདིའི་འཆར་ཅན་རྩོམ་ཡིག་འདེམ་སྐབས། བསམ་ཚུལ་མང་པོ་གོ་བསྡུར་བྱེད་ དགོས་བྱུང་། ཡིན་ནའང་། ངེད་ཚོའི་མི་སྣ་ངོ་སྤྲོད་ཀྱི་ལེ་ཚན་འདི་ནི་བོད་ཀྱི་རིག་གཞུང་གི་སྐོར་ལ་ གླེང་རྒྱུ་ཡིན་པ་ཐག་གཅོད་བྱས་ཟིན་སྟབས། ལེ་ཚན་འདིའི་ནང་ལ་སྐུ་ཞབས་ཇིན་སི་མི་ཐ་མཆོག་ གི་མཛད་རྗེས་ངོ་སྤྲོད་བྱེད་རྒྱུ་ནི་ཚང་མས་མ་གྲོས་གཅིག་མཐུན་བྱུང་། ལོ་ངོ་༦༠ལྷག་གི་རིང་ལ། སྐུ་ཞབས་ཇིན་སི་མི་ཐ་མཆོག་གིས་བོད་ཀྱི་ནང་བསྟན་གསུང་རབ་ རྣམས་མ་ཉམས་རྒྱུན་འཛིན་ཡོང་བར་སྐུ་ངལ་མང་པོ་བསྐྱོན་ཡོད། ཁོང་གི་བཀའ་འདྲིན་ལ་བརྟེན་ ནས། བོད་ཡིག་གི་གསུང་རབ་སྟོང་ཕྲག་མང་པོ་སྲུང་སྐྱོབ་གནང་ཐུབ་པ་བྱུང་བ་དང་། དེ་དག་སློབ་ ཆེན་ཁག་གི་ནང་ལ་དེང་རབས་ཀྱི་སློབ་གསོའ ་ི ཚན་ཁག་སྟེ། བོད་རིག་པའི་ཞིབ་འཇུག་ཚན་ཁག་ འཛུགས་སྐབས་རྒྱུ་ཆ་མེད་དུ་མི་རུང་བར་གྱུར། ཉེ་བའི་ཆར། ཁོང་གིས་མཁོ་བསྡུ་གནང་བའི་བོད་ ཀྱི་གསུང་རབ་རྣམས་ལ་དེང་དུས་འཕྲུལ་རྩལ་གྱི་མཐུན་རྐྱེན་སྦྱར་ནས། ས་སྟེང་འདིར་ངོ་མཚར་ཆེ་ བའི་གློག་རྡུལ་གྱི་བོད་ཀྱི་ཤེས་བྱའི་བང་མཛོད་ཆེ་ཤོས་དེ་བསྐྲུན་ཐུབ་ཡོད་པ་དང་། དེས་བོད་ཀྱི་ རིག་གནས་མུ་མཐུད་ནས་འཕེལ་རྒྱས་ཡོང་བའི་རྨང་གཞི་བརྟན་པོ་བཙུགས། སྐུ་ཞབས་ཇིན་སི་མི་ཐ་མཆོག་ནི་བོད་ཀྱི་རིག་གནས་དོན་གཉེར་བ་མཆོག་ཏུ་འགྱུར་བ་ཞིག་ ཡིན་པ་མ་ཟད། ད་དུང་ངེད་ཚོའི་གྲོགས་པོ་བཟང་པོ་ཞིག་ཀྱང་ཡིན། དེར་བརྟེན། ད་རེས་མི་བཟང་ པོ་འདི་འདྲ་ཞིག་ངེད་ཚོ་དང་ཞལ་གྱེས་པ་འདིར་འཛམ་གླིང་ཡུལ་གྲུ་མང་པོའ ་ི ནང་མྱ་ངན་ཞུ་བཞིན་ ཡོད། ཇིན་མཆོག་གི་འདུན་པ་དང་། ཐུགས་ཀྱི་བརྩེ་བ། ད་དུང་གཞན་ཕན་གྱི་མཛད་པ་ལ་འགྲན་ ཟླ་མེད། སྤྱིར་དམ་པ་འདི་སྐུ་གཤེགས་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་རུང་། ཁོང་གི་ལོ་མང་རིང་ སྐུ་ངལ་བསྐྱོན་པའི་བཀའ་འདྲིན་གྱིས་ངེད་ཚོར་འབྱུང་འགྱུར་གྱི་ལམ་ཁ་གསལ་པོ་ཞིག་བསྟན་ཡོད་ པས་ངེད་ཚོ་བློ་ཞུམ་མི་དགོས། ངེད་ཚོས་ཇིན་མཆོག་གི་གྲོགས་པོ་གཞན་རྣམས་དང་མཉམ་དུ་དམ་པ་ཁོང་གིས་བོད་ཀྱི་རིག་ གཞུང་ལ་འཇལ་བར་དཀའ་བའི་ལེགས་སྐྱེས་འབུལ་བ་དེར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། ངེད་ཚོའི་ དུས་དེབ་འདོན་ཐེངས་འདི་དམ་པ་ཁོང་གི་ཆེད་དུ་བསྔོ་བར་བྱའོ། དེ་བཞིན་ཁོང་གི་བཀའ་དྲིན་ལ་ དུས་རྟག་ཏུ་དྲན་གསོ་ཞུའོ།

1

Paola Vanzo

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


འདོན་ཐེངས་འདིར་འཁྱུག་ལྟ།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


9

ཆེད་བསྒྲིགས་ལེ་ཚན།

རི ག ་གནས་སྦྱོ ང ་བ་ནི ་ བྱི ས ་པའི ་ རྩེད་མོ ་ ཡི ན །

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གི་བོད་པའི་བྱིས་པ་ཚོར་རང་གི་རིག་གཞུང་ཀྱི་སློབ་གསོ་ལེན་པའི་གོ་

སྐབས་མེད་པ་དེ་ཚོར་ནས། ཨ་མ་གཅིག་གིས་བོད་སྐད་ཀྱི་བྱིས་གཉོར་ཁང་ཞིག་སྒོ་ཕྱེ་བ།

13 ཚེག་བར་གྱི་སྒྲིག་གཞི་སྒྱུར་བ།

ཀུན་ཕན་ཐེབས་རྩའི་ལ་རྩེ་དཔེ་མཛོད་ཁང་དུ། བོད་མི་ན་གཞོན་ཞིག་གིས་བོད་ཡིག་གི་ཡིག་འབྲུའི་

དབར་ལ་ཚེག་བར་བཅུག་ནས་བོད་ཡིག་དེ་ཌི་ཇི་ཊོལ་གྱི་འཕྲུལ་ཆས་ཐོག་ལ་ལྟ་བདེ་བ་དང་ཆ་མཐུན་པ་

བཟོ་དགོས་པའི་བསམ་ཚུལ་བཏོན་པ་དང་། མི་འགའ་ཤས་ཀྱིས་དེའི་ཉེན་ཁ་བརྗོད་པ།

18 བྲོ་བ་ལྡན་པའི་འཇིག་རྟེན།

སཱ་ལོན་ཌེལ་གཱ་སི་ཊོ་ (Salone del Gusto) ཐེངས་བརྒྱདཔའི་ཚོགས་འདུའི་ཐོག ཀུན་ཕན་

ཐེབས་རྩའི་འབྲི་ཕྱུར་ལས་གཞིའི་འཐུས་མི་རྣམས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ཡུན་ སྲིང་ཐུབ་པའི་ཟས་རིགས་འཐོན་སྐྱེད་བྱེད་མཁན་དང་མཉམ་འཛོམས་བྱུང་བ།

24 སྲོལ་རྒྱུན་རྐང་འཛིན་པ།

པའོ་ལ་ཧྦན་ཛུ་ནས་ལྷ་སར་དེང་དུས་ཀྱི་རི་མོའ ་ི སྒྱུ་རྩལ་ཐོག་མ་དར་བའི་སྐབས་ཀྱི་གནས་ཚུལ་དྲན་གསོ་ གནང་བ།

3

30 སྟོང་པ་ཉིད་ལས་བྲོས་པ།

ཆར་ལི་ཧྥིན་ཆི་མཆོག་ནས། ཉེ་ཆར་ཀུན་ཕན་ཐེབས་རྩར་ཚོགས་པའི་”ཧི་མ་ལ་ཡ་བརྒལ་བ།”ཞེས་པའི་ བགྲོ་གླེང་ཚོགས་འདུ་དེར་གཞིར་བཟུང་ནས། བོད་ཀྱི་དེང་རབས་སྒྱུ་རྩལ་གྱི་མ་འོངས་པའི་གནས་བབ་ གླེང་བ།

32 ༢༠༡༠ རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན།

ཀུན་ཕན་ཐེབས་རྩའི་ལས་བྱེད་རྣམས་ཀྱིས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་

༡༢པར་ཞུགས་ཆེད། ཁེ་ན་ཀྲའི་གྲོང་ཁྱེར་ཧྦེན་ཁུ་སྦར་ལ་ཕེབས་པ། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ ནས་ཕེབས་མཁན་གྱི་ཚོགས་ཞུགས་པ་རྣམས་ལ་རོགས་དངུལ་སྤྱིན་པའི་ཐོག ད་དུང་ཚོགས་འདུར་

ཞུགས་ནས་ཚོགས་ཆུང་གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་འཛིན་སྐྱོང་གི་འགྲོ་སོང་ཆེད་དུ་རོགས་ དངུལ་སྦྱིན་པ།

36 བོད་ཀྱི་མ་འོངས་པའི་ངོ་བོ་དང་སྲོལ་རྒྱུན།

ཇ་ནེ་ཀྲི་རྒྱ་མཚོ་མཆོག་གིས་”རྟེན་ཅིང་འབྲེལ་བའི་སྣ་མང་ཅན་ཏེ། ཀུན་ཕན་ཐེབས་རྩའི་འཕྲེངབརྒྱུད་

གཏམ་ཚོགས་ཐེངས་ལྔ་པ་དེར་དཔ���ད་པ་གནང་ནས། བོད་ཀྱི་རིག་གནས་ཀྱི་ཤུལ་བཞག་དང་མ་འོངས་

པའི་བོད་ཀྱི་ཁོར་ཡུག་གི་འབྲེལ་བའི་སྐོར་ལ་བགྲོ་གླེང་གནང་བ།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


འདོན་ཐེངས་འདིར་འཁྱུག་ལྟ།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


ཆེད་བསྒྲིགས་ལེ་ཚན།

40 པར་ཆས་ཀྱི་རྒྱབ་ལོགས་ནས།

གཞུང་གཉེར་མ་ཡིན་པའི་ཚོགས་པ་ཞིག་གིས། ཀུན་ཕན་ཐེབས་རྩ་ཚོགས་པའི་ཆ་ཤས་ཀྱི་རྒྱབ་སྐྱོར་འོག་ དཀར་མཛེས་ས་ཁུལ་དུ་པར་ཆས་བརྒྱུད་ནས་སློབ་མ་ཚོའི་གསར་གཏོད་ཀྱི་ནུས་པ་སྐྱེ་སྲིང་བྱེད་པའི་ ཚོད་ལྟའི་ལས་གཞི་གཉེར་བ།

43 ངའི་སྐད་ཡིག་གི་མདུན་ལམ།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མགྲོན་པོ་ཞིག་གིས། མཁས་དབང་སྐལ་བཟང་

རྡོ་རྗེ་ལགས་ཀྱི་འབྲས་ལྗོངས་ཀྱི་སྐད་ཡིག་(ལྷོ་སྐད)དང་རྩོམ་རིག་གི་འགྱུར་བའི་སྐོར་གྱི་གསུང་བཤད་ ནང་ནས་མ་འོངས་པའི་མདུན་ལམ་རྙེད་པ།

6

ལེ་ཚན།

མི ་ སྣ་ངོ ་ སྤྲོ ད །

སྐུ་ཞབས་ཇིན་སི་མི་ཐ་མཆོག་དང་བཀའ་མོལ་ཞུས་ནས། ཁོང་གི་རྨད་དུ་བྱུང་བའི་མཛད་རྗེས་ཏེ། བོད་

ཡིག་གི་དཔེ་དཀོན་གསུང་རབ་སྲུང་སྐྱོབ་གནང་བའི་ལོ་རྒྱུས་དང་མ་འོངས་པའི་གནས་སྟངས་ཀྱི་སྐོར་ལ་ གླེང་བ།

5

12 དཔེ་མཛོད་གླིང་།

ལ་རྩེ་དཔེ་མཛོད་ཁང་ནི་དུས་རྟག་ཏུ་ཡར་རྒྱས་འགྲོ་བཞིན་ཡོད་པས། དཔེ་མཛོད་ཀྱི་ནང་དུ་རྒྱུ་ཆ་གསར་ པ་ཅི་ཞིག་སླེབས་པ་གཟིགས་རོགས།

16 ལས་ཀའི་ཡུལ་དངོས་ནས་འབྱོར་བའི་ཤོག་བྱང་།

ཀུན་ཕན་ཐེབས་རྩ་ཚོགས་པའི་བྱ་དགའི་རོགས་དངུལ་ཐོབ་པའི་ཞིབ་འཇུག་མི་སྣ་ཁག་གིས་འཛམ་གླིང་ས་ གནས་ཁག་ནས་ཡིག་འབྲེལ་བྱས་ནས། ཁོང་ཚོའི་ཆེས་ཉེ་བའི་གསར་རྟོགས་རྣམས་མཉམ་སྤྱོད་བྱེད་པ།

35 ༣༥ ཕ་སྐད་གླིང་།

ཁྱེད་ཀྱིས་ཀ་ཁ་ག་ང་ཤེས་ཀྱི་ཡོད་པས། ད་ནི་ཁྱེད་ཀྱིས་དུས་ཚིགས་རེ་རེར་བོད་ཡིག་གི་ཚིག་ཕྲེང་གསར་ པ་རེ་རེ་དང་། དེའི་ནང་དོན་དང་འབྱུང་ཁུངས་བཅས་སྦྱང་ཐུབ།

45 དྲ་རྒྱའི་འཇིག་རྟེན།

ཆེས་གསར་པའི་རྒྱུ་ཆ་དང་ཡོ་ཆས་སོགས་ www.trace.org ཐོག་ལ་ལོངས་སུ་སྤྱོད་ཐུབ།

ཁྱབ་བསྒྲགས།

45 དཔེ་དེབ་འགྲེམ་སྤེལ་གྱི་གསལ་བསྒྲགས།

རྒྱབ་ཤོ ག དངོ ས ་སྦྱོ ང ་བ་གསར་པ་འཚོ ལ ་བཞི ན ་ཡོ ད ་པ།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


མི་སྣ་ངོ་སྤྲོད། དྲན་གསོ།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


མཁས་དབང་ཇིན་སི་མི་ཐ།

རིན་ཐང་ཆེ་བའི་བོད་ཀྱི་གསུང་འབུམ་ནང་གི་དཔེ་ཆ་ རྣམས་རྩ་སྟོང་འགྲོ་སྟངས་ནི་འདི་ལྟར་ཏེ། དང་པོ་རིན་ཐང་ ལྡན་པའི་དཔེ་ཆ་གང་ཞིག་གི་མ་དཔེ་ཤིན་དུ་དཀོན་པ་དང་ དེ་དག་གི་འདྲ་བཤུས་མང་པོ་མཐོང་རྒྱུ་མེད་པ། ད་དུང་ ཤུལ་ལ་ལྷག་བསྡད་པའི་དཔེ་ཆ་དེ་དག་ལ་བདག་གཅེས་ ཡག་པོ་སྤྲད་ཐུབ་མེད་ན། ཤོག་བུ་དེ་དག་ལ་བརླན་དང་ ཧམ་སྤུ་ཕོགས་ནས་གོག་ཧྲུལ་དུ་འགྲོ་བ་ལྟ་བུ་རེད། དེ་ བཞིན་དཔེ་ཆ་དེ་དག་ལ་འགན་འཁུར་གནང་མཁན་གྱི་ལས་ བྱེད་པ་རྣམས་དཔེ་མཛོད་ཁང་དང་། དགོན་པ་སོགས་ ནས་ཡུལ་གཞན་ལ་གནས་སྤོ་བྱེད་སྐབས་ཁོང་རྣམས་ཀྱིས་ བདག་གཅེས་བས་པའི་དཔེ་ཆ་རྣམས་བདག་མེད་དུ་ལུས་ ྱྱ ནས་མཐར་དཔེ་ཆ་དེ་དག་གད་སྙིགས་ནང་ལྷུངས་ནས་ རྩ་སྟོང་དུ་འགྲོ་བ་ལྟ་བུ་རེད། དཔེ་ཆ་རྣམས་བོར་བརླག་ སོང་ཚེ། དེའི་ནང་གི་ཤིན་དུ་རྩ་ཆེའི་ཤེས་བྱ་རྣམས་བོར་ བརླག་ཏུ་ཕྱིན་ནས། སྤྱི་ཚོགས་དེའི་རིག་གཞུང་གལ་ཆེ་ ཞིག་སྟོང་བར་བྱེད། བོད་པའི་སྤྱི་ཚོགས་ལ་མཚོན་ན། ནང་ཆོས་ཀྱི་དཔེ་ཆ་མང་པོ་ཞིག་བོར་བརླག་ཏུ་སོང་ན་བོད་ ཀྱི་རིག་གཞུང་གི་མ་ཕྱི་བོར་བརླག་ཏུ་ཤོར་བ་ལྟ་བུ་རེད། རྒྱུ་མཚན་ནི། དཔེ་ཆ་དེ་དག་ནང་ལ་གཏིང་ཟབ་པའི་ནང་ ཆོས་ཀྱི་ཤེས་བྱ་རྣམས་བཞུགས་ཡོད་པ་དང་། ནང་ཆོས་ ནི་བོད་ཀྱི་རིག་གཞུང་གི་མ་ཕྱི་ལྟ་བུ་ཡིན་པས་སོ། དེར་ བརྟེན། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་གསར་ འཛུགས་གནང་མཁན་མཁས་དབང་ཨ་རི་བ་སྐུ་ཞབས་ཇིན་ སི་མི་ཐ་(Gene Smith) མཆོག་གིས་སྐུ་ཚེ་ཧྲིལ་པོར་ དཀའ་ལས་བསྐྱོན་ནས་རིན་ཐང་ཆེ་བའི་དཔེ་ཆ་དེ་དག་སྲུང་ སྐྱོབ་གནང་ཡོད། སྐུ་ཞབས་ཇིན་སི་མི་ཐས་གསུངས་པར། “ངས་ ཐོག་མར་བོད་ཅེས་པ་དེ་ཨ་རིའི་ཝ་ཤིང་ཀྲོན་སློབ་ཆེན་ ནང་ལ་སློབ་གཉེར་བྱེད་སྐབས་ཐོས་བྱུང་།” དེ་ལྟར་ཏེ། ༡༩༦༠ནང་ལ་སྐུ་ཞབས་ཇིན་སི་མི་ཐ་མཆོག་ཨ་རིའི་གྲོང་ ཁྱེར་སི་ཡེ་ཊེ་ནང་ལ་རབ་འབྱམས་པའི་སློབ་གཉེར་གནང་ སྐབས། བོད་ཀྱི་ས་སྐྱའི་མཁས་དབང་སྡེ་གཞུང་རིན་པོ་ ཆེའི་དྲུང་ནས་ནང་ཆོས་སློབ་གཉེར་གནང་ཡོད། ས་སྐྱའི་ མཁས་དབང་སྡེ་གཞུང་སྐུ་འཕྲེང་གསུམ་པར་ངོས་འཛིན་ གནང་བའི་སྡེ་གཞུང་ཀུན་དགའ་བསྟན་པའི་ཉི་མ་རིན་པོ་ཆེ་ ནི་མཚན་སྙན་ཆེ་བའི་ནང་པའི་སློབ་དཔོན་ཞིག་རེད། སྡེ་ གཞུང་རིན་པོ་ཆེ་མཆོག་༡༩༦༠ནང་ལ་ཨ་རིར་ཕེབས་ ནས། མངའ་སྡེ་མི་ཉུང་བ་ཞིག་གི་སློབ་ཆེན་ཁག་གི་ནང་ལ་ སློབ་ཁྲིད་གནང་ཡོད། སྐུ་ཞབས་ཇིན་སི་མི་ཐས་གསུངས་ པར། “སྐབས་དེ་དུས་ང་རང་ནི་འཆར་ཅན་གྱི་སློབ་གཉེར་ བ་རྣམས་དང་འདྲ་བར། དཀའ་རྙོག་ཅན་གྱི་ནང་ཆོས་ཀྱི་ བརྗོད་བྱ་དེ་ཚོར་གླེན་རྟགས་ཚ་བའི་འདྲི་བ་ཤ་སྟག་བཀོད་

སྟབས། མཐར་སྡེ་གཞུང་རིན་པོ་ཆེས། ཁྱེད་ཀྱིས་འདྲི་ བ་གཅིག་པུ་དྲིས་ན་ཡོང་གི་མ་རེད། ངེས་པར་དུ་རང་ ཉིད་ནས་ནང་ཆོས་ལ་སློབ་གཉེར་བྱེད་དགོས་གསུངས། བཀའ་སློབ་དེས་ང་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་ སློབ་གཉེར་བྱེད་པའི་སྐུལ་མཤུགས་ཆེ་ཐེབས།” སྡེ་གཞུང་རིན་པོ་ཆེ་དང་མཇལ་འཕྲད་བྱུང་བར་ བརྟེན་ནས། སྐུ་ཞབས་ཇིན་སི་མི་ཐ་མཆོག་གི་མི་ཚེའི་ དམིགས་ཡུལ་གསལ་པོར་གྱུར། དེ་ནས་ཁོང་གིས་བོད་ ཀྱི་རིག་གཞུང་ལ་ཐོས་བསམ་གྱི་འབད་པ་རྒྱ་ཆེར་གནང་ །༡༩༦༠ནང་ལསྐུ་ཞབས་ཇིན་སི་མི་ཐ་མཆོག་གིས་ཡུ་རོབ་ ཀྱི་ས་ཆ་མང་པོར་ཕེབས་ནས། དེ་གར་བཞུགས་པའི་བོད་ པའི་བླ་མ་རྣམས་ཀྱི་ཞབས་ལ་གཏུགས་ནས་གཙོ་བོ་དཔལ་ ས་སྐྱའི་རིང་ལུགས་ཀྱི་གསུང་འབུམ་དང་སྤྱིན་ཤོག་ཐོག་ པར་བཏབ་པའི་དཔེ་ཆ་དེ་དག་འཚོལ་ཞིབ་གནང་། “ང་ ལ་འཚོ་ཞིང་བཞུགས་པའི་བོད་ཀྱི་རིས་མེད་སློབ་དཔོན་ འདུ་མ་དང་མཉམ་དུ་འབྲེལ་བ་བྱེད་པའི་གོ་སྐབས་ཐོབ་བྱུང་། འབྲེལ་བ་དེ་དག་བརྒྱུད་ནས་ངས་ཤེས་པར། བོད་ཀྱི་ཆོས་ དང་བསྟན་བཅོས་ཁག་ནི་འཛམ་གླིང་འདིའི་ནང་གི་རིག་ གཞུང་ཕྱུག་ཤོས་གཅིག་རེད་འདུག” ཅེས་སྐུ་ཞབས་ཇིན་ སི་མི་ཐས་གསུངས། འོན་ཀྱང་། ཁོང་གི་ཡུ་རོབ་ནང་གི་ ཞིབ་འཇུག་ཕྱག་ལས་དེ་ལ་ལམ་ལྷོང་བྱུང་མེད། ཡུ་རོབ་ ཀྱི་དཔེ་མཛོད་དང་ཚོགས་པ་ཁག་གི་འཛིན་སྐྱོང་དོ་དམ་ དེ་ཤིན་ཏུ་གུ་དོག་པའི་རྐྱེན་གྱིས་དཔེ་ཆ་རྣམས་བེད་སྤྱོད་ གཏོང་བར་འགོག་རྐྱེན་སྣ་ཚོགས་འཕྲད། ༡༩༦༥ལོར་སྡེ་ གཞུང་རིན་པོ་ཆེའི་བཀའ་སློབ་ལྟར། སློབ་གཉེར་ལ་མཁོ་ བའི་དཔེ་ཆ་རྣམས་འཚོལ་བསྡུ་དང་པར་སྐྲུན་བྱ་བའི་ཆེད་དུ་ ཁོང་རྒྱ་གར་ལ་ཕེབས། ༡༩༦༨ལོར་སྐུ་ཞབས་ཇིན་སི་མི་ཐ་མཆོག་ཨ་རིའི་གྲོས་ ཚོགས་དཔེ་མཛོད་ཁང་གི་རྒྱ་གར་ནང་གི་ཡན་ལག་ལས་ ཁུངས་ལ་ཕྱག་ལས་གནང་འགོ་ཚུགས་ནས། དཔེ་མཛོད་ དེར་བོད་ཀྱི་དཔེ་ཆ་རྣམས་འཚོལ་བསྡུ་དང་སྲུང་སྐྱོབ་བྱེད་ པའི་ལས་ཀ་བརྩམས། སྐབས་དེ་དུས་ཁོང་གི་ལག་ན་ སོན་པའི་དཔེ་ཆ་མང་པོ་ཞིག་ནི་ཉམས་རྒུད་དང་གོག་ཧྲུལ་ དུ་གྱུར་ཟིན། རྒྱུ་རྐྱེན་ནི་གཅིག་ནས་དཔེ་ཆ་དེ་དག་པར་ དུ་བཀོད་ནས་ལོ་མང་པོ་ཕྱིན་པ་དང་། གཉིས་ནས་ས་ཐག་ མལ་ལེ་མང་པོའ ་ི དབར་ལ་ཧི་མ་ལ་ཡའི་རི་རྒྱུད་ཐོག་དབོར་ འདྲེན་བྱས་པའི་དབང་གིས་སོ། སྐུ་ཞབས་ཇིན་སི་མི་ ཐ་མཆོག་གིས་གསུངས་པར། “ད་དཔེ་ཆ་འདི་དག་པར་ སྐྲུན་བྱེད་པར་སྐུལ་མ་བྱེད་རྒྱུ་ནི་ཤིན་དུ་གལ་ཆེ་ཡིན་པ་ སྐབས་དེ་དུས་ར་སྤྲོད་བྱུང་ཡོད། གལ་ཏེ་པར་སྐྲུན་བྱེད་ ཐུབ་ན་འདྲ་བཤུས་མང་པོ་ཞིག་ལྷག་ཀྱི་རེད།” ཁོང་གི་ གསུང་ལ་རྒྱུ་མཚན་ཡོད་དེ། དཔེ་ཆ་འདི་དག་པར་སྐྲུན་

བྱས་པ་ལ་བརྟེན་ནས། དེའི་ནང་དོན་རྣམས་ལྟ་ཐུབ་རྒྱུར་ ཕན་ཞིང་། ད་དུང་ཤེ���་བྱ་དེ་དག་བོར་བརླག་མ་སོང་བའི་ ཕན་ཐོག་བྱུང་ཡོད། རྒྱ་གར་དང་ཕྱིས་སུ་རྒྱ་ནག་ནང་ལ་ ཞུགས་པའི་སྐུ་ཞབས་ཇིན་སི་མི་ཐ་མཆོག་གི་བཤེས་གཉེན་ མང་པོ་ཞིག་གི་བཀའ་འདྲིན་ལ་བརྟེན་ནས། ཁོང་གིས་ལོ་ སུམ་ཅུའི་རིང་ལ་བོད་ཀྱི་གསུང་རབ་དཔེ་དཀོན་གྱི་རིགས་ ཁྲི་གཅིག་དང་སྟོང་གཉིས་ལྷག་འཚོལ་བསྡུ་དང་པར་སྐྲུན་ ཐུབ་ཡོད། ༡༩༩༦ལོར་སྐུ་ཞབས་ཇིན་སི་མི་ཐ་མཆོག་ཨ་རིའི་གྲོས་ ཚོགས་དཔེ་མཛོད་ཁང་ནས་རྒས་ཡོལ་གནང་ཡོད་རུང་ ། ཁོང་གིས་བོད་ཀྱི་དཔེ་དཀོན་འཚོལ་བསྡུ་དང་གཅེས་ སྤྲས་མཛད་རྒྱུ་དེ་ད་དུང་མཚམས་འཇོག་གནང་མེད། སྐུ་ ཞབས་ཇིན་སི་མི་ཐ་མཆོག་གིས། “ང་ཚོས་ཐེངས་དང་ པོར་པར་སྐྲུན་བྱས་པའི་དཔེ་ཆ་རྣམས་ཀྱི་ཤོག་བུའི་སྤུས་ ཚད་ཞན་པོ་ཡིན་སྟབས། ལོ་སུམ་ཅུའི་རྗེས་ལ། དཔེ་ ཆ་མང་པོ་ཞིག་ཉམས་ཆག་འགྲོ་བཞིན་ཡོད།” ཅེས་ གསུངས། དུས་མཚུངས། ཊི་ཇི་ཊོལ་༼གློག་རྡུལ་༽གྱི་ ལག་རྩལ་ཡར་རྒྱས་མཐོན་པོར་འགྲོ་བཞིན་པ་དང་། དེའི་ ཐོག་དྲ་རྒྱའི་ལག་རྩལ་དེ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བས། དེས་འཛམ་གླིང་འདིའི་སྟེང་ལ་གནས་ཚུལ་སྤེལ་ཉར་བཀོལ་ གསུམ་གྱི་ཐད་ལ་འགྱུར་བ་ཆེན་པོ་གཏོང་བཞིན་ཡོད་ སྟབས། སྐུ་ཞབས་ཇིན་སི་མི་ཐ་མཆོག་གིས་གསར་འཐོན་ བྱུང་བའི་ལག་རྩལ་དེ་དག་ནི་རིན་ཐང་ཆེ་བའི་དཔེ་ཆ་རྣམས་ སྲུང་སྐྱོབ་དང་། དེ་བཞིན་བོད་དང་རྒྱལ་སྤྱིའི་ཞིབ་འཇུག་ ཀྱི་སྤྱི་ཚོགས་ལ་གཞི་རྒྱ་ཆེན་པོས་འགྲེམ་སྤེལ་བྱེད་པའི་གོ་ སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་མཛད། བོད་ཀྱི་གསུང་འབུམ་དཔེ་ཆ་འདི་དག་པར་སྐྲུན་དང་། འགྲེམ་སྤེལ། དེ་བཞིན་བདག་གཅེས་བྱེད་པའི་ལས་ཀར་ གྲུབ་འབྲས་ཆེན་པོ་ཐོབ་ཡོད། ༡༩༩༩ལོའ ་ི ནང་ལ། སྐུ་ ཞབས་ཇིན་སི་མི་ཐ་མཆོག་གིས་”བོད་ཀྱི་ནང་བསྟན་དཔེ་ ཚོགས་ལྟེ་གནས། TBRC ”ཅེས་པའི་ཚོགས་པ་ཞིག་ གསར་བཙུགས་གནང་ནས། དྲ་རྒྱའི་ཐོག་ལ་གློག་རྡུལ་ གྱིས་ཉར་ཚགས་བྱས་པའི་གསུང་འབུམ་གྱི་ཡིག་ཚགས་ ཆེན་པོ་ཞིག་བསྐྲུན་ཡོད། ཡིག་ཚགས་དེའི་ནང་ རིན་ཐང་བྲལ་བའི་རིག་གཞུང་གི་རྒྱུ་ཆ་སྟེ་གློག་བཤུས་ བརྒྱབ་པའི་དཔེ་དཀོན་གྱི་ཕྱག་དཔེ་རྣམས་ཞུགས་ཡོད་ པ་མ་ཟད། དེ་བཞིན་གསུང་འབུམ་དང་ཕྱོགས་བསྒྲིགས་ པའི་བྱས་པའི་དཔེ་ཚོགས་རྣམས་ཀྱི་ནང་ལ་བཞུགས་པའི་ བརྩམས་ཆོས་བྱེ་བྲག་པ་རེ་རེར་སྟོང་ཐུན་ཡང་གསར་པ་ བཟོས་ཡོད། ད་ལྟ་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་ གནས་ཁང་གིས་ཡིག་ཚགས་དེ་དག་ཐོ་འགོད་བརྒྱུད་ནས་ དྲ་རྒྱའི་སྟེང་ནས་གཟིགས་ཐུབ་པ་བཟོས་ཡོད། དཔེར་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

7


ཀུན་ཕན་ཐེབས་རྩ་ཚོགས་པ་དང་ བོད་ཀྱི་ནང་བསྟན་ལྟེ་གནས་ཚོགས་པ།

ཀུན་ཕན་ཐེབས་རྩ་ཚོགས་པས་ལོ་བཞི་ཙམ་རིང་བོད་ ཀྱི་ནང་བསྟན་ལྟེ་གནས་ཚོགས་པའི་བོད་ཀྱི་རིག་གཞུང་ སྲུང་སྐྱོབ་གི་ལས་ཀར་རོགས་རམ་བྱས་ཡོད། ༢༠༠༦ལོར། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ ཀྱི་ནང་བསྟན་ལྟེ་གནས་ཚོགས་པའི་དཔེ་ཚོགས་རྣམས་ དྲ་རྒྱའི་ཐོག་ལ་འཚོལ་བདེ་པོ་དང་གཟིགས་བདེ་པོ་ཡོང་ ཆེད་ལ་གློག་རྡུལ་གྱི་དཀར་ཆག་ཤིག་བཟོ་བསྐུན་བྱེད་ པར་རོགས་དངུལ་ཕུལ་ཡོད། ༢༠༠༧ལོར། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་ ནང་བསྟན་ལྟེ་གནས་ཚོགས་པར་མུ་མཐུད་རོགས་སྐྱོར་ བྱས་ནས་ཚོགས་པ་དེའི་དཔེ་ཚོགས་རྣམས་ལ་དཀར་ ཆག་ཞིབ་ཕྲ་བཟོ་བར་རྒྱབ་སྐྱོར་བྱས་ཡོད། ང་ཚོས་ད་ དུང་ཚོགས་པ་དེ་དང་ཀྲུང་གོའ ་ི ལྷོ་ནུབ་མི་རིགས་སློབ་གྲྭ་ ཆེན་མོ་གཉིས་ཀྱིས་གཉེར་བའི་མཉམ་འབྲེལ་ལས་གཞི་ ཞིག་ལ་རྒྱབ་སྐྱོར་བྱས་ཡོད། ལས་གཞི་དེས་ལྷོ་ནུབ་མི་ རིགས་སློབ་གྲྭར་ཡོད་པའི་དཔེ་ཆ་རྣམས་ལ་གློག་རྡུལ་གྱི་ པར་བཤུས་བཟོ་རྒྱུ་དང་། དཀར་ཆག་བཟོ་རྒྱུ། དེ་བཞིན་ གློག་རྡུལ་གྱི་འདྲ་བཤུས་དཔེ་ཆ་དེ་དག་ནང་བསྟན་དཔེ་ ཚོགས་ལྟེ་གནས་ཀྱི་རྒྱུ་ཆའི་ཁོངས་སུ་འཇོག་རྒྱུ་རེད། ༢༠༠༨དང་༢༠༠༩ལོར། ཀུན་ཕན་ཐེབས་རྩ་ཚོགས་ པས་བོད་ཀྱི་ནང་བསྟན་ལྟེ་གནས་ཚོགས་པའི་སྙན་ཞུ་སྟེ། ཚོགས་པ་དེའི་དཔེ་ཚོགས་ནང་ལ་འཁོད་པའི་ས་ཆའི་མིང་ དང་། ལོ་རྒྱུས་ཐོག་གི་གལ་ཆེའི་མི་སྣ། དེ་བཞིན་བརྗོད་ གཞི་ཁག་ལ་གནས་ཚུལ་འཕར་མ་བཀོད་པ་དང་དེ་དག་ གློག་རྡུལ་ཐོག་ལ་འབེབ་པར་རྒྱབ་སྐྱོར་བྱས་ཡོད། གནས་ ཚུལ་འཕར་མ་དེ་དག་གིས་དཔེ་ཚོགས་ནང་ལ་བཞུགས་ པའི་དཔེ་ཆ་དེ་དག་གི་དབར་ལ་འབྲེལ་བ་དང་ནང་དོན་ གསར་པ་བསྐྲུན་ནས་དཔེ་ཚོགས་འདིའི་རིན་ཐང་ཇེ་ཆེར་ བཏང་ཡོད། དེ་ལྟར་ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་གསུང་ རབ་ཀྱི་རིག་གཞུང་ཤུལ་བཞག་དེ་དག་སྲུང་སྐྱོབ་བྱེད་ པར་ཞབས་འདེགས་ཆུང་ངུ་སྒྲུབ་ཐུབ་པར་དགའ་འཚོར་ བྱེད་བཞིན་ལགས།

ན་སློབ་གྲྭ་ཁག་གིས་དཔེ་ཚོགས་ལྟེ་གནས་ཀྱི་དྲ་རྒྱའི་ཐོག་ ཐོ་འགོད་བྱས་པ་བརྒྱུད་ཁོང་ཚོའི་སློབ་ཕྲུག་རྣམས་ལ་གོང་ གི་གསུང་འབུམ་དེ་དག་མཁོ་སྤྲོད་བྱེད་ཐུབ་པ་དང་། དྲ་ རྒྱའི་མཐུན་རྐྱེན་མེད་པའི་ཕྱོགས་མཐའ་ཁག་ལ་གནས་པའི་ དགོན་པ་ཁག་ལ་གློག་ཀླད་ཀྱི་ནང་ལ་ཡིག་ཚགས་དེ་དག་ ༼མཉེན་ཆས་བརྒྱུད་ནས་༽ཕབ་ལེན་བྱས་རྗེས་གཟིགས་ ཐུབ་པ་བཟོས་ཡོད། གློག་རྡུལ་གྱི་པར་མ་དེ་དག་དྲ་ རྒྱའི་སྟེང་ནས་འཛམ་གླིང་ཡུལ་གྲུ་ཁག་མི་འདྲ་བའི་ནང་ལ་ བཞུགས་པའི་གཟིགས་ཞིབ་གནང་མཁན་ཚོས་ཕབ་ལེན་ གནང་ཐུབ་ཀྱི་ཡོད་ལ། ད་དུང་ཉེ་ཆར་དཔེ་ཚོགས་ཁང་ འདིས་གསུང་འབུམ་གྱི་ཡིག་ཚགས་དེ་དག་ལག་ཁྱེར་གློག་ ཆས་ནང་ནས་གཟིགས་ཐུབ་པའི་འབད་པ་བྱེད་བཞིན་ཡོད། གློག་རྡུལ་གྱི་ལག་རྩལ་འཐོན་གསར་ཤོས་དེ་ཚོ་ནི་དཔེ་ ཚོགས་ལྟེ་གནས་ཁང་འདིར་ཕན་ཐོག་ཆེན་པོ་ཡོང་བཞིན་ ཡོད། སྐུ་ཞབས་ཇིན་སི་མི་ཐ་མཆོག་གིས་གསུངས་པར། “སྔོན་མ་དཔེ་ཚོགས་ལྟེ་གནས་ཁང་འདི་ཐོག་མ་འཛུགས་ སྐབས། བོད་ཡིག་གཅིག་འགྱུར་ཨང་རྟགས་ཐོན་མེད་པ་ དང་། གློག་བཤུས་འཕྲུལ་འཁོར་དེ་ཡང་ཐོན་མ་ཐག་ཡིན།” གློག་བཤུས་འཕྲུལ་ཆས་ཐོན་ཡོད་རུང་དེས་དཀའ་ངལ་ཚང་ མ་བསལ་ཐུབ་ཀྱི་མེད། དཔེར་ན། གློག་བཤུས་འཕྲུལ་ འཁོར་གྱིས་གློག་བཤུས་བརྒྱབ་པའི་དཔེ་ཆ་དེ་དག་གློག་ རྡུལ་ཡིག་ཚགས་ནང་བཅུག་ཐུབ་རུང་། དེས་གསུང་ འབུམ་དེ་དག་ནང་ལ་འཚོལ་ཞིབ་བྱེད་མི་ཐུབ། ངེད་ཚོས་ ད་ལྟ་ཡིག་ཚགས་བྱ་བའི་ཐོག་ལ་འཕྲད་པའི་མཐའ་མའི་ དཀའ་ངལ་དེ་མྱུར་བར་བསལ་བའི་འབད་བརྩོན་བྱེད་བཞིན་ ཡོད་པ་སྟེ། ཀུན་ཕན་ཐེབས་རྩ་ཚོགས་པ་དང་བོད་ཀྱི་ནང་ བསྟན་དཔེ་ཚོགས་ལྟེ་གནས་གཉིས་མཉམ་འབྲེལ་བྱས་ནས། བོད་ཡིག་འོད་རིག་ཡིག་རྟགས་ངོས་འཛིན་མཉེན་ཆས་ (OCR)མགྱོགས་མྱུར་འཐོན་རྒྱུའི་འབད་པ་བྱེད་བཞིན་ ཡོད། མཉེན་ཆས་དེས་གློག་བཤུས་བྱས་པའི་གློག་རྡུལ་ ཡིག་ཆ་དེ་ཚོ་གཅིག་འགྱུར་ཨང་རྟགས་(Unicode) གི་བོད་ཡིག་ཐོག་ལ་གཟུགས་བསྒྱུར་བྱེད་ཐུབ་པར་བརྟེན། འཛམ་གླིང་འདིའི་ནང་གི་བོད་ཀྱི་རིག་གནས་ཀྱི་ཡིག་ ཚགས་ཆེ་ཤོས་སུ་གཏོགས་པ་དེ་སྟབས་བདེ་པོར་མྱུལ་བར་ མཐུན་རྐྱེན་སྤྲོད་དོ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་དྲ་རྒྱ་ གསར་པ་བཏོན་པ་དང་། རིང་མིན་དྲ་ཐོག་གི་བོད་ཡིག་གི་ ཤེས་བྱའི་མཛོད་མཁོ་འདོན་བྱས་པ་སོགས་ནི་བོད་ཡིག་ དཔེ་ཆ་གཟིགས་མཁན་ཚོར་འབུལ་བའི་ཉེ་འཆར་གྱི་མཐུན་ རྐྱེན་གསར་ཤོས་རྣམས་ཡིན། སྐུ་ཞབས་ཇིན་སི་མི་ཐ་ མཆོག་གིས་འདི་སྐད་གསུངས་། “དྲ་ཐོག་གི་ཤེས་བྱའི་

མཛོད་ཅིག་སྐྲུན་རྒྱུ་དེ་ངས་ལོ་མང་རེ་སྒུག་བྱེད་པའི་འདུན་ པ་ཆེ་ཤོས་གཅིག་ཡིན། རྒྱུ་མཚན་ནི་དེང་དུས་ཀྱི་འཕྲུལ་ ཆས་འདི་དག་ལ་བརྟེན་ནས་ང་ཚོས་བོད་ཀྱི་གསུང་འབུམ་ ནང་ལ་བཞུགས་པའི་རིན་ཐང་ཆེ་བའི་ཤེས་བྱ་དེ་དག་སྐྱེ་བོ་ ཀུན་གྱི་གཟིགས་ལམ་དུ་འབུལ་ཐུབ་ཀྱི་ཡོད།” “ད་དུང་བསྒྲུབ་དགོས་པའི་བྱ་བ་གཅིག་ནི། དེང་དུས་ ཀྱི་འཕྲུལ་ཆས་དང་ལག་རྩལ་གྱི་མཐུན་རྐྱེན་རྣམས་སྤྱད་ ནས། གསུང་འབུམ་དེ་དག་བདག་གཉེར་གཅིག་པུ་མ་ ཡིན་པར། དེ་དག་གི་ནང་ལ་བཞུགས་པའི་ཤེས་���ྱ་རྣམས་ ཁྱབ་སྤེལ་གཏོང་ཐུབ་པ་བྱ་རྒྱུ་དེ་རེད། གནད་དོན་དེ་ནི་ མིག་སྔའི་དཀའ་ངལ་གཙོ་བོ་གཅིག་རེད།”ཅེས་སྐུ་ཞབས་ ཇིན་སི་མི་ཐ་མཆོག་གིས་མ་འོངས་པར་སྔོན་བསུ་གནང་ བཞིན་བཀའ་སློབ་བསྩལ། འཕྲུལ་རྩལ་དང་འཛམ་གླིང་ གི་འབྲེལ་བའི་ཐབས་ལམ་ཡར་རྒྱས་ཡོང་བཞིན་པའི་དུས་ སྐབས་འདིར་བོད་ཀྱི་གསུང་འབུམ་བདག་གཅེས་དང་འགྲེམ་ སྤེལ་བྱེད་པའི་བྱ་བ་ཡང་མཉམ་དུ་ཡར་རྒྱས་འགྲོ་བཞིན་ ཡོད། སྐུ་ཞབས་ཇིན་སི་མི་ཐ་མཆོག་གི་ཐུགས་བཞེད་ དང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་མཁོ་ འདོན་གནང་བའི་ཤེས་བྱའི་བང་མཛོད་འདི་དག་ལ་བརྟེན་ ནས། ད་ཆ་བོད་ཀྱི་ནང་བསྟན་གྱི་རིག་གཞུང་དང་དུས་ རབས་མང་པོའ ་ི རིན་ཐང་ལྡན་པའི་ནང་བསྟན་གྱི་ཤེས་བྱ་ གཉིས་ཀྱི་དབར་ལ་ཐད་ཀའི་འབྲེལ་བ་མུ་མཐུད་ནས་གནས་ ཐུབ་རྒྱུའི་འབད་རྩོན་བྱེད་བཞིན་ཡོད། ང་ཚོས་དུས་དེབ་འདི་པར་སྐྲུན་གྱི་གྲ་སྒྲིག་བྱེད་པའི་ སྒང་ལ། སྟབས་མ་ལེགས་པར་སྐུ་ཞབས་ཇིན་སི་མི་ཐ་ མཆོག་གློ་བུར་དུ་བོད་ལྕགས་སྟག་ལོ། སྤྱི་ལོ་༢༠༡༠ལོའ ་ི ཟླ་བ་༡༢པའི་ཚེས་༡༦ཡི་ཆུ་ཚོད་༤པའི་ཐོག་སྐུ་ཚེའི་འཕེན་ པ་རྫོགས་འདུག དམ་པ་ཁོང་གི་གྲོགས་པོ་ཚོས། སྐུ་ ཞབས་ཇིན་སི་མི་ཐ་མཆོག་ནི་སྐུ་ཚེ་ཧྲིལ་པོར་བོད་ཀྱི་རིག་ གཞུང་ལ་དོན་གཉེར་མཛད་ཅིང་། དུས་ཀུན་དུ་ཐུགས་ བརྩེ་བ་ཆེ་ཞིང་། སྐྱེ་བོ་ཀུན་ལ་བྱམས་སེམས་ཆེ་བའི་ སྐྱེ་བུ་དམ་པ་ཞིག་ཡིན་པར་ངོས་འཛིན་མཛད་བཞིན་ཡོད། དམ་པ་ཁོང་སྐུ་གཤེགས་སྐབས་སྐུ་བཅར་ལ་ཨ་ལགས་ གཟན་དཀར་རིན་པོ་ཆེ་མཆོག་དང་ཁོང་གི་གྲོགས་པོ་ཉེ་ ཤོས་འགའ་ཤས་མཉམ་དུ་ཡོད། ང་ཚོས་རྟག་ཏུ་དམ་པ་ ཁོང་གི་མཛད་རྗེས་ལ་དྲན་གསོ་ཞུའོ། དམ་པ་འདིའི་ངོ་སྤྲོད་རྩོམ་ཡིག་འདི་ནི་༢༠༡༠ཟླ་བ་ ༡༡པའི་ནང་ལ་དམ་པ་ཁོང་ལ་བཅར་འདྲི་ཞུས་ནས་ཕྱོགས་ བསྒྲིགས་བྱས་པའོ།

ང་ཚོས་དུས་དེབ་འདི་པར་སྐྲུན་གྱི་གྲ་སྒྲིག་བྱེད་པའི་སྒང་ལ། སྟབས་མ་ལེགས་པར་སྐུ་ཞབས་ཇིན་སི་མི་ཐ་མཆོག་གློ་བུར་དུ་བོད་ལྕགས་སྟག་ལོ། སྤྱི་ལོ་༢༠༡༠ལོའ ་ི ཟླ་བ་ ༡༢པའི་ཚེས་༡༦ཡི་ཆུ་ཚོད་༤པའི་ཐོག་སྐུ་ཚེའི་འཕེན་པ་རྫོགས་འདུག དམ་པ་ཁོང་གི་གྲོགས་པོ་ཚོས། སྐུ་ཞབས་ཇིན་སི་མི་ཐ་མཆོག་ནི་སྐུ་ཚེ་ཧྲིལ་པོར་བོད་ཀྱི་རིག་གཞུང་ ལ་དོན་གཉེར་མཛད་ཅིང་། དུས་ཀུན་དུ་ཐུགས་བརྩེ་བ་ཆེ་ཞིང་། སྐྱེ་བོ་ཀུན་ལ་བྱམས་སེམས་ཆེ་བའི་སྐྱེ་བུ་དམ་པ་ཞིག་ཡིན་པར་ངོས་འཛིན་མཛད། དམ་པ་ཁོང་སྐུ་གཤེགས་ སྐབས་སྐུ་བཅར་ལ་ཨ་ལགས་གཟན་དཀར་རིན་པོ་ཆེ་མཆོག་དང་ཁོང་གི་གྲོགས་པོ་ཉེ་ཤོས་འགའ་ཤས་མཉམ་དུ་ཡོད། དམ་པ་ཁོང་གི་མཛད་རྗེས་ལ་དྲན་གསོ་ཞུའོ། ཀུན་ཕན་གཏམ་གསར།

དམ་པ་འདིའི་ངོ་སྤྲོད་རྩོམ་ཡིག་འདི་ནི་༢༠༡༠ཟླ་བ་༡༡པའི་ནང་ལ་དམ་པ་ཁོང་ལ་བཅར་འདྲི་ཞུས་ནས་ཕྱོགས་བསྒྲིགས་བྱས་པའོ།

༢༠༡༠ སྟོན་ཀ།


རིག་གནས་སྦྱོང་བ་ནི་ བྱིས་པའི་རྩེད་མོ་ཡིན།

“གཅིག གཉིས། གསུམ། དཀྲུགས་ཡ། དཀྲུགས་ཡ།” འདི་ནི་སྤྱི་ཟླ་༨ཚེས་༦ཉིན་ཀུན་ ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་བྱིས་པ་སོ་བདུན་གྱིས་མར་སྣུམ་སྟུག་པོས་ གང་བའི་ཟེའུ་ཆུང་ཆུང་རྣམས་ཤུགས་ཆེན་གྱིས་དཀྲུག་པའི་དགའ་འབོད་ཀྱི་སྒྲ་རེད། ཁོང་ ཚོས་བོད་ཀྱི་སྲོལ་རྒྱུན་རྒྱུན་ཟས་ཇ་བསྲུབས་མ་བཟོ་སྟངས་སློབ་བཞིན་འདུག ཇ་ཟེའུ་རྣམས་ ཁོང་ཚོར་རེ་རེ་བཞིན་སྤྲད་པ་ན་ཁོང་ཚོས་རང་ཉིད་ཀྱི་ཤུལ་བཞག་རིག་གནས་ཀྱི་ནང་དུ་རྩ་བ་ ཚུགས་ཤིང་རྩེ་མོ་རྒྱས་པའི་ལས་ཀ་འདི་སྒྲུབ་པར་སྤྲོ་སྣང་འཕེལ་ཏེ་སྐད་གསང་ཇེ་མཐོར་སོང་། བྱིས་པ་འདི་དག་ནི་ཁུའེན་སི་སྲིད་འཛིན་ས་ཁུལ་གྱི་ཨ་སི་ཋོ་རི་ཡ་གཞིས་ཁུལ་དུ་ཡོད་ པའི་བདེ་སྐྱིད་བྱིས་གཉོར་ལྟེ་གནས་ཀྱིས་ལོ་གཉིས་པར་རྩ་འཛུགས་བྱས་པའི་བོད་ཀྱི་དབྱར་ སྒར་ལ་ཞུགས་མཁན་རེད། དབྱར་ཁའི་གཟའ་འཁོར་བརྒྱད་ཅན་གྱི་ལས་ཚན་འདིའི་ཁྲོད་ དུ་ལྟེ་གནས་འདིས་རིག་གནས་བྱེད་སྒོ་དང་སློབ་གསོའ ་ི ཁྲིད་གཞི་གཉིས་མཉམ་སྡེབ་བྱས་ པའི་འཛིན་གྲྭ་ཚོགས་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་བྱིས་པ་འདི་དག་ལ་རང་ཉིད་ཀྱི་ ཤུལ་བཞག་རིག་གནས་ལ་རྒྱུས་ལོན་བྱེད་དུ་འཇུག་པ་དང་དེ་ལ་དགའ་ཞེན་སྐྱེད་པའི་ཆེད་ དུ་ཡིན་འདུག ཇ་བསྲུབས་མ་དཀྲུག་པ་ལྟ་བུའི་བྱེད་སྒོ་འདི་རིགས་ཀྱིས་གཅིག་ནས་བྱིས་པ་ ཚོར་དགའ་སྣང་སྐྱེད་ཐུབ་ལ་གཉིས་ནས་ལོ་ན་ཆུང་དུས་ནས་བོད་རང་ཉིད་ཀྱི་སྲོལ་རྒྱུན་རིག་ གནས་ལ་འབྲེལ་འདྲིས་བྱེད་དུ་འཇུག་ཐུབ་པ་རེད། “ང་ཚོས་རང་ཉིད་བོད་རིགས་ཤིག་ཡིན་པར་སྤོབས་པ་སྐྱེ་རུ་འཇུག་འདོད་པ་ཡིན།” ཞེས་ བདེ་སྐྱིད་བྱིས་གཉོར་ལྟེ་གནས་དང་བོད་ཀྱི་དབྱར་སྒར་གསར་འཛུགས་མཁན་དང་དེ་གཉིས་ ཀྱི་འགན་འཛིན་པ་བདེ་སྐྱིད་ལགས་ཀྱིས་མུ་མཐུད་དུ་གསུངས་དོན། “ང་ཚོའི་རིག་གནས་ སློབ་གསོ་དེ་བོད་ཀྱི་སྐད་ཡིག་གི་ནུས་པའི་ཐོག་ཏུ་ཤུགས་རྒྱག་པ་ཙམ་མ་ཡིན་པར་རང་ཉིད་ སྤྱི་ཚོགས་སུ་གཏོགས་པའི་ཚོར་བ་སྐྱེད་པའི་ཐོག་ཏུའང་ཤུགས་རྒྱག་གི་ཡོད། ང་ཚོས་བྱིས་

9

པ་འདི་ཚོས་རང་ཉིད་ཀྱི་ཕ་མས་རང་ཉིད་བསྐྱངས་པའི་དྲིན་དང་ཨ་མེ་རི་ཁའི་རིག་གནས་ ཀྱི་རིན་ཐང་བཅས་ཤེས་པའི་རེ་བ་བྱེད་ཀྱི་ཡོད། གྲོང་ཁྱེར་ནེའུ་ཡོག་ནི་རིག་གནས་ཀྱི་སྟེང་ ནས་ཧ་ཅང་སྣ་མང་ཅན་ཡིན་ནའང་བོད་པ་ཨ་རི་བའི་རིག་གནས་ད་ལྟ་གསར་དུ་འཁྲུངས་མགོ་ ཚུགས་ཙམ་རེད། དོན་དངོས་འདིས་བོད་པ་ཚོར་རང་ཉིད་སྤྱི་ཚོགས་ལས་ཕྱིར་ཕུད་པའི་ཚོར་ བ་སྐྱེ་རུ་འཇུག་པའམ་ཡང་ན་མགོ་རྙོག་ཐེབས་སུ་འཇུག་སྲིད། ང་ཚོས་ང་ཚོའི་མི་རབས་རྗེས་ མ་ཚོའི་ཆེད་དུ་གནད་དོན་འདི་གཙང་སེལ་བྱེད་པའི་རེ་བ་བྱེད་ཀྱི་ཡོད།” བདེ་སྐྱིད་ཀྱི་སློབ་སྦྱོང་གི་མགོ་ལྷ་ས་ནས་བརྩམས་པ་ཡིན་ལ། ཁོ་མོ་རང་ལོ་བཅུ་གཅིག་ ལ་སླེབས་པའི་སྐབས་དེར་སློབ་ཆུང་ནང་ནས་རང་ཉིད་ཀྱི་རྒྱུགས་འབྲས་ཕུལ་དུ་བྱུང་བའི་རྐྱེན་ གྱིས། ཁོ་མོརརྒྱ་ནག་ཞིང་ཆེན་་ཞིས་ཨན་ནས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ། འདི་ལྟར་ ཕྱིན་པ་ཡིན་ན་ཁོ་མོ་རང་ཉིད་ཀྱི་ཁྱིམ་མི་དང་ལོ་ཁ་ཤས་རིང་ལ་ཁ་འབྲལ་དགོས་ ནའང་། སྤུས་ཀ་ལེགས་པའི་སློབ་གསོ་ཞིག་མྱོང་ཐུབ་པའི་གོ་སྐབས་དེ་བློས་གཏོང་བྱེད་ཐབས་ བྲལ། “ང་རང་ཞིས་ཨན་དུ་ཡོད་པའི་སྐབས་དེར་རང་ཉིད་བོད་ཀྱི་རིག་གནས་དང་ཁ་བྲལ་བའི་ ཚོར་སྣང་སྐྱེས།” ཞེས་ཁོ་མོས་གསུངས་དོན། “ངས་རང་ཉིད་རང་ཉིད་ཀྱི་ཁྱིམ་མི་དང་གྲོང་ སྡེའི་ཁྲོད་དུ་ཡོད་སྐབས་ཀྱི་སྤྱི་ཚོགས་ལ་གཏོགས་པའི་ཚོར་སྣང་དེ་ཡང་ཡང་དྲན།” དེ་ལྟ་ནའང་། ལོ་ངོ་བཞིར་ཞིས་ཨན་དུ་བསྡད་པ་དེ་ཁོ་མོར་མཚོན་ན་ཧ་ཅང་གལ་ཆེ་བའི་ དོན་ཞིག་རེད། ཁོ་མོའ ་ི དགེ་རྒན་ཚོའི་ལྷག་བསམ་དག་པའི་རྒྱབ་སྐྱོར་གྱིས་ཁོ་མོར་སློབ་སྦྱོང་ གི་ཐོག་སྔོན་ལས་ལྷག་པའི་སྤྲོ་སྣང་སྐྱེ་རུ་བཅུག་པ་དང་ཆབས་ཅིག ཕ་ཡུལ་དང་ཁྱིམ་མིར་ས་ ཐག་རིང་བའི་དོན་དངོས་འདིས་ཁོ་མོར་རང་ཉིད་ཀྱི་རྒྱབ་ལྗོངས་ཐད་དོ་སྣང་གསར་པ་ཞིག་ སླེབས་སུ་བཅུག ལོ་ངོ་བཞིའི་རྗེས་སུ་ལྷ་སར་ཕྱིར་འབྱོར་རྗེས་བདེ་སྐྱིད་ཀྱི་སེམས་སུ་རང་ རེ་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གནས། ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱས་ཏེ་བོད་ཀྱི་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


བདེ་སྐྱིད་ཉིན་མོའ ་ི སློབ་གྲྭའི་བྱིས་པ་རྣམས་སྦྱང་ཤིང་ཐོག་ཡིག་གཟུགས་སྦྱོང་བ། སློབ་མ་ཞིག་གིས་ཇ་སུབ་མ་བཟོ་སྟངས་སྦྱོང་བཞིན་པ།

ཤུལ་བཞག་རིག་གནས་ལ་མུ་མཐུད་དུ་ཞིབ་འཇུག་བྱེད་ པའི་འདུན་པ་ལྡོག་ཏུ་མེད་པ་སྐྱེས། སྤྱི་ལོ་༡༩༩༧ལོ་ཁོ་མོ་ཝ་ཤིན་ཊོན་མངའ་སྡེའི་ནང་གི་ གྲོང་ཁྱེར་སེའེ་ཋིལ་དུ་ཡོད་པའི་སེའེ་ཋིལ་དབུས་མཐོ་སློབ་ ཏུ་སློབ་ཞུགས་བྱས་པ་དང་། སྤྱི་ལོ་༢༠༠༡ལོར་སློབ་གྲྭ་དེ་ ནས་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་རིག་པའི་ཐོག་ ནས་མཐར་ཕྱིན་གྱི་ཐོབ་ཐང་བླངས། སློབ་མཐར་ཕྱིན་རྗེས་ ཁོ་མོས་ཡུད་ཙམ་རིང་ཡུལ་སྐོར་བློ་འདོན་པའི་བྱ་བ་གཉེར་ ཏེ་ཨ་རིའི་ནང་ནས་འཚོ་བ་སྐྱིད་པོ་རོལ་ནའང་ཕ་ཡུལ་གྱི་ ཁ་ཐག་ཉེ་བའི་སྤྱི་ཚོགས་དང་རིག་གནས་བཅས་མུ་མཐུད་ དུ་དྲན། “ངས་རང་ཉིད་ཀྱི་མདུན་ལམ་དེ་ཚོང་ལས་ཀྱི་ཕྱོགས་ སུ་མགོ་བཙུགས་ཚར་ཡོད་ནའང་། ང་དང་ངའི་ཁྱོ་ག་གཉིས་ ཀྱིས་ཕྲུ་གུ་སྐྱེས་ཏེ་ཁྱིམ་ཚང་ངོ་མ་ཞིག་གི་མགོ་འཛུགས་ རྒྱུའི་ཐག་གཅོད་བྱས་ནས་ཕྲུ་གུའི་གཉོར་སྐྱོང་གནད་དོན་ ཐག་གཅོད་བྱེད་ཐབས་འཚོལ་བཞིན་པའི་སྐབས་དེར། ངས་ རང་ཉིད་ཀྱི་ཤེས་ཡོན་དང་རྒྱབ་ལྗོངས་གཉིས་རང་ཉིད་ཀྱི་བྱ་ བའི་ཆེད་དུ་སྤྱད་ཆོག་པ་གཞི་ནས་རྟོགས། ངས་སྤྱི་ཚོགས་ ཀྱི་ནང་དུ་བདེ་སྐྱིད་ལྡན་པའི་བྱིས་གཉོར་ཁང་གང་མང་ཞིག་ དགོས་པ་མཐོང་བྱུང་ལ། ངས་བདེ་འཇགས་ཡིན་ལ་སློབ་ གསོའ ་ི རང་བཞིན་ལྡན་པའི་བྱིས་གཉོར་ལྟེ་གནས་ཤིག་ འཛུགས་པ་བརྒྱུད་གཞན་ལ་རོགས་རམ་བྱེད་ཐུབ་པའང་ རྟོགས་བྱུང་།” ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

བོད་ཀྱི་ཨ་མ་ཞིག་དང་དགེ་རྒན་ཞིག་ཡིན་པའི་ཆ་ནས། བདེ་སྐྱིད་ཀྱིས་ཨ་རིའི་ནང་དུ་འཚར་ལོངས་བྱུང་དང་འབྱུང་ བཞིན་པའི་ཕྲུ་གུ་ཚོའི་ཁྲོད་དུ་རང་རེ་བོད་མི་རིགས་ཀྱི་སྐད་ ཡིག་དང་ལོ་རྒྱུས། རིག་གནས་བཅས་ཀྱི་ཐད་ཆ་རྒྱུས་ཡོད་ མཁན་ཉུང་བའི་གནད་དོན་ཐད་དོ་སྣང་ཇེ་ཆེ་ནས་ཇེ་ཆེ་བྱུང་ ། སྤྱི་ལོ་༢༠༠༥ལོར་ཁོ་མོས་བདེ་སྐྱིད་བྱིས་གཉོར་ལྟེ་གནས་ བཙུགས་ཏེ། སློབ་སྔོན་བྱིས་པ་དང་ཕྲུ་གུ་ཆུང་ཆུང་རྣམས་ལ་ རང་སྐྱ་ཐུབ་པའི་སྒོ་ནས་འཚར་ལོངས་འབྱུང་བར་སྤོབས་པ་ སྐྱེད་པའི་རྩེད་དགོད་དང་སློབ་གསོའ ་ི རང་བཞིན་ལྡན་པའི་ དྲོ་འཇམ་གྱི་ཁོར་ཡུག་དང་སྣ་མང་བའི་ལས་ཚན་མཁོ་སྤྲོད་ བྱེད་མགོ་བརྩམས་ཡོད། སྤྱི་ལོ་༢༠༠༧ལོར་བོད་རིགས་ བྱིས་པ་ཚོ་རང་ཉིད་ཀྱི་ཤུལ་བཞག་རིག་གནས་ཀྱི་ཁྲོད་དུ་ སིམ་པར་བྱེད་ཆེད་ལྟེ་གནས་འདིས་གཟའ་ཉི་མའི་བོད་ཀྱི་ སྐད་ཡིག་སློབ་གྲྭ་བཙུགས། བདེ་སྐྱིད་ཀྱིས་རིག་གནས་ཀྱི་ འཛིན་གྲྭ་འདི་དག་བཙུགས་ཏེ། བོད་ཀྱི་རིག་གནས་དེ་ལོ་ ཆུང་སློབ་གསོ་དང་བསྡེབས་ནས་འཁྲིད་པ་བརྒྱུད་བོད་པའི་ བྱིས་པ་ཚོར་རང་ཉིད་ཀྱི་རིག་གནས་ཤུལ་བཞག་ལ་དགའ་ ཞེན་སྐྱེད་པའི་རེ་བ་བྱེད་ཀྱི་འདུག “ངས་བལྟས་ན་རྒྱབ་ལྗོངས་རིག་གནས་ཨ་རིའི་རིག་ གནས་མ་ཡིན་པའི་བྱིས་པ་ཚང་མས་རང་ཉིད་ཀྱི་རིག་ གནས་ཤུལ་བཞག་ཐད་སྤོབས་པ་སྐྱེ་རྒྱུ་དམིགས་བསལ་ གལ་ཆེན་རེད་སྙམ། ངས་བལྟས་ན་དེ་ལྟར་བྱས་ན་ད་གཟོད་ ཁོང་ཚོས་རང་ཉིད་ཀྱི་ཕ་མའི་བྱ་བ་སྒྲུབ་སྟངས་མང་བོ་ཞིག་

ཁོང་ཚོའི་གྲོགས་པོ་ཚོའི་ཕ་མའི་བྱ་བ་སྒྲུབ་སྟངས་དང་ཅི་ ལྟར་མི་འདྲ་བ་དང་ཅིའི་ཕྱིར་མི་འདྲ་བ་རྟོགས་ནས། མི་འདྲ་ བའི་ཁྱད་པར་དེ་དག་ངོ་ཚ་ཞིག་ཏུ་མི་བརྩི་བར་དེ་ལས་ལྡོག་ སྟེ་ཁྱད་པར་དེ་དག་ཐད་སྤོབས་པ་སྐྱེ་བར་ཕན་ཐོགས་སྙམ། ངའི་ལྟ་ཚུལ་ཡིན་ན་ བྱིས་པ་ཚོར་རང་ཉིད་ཀྱི་ཤུལ་བཞག་ རིག་གནས་སྐོར་ཁྱིམ་ནས་ཁྱིམ་མིའི་མདུན་ནས་སློབ་པ་ དེའི་སྟེང་དུ་དངོས་གཞིའི་སྒྲིག་རིམ་འོག་ནས་ཀྱང་ཁྲིད་སྟོན་ བྱས་པ་ཡིན་ན་ཕ་མ་ཚོར་མཚོན་ནའང་རྒྱབ་སྐྱོར་གྱི་རྣམ་པ་ བསྟན་པ་རེད་སྙམ།” བྱིས་གཉོར་ཁང་འདི་ཐོག་མར་མགོ་འཛུགས་སྐབས་ འཛིན་གྲྭ་གཅིག་དང་སློབ་མ་བཅུ་གཉིས་མ་གཏོགས་མེད་ ནའང་། དུས་དེ་ནས་བཟུང་ལོ་ངོ་ལྔའི་ནང་དུ་བདེ་སྐྱིད་བྱིས་ གཉོར་ལྟེ་གནས་ཀྱི་འཛིན་གྲྭ་བརྒྱད་ལ་འཕར་སྟེ་སློབ་མ་ བརྒྱད་ཅུ་ལྷག་ལ་བུད་ཡོད་ལ་ད་དུང་མང་བོ་ཞིག་ནང་དུ་ ཞུགས་པར་བང་སྒྲིག་ནས་སྒུག་ཡོད་པ་རེད། བདེ་སྐྱིད་ཀྱིས་ བལྟས་ན་ཁོ་མོའ ་ི བྱིས་གཉོར་ཁང་འདི་འདི་འདྲ་ཞིག་བྲིན་ པའི་རྒྱུ་མཚན་ནི་ནེའུ་ཡོག་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་ སྟོང་ཆ་ཞིག་ལྷག་ཡོད་པ་སྟེ། རིག་གནས་རང་བཞིན་གྱི་སྤྱི་ ཚོགས་དམ་པོ་ཞིག་མ་ཡོད་པའི་རྒྱུ་མཚན་གྱིས་རེད། “བོད་རིགས་ཨ་མ་མང་བོ་ཞིག་གིས་བདག་ལ་ཁོང་ཚོའི་ ཕྲུ་གུ་ཚོའི་ཁྲོད་དུ་རང་ཉིད་ཀྱི་སྐད་ཡིག་དང་རིག་གནས་ བོར་བརླག་ཏུ་འགྲོ་བཞིན་པའི་གནས་ཚུལ་ཐད་དངངས་ ཚབ་དང་སེམས་ཁྲལ་ཡོད་སྐོར་ཤོད་ཀྱི་འདུག བརྙན་འཕྲིན་ ཐོག་དང་གཞུང་གཉེར་སློབ་གྲྭའི་ཁོར་ཡུག་ནས་ཨ་རིའི་རིག་ གནས་ཀྱི་ཤུགས་རྐྱེན་གྱིས་དབང་སྒྱུར་བྱས་ཡོད་པའི་རྐྱེན་ གྱིས་ཁོང་ཚོའི་སེམས་སུ་བོད་ཀྱི་རིག་གནས་ཀྱི་ང་རྒྱལ་ བསྐྲུན་རྒྱུ་ཧ་ཅང་དཀའ། ང་རང་ཉིད་ཀྱིས་ཨ་རིའི་ནང་ཕྲུ་གུ་ གསོ་སྐྱོང་བྱས་པའི་རྐྱེན་གྱིས་སེམས་ཁུར་འདི་དག་ཐད་ང་ རང་གིས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། ངས་རང་ ཉིད་ཀྱི་ཕྲུ་གུ་དང་རང་ཉིད་ཀྱི་གྲོགས་པོ་ཚོའི་ཕྲུ་གུ་ཚོ་ཙམ་ མ་ཡིན་པར་ཡུལ་གྲུ་འདིར་བཞུགས་པའི་ཡུལ་ལུང་གཅིག་ པའི་སྤུན་ཟླ་ཡོངས་ཀྱི་ཕྲུ་གུ་ཚོའི་མི་ཚེར་འགྱུར་བ་གཏོང་ བར་རང་ཉིད་ལ་ཐོན་ཁུངས་ལྡན་པ་ཚོར་བྱུང་།” གཟའ་ཉི་མའི་སློབ་གྲྭའི་འཛིན་གྲྭ་ཁག་གིས་སྲོལ་རྒྱུན་ ཞལ་འདོན་སྐྱོར་བ་དང་ལྷན་དུ་མགོ་རྩོམ་པ་བརྒྱུད་བྱིས་ པ་ཚོར་བོད་ཀྱི་རིག་གནས་དང་སངས་རྒྱས་ཆོས་ལུགས་ གཉིས་ཀྱི་འབྲེལ་བའི་ཕྱོགས་སུ་ཁ་ཕྱོགས་སྟོན་མགོ་རྩོམ་ གྱི་ཡོད། ཆུ་ཚོད་དང་པོ་ནི་སྦྱོང་ཤིང་དང་སམ་ཊ་སྤྱད་དེ་ བོད་ཡིག་འབྲི་ཚུལ་སྦྱོང་བ་ཡིན་ཞིང་། སྦྱོང་ཤིང་དང་སམ་ ཊ་ནི་དེང་སང་གི་ནག་པང་དང་མཚུངས་པའི་སྲོལ་རྒྱུན་བོད་ ཡིག་འབྲི་བྱེད་ཀྱི་ཡོ་བྱད་གཉིས་ཡིན། དེའི་རྗེས་ཀྱི་ཆུ་ཚོད་ གཅིག་གི་རིང་ཕྲུ་གུ་ཚོས་བོད་ཡིག་ཐ་སྙད་ཀྱི་ཀློག་འདོན་ ཐད་བྱང་ཆུབ་པར་སྦྱོང་བརྡར་བྱེད་བཅུག་ནས་ཁོང་ཚོར་ རང་ཉིད་ཀྱི་ཕ་སྐད་དག་མོ་ཤོད་པར་སྐུལ་འདེད་གཏོང་གི་ ཡོད། ཉིན་འདིའི་ལེ་ཚན་ཆེས་མཐའ་མ་ནི་སྣ་འཛོམས་རང་ བཞིན་ཡིན་ཞིང་འདིའི་སྟེང་དུ་ཕྲུ་གུ་ཚོར་ལག་ཤེས་དང་ རོལ་དབྱངས། ཞབས་བྲོ་དང་ཟློས་གར་སོགས་བོད་ཀྱི་རིག་


གནས་སྒྱུ་རྩལ་ངོ་སྤྲོད་གནང་གི་ཡོད། ལྟེ་གནས་འདིས་ཕ་མ་ ཚོ་ལའང་ཞབས་ཞུ་སྣེ་མང་སྒྲུབ་ཀྱི་ཡོད། སྤྱི་ལོ་༢༠༠༩ལོར་བདེ་སྐྱིད་བྱིས་གཉོར་ལྟེ་གནས་ཀྱིས་ གཟའ་ཉི་མའི་སློབ་གྲྭའི་སློབ་ཚན་ རྒྱ་བསྐྱེད་དེ་བོད་ཀྱི་ དབྱར་སྒར་ཞེས་པ་བཙུགས། སློབ་མ་ཚོར་བོད་ཀྱི་ཡུལ་ སྲོལ་གོམས་གཤིས་ཐད་དོ་སྣང་དང་རྒྱུས་ལོན་བྱེད་དུ་ འཇུག་ཆེད་ཁོང་ཚོར་བྱེད་སྒོ་སྣ་མང་བཀོད་སྒྲིག་བྱེད་ཀྱི་ ཡོད་ལ། གཟའ་ཉི་མའི་སློབ་གྲྭ་དང་འདྲ་མཚུངས་ཀྱི་ལས་ ཚན་ཁག་གི་ནང་དུ་སྐད་ཡིག་སློབ་སྦྱོང་འདུས་ཡོད་ལ་འདི་ ལྟ་བུའི་སྐབས་སུ་འཛིན་གྲྭ་རྣམས་ལོ་ཚོད་ལ་མ་བལྟས་པར་ ཤེས་ཚོད་ལ་དཔགས་ཏེ་རུ་ཁག་ཏུ་བགོད་ཀྱི་ཡོད། རིག་

གནས་ཀྱི་གོམས་གཤིས་དང་སྒྱུ་རྩལ་ཐད་ཤུགས་སྣོན་རྒྱག་ གི་ཡོད་ལ་འདི་དག་གི་སྐབས་སུ་ཕྲུ་གུ་ཚོར་ཡིག་གཟུགས་ སྦྱོང་བརྡར་བྱེད་འཇུག་པ་དང་བོད་ཇ་བཟོ་བའི་བརྒྱུད་རིམ་ དང་སངས་རྒྱས་ཆོས་ལུགས་ལས་བྱམས་སྙིང་རྗེ་དང་ ནང་སེམས་ཀྱི་ཞི་བདེའི་སྐོར་བཅས་ལ་སློབ་སྦྱོང་བྱེད་དུ་ འཇུག་གི་ཡོད། ཁོང་ཚོའི་རིག་གནས་རང་བཞིན་གྱི་སྒྲུང་ གཏམ་ཤོད་པའི་ནུས་པ་མཐོར་འདེགས་གཏོང་ཆེད་བོད་ཀྱི་ དམངས་སྒྲུང་དང་ལོ་རྒྱུས་རྣམས་གཏམ་བརྗོད་ཟློས་གར་ ཚུལ་གྱིས་འཁྲབ་སྟོན་བྱེད་ཀྱི་ཡོད། བྱིས་པ་འདི་ཚོ་ལ་རྩེ་དཔེ་མཛོད་ཁང་གི་ཅོག་ཙེ་ཁག་གི་ མཐའ་སྐོར་དུ་བསྡད་དེ་བྲེས་ཤོག་དང་སྦྱོར་སྤྱིན་སྤྱད་དེ་ཕོ་

རོག་དང་སྦལ་བ་བཟོས། ངོས་གཉིས་སྲོག་ཆགས་འདི་བོད་ ཀྱི་དམངས་སྒྲུང་ཤོད་པའི་འཕེལ་རིམ་དང་འབྲེལ་ནས་ཁོང་ ཚོའི་བཟོ་མཁན་གྱི་ལག་ནང་ནས་འཕུར་བ་དང་མཆོངས་པ་ སོགས་ཀྱི་འགུལ་སྐྱོད་རྒྱག འདི་དང་འདི་མཚུངས་ཀྱི་བྱེད་ སྒོ་ཁག་གིས་རིགས་ལམ་རང་བཞིན་དང་རིག་གནས་རང་ བཞིན་གྱི་སློབ་སྦྱོང་བྱེད་ཐབས་མཉམ་ བསྲེས་བྱེད་པར་ མཐུན་རྐྱེན་བསྐྲུན་ནས་དེང་རབས་ཁྲིད་ཐབས་དེ་ཐུན་མིན་ ཤུལ་བཞག་རིག་གནས་དང་ལྷན་སྡེབ་བྱེད་ཀྱི་ཡོད། “ཀུན་ཕན་ཐེབས་རྩ་ཚོགས་པ་རུ་ང་ཚོའི་བྱིས་པ་ཚོས་ དཔེ་དེབ་བཟུང་སྟེ་ཀློག་འདོན་བྱེད་ཐུབ་པ་དང་མཛེས་རྩལ་ སྣ་ཚོགས་བཟོ་ཐུབ་པ། འབྲེལ་འདྲིས་སྒོས་སློབ་སྦྱོང་བྱེད་ པའི་ཉམས་མྱོང་ལེན་ཐུབ་པ་བཅས་འབྱུང་གི་ཡོད། བོད་ ཀྱི་སྐད་ཡིག་ལས་ཚན་ནང་གི་སློབ་མ་ཙམ་མ་ཡིན་པར་ང་ ཚོའི་སློབ་མ་ཡོངས་རྫོགས་ཀྱིས་བོད་ཀྱི་སྐོར་སློབ་ཐུབ་ཀྱི་ ཡོད་ལ་ང་ཚོའི་རིག་གནས་ཀྱི་ཤེས་བྱ་རྣམས་ཕན་ཚུན་ལ་ སྤེལ་རེས་བྱེད་ཐུབ་ཀྱི་ཡོད།” ཞེས་བདེ་སྐྱིད་ཀྱིས་རིག་ གནས་ཀྱི་ཐོག་ནས་ཁ་ཕྱོགས་ལྡན་པའི་སློབ་གསོའ ་ི ལས་ ཚན་འདི་ལས་ཕན་ཁེ་ལེན་ཐུབ་པའི་བྱིས་པ་འདི་ཚོའི་མ་ འོངས་མདུན་ལམ་འོད་སྟོང་གིས་ཁེངས་པར་རེ་སྨོན་བྱེད་ཀྱི་ འདུག “ངའི་སེམས་ལ་ནམ་ཡང་དྲན་རྒྱུ་ནི། གལ་སྲིད་བྱིས་ པ་འདི་ཚོ་བོད་པ་ཡིན་པར་སྤོབས་པ་སྐྱེད་པ་དང་སྤྱི་ཚོགས་ དང་སྤྱི་ཚོགས་ལ་གཏོགས་པའི་ཚོར་སྣང་ཡོད་པ་བཅས་ ཀྱི་སྒོ་ནས་སྐྱེད་བསྲིང་བྱེད་ཐུབ་པ་ཡིན་ན། མ་འོངས་པར་ ཁོང་ཚོ་འཛམ་བུ་གླིང་གི་མི་སེར་འབྱོར་ཕྱུག་ཅན་དུ་འགྱུར་ ཐུབ་རྒྱུ་རེད།”

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

11


དཔེ་མཛོད་ཁང་གི་ནང་དུ། ལྟག་མཚེར་རིན་པོ་ཆེའི་ གསོག་ཉར་ཕྱོགས་བསྒྲིགས།

མི་ཞིག་གི་མི་ཚེ་ནི་རྙོག་འཛིང་ལྡན་པ་ཞིག་རེད། ང་ཚོས་ མི་ཞིག་གསོན་པོར་ཡོད་པའི་སྐབས་སུ་ངོ་ཤེས་སྐབས། སེམས་སུ་ཁོང་ཚོའི་རྒྱུས་ཡོངས་སུ་ལོན་ཡོད་སྙམ་གྱི་ཡོད་ ། འོན་ཀྱང་། ཁོང་ཚོ་འདས་ཚེ་ཤུལ་དུ་ཅི་ཞིག་བཞག་པར་ང་ ཚོས་འཁྱུག་ལྟ་ཙམ་བྱེད་སྐབས་ང་ཚོས་རང་ཉིད་ལ་ཆ་རྒྱུས་ རྩ་བ་ནས་མེད་པའི་མི་ཞིག་མཐོང་ཡོང་སྲིད། སྤྱི་ལོ་༢༠༠༨ལོར། ལྟག་མཚེར་རིན་པོ་ཆེ་སྐུ་གཤེགས་ རྗེས་ཁོང་གི་ཤུལ་ལུས་བཟའ་ཟླས། རིན་པོ་ཆེའི་སྐུ་སྒེར་ དང་ཁོང་གི་ཆེད་ལས་ཐོག་གི་ཡིག་རིགས་དང་ཡིག་ཚགས་ ཚང་མ་བོར་བརླག་ཏུ་མི་འགྲོ་བར་མཉམ་དུ་གནས་ཆེད་དང་ ། གཅེས་ནོར་འདི་དག་བོད་ཀྱི་སྤྱི་ཚོགས་དང་བོད་རིག་པའི་ མཁས་པ་ཚོས་མཉམ་སྤྱོད་བྱེད་ཐུབ་ཆེད། ལ་རྩེ་དཔེ་མཛོད་ ཁང་ལ་ཞལ་འདེབས་སུ་ཕུལ། གསོག་ཉར་བྱས་པའི་ཅ་ དངོས་འདི་དག་གིས། ཀུན་གྱིས་བརྩི་བཀུར་བྱེད་སའི་བོད་ ཀྱི་རིག་གནས་སྲུང་སྐྱོབ་མཁན་ཞིག་དང་སློབ་དཔོན་ཞིག ཁྱོ་ག་ཞིག་དང་ཨ་ཕ་ཞིག་གི་མི་ཚེ་བཀྲག་མདངས་དང་ལྡན་ པར་བྱས་ཡོད་པ་མ་ཟད། དེས་དེང་རབས་འཇིག་རྟེན་ནང་དུ་ བོད་རིགས་ཤིག་ཏུ་སྐྱེས་ན་མྱོང་ཚོར་ཅི་ཡོད་པའི་ཐད་གོ་བ་ ཟབ་མོ་ལོན་ཏུ་བཅུག་ཡོད། ལྟག་མཚེར་རིན་པོ་ཁོང་ཉིད་སྐུ་ཚེ་ཧྲིལ་བོར་བོད་ཀྱི་ དེང་རབས་ལོ་རྒྱུས་ཁྲོད་དུ་མི་སྣ་ཆེས་གལ་ཆེན་དང་ཆེས་ རྙོག་འཛིང་ཅན་ཞིག་ཏུ་གནས་ཡོད། མཚན་ལ་ཐུབ་བསྟན་ འཇིགས་མེད་ནོར་བུ་གསོལ་བའི་དམ་པ་ཁོང་ཉིད། སྤྱི་ལོ་ ༡༩༢༢ལོར་བོད་ཡུལ་མཐོ་སྒང་གི་ཤར་མཐའི་ཞིང་པའི་ཁྱིམ་ ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་། ཁོང་དགུང་ལོ་གསུམ་ལ་ལོན་ པའི་བྱིས་པ་ཞིག་ཡིན་དུས་ལྟག་མཚེར་རིན་པོ་ཞེས་པའི་ས་ གནས་བླ་མ་མཐོན་པོ་ཞིག་གི་སྤྲུལ་སྐུར་ངོས་འཛིན་གནང་། ལོ་ངོ་བཅུ་གཉིས་ཀྱི་རྗེས་སུ། ཁོང་གི་ནུ་བོ་ལྷ་མོ་དོན་གྲུབ་ཏཱ་ ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་སྤྲུལ་སྐུར་ངོས་འཛིན་གནང་། ལྟག་མཚེར་རིན་པོ་ཆེ་ཁོང་སྐུ་འབུམ་དགོན་པའི་ཁྲི་པར་ བཞུགས་རྗེས་སྤྱི་ལོ་༡༩༥༠ལོར་རྒྱ་གར་འཕགས་པའི་ཡུལ་ དུ་ཕེབས། ཁོང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ འཇར་པན་དུ་བཅའ་སྡོད་སྐུ་ཚབ་ཀྱི་འགན་འཁུར་ཞིང་། དེ་ རྗེས་ཁོང་ཉིད་བྱང་ཨ་མེ་རི་ཁར་ཕེབས་ཏེ་ཨིན་ཌི་ཡ་ནཱ་སློབ་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

གྲྭ་ཆེན་མོ་རུ་བོད་རིག་པའི་སློབ་ཁྲིད་གནང་མགོ་བརྩམས། སྤྱི་ལོ་༡༩༧༩ལོར། ལྟག་མཚེར་རིན་པོ་ཆེས་བོད་ཀྱི་རིག་ གནས་ཤུལ་བཞག་སྲུང་སྐྱོབ་དང་གཞན་ལ་བོད་རིག་པ་ སློབ་པར་སྐུལ་སློང་བྱེད་ཆེད་ཨིན་ཌི་ཡ་ནཱ་རུ་བོད་ཀྱི་རིག་ གནས་ལྟེ་གནས་བཙུགས། ཁོང་གིས་<<བོད་ནི་ང་ཡི་ ལུང་པ་ཡིན།>>ཞེས་རང་ཉིད་བོད་ནང་དུ་ཡོད་སྐབས་ཀྱི་ མི་ཚེ་དང་ཉམས་མྱོང་སྐོར་གྱི་རང་རྣམ་ཚུད་པའི་དཔེ་དེབ་ མང་བོ་བརྩམས་གནང་མཛད་ཡོད། སྒམ་དྲུག་ཅུ་ཐམ་པའི་ཁ་བཀང་བའི་རྒྱུ་ཆ་འདི་དག་ནང་ གི་དཔེ་དེབ་དང་འདྲ་པར། ཆེད་རྩོམ་དང་དྲན་རྟེན་བཅས་ སུ་ལྟག་མཚེར་རིན་པོ་ཆེའི་སྐུ་ཚེའི་མཛད་པ་གསལ་བོར་ མངོན་ལ། ཧ་ཅང་ཞིབ་མོས་གཏགས་པའི་འཆད་ཁྲིད་ཟིན་ བྲིས་ཁག་གིས་ཁོང་གི་ཞིབ་ཚགས་ཀྱི་རང་བཞིན་དེ་བསྟན་ ཡོད། བོད་ཀྱི་མཛེས་རྩལ་དཔེ་དེབ་ཀྱི་མ་ཕྱིའི་བཤུས་སྒྲིག་ ལས་ཁོང་ནི་བོད་ཀྱི་མཛེས་པའི་སྒྱུ་རྩལ་ཐད་མཁྱེན་རྒྱ་ཆེ་བ་ མཐོང་ཐུབ་ལ། ཁྱིམ་མིའི་གཞུང་འབྲེལ་འདྲ་རིས་དང་གློག་ བརྙན་འཁྲབ་སྟོན་པ་གྲགས་ཅན་གྱིས་མིང་རྟགས་བཀོད་ པའི་འདྲ་པར། དེ་བཞིན་ཁྱིམ་མིའི་སྙིང་ཉེ་བའི་གསོས་ཕྲུག་ སེམས་ཅན་བཅས་ཀྱི་འདྲ་པར་སྣ་ཚོགས་ཀྱིས་གང་བའི་ པར་མཛོད་ཀྱིས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ ཚོགས་ལྡན་པའི་ཁོང་གི་སྐུ་ཚེ་ལ་འཁྱུག་ལྟ་ཞིག་བྱེད་པའི་ སྐལ་བཟང་སྦྱིན། གཞུང་འབྲེལ་རྒྱུ་ཆ་ཁག་དང་སྒེར་གྱི་དྲན་ རྟེན་ཅ་ལག་སོགས་ཕན་ཚུན་འདྲེས་ཡོད་པའི་དོན་དངོས་ འདིས་ཁྱད་དུ་འཕགས་པའི་མི་འདི་དང་ཁོང་གི་མཛད་པའི་ སྣང་བརྙན་དེ་ཁ་དོག་སྣ་ཚོགས་ལྡན་པ་ཞིག་ཏུ་བསྐྲུན་འདུག ལྟག་མཚེར་རིན་པོ་ཆེའི་ཤུལ་བཞག་ལས་ཐུན་མིན་གྱི་ གཅེས་ནོར་འགའ་རེ་ཡང་གསོག་ཉར་གྱི་ནང་འདུས་འདུག དེའི་ནང་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ངོས་མི་ ཟིན་པའི་ནུབ་ཕྱོགས་པ་ཞིག་ལ་བསྐུར་བའི་ཕྱག་བྲིས་ཤིག་ འདུག ཕྱག་འཕྲིན་འདི་སྤྱི་ལོ་༡༩༣༣ལོར་ཏཱ་ལའི་བླ་མ་སྐུ་ ཕྲེང་བཅུ་གསུམ་པ་དགོངས་པ་མ་རྫོགས་གོང་གི་ཉིན་ཤས་ ཀྱི་སྔོན་དུ་བྲིས་པ་ཡིན་འདུག་ལ་བསྐུར་ཡུལ་ནི་ཁོང་གི་ དངོས་མིང་མ་སྤྱད་པའི་གྲོགས་པོ་ཞིག་རེད། གཞུང་འབྲེལ་ འཕྲིན་ཡིག་ཁག་གི་ནང་དུ་ལྷ་སའི་སྲིད་གཞུང་གིས་པཎ་

ཆེན་རིན་པོ་ཆེའི་གདན་ས་གཙང་བཀྲ་ཤིས་ལྷུན་པོར་བཏང་ བའི་བཀའ་ཤོག་ཅིག་དང་བོད་ཀྱི་གྲོང་ཁྱེར་གཉིས་པ་གཞིས་ རྩེའི་སྤྱི་ཁྱབ་ལ་བཏང་བའི་བཀའ་ཤོག་བཅས་འདུག སྤྱི་ལོ་ ༡༩༥༡ལོར་བཏང་བའི་བཀའ་ཤོག་དེ་བོད་ཞི་བས་བཅིངས་ གྲོལ་གཏོང་ཐབས་ཀྱི་གྲོས་མཐུན་དོན་ཚན་བཅུ་བདུན་དང་ འབྲེལ་བ་འདུག དེ་དག་གི་ཁྲོད་དུ་བོད་ཀྱི་ཆེས་ཐོག་མའི་ བྱིས་སྒྲུང་གི་དཔེ་དེབ་ཚུད་པའི་རིག་གནས་ཀྱི་རྒྱུ་ཆ་རིན་ ཐང་ལྡན་པའང་འདུག བྱིས་སྒྲུང་དེ་སྤྱི་ལོ་༡༩༢༢ལོར་དཔར་ སྐྲུན་བྱས་པ་ཡིན་འདུག་ལ། དཔེ་དེབ་འདི་ལྟག་མཚེར་རིན་ པོ་སྐུ་ཉིད་བྱིས་པ་ཡིན་དུས་ཀྱི་དཔེ་དེབ་ཡིན་རྒྱུ་རེད། དེ་ དག་གི་ཁྲོད་དུ་ལྟག་མཚེར་རིན་པོ་ཆེས་གསོག་ཉར་བྱས་ པའི་གསུང་རབ་དཔེ་ཆ་གླེགས་བམ་༦༠ལྷག་འདུག རིན་ཐང་བྲལ་བའི་རིག་གནས་ཀྱི་རྒྱུ་ཆ་འདི་དག་སྲུང་ སྐྱོབ་དང་བརྒྱུད་སྤེལ། གསོག་ཉར་བཅས་གྲ་རྒྱས་ཡོང་ཆེད་ ལ་རྩེ་དཔེ་མཛོད་ཁང་གིས་གསོག་ཉར་ཕྱོགས་བསྒྲིགས་ འདི་གྲངས་འཕྲུལ་གྱི་དཔར་གཞིར་སྒྱུར་བཞིན་ཡོད། ད་ སྔ་བར་དུ་ལྟག་མཚེར་རིན་པོ་ཆེའི་གསོག་ཉར་ཕྱོགས་ བསྒྲིགས་ལས་འདྲ་པར་༤༠༠༠དང་གཤོམ་སྟོན་ཤོག་ལྡེབ་ ༣༠༠༠ལྷག་བཅས་གློག་རྡུལ་དཔར་གཞིའི་ནང་དུ་ཕབ་ཡོད་ ལ། མིག་སྔར་ལ་རྩེ་དཔེ་མཛོད་ཁང་གིས་རིན་པོ་ཆེའི་སྐུ་ སྒེར་གྱི་ཡིག་ཚགས་རིགས་དང་མ་ཟིན་རིགས་གློག་འཕྲུལ་ དཔར་བཤུ་བྱས་ཏེ་གྲངས་འཕྲུལ་གྱི་སྒོ་ནས་འདྲ་པར་སྤྱིན་ ཤོག་ཏུ་ཕབ་བཞིན་ཡོད། འདི་ལྟ་བུའི་མི་སྣ་གལ་ཆེན་ཞིག་གི་གསོག་ཉར་ཕྱོགས་ བསྒྲིགས་ཤིག་ཉར་ཚགས་བྱེད་རྒྱུ་བྱུང་བར་ང་ཚོའི་སེམས་ པ་དགའ་སྤོབས་ཀྱིས་ཁེངས་ཡོད་ལ། རིན་ཐང་བྲལ་བའི་ ཕྱོགས་བསྒྲིགས་འདིའི་ནང་དོན་རྣམས་མི་འགྱངས་པར་མི་ དམངས་དང་བོད་ཀྱི་སྤྱི་ཚོག���་ཀྱིས་ལོངས་སུ་སྤྱོད་ཐུབ་ པའི་རེ་བ་རྒྱག་གི་ཡོད།


ཚེག་བར་གྱི་སྒྲིག་གཞི་སྒྱུར་བ།

འདས་པའི་ལོ་ངོ་ཁ་ཤས་ཀྱི་ནང་དུ། ལོ་ངོ་བཅུ་ཕྲག་འགའི་རིང་ལ་འཁོར་སྐྱོད་བྱས་པའི་བོད་ཡིག་གི་འབྲི་སྟངས་ཐད་ལ་སྒྱུར་བཅོས་བྱེད་ དགོས་པའི་བསམ་ཚུལ་དེ་བོད་ཀྱི་ཤེས་ལྡན་པའི་ཁྲོད་དུ་ཤུགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། སྒྱུར་བཅོས་བྱེད་པའི་བསམ་ཚུལ་ འདོན་མཁན་ཚོས་ལོ་ངོ་༡༤༠༠ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཡིག་གི་ཚེག་བར་སྒྲིག་གཞི་རྩ་གཏོར་བྱས་ནས་བོད་ཡིག་གི་མིང་ཚིག་ གི་བར་དུ་བར་སྟོང་འཇོག་དགོས་པའི་བསམ་ཚུལ་འདོན་གྱི་ཡོད། སྒྱུར་བཅོས་པ་ཚོའི་ཟེར་སྟངས་ཡིན་ན། མིང་ཚིག་གི་བར་དུ་བར་སྟོང་ བཞག་པ་ཡིན་ན་བོད་ཡིག་ཀློག་སྟངས་སྟབས་བདེ་ཆེན་པོ་འབྱུང་བ་མ་ཟད། བོད་ཡིག་དེ་གྲངས་ཀའི་ལག་རྩལ་གྱི་ཐོག་ཏུ་ཧ་ཅང་རྒྱུགས་ བདེ་བོ་ཆགས་རྒྱུ་ཡིན་ལ། དེ་ལྟར་བྱུང་བ་ཡིན་ན་མི་རབས་གསར་པའི་ཁྲོད་དུ་བོད་ཡིག་སྦྱོང་བའི་སྤྲོ་བ་ཇེ་ཆེར་འགྲོ་རྒྱུ་རེད་ཟེར། འོན་ཀྱང་ ། སྒྱུར་བཅོས་ལ་ངོ་རྒོལ་བྱེད་མཁན་ཚོས་ཟེར་ན། གཅིག་ནས་འདི་ལྟ་བུའི་སྒྱུར་བཅོས་ཤིག་དགོས་དོན་མེད་ལ། གཉིས་ནས་འདི་ལྟ་བུའི་ ཐོད་བརྒལ་གྱི་འགྱུར་བཅོས་ཀྱིས་བོད་ཀྱི་རིག་གནས་ཀྱི་ཁང་བཟང་འདེགས་བྱེད་ཀྱི་ཀ་བ་ལྟ་བུ་འདིར་གནོད་སྐྱོན་གཏོང་བར་སེམས་ཁྲལ་ འདུག་ཟེར། སྤྱི་ཟླ་༧ཚེས་༡༠ཉིན། བོད་ཡིག་འབྲི་སྟངས་ཐད་བཅོས་སྒྱུར་གཏོང་དགོས་པའི་བསམ་ཚུལ་ཐད་རྒྱབ་སྐྱོར་དང་ངོ་རྒོལ་ཅི་ཡོད་འཚོལ་ མྱུལ་བྱ་ཆེད། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གིས་ཁ་བྱང་དུ་“ཚེག་བར་གྱི་སྒྲིག་གཞི་གཏོར་བ། བོད་ཡིག་འབྲི་ སྟངས་ཐད་ཀྱི་བསམ་ཚུལ་གསར་པར་ཞིབ་དཔྱོད།” ཅེས་པའི་བགྲོ་གླེང་ཚོགས་འདུ་བསྡུས།

སྤྱི་ལོའ ་ི དུས་རབས་༧པའི་ནང་དུ། བོད་རྒྱལ་སྲོང་ བཙན་སྒམ་པོས་བློན་པོ་བདུན་རྒྱ་གར་དུ་མངགས་པ་དང་ ། དེར་ཁོང་ཚོས་སམ་སྐྲི་ཏའི་སྐད་ཡིག་དང་པྲ་ཀི་ཏིའི་སྐད་ ཡིག་འབྲི་བར་སྤྱོད་པའི་ཟམ་ཟེའི་ཡི་གེ་དང་གུཔ་ཏའི་ཡི་གེ་ སྦྱངས། ཡི་གེའི་གཞུང་ལུགས་འདི་གཉིས་ཀྱི་ཤུགས་རྐྱེན་ འོག་འཕྲུལ་བློན་ཐོན་མི་སམ་བྷོ་ཊས་ཀ་ཤི་མིར་གྱི་རི་བོའི་ ཁྲོད་ནས་བོད་ཡིག་གི་ཡིག་གཟུགས་གསར་དུ་བཟོས་པར་ གྲགས། ལོ་ངོ་བཅུ་ཕྲག་གཉིས་མ་ཟིན་ཙམ་གྱི་ནང་དུ། ཁོང་ གིས་གསར་དུ་གཏོད་པའི་གཞུང་ལུགས་འདི་ནུབ་པཱ་ཀི་སི་ ཋན་གྱི་བྷལ་ཏི་སི་ཋན་ནས་བོད་ཡུལ་མཐོ་སྒང་གི་ཤར་སྣེ་ བར་དུ་ལག་ལེན་བྱས་ཏེ་དར་སྤེལ་བྱུང་ཡོད། སྐད་ཡིག་གཞན་པ་མང་བོ་ཞིག་དང་མི་འདྲ་བར་བོད་ ཡིག་གི་ནང་དུ་དུམ་མཚམས་ཚང་མ་ཚིག་ཕྲེང་མ་བཅད་

པར་འབྲི་ལ། སྒྲ་ཚིགས་ཀྱི་བར་དབྱིན་ཡིག་སོགས་ཀྱི་ནང་ གི་གོང་ཚེག་དང་འདྲ་བའི་ཚེག་ཅེས་པ་ཞིག་གིས་གཅོད་ཀྱི་ ཡོད། འགའ་རེས་བལྟས་ན་བོད་ཡིག་འབྲི་ཐབས་ཀྱི་ཐུན་ མིན་གྲུབ་ཆ་འདི་ནི། སྤྱིར་བོད་པ་ཡོངས་དང་ལྷག་པར་དུ་ བོད་པའི་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་ཡིག་བེད་སྤྱོད་གཏོང་ རྒྱུ་ཇེ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་སྙམ་གྱི་ ཡོད། ཤེས་ལྡན་པ་ཚོས་ཚོད་དཔག་བྱས་པ་ཡིན་ན། ཚིག་ ཕྲེང་རིང་དྲགས་པ་དང་མིང་ཚིག་ཕན་ཚུན་མ་འདྲེས་པར་ ངོས་འཛིན་བྱེད་མི་བདེ་བ་སོགས་ཀྱིས་ཡི་གེའི་དོན་རྟོགས་ པར་བཀག་རྒྱ་ཐེབས་ཀྱི་ཡོད་ལ། གནད་དོན་དེས་མི་ཚོར་ བོད་ཡིག་ཀློག་པ་དང་འབྲི་བར་སུན་སྣང་སྐྱེ་རུ་འཇུག་གི་ ཡོད་ཟེར། བོད་ཡིག་དྲ་ཐོག་གླེང་སྟེགས་ཁ་བརྡ་ཞེས་པའི་ ཟིན་བྲིས་ཀྱི་རྩོམ་སྒྲིག་པ་རིག་འབྱུང་དོན་འགྲུབ་བཀྲ་ཤིས་

ཀྱིས། བོད་རིགས་གཞོན་སྐྱེས་ཚོའི་སུན་སྣང་འབྱུང་རྐྱེན་ངོ་ སྤྲོད་གནང་དོན། “བོད་པ་ཚོས་ཚིག་ཕྲེང་གཅིག་གིས་ཤོག་ ངོས་གཅིག་ཁེབས་པར་བྱེད་པའི་ཚིག་གྲུབ་ཀྱང་འབྲི་སྲིད་ ལ། གལ་སྲིད་དེ་ལྟར་ན། དེའི་གོ་བ་ཇི་ལྟར་ལོན་སྲིད་དམ།” གཏམ་བཤད་མཁན་རེ་རེས་གནད་དོན་སེལ་ཆེད་སྒྱུར་ བཅོས་ཐད་རང་ཉིད་ཀྱི་བསམ་ཚུལ་བཏོན། བསྟན་འཛིན་ བདེ་སྐྱིད་ནི་གྲོང་ཁྱེར་ནེའུ་ཡོག་ཏུ་བཅའ་སྡོད་བྱས་པའི་ཟིན་ བྲིས་པ་གྲགས་ཅན་ཞིག་ཡིན་ལ། ཁོ་མོའ ་ི བསམ་ཚུལ་ནི་ བོད་ཡིག་གི་མིང་ཚིག་རེ་རེའི་བར་དུ་བར་སྟོང་གིས་བཅད་ དེ་ཚིག་ཕྲེང་གི་རྒྱུན་ཐག་གཏོར་བར་བྱེད་རྒྱུ་དེ་རེད། ཁོ་ མོས་བཤད་རྒྱུར། “མིང་ཚིག་གི་བར་དུ་བར་སྟོང་གིས་ བཅད་པ་ཡིན་ན། ཁྱེད་ཀྱིས་ཡི་གེ་ཀློག་སྐབས་དེ་མ་ཐག་ ཏུ་མིང་ཚིག་རེ་རེ་ངོས་ཟིན་པ་ཡིན་པས་ཡི་གེའི་གོ་བ་ལོན་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

13


ཚད་ཏན་ཏན་མཐོ་རུ་འགྲོ་ངེས་ཏེ། རྒྱུ་མཚན་ནི་དེ་ལྟར་ན་ཡི་ གེའི་ཁ་ཇེ་གསལ་དང་རྙོག་འཛིང་ཇེ་ཉུང་དུ་ཕྱིན་པ་རེད།” ཁོ་མོས་བཤད་ན། སྐད་བརྡ་རིག་པ་བ་ཚོས་ཞིབ་འཇུག་ འདྲ་མིན་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། བར་ སྟོང་མེད་པའི་འབྲི་སྟངས་ནི་བར་སྟོང་ཡོད་པའི་འབྲི་སྟངས་ དང་བསྡུར་ན་མི་ཚོས་བསྐྱུར་སྲིད་པའི་ཉེན་ཁའི་ཚད་མཐོ་ ཟེར། ཁོ་མོས་དབྱིན་ཡིག་རྙིང་མ་དཔེ་མཚོན་དུ་དྲངས་ཤིང་ ། དབྱིན་ཡིག་རྙིང་མའི་ནང་དུ་དུས་རབས་༡༢པར་མ་སླེབས་ བར་དུ་ཚིག་བར་དུ་བར་སྟོང་འཇོག་གི་མེད་ལ། རྗེས་སོར་ ཚིག་བར་དུ་བར་སྟོང་བཞག་པའི་དབང་གིས་དབྱིན་ཡིག་ འབྲི་སྟངས་དང་ཀློག་སྟངས། མཐའ་ན་ཀློག་པ་བོས་རང་ ཉིད་ཀྱི་སྐད་ཡིག་གི་ཐོག་ཏུ་བཟུང་བའི་ལྟ་ཚུལ་ཚུན་ཆད་ ལ་འགྱུར་བ་ཐེབས་ཏེ། སྐད་ཡིག་གི་ནང་དུ་ཟིང་ཆ་ཆེན་པོ་ བསླངས། སྒྱུར་བཅོས་འདི་བཏང་ཚུན་ནས་མིང་ཚིག་དེ་རིམ་ བཞིན་གོ་དོན་གྱི་རྨང་གཞིའི་གྲུབ་ཆ་ཞིག་ཏུ་གྱུར། འདས་པའི་ལོ་ངོ་ལྔ་བཅུའི་ནང་དུ། གྲངས་ཀའི་ལག་རྩལ་ གཙོ་ཆེ་བ་ཚང་མ་མིང་ཚིག་བར་སྟོང་གིས་བཅད་པའི་ཡིག་ རིགས་སྤྱོད་མཁན་གྱིས་ཐོན་སྐྱེད་བྱས་ཡོད་ལ། དེ་ལྟར་ན་ བོད་ཡིག་གི་མིང་ཚིག་བར་སྟོང་གིས་བཅད་པ་ཡིན་ན་བོད་ ཡིག་དེ་རྩིས་འཕྲུལ་དུ་སྤྱོད་བདེ་བར་འགྱུར་རྒྱུ་རེད། བསྟན་ འཛིན་བདེ་སྐྱིད་ཀྱིས་ཟེར་ན། “མིང་ཚིག་རྣམས་བར་སྟོང་ གིས་བཅད་པ་ཡིན་ན། རྩིས་འཕྲུལ་གྱིས་མིང་ཚིག་རྣམས་ ངོས་ཟིན་རྒྱུ་ཡིན་ལ། གལ་སྲིད་དེ་ལྟར་བྱུང་བ་ཡིན་ན། མ་ འོངས་པར་བོད་རིགས་རྣམ་དཔྱོད་ཅན་ཚོས་མིང་ཚིག་ཞུ་ དག་དང་གྲངས་བགྲང་གི་ཡོ་ཆས་བཟོ་བར་སྟབས་བདེ་ འབྱུང་ངེས།” ཁོ་མོའ ་ི ལྟ་ཚུལ་ཡིན་ན་མིང་ཚིག་བར་སྟོང་ གིས་བཅད་པ་ཡིན་ན་དེས་བོད་ཡིག་གི་ནང་དུ་སློབ་གསོ་ སྤྲོད་པར་མཐུན་རྐྱེན་བསྐྲུན་ངེས། “དེ་ལྟར་ན་བོད་པ་ཚོས་ བོད་ཡིག་གི་དཔལ་འབྱོར་རིག་པའི་སློབ་དེབ་བམ་ཡང་ན་ བོད་ཡིག་གི་རྫས་འགྱུར་རིག་པའི་སློབ་དེབ་ཀློག་ཐུབ་ངེས། དེ་ལྟར་བྱུང་ཚེ་བོད་ཡིག་དང་འཛམ་གླིང་ནང་གི་སྐད་ཡིག་ གཞན་པ་ཚོའི་བར་དུ་གོ་ལ་ཧྲིལ་བོའ ་ི རང་བཞིན་གྱི་གླེང་ མོལ་བྱེད་ཐུབ་ངེས།” བསྟན་འཛིན་བདེ་སྐྱིད་ཀྱིས་རང་ཉིད་ཀྱི་བསམ་ཚུལ་

སྐད་ཡིག་ཅེས་པ་ནི་ཁང་བའི་བཟོ་བཀོད་ལྟ་བུ་རེད། པེའུ་ས་མཆོད་ རྟེན་གསེག་མ་དྲང་བོར་བཟོ་མི་ཐུབ་པ་བཞིན་ཁྱེད་ཀྱིས་སྐད་ཡིག་ ཅིག་ལས་སླ་བོས་སྒུལ་སྐྱོད་བྱེད་མི་རུང་། གལ་སྲིད་ཁྱེད་ཀྱིས་དེ་ལ་ འགྱུར་བ་གཏོང་འདོད་ན། ཁྱེད་ཀྱིས་བཟོ་བཀོད་ཧྲིལ་བོ་ལ་འགྱུར་བ་ གཏོང་དགོས།

གྱི་རྒྱབ་རྟེན་གྱི་ཚུལ་དུ། གྲོང་ཁྱེར་ནེའུ་ཡོག་ནང་གི་ས་ གནས་བོད་པ་ཚོའི་ཁྲོད་དུ་སྡོམ་རྩིས་ཤིག་བྱས་འདུག ཁོ་ མོས་སྡོམ་རྩིས་ལ་ཞུགས་མཁན་ཚོའི་ལག་ཏུ་ཡི་གེ་གཅིག་ མཚུངས་ཤིག་འབྲི་སྟངས་གཉིས་སུ་བྱས་པ་སྟེ། གཅིག་ནི་ ད་ཡོད་ཀྱི་འབྲི་སྟངས་དང་གཞན་ཞིག་ནི་མིང་ཚིག་རྣམས་ བར་སྟོང་གིས་བཅད་པའི་འབྲི་སྟངས་བྱས་པའི་དཔར་གཞི་ གཉིས་རེ་ལག་ཏུ་བཞག་སྟེ་ཀློག་ཏུ་བཅུག མིང་ཚིག་རྣམས་ བར་སྟོང་གིས་བཅད་པའི་ཡི་གེ་དེ་ཀློག་སྐབས་ཀློག་པ་བོ་ རྒན་པ་ཚོར་རྒྱུན་ལྡན་མ་ཡིན་པའི་ཡི་གེ���འདི་ཀློག་པར་ དཀའ་ངལ་རེ་ཡོད་ནའང་། གཞོན་སྐྱེས་ཚོས་མིང་ཚིག་ རྣམས་བར་སྟོང་གིས་བཅད་པའི་ཡི་གེ་འདི་ཀློག་སྐབས་ འགྲོས་མགྱོགས་ལ་གོ་བ་ལོན་སླ། ཕ་སྐད་དབྱིན་སྐད་ཡིན་ པའི་བོད་ཡིག་སློབ་མཁན་ཞིག་ལ་གོང་མཚུངས་ཀྱི་ཚོད་ལྟ་ བྱས་པ་ན། ཁོང་གིས་མིང་ཚིག་རྣམས་བར་སྟོང་གིས་བཅད་ པ་འདིས་རང་ཉིད་ཀྱིས་སྔོན་ནས་ཤེས་པའི་མིང་ཚིག་དང་ སྔོན་ནས་མི་ཤེས་པའི་མིང་ཚིག་རྣམས་ཁ་ཁར་འབྱེད་བདེ་ བ་དང་། མིང་ཚིག་འགའ་རེ་ངོས་ཟིན་ཚེ་སྤྱིའི་རྒྱབ་ལྗོངས་ རྟོགས་པར་ཕན་ཐོགས་ལ། དེ་ལྟར་བྱུང་ཚེ་ངོ་མི་ཤེས་པའི་ མིང་ཚིག་དེ་དག་གི་ནང་དོན་ཡང་ཚོད་དཔག་བྱེད་ཐུབ་ཟེར། བསྟན་འཛིན་བདེ་སྐྱིད་ཀྱིས་མིང་ཚིག་གི་བར་དུ་བར་ སྟོང་འཇུག་པ་འདིར་སྐབས་འཕྲལ་དུ་སྐྱོན་ཆ་ཡོད་པ་ངོས་ ལེན་བྱེད། ཚིག་བར་དུ་བར་སྟོང་བསྣན་པ་ཡིན་ན་ཤོག་བུ་ སྔོན་ལས་མང་བོ་སྤྱོད་དགོས་ལ་དེ་ལྟར་བྱས་ཚེ་ཁོར་ཡུག་ ལ་གནོད་ལ། ཚིག་བར་དུ་བར་སྟོང་ཅན་ཞིག་ལག་ལེན་

བྱས་ཏེ་དར་སྤེལ་དུ་བཏང་བ་ཡིན་ན། བོད་པ་ཚོས་བོད་པ་ ཡོངས་རྫོགས་ལ་ཐུན་མོང་དུ་ཡོད་པའི་རིག་གནས་ཀྱི་སྦྲེལ་ ཐག་ལྟ་བུར་གྱུར་བའི་ཆོས་ལུགས་དང་ལོ་རྒྱུས་ཀྱི་ཡིག་ རིགས་ཀློག་མི་ཐུབ་པར་འགྱུར་ངེས། མིང་ཚིག་རྣམས་བར་སྟོང་གིས་གཅོད་པའི་བསམ་ཚུལ་ དང་བསྡུར་ཚེ་སྒྱུར་བཅོས་བྱེད་ཐབས་གཞན་པ་ཞིག་བོད་ རིགས་སྤྱི་ཚོགས་ཁྲོད་དུ་རྒྱབ་སྐྱོར་ཐོབ་ཀྱི་ཡོད། དཔལ་ ལྡན་ས་སྐྱའི་ལྟེ་གནས་དང་བི་ཀྲ་མ་ལ་ཤཱིའི་ཐེབས་རྩ་ཚོགས་ པའི་འགན་འཛིན་བླ་མ་པདྨ་དབང་གྲགས་ཀྱིས་བལྟས་ན། མིང་ཚིག་གི་བར་དུ་བར་སྟོང་འཇུག་པ་ནི་དགོས་མེད་ཅིག་ ཡིན་པ་མ་ཟད་བོད་ཡིག་འབྲི་སྟངས་ཀྱི་སྲོལ་རྒྱུན་ལ་གནོད་ པ་ཐེབས་ཉེན་ཆེ། “ཁྱེད་རང་གིས་སྐད་ཡིག་ལ་འགྱུར་བ་ གཏོང་འདོད་ཟེར་དུས་དེ་ནི་སྐད་བརྡ་རིག་པའི་གནད་དོན་ ཞིག་ཆགས་བསྡད་ཡོད་ལ། དེ་ནི་སུ་ལ་མཚོན་ནའང་ཉེན་ཁ་ ཅན་གྱི་བྱ་བ་ཞིག་རེད། ང་རང་ཉིད་ཀྱང་སྐད་ཡིག་ལ་འགྱུར་ བ་གཏོང་བར་འཐད་པ་ཡོད། འོན་ཀྱང་། ཅུང་གཟབ་གཟབ་ བྱེད་འདོད། སྐད་ཡིག་ཅེས་པ་ནི་ཁང་བའི་བཟོ་བཀོད་ལྟ་བུ་ རེད། པེའུ་ས་མཆོད་རྟེན་གསེག་མ་དྲང་བོར་བཟོ་མི་ཐུབ་པ་ བཞིན་ཁྱེད་ཀྱིས་སྐད་ཡིག་ཅིག་ལས་སླ་བོས་སྒུལ་སྐྱོད་བྱེད་ མི་རུང་། གལ་སྲིད་ཁྱེད་ཀྱིས་དེ་ལ་འགྱུར་བ་གཏོང་འདོད་ན། ཁྱེད་ཀྱིས་བཟོ་བཀོད་ཧྲིལ་བོ་ལ་འགྱུར་བ་གཏོང་དགོས།” ཁོང་གི་བསམ་འཆར་ནི་བར་སྟོང་འཇུག་པ་དང་བསྡུར་ ན་ཅུང་རྣམ་པ་རྒྱ་ཆུང་། ཁོང་གིས་བཏོན་པའི་བསམ་འཆར་ ནི་ཚིག་གྲུབ་ཅིག་རྫོགས་ཚེ་ཚེག་ཟུར་བཞི་མ་མ་ཡིན་པར་

ཡི་གེ་ཡོན་ཏན་ཀུན་གྱི་གཞི་མ་ཡིན།

ཡི་གེ་ ཡོན་ཏན་ ཀུན་ གྱི་ གཞི་མ་ ཡིན། ཡི་གེ་ ཡོན་ཏན་ ཀུན་ གྱི་ གཞི་ མ་ཡིན། ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


ཚེག་ཟུར་གསུམ་མ་ཞིག་འབྲི་རྒྱུ་དེ་རེད། “དབྱིན་ཡིག་ལྟ་ བུར་མཚོན་ནའང་། འབྱེད་རྟགས་དང་རྫོགས་རྟགས་གཉིས་ ཀྱི་བར་དུ་ཁྱད་པར་གསལ་བོ་ཡོད་པ་རེད། གལ་སྲིད་ཁྱེད་ ཀྱིས་བོད་ཡིག་ཐོག་མར་སྦྱོང་སྐབས་ཅི་ཞིག་ཅི་ཞིག་ཡིན་ པ་ཤོད་དཀའ་ནའང་། ཅུང་བྱང་ཆ་སོང་ཚེ་ཁ་ཁར་འབྱེད་ ཐུབ་ངེས།” གསར་བཟོས་ཀྱི་ཚེག་འདིས་ཚིག་གྲུབ་ཕན་ཚུན་ཁ་ཁར་ འབྱེད་པར་ཕན་ན་ཡང་། བསམ་འཆར་འདི་ལ་མི་འདང་ ས་མང་བོ་ཡོད་ངེས་ཏེ། གཅིག་ནས་ཡིན་ན། ཚེག་གསར་ འདིས་བོད་ཡིག་རྣམས་རྩིས་འཕྲུལ་གྱི་ཐོག་ནས་སྤྱོད་ཇེ་ བདེར་གཏོང་བར་ཕན་པ་མེད། ཚོགས་ཞུགས་མཁན་ཞིག་ གིས་འདི་ལྟར་བྱས་ཚེ་མིག་དབང་མི་རྣོ་བའམ་མིག་དབང་ ཉམས་བཞིན་པའི་བོད་པ་ཚོའི་དོན་དུ་སེམས་ཁྲལ་ཡོད་ ཚུལ་གླེང་བྱུང་། ཁོང་ཚོར་མཚོན་ན་ཚེག་གསར་འདི་དང་སྒྲ་ ཚིགས་ཀྱི་མཚམས་གཅོད་པའི་ཚེག་གཉིས་ཀྱི་བར་དུ་ཁྱད་ པར་ཆེན་པོ་ཡོད་རྒྱུ་མ་རེད། གཉིས་ནས་ཡིན་ན། བོད་ཀྱི་ སྲོལ་རྒྱུན་སྨྱུག་བཟོས་སྨྱུ་གུ་སྤྱོད་སྐབས་ཀྱང་དཀའ་ལས་ འཕྲད་ངེས་ཏེ། སྨྱུ་གུའི་རྩེ་མོ་ལེབ་མོ་ཡིན་པས་ཚེག་ཁྱད་ པར་བ་འདི་འབྲི་བར་རྙོག་འཛིང་ཡོད་རྒྱུ་རེད་ཟེར། རྩོད་པ་ འདི་ཐད་ལ་བླ་མ་པདྨ་ལགས་ཀྱིས་རྩོད་ལན་འདི་ལྟར་སློག “ཡི་གེ་འབྲི་སྐབས་སུས་ཀྱང་སྐྱོན་མེད་ཡང་དག་ཅིག་འབྲི་ རྒྱུའི་རེ་བ་རྒྱག་གི་མེད་ལ། སྤྱིར་ལག་བྲིས་རང་ཉིད་ལ་ མཚོན་ནའང་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་པ་རེད། ཁྱེད་ ཀྱི་སྨྱུ་གུས་ཚེག་དེ་ཇི་ལྟར་འགྲུབ་ཐུབ་ན་དེ་ལྟར་འགྲུབ་པར་ བྱས་ན་འགྲིག་པ་རེད།” བསྟན་འཛིན་བདེ་སྐྱིད་དང་བླ་མ་པདྨ་དབང་གྲགས་ གཉིས་ཀྱིས་བོད་ཡིག་གི་འབྲི་ཐབས་ལ་ཉམས་ཞིབ་བྱེད་ པ་བརྒྱུད། བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་ཡིག་ ཐད་དོ་སྣང་ཇེ་ཆུང་དུ་འགྲོ་བཞིན་པའི་ཐད་རྒྱུས་ལོན་བྱེད་ པའི་སྐབས། རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱིས་བལྟས་ ན་གཅིག་བྱས་ན་གནད་དོན་ཡི་གེའི་སྟེང་ན་ཡོད་པ་མ་ཡིན་ པར་རང་ཉིད་ཀྱི་སློབ་སྦྱོང་གི་ཆུ་ཚད་དམའ་བའི་སྟེང་ན་ཡོད་ སྲིད་པ་རེད་ཟེར། ཁོང་གིས་གསལ་འདོན་བྱེད་རྒྱུར། བོད་ ནང་དུ་སྐད་ཡིག་སློབ་སྦྱོང་གི་ཐོག་ཏུ་ཤུགས་ཆེན་པོ་རྒྱག་ གི་ཡོད་ནའང་། ཕྱིའི་སྤྱི་ཚོགས་སུ་སྡོད་པའི་བོད་པ་ཚོས་ རང་ཉིད་ཀྱི་ཕ་སྐད་སློབ་སྦྱོང་གི་ཐད་ལ་དོ་སྣང་ཆེན་པོ་བྱེད་ ཀྱི་མེད་པ་རེད། “བོད་པ་ག་ཚོད་ལ་ཀློག་རྒྱུ་དང་འབྲི་རྒྱུའི་ ཐད་དཀའ་ངལ་འཕྲད་ཀྱི་འདུག་གམ། གལ་སྲིད་ང་ཚོའི་མི་ འབོར་ལས་མང་ཆེ་ཤོས་ལ་དཀའ་ངལ་འདི་འཕྲད་ཀྱི་མེད་ན། ང་ཚོས་ཅིའི་ཕྱིར་བོད་ཡིག་ལ་སྒྱུར་བཅོས་གཏོང་དགོས་པ་ རེད།” ཅེས་ཁོང་གིས་དྲིས། ཁོང་གིས་བཏོན་པའི་ཀློག་འདོན་སྐབས་གོ་བ་ལོན་ནུས་ མཐོར་འདེགས་གཏོང་བའི་ཐབས་ལམ་ནི། ཚིག་གྲུབ་ཀྱི་ སྒྲིག་གཞི་དང་རིང་ཐུང་བསྐྱར་སྒྲིག་བྱས་ཏེ་ཚིག་གྲུབ་ཀྱི་ རྙོག་འཛིང་རང་བཞིན་ཉུང་དུ་གཏོང་རྒྱུ་དེ་རེད། སྐུ་ཞབས་ རིག་འབྱུང་ལགས་ཀྱིས་དུས་རབས་༡༠ནང་དུ་བོད་ཀྱི་

མཁས་པ་ཚོས་ཚིག་གྲུབ་ཐུང་ངུ་འབྲི་བའི་དཔེ་མཚོན་ དྲངས་ཏེ། འདི་ནི་བོད་ཀྱི་ཡི་གེ་ལ་“མཁའ་དབུགས་གསར་ པ་སྣོན་པའི”ཐབས་ལམ་ཡག་ཤོས་ཤིག་རེད་ཟེར། ཁོང་ གིས་བཤད་རྒྱུར། “མིང་ཚིག་རྣམས་བར་སྟོང་གིས་བཅད་ ན་མགྱོགས་པོར་ཀློག་པར་ཕན་ཐོགས་སྲིད་མོད། འོན་ཀྱང་ ། དེས་ཚིག་གི་གོ་བ་ཡག་པོ་ལོན་པར་ཕན་པ་མེད་ངེས་ཤིང་ །” ཡི་གེར་སྒྱུར་བཅོས་ཅི་ཞིག་གཏོང་ཡང་གོ་བ་ལོན་པར་ ཕན་པ་ནི་གཞི་རྩར་འཛིན་དགོས། བོད་པ་ཚོས་བོད་ཡིག་ལ་སྒྱུར་བཅོས་གཏོང་རྒྱུ་དེ་ རིམ་བཞིན་དགོས་ངེས་ཤིག་ཏུ་འགྱུར་སྲིད་མོད། འོན་ ཀྱང་། ང་ཚོས་གླེང་མོལ་གྱི་སྐབས་སུ་ཤེས་རྟོགས་བྱུང་བ་ ནི་བསམ་འཆར་ཅི་ཞིག་ཡིན་རུང་དང་ལེན་དང་སྣང་མེད་ ཅི་ཞིག་བྱས་རུང་། བོད་མི་དང་ཁོང་ཚོའི་སྐད་ཡིག ཁོང་ ཚོའི་རིག་གནས་བཅས་ཀྱི་བར་དུ་ཆད་མི་སྲིད་པའི་སྦྲེལ་ ཐག་སྲ་མོ་ཞིག་ཡོད་པ་དེ་རེད། “བོད་ཡིག་གི་འབྲི་སྲོལ་ ནི་ཐོན་མི་སམ་བྷོ་ཊས་ང་ཚོ་ཡོངས་ལ་བསྩལ་བའི་ལེགས་ སྐྱེས་ཤིག་རེད།” ཅེས་བསྟན་འཛིན་བདེ་སྐྱིད་ཀྱིས་མཇུག་ བསྡུའི་སྐབས་སུ་ཚོགས་ཞུགས་མཁན་རྣམས་ལ་དྲན་སྐུལ་ བྱེད་དོན། “དེ་ནི་བོད་པ་མི་རེ་ངོ་རེར་སྐྱེས་དུས་ནས་ཡོད་ པའི་ཐོབ་ཐང་རེད། ང་ཚོས་ངེས་པར་དུ་བོད་ཡིག་འདི་དུས་ རབས་ཉི་ཤུ་བའི་ཕན་ཆད་ནས་ད་རུང་མི་མཐུད་དུ་འབྱོར་ ཕྱུག་ལྡན་ལ་སྦྱོང་སྤྱོད་ཀྱི་རིན་ཐང་ཡོད་པའི་སྐད་ཡིག་ཅིག་ ཏུ་གནས་པའི་ཆེད་དུ་བསམ་བློ་ཞིབ་མོ་གཏོང་དགོས།”

དཔལ་ལྡན་ས་སྐྱའི་ཆོས་ཚོགས་དང་བི་ཁ་ར་མ་ཤི་ལ་ ཐེབས་རྩ་ཚོགས་པའི་དབུ་འཛིན་བླ་མ་པད་མ་དབང་གྲགས་ མཆོག་གིས་བོད་ཡིག་གི་ཚེག་བར་བཅད་མཚམས་གསར་ པ་འགའ་ངོ་སྤྲོད་གནང་བཞིན་པ།

བསྟན་འཛིན་བདེ་སྐྱིད་མཆོག་གིས་ཡིག་འབྲུའི་དབར་ལ་ བར་སྟོང་བཅུག་ཚེ་བོད་ཡིག་སྦྱོང་བདེ་བ་དང་། ད་དུང་གློག་ ཀླད་ཐོག་བཀོལ་བདེ་བ་ཡོད་པ་མ་ཟད། གསལ་ཁ་མེད་ པའི་ཚེག་ཁྱིམ་གྱི་ནང་དོན་རྣམས་ཁ་གསལ་དུ་གཏོང་ཐུབ་ པའི་ཁྱད་ཆོས་ཡོད་པའི་རྒྱུ་མཚན་གསུངས། དཔེར་ན། ད་ ལྟའི་ཚེག་ཁྱིམ་བཀོལ་སྟངས་འདིས་རྐྱེན་པས་གཤམ་གྱི་ ནང་དོན་ནི་ཁ་གསལ་པོ་མེད་པ། “ཡི་གེ་ཡོན་ཏན་ཀུན་གྱི་ གཞི་མ་ཡིན།”ལྟ་བུར། “ཡི་གེ་ ཡོན་ཏན་ ཀུན་ གྱི་ གཞི་ མ་ ཡིན།” ཟེར་རམ། ཡང་ན། “ཡི་གེ ཡོན་ཏན་ ཀུན་ གྱི་ གཞི་ མ་ཡིན།”ཟེར། ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

15


ཞིབ་འཇུག་གི་གསར་འཕྲིན། མདོ་སྨད་བྱང་ཤར་ས་མཐའི་ ལ་རྩེའི་ཐོ་ཁུངས།

ཡུམ་སྐྱབ་ནས།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

photo © Yumjeap


ལ་རྩེ་དང་འབྲེལ་བའི་ཡུལ་ལྷ་གཞི་བདག་གསོལ་མཆོད་ ནི་བོད་ཀྱི་མི་སྡེའི་ཐུན་མོང་གི་མཛད་སྒོ་དང་ལོ་རྒྱུས་དྲན་ གསོ། སྤྱི་ཚོགས་རིག་གནས་ངོས་ལེན་གྱི་མཚོན་རྟགས་ གལ་ཆེན་ཞིག་ཡིན། མདོ་སྨད་བྱང་ཤར་ས་མཐའི་ལ་ རྩེའི་ཞིབ་འཇུག་ནི། ངེད་ཀྱི་འབུམ་རམས་པའི་རྩོམ་ཡིག་ གི་ནང་དོན་གྱི་ཆ་ཤས་སུ་གྱུར་བ་ལ། ༢༠༠༩ལོར་ཀུན་ ཕན་ཐེབས་རྩ་ཚོགས་པའི་ཞིབ་འཇུག་རོགས་དངུལ་ཐོབ་ པར་བརྟེན། ཀན་སུའུ་ཞིང་ཆེན་སུའུ་ནན་ཡུའུ་ཀུའུ་ རིགས་རང་སྐྱོང་རྫོང་ཆི་ཕེན་བོད་རིགས་ཤང་གི་ལ་རྩེའི་ རིག་གནས་འཕེལ་འགྱུར་སྐོར་ལ་རྡོག་སྐོར་ཞིབ་འཇུག་བྱེད་ སྐལ་བྱུང་། ཆི་ཕེན་བོད་རིགས་ཞང་གི་བོད་མི་ལ་ལོ་རྒྱུས་ སུ་མདུང་ནག་ཁ་གསུམ་ཞེས་འབོད་པ་དང་། ཁོང་ཚོ་སྔ་ མོ་ནས་མདོ་ལ་རིང་མོའ ་ི བྱང་རྒྱུད་དུ་གཞིས་ཆགས་ཤིང་ མངའ་ཁོངས་རྒྱ་ཆེ་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་ ཤིང་ལོ་རྒྱུས་རིག་གནས་དར་རྒྱུན་རིང་། ཡུལ་འདིའི་ལྷོ་ ཕྱོགས་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རྫོང་དང་བྱང་ མཚམས་ཅུ་ཆོན་དང་ཅ་ཡུ་གོན་གྲོང་ཁྱེར་དང་འབྲེལ་ཡོད། ས་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༡༠༢༠༢ཡོད། ཡུལ་ འདིར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་དགོན་རྙིང་ མདུང་ནག་འཇམ་དབྱངས་དགོན་པ་དང་། མདོ་ལ་རིང་ མོའ ་ི དབུ་རྩེ་ཕྲེང་ལ་སོགས་གནས་ཡོད། ལོ་རྒྱུས་ཐོག་ཆི་ཕེན་གྱི་བོད་མདུང་ནག་ཁ་གསུམ་ཡང་ བོད་བརྒྱུད་ནང་བསྟན་ལ་དད་པས། བོད་སྤྱི་དང་འདྲ་བར་ ཆོས་དད་དང་རྩེ་རིགས་ཀྱི་ཆ་ལྡན་པའི་ཡུལ་ལྷ་གསོལ་ མཆོད་ཀྱི་ལ་རྩེ་བསྟོད་སྲོལ་དར་ཁྱབ་ཆེ། དུས་རབས་སྔ་ མ་ནས་བཟུང་ལོ་རྒྱུས་ཀྱི་འགྱུར་ལྡོག་དང་གསར་བརྗེ། ཉེ་ འཁོར་གྱི་རྒྱ་མི་རིགས་ཀྱི་ཤན་ཤུགས་ཆེ་ཆེར་ཐེབས་པ་ སོགས་ཀྱི་དབང་གིས། ཆི་ཕེན་གྱི་བོད་མདུང་ནག་པའི་ སྲོལ་རྒྱུན་གྱི་རིག་གནས་ནི་ཉིན་རེ་ལས་ཉིན་རེར་ཉག་ཕྲ་ བའི་གནས་སུ་གྱར། དཔེར་ན་བོད་སྐད་ནི་ལོ་ན་༧༠ཡན་ གྱི་རྒན་པ་རེ་གཉིས་མ་གཏོགས། གཞོན་སྐྱེས་སུ་ཞིག་

གིས་ཀྱང་བཤད་མི་ཤེས་པ་དང་། དེ་སྔའི་རིག་པའི་འབྱུང་ གནས་འཇམ་དབྱངས་དགོན་པར་ཡང་མཆོད་མཇལ་བ་ ཤིན་ཏུ་ཉུང་། ཡིན་ན་ཡང་ཁོ་ཚོར་ཕ་མེས་ཡང་མེས་དང་ བོད་མི་རིགས་ལ་ཤ་ཞེན་ངོས་ལེན་ཤུགས་ཆེན་ལྡན་ཞིང་། དེ་ནི་རང་གི་ངོས་ཟིན་དང་གཞན་གྱི་གནོན་ཤུགས་གཉིས་ ཆ་ལས་བྱུང་བ་ཞིག་རེད། ལས་གཞི་འདིའི་བརྗོད་བྱ་གཙོ་བོ་༼མདོ་ལ་རིང་ མོའ ་ི གེ་སར་མདུང་ནག་ལ་རྩེ་༽ནི་སྤྱི་ལོ་༢༠༠༦ལོའ ་ི ཟླ་༦པར་འཇམ་དབྱངས་དགོན་པའི་རྒྱབ་རིར་གསར་དུ་ བརྩིགས་ཤིང་། དེ་ནི་ལ་རྩེ་མ་བུ་བཅུ་བཞི་ཡིས་གྲུབ་ པ་ལ། དབུས་སྤྱི་བླ་ལྟ་བུའི་ལ་རྩེ་མ་ནི་མདུང་ནག་ཚོ་ བའི་སྡེ་བ་༡༣མཚོན་པའི་གཏེར་རྡོ་རིགས་༡༣དང་མདའ་ ཆེན་༡༣གྱིས་གྲུབ་པ་རེད། དེའི་མཐའ་འཁོར་དུ་སྡེ་བ་ ༡༣མཚོན་པའི་བུ་ལ་རྩེ་༡༣གྱིས་བསྐོར་ཡོད་ཅིང་། ལོ་ རེིའི་རྒྱ་རྩིས་ཀྱི་ཟླ་༦ཚེས་༦ནི་ལ་རྩེ་གསོལ་མཆོད་ཀྱི་ ཉིན་མོ་ཡིན་ཏེ། མདུང་ནག་ཚོ་བའི་ཕོ་མོ་རྒན་གཞོན་དང་ གཞན་ཡུལ་དུ་སྡོད་མཁན་ཚང་མ་ཅི་ཐུབ་ཀྱིས་ཡོང་བ་དང་། ལ་རྩེ་གསོལ་མཆོད་ཀྱི་བྱ་འགུལ་དེ་ནི་ཡུལ་དེའི་ས་འཛིན་ དང་པོ་མདུང་ནག་བོད་པ་ཁོ་རང་ཚོས་དང་བླང་གིས་སྤེལ་བ་ ཞིག་རེད། ཁོ་ཚོས་མདུང་ནག་སྤྱི་བསངས་དེ་ཚོ་མི་ཀུན་ གྱི་གཡོལ་དུ་མེད་པའི་འགན་འཁུར་ཞིག་ཏུ་བརྩི་བཞིན་ཡོད། སྤྱི་བསངས་གཏོང་བའི་ཐུན་མོང་གི་བྱ་འགུལ་དེ་ནི་ཁོ་རང་ ཚོའི་ཕ་སའི་རིག་གནས་སྒྲོག་ས་ཞིག་ཡིན་པར་མ་ཟད། ཐུན་མོང་གི་ལོ་རྒྱུས་དྲན་གསོ་དང་སྲོལ་རྒྱུན་འཛིན་སྐྱོང་གི་ ཐབས་ལམ་ཞིག་ཏུ་གྱུར་ཡོད། དེ་མིན་ད་དུང་མདུང་ནག་ པ་ཚོའི་བོད་ཀྱི་མི་རིགས་དང་རིག་གནས་ཀྱི་ངོས་ལེན་བྱེད་ སྟངས་ཤིག་ཏུ་ཡང་གྱུར་འདུག སྤྱི་བསངས་སྐབས། མདུང་ནག་ཏུ་འཇམ་དབྱངས་ དགོན་པའི་སྤྲུལ་སྐུ་དང་གྲྭ་བ་གཉིས་མ་གཏོགས་བསངས་ ཡིག་འདོན་ཤེས་མཁན་མི་གཅིག་ཀྱང་མེད། ཡིན་ན་ཡང་ བསངས་མཆོད་སྐབས། བོད་ལྭ་གོན་པ་ནི་གཟི་བརྗིད་

ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་དེ། མི་ཚང་ལ་ལས་སྤྱི་ བསངས་ལ་ཆེད་དུ་བོད་ལྭ་བསྡུ་ཉར་དང་མངགས་ཉོ་བྱས་ འདུག ལྷག་པར་དུ་རྒན་པ་དང་བྱིས་པ་ཚོ་བོད་ལྭ་གྱོན་ནས་ དགའ་དགའ་སྤྲོ་སྤྲོའ ་ི ངང་བསངས་མཆོད་དུ་ཞུགས་བཞིན་ ཡོད། གནས་ཚུལ་འདི་ལྟ་བུ་ནི་འདི་བཞིན་བོད་ཀྱི་རིག་ གནས་ཉག་ཕྲ་བའི་ཀན་སུའུ་ཁོངས་གཏོགས་ཐན་ཁྲང་དང་ ཝོ་ཏུའི་བོད་རིགས་ཞང་སོགས་ན་ཡོད་པ་མ་རེད། ཆི་ ཕེན་གྱི་བོད་མདུང་ནག་ཚོ་བའི་སྤྱི་བསངས་ནི། བོད་ཡུལ་ གཞན་གྱི་འཛམ་གླིང་སྤྱི་བསངས་ཇི་བཞིན་གཟབ་རྒྱས་དང་ འཁྲུག་པོ་ཡོད། སྐབས་དེར་ཡུལ་ཚོའམ་ཞང་སྲིད་གཞུང་ གིས་འཕྲོ་མཐུད་དུ་ལོ་རེིའི་མི་རིགས་རིག་རྩལ་དུས་ཆེན་ དང་ལུས་རྩལ་འགྲན་ཚོགས་རྩ་འཛུགས་བྱེད་ཅིང་། དེར་ བོད་ཀྱི་རིག་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་སྡུར་སོགས་ ཡོད་པ་རེད། མདུང་ནག་གི་སྤྱི་བསངས་དང་རིག་རྩལ་ འགྲན་ཚོགས་གཉིས་ནི་གཅིག་གྲོགས་གཅིག་ཏུ་ཤར་ནས། བོད་མདུང་ནག་ཚོ་བའི་རིག་གནས་མངོན་སྟོན་དང་སླར་ གསོ་བྱེད་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད། དོན་དངོས་ སུ། མདུང་ནག་གི་བོད་མི་ཚོ་ལ་རྩེ་གསོལ་མཆོད་ལ་དེ་ འདྲའི་དུང་དད་ཆེ་དོན་ནི། བོད་ཀྱི་རིག་གནས་ཀྱི་ངོ་བོ་ ངོས་ལེན་དང་མངོན་སྟོན་གྱི་ཆེད་དུ་ཡིན་པ་ལས། ཆོས་ ལུགས་དད་མོས་ཀྱི་ཆེད་དུ་མ་ཡིན་ནོ།

Yumjeap is a 2009 Trace Foundation Research Fellow. The Fellowship supports researchers both in Tibet and abroad whose efforts shed light on the current state of the Tibetan plateau, its peoples and their cultures. The fellowship was established in 2009 to build knowledge about Tibetan communities and guide future development efforts.

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

17


བྲོ་བ་ལྡན་པའི་འཇིག་རྟེན།

photo © Slow Food

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


de la Planète

ESE

O

food places phy 2010 a

new geogra for Planet Earth

༢༠༡༠ ལོའ ་ི སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ནས་ཚེས་ ༢༥ བར་དུ་ཨེ་ཊ་ལེ་ ཡི་ཋུ་རིན་ (Turin, Italy) ཟེར་བའི་ས་ཆ་དེར། ཊེ་རཱ་ མེ་ཌིར་ མཛད་ སྒོའི་ (Terra Madre) ཐོག་ཏུ་ཕུགས་བརྟན་ཞིང་ལས་ཚོགས་པའི་འཐུས་ མི་ ༥༠༠༠ ལྷག་ཅིག་ལོ་འདིར་སླར་ཡང་འཛོམས་པར་གྱུར། རྒྱལ་སྤྱིའི་ཚོགས་འདུ་འདི་ནི་ སྤུས་ལེགས་ཀྱི་ཟས་རིགས་ཐོན་སྐྱེད་བྱེད་མཁན་གྱི་ཞིང་པ་དང་ཕྱུག་ཟོག་གསོ་མཁན་རྣམས་ ཀྱིས་ཁོང་ཚོའི་ཐོན་རྫས་རྣམས་བཤམས་ཏེ། ཟས་རིགས་ཐོན་སྐྱེད་དང་ཚོང་འགྲེམས་བྱེད་ པའི་གསར་གཏོད་ཀྱི་ལྟ་བའི་ཐད་ལ་བགྲོ་གླེང་བྱེད་པར་ལྷན་དུ་འཛོམས་པའི་གླེང་སྟེགས་ཤིག་ fi་e ra རེད། ཕུགས་བརྟན་ཞིང་ལས་ལ་རྒྱབ་སྐྱོ རe ་བྱེད་མཁན་ཞི ག་ཡི ན་པའི ཆ་ནས། ཀུན་ཕན་ Geog 10 eine neu 20 ten ne ཐེབས་རྩ་ཚོགས་པ་ཡང་འཐུས་མི་དེ་དག་གི ་ ཁྲོ ད ་ཀྱི ་ གཅི ག ་ཡི ན ། ཊེ ་ རཱ་ མེ ་ཌིར་ ཞེས་ Pla n für de པའི་མཛད་སྒོ་དེའི་དམིགས་ཡུལ་ནི་ཕུགས་བརྟན་གྱི་ཟས་རིགས་དང་། ས་ཁམས། རིག་ གཞུང་བཅས་ཀྱི་ཆོས་ཉིད་དང་མ་འགལ་བའི་ཐོག་ནས་ཟས་རིགས་ཐོན་སྐྱེད་བྱེད་པའི་ཚོགས་ པ་ཁག་གི་བར་དུ་ཕན་ཚུན་འབྲེལ་ལམ་འཛིན་པའི་གོ་སྐབས་སྤྲོད་པའི་ཆེད་དུ་རེད། ཊེ་རཱ་ མེ་ཌིར་གྱི་མཛད་སྒོ་དེ་དང་འབྲེལ་ནས། སོས་དལ་ཟས་ རིགས་ (Slow Food) ཞེས་པའི་ཚོགས་པ་དེས་ཀྱང་ སཱ་ལོན་ ཌེལ་ གཱ་སི་ ཊོ་ (Salone del Gusto) ཞེས་པའི་ས་ཆ་དེར་ཁོང་ཚོའི་ལོ་གཉིས་རེའི་མཚམས་ཀྱི་ ཟས་རིགས་དུས་ཆེན་དེ་བཀོད་སྒྲིག་བྱས་ཡོད��� སོས་དལ་ཟས་རིགས་ ཞེས་པའི་ཚོགས་པ་ འདིར་རྒྱལ་ཁབ་ ༥༡ གི་སྤྱི་ཁྱབ་ཚོགས་པ་ ༣༡༤ ཡོད་ཅིང་། དེ་དག་གི་ཁྲོད་དུ་ཀུན་ཕན་ ཐེབས་རྩ་ཚོགས་པས་རོགས་སྐྱོར་བྱེད་སའི་སྤྱི་ཁྱབ་ཚོགས་པ་ནི་ཀྲུང་གོའ ་ི དེ་ཡིན། ང་ཚོས་ ཀུན་ཕན་ཐེབས་རྩ་ཚོགས་པ་དང་ལོ་མང་པོའ ་ི རིང་གི་མཉམ་འབྲེལ་ལས་རོགས་འཇིགས་མེད་ རྒྱལ་མཚན་ལགས་དང་ལྷན་དུ། བོད་ཀྱི་འབྲི་ཕྱུར་སྤྱི་ཁྱབ་ཚོགས་པ་ཞེས་པ་དེའི་འཐུས་ ཚབ་བྱས་པ་ཡིན། བོད་ཀྱི་འབྲི་ཕྱུར་སྤྱི་ཁྱབ་ཚོགས་པ་ཞེས་པ་དེ་ནི་ས་གནས་ཀྱི་ཡུལ་སྲོལ་ དང་བབས་བསྟུན་གྱི་སྒོ་ནས་མཚོ་སྔོན་ཞིང་ཆེན་དུ་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ གཏོང་བར་རྒྱབ་སྐྱོར་བྱེད་ཐབས་ཤིག་གི་ཆ་རུ་ ༢༠༠༤ ལོར་བཙུགས་པ་ཡིན། ཕྱུར་ར་དེ་དག་ནི་ས་གནས་ཀྱི་ཟོག་རྫི་ཚོའི་ལག་ནས་བསྡུས་པའི་འོ་མའི་ཚད་མང་པོ་ལས་ ཐོན་སྐྱེད་བྱས་པ་ཞིག་ཡིན་ཞིང་། དེའི་ཁེ་སྤོགས་ཀྱིས་ས་གནས་སློབ་གྲྭ་ཞིག་གི་འགྲོ་གྲོན་ ལ་རོགས་སྐྱོར་བྱེད་བཞིན་ཡོད། མཛད་སྒོ་དེ་གཉིས་ཀའི་ཐོག་ཏུ་སྔར་བྱུང་མ་མྱོང་བའི་ལྟ་ སྐོར་བའི་གྲངས་འབོར་མཐོན་པོ་སྟེ། ཚོད་རྩིས་བྱས་ན་ལྟ་སྐོར་བ་མི་གྲངས་ཁྲི་ཉི་ཤུ་ལྷག་ ཙམ་འབོད་འགུག་བྱེད་ཐུབ་པར་གྱུར་ཡོད། མཱ་རི་འོ་ཡིས་ (Mario) འཛུམ་དམུལ་དམུལ་གྱི་ངང་ནས་ “འདི་འབྲི་ཕྱུར་རེད་དམ།”  ཞེས་དྲིས་བྱུང་། ཁོང་ནི་ཋུ་རིན་ཞེས་པའི་ས་ཆ་དེ་ནས་མེ་འཁོར་གྱིས་ཆུ་ཚོད་གསུམ་གྱི་ ལམ་དུ་འགྲོ་དགོས་སའི་གྲོང་ཁྱེར་ ཝེ་རོ་ནཱ་ (Verona) ཟེར་བའི་ས་ཆ་དེ་ནས་རེད། ཁོང་ གིས་ང་ལ་བལྟས་ནས་ “ངས་འབྲི་ཕྱུར་འདིའི་སྐོར་ཉིན་མ་ཁ་ཤས་ཀྱི་གོང་ལ་བརྙན་འཕྲིན་ ནས་མཐོང་བྱུང་།” ཟེར། “བརྙན་འཕྲིན་དེའི་གསར་འགོད་པས་ སཱ་ལོན་ཟེར་བའི་ས་ཆ་དེར་ ཚུགས་པའི་དུས་ཆེན་ལ་ཕྱིན་པའི་མི་ཞིག་ལ་བཅར་འདྲི་བྱས་ཏེ། ཟས་རིགས་དུས་ཆེན་དེའི་ ཐོག་ཏུ་ཁོས་བྲོ་བ་མྱངས་པའི་ཟས་རིགས་རྣམས་ཀྱི་ནང་ནས་བྲོ་བ་ཡག་ཤོས་དེ་གང་རེད་ཅེས་ དྲིས་པར། མི་དེས་བོད་ཀྱི་འབྲི་ཕྱུར་རེད་ཅེས་ཁ་ཚོན་ཆོད་པའི་སྒོ་ནས་བཤད་བྱུང་བས། ང་ནི་འདིར་བྲོ་བ་དམིགས་བསལ་ཅན་གྱི་འབྲི་ཕྱུར་དེ་འཚོལ་དུ་ཡོང་བ་ཡིན། ངས་གོ་སྐབས་

Essen Region

སྐྱེ་དངོས་སྣ་ཚོགས་ཅན་གྱི་དལ་ཟས་ཐེབས་རྩ་ཚོགས་པས་སྦྱིན་བདག་བྱས་ པའི། སཱ་ལོན་ཌེལ་གཱ་སི་ཊོ་ཐེངས་བརྒྱདཔའི་ཚོགས་འདུ་འདི་༢༠༡༠ཟླ་བ་ ༡༠པའི་ཚེས་༢༡ཉིན་ཨེ་ཊ་ལིའི་གྲོང་ཁྱེར་ཊུ་རིན་ལ་འགོ་བཙུགས།

འདི་ཤོར་དུ་འཇུག་འདོད་མ་བྱུང་།” ཞེས་བཤད། འདི་ནི་ས་ཆ་ཐག་རིང་ནས་ཋུ་རིན་ལ་ང་ཚོའི་ཕྱུར་ར་ཉོ་རྒྱུའི་རེ་བ་བཅངས་ཏེ་ཡོང་བའི་ གནས་ཚུལ་ཐེངས་དང་པོ་དེ་འདྲ་ཅང་མིན་པར། མི་ཁག་ཅིག་གིས་ནི་ང་ཚོའི་ཕྱུར་ར་འདི་ ཉིད་ ༢༠༠༤ ལོར་ སཱ་ལོན་ ཌེལ་ གཱ་སི་ཊོ་  ཟེར་བའི་ས་ཆ་དེར་ཐེངས་དང་པོར་འགྲེམས་ ཚོང་བྱས་པ་ནས་བཟུང་ད་བར་དུ་འཆར་ཅན་ཉོས་ཡོད། ༢༠༡༠ ལོའ ་ི  སཱ་ལོན་ ཌེལ་ གཱ་སི་ ཊོ་ཡི་དུས་ཆེན་ཐོག་ཏུ་ང་ཚོར་འབྲི་ཕྱུར་བཙོང་རྒྱུ་མ་བྱུང་ནའང་། འབྲི་ཕྱུར་ལ་དགའ་སྣང་ དང་དོ་སྣང་ཡོད་མཁན་ཚོར་འབྲི་ཕྱུར་གྱི་བྲོ་བ་མྱོང་དུ་འཇུག་པར་འབྲི་ཕྱུར་ཏོག་ཙམ་རེ་སྤྲད་ པ་ཡིན། གངས་ལྗོངས་བོད་ཀྱི་ཕྱུར་ར་བཟོ་སྐྲུན་ཁང་གིས་ ༢༠༠༣ ལོ་ནས་བཟུང་ཀུན་ཕན་ཐེབས་ རྩ་ཚོགས་པའི་རོགས་རམ་ལ་བརྟེན་ནས། རྒྱལ་སྤྱིའི་ཁྲོད་དུ་ཕྱུར་ར་ཕྱིར་བཙོང་བྱེད་མགོ་ བརྩམས་ཡོད། ༢༠༠༤ ལོར། བཟོ་གྲྭ་འདིའི་ཕྱུར་ར་རྣམས་ སཱ་ལོན་ ཌེལ་ གཱ་སི་ཊོ་ ཟེར་ བའི་ས་ཆ་དེར་ཚུགས་པའི་ཕུགས་བརྟན་ཟས་རིགས་ཀྱི་ཐོན་རྫས་སྣ་མང་གི་འགྲེམས་སྟོན་ ཐོག་ཏུ་ཞུགས་ཐུབ་པར་གྱུར་ཏེ། ཕྱུར་རའི་ཐོན་རྫས་འདི་ཉིད་ལ་རིག་གཞུང་གི་ཁྱད་ཆོས་ འཛོམས་ཞིང་དང་དཔལ་འབྱོར་གྱི་ཆ་ནས་ཕུགས་འཕེར་ཡུན་བརྟན་གྱི་སྤུས་ཚད་ལྡན་པའི་ གཟེངས་བསྟོད་ཐོབ་པ་རེད། ཊེ་རཱ་ མེ་ཌིར་  གྱི་མཛད་སྒོ་ཐེངས་སྔོན་མའི་རིང་ལ། ཕྱུར་ར་འདི་ཉིད་ཀྱི་སྤུས་ཀའི་ ཐད་ལ་ཨི་ཊ་ལི་རྒྱལ་ཁབ་དང་ཨ་མེ་རི་ཀའི་ཕྱུར་རའི་ཆེད་མཁས་པ་ཚོས་གདེང་འཇོག་གང་ ལེགས་གནང་བྱུང་བ་མ་ཟད། ནེའུ་ཡོག་གི་ཚོང་ཁང་ཁག་ཅིག་གིས་ཉོ་འདོད་ཀྱི་དོ་སྣང་ཡང་ སྤྲད་བྱུང་། ཡིན་ནའང་གནས་སྐབས་ཀྱི་རིང་ལ་ཕྱུར་ར་འདི་ཉིད་བོད་ནས་ཕྱི་རྒྱལ་དུ་ཕྱིར་ གཏོང་བྱེད་རྒྱུ་མཚམས་བཞག་ཡོད་ཅིང་། ང་ཚོས་གང་མགྱོགས་སྒོས་ཕྱུར་ར་འདི་ཉིད་སླར་ ཡང་ཨ་མེ་རི་ཀར་ཕྱིར་གཏོང་བྱེད་པའི་མགོ་རྩོམ་པ་བརྒྱུད། མི་རྣམས་ཀྱིས་སོ་སོའ ་ི རང་ ཁྱིམ་གྱི་གསོལ་ཅོག་གི་སྟེང་ནས་བོད་ཀྱི་བྲོ་བ་ཏོག་ཙམ་མྱོང་པའི་སྒོ་ནས། ང་ཚོས་བོད་ཀྱི་ ཐུན་མོང་མིན་པའི་རིག་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་རོགས་རམ་གནང་ཐུབ་རྒྱུའི་རེ་ བ་བཅངས་བཞིན་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པའི་ངོས་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་བྱ་དང་འཚོ་བའི་ཁྱད་ ཆོས་རྣམས་མུ་མཐུད་ནས་གོང་སྤེལ་དུ་གཏོང་མཁན་གྱི་བོད་ཀྱི་རུ་སྡེ་ཞིག་ལ་ཕུགས་བརྟན་ གྱི་ཡོང་སྒོ་ཞིག་སྤྲོད་ཐུབ་པའི་ཚོགས་པ་འདི་འདྲ་ཞིག་དང་ཐོན་རྫས་འདི་འདྲ་ཞིག་ལ་ད་བར་ དུ་རྒྱབ་སྐྱོར་བྱས་པར་སྤོབས་པ་སྐྱེས་ཀྱི་ཡོད་ལ། ང་ཚོས་མུ་མཐུད་ནས་ཐོན་རྫས་འདི་ དག་ཐོན་སྐྱེད་བྱེད་པར་རོགས་སྐྱོར་དང་། རྒྱལ་སྤྱིའི་ཟས་རིགས་སྣ་མང་དུ་འགྱུར་བར་རྟེན་ འབྲེལ་ཞུ་རྒྱུ་ཡིན། ཊེ་རཱ་ མེ་ཌིར་  དང་ སོལ་དལ་ཟས་རིགས་ གཉིས་ཀྱི་རེ་སྨོན་ཏེ། ས་ གནས་ཀྱི་སྲོལ་རྒྱུན་གྱི་རིན་ཐང་ཁོ་ན་ཙམ་མིན་པར་རང་བྱུང་ཁོར་ཡུག་དང་མིའི་འཕྲོད་བསྟེན་ བཅས་ཀྱི་རིན་ཐང་ལའང་ངེས་རྟོགས་ཡོད་པའི་རོ་བཅུད་ལྡན་པའི་ཟས་རིགས་ཞིག་ཐོན་སྐྱེད་ བྱེད་པར་སྐུལ་འདེད་གཏོང་བ་དེ་ནི། འཛམ་གླིང་སྤྱི་དང་ནང་སྒོས་སུ་བོད་ཀྱི་ས་ཁུལ་ཁག་གི་ རུ་སྡེ་རྣམས་ཀྱི་འཚོ་བ་འཕེལ་རྒྱས་སུ་གཏོང་བར་མེད་དུ་མི་རུང་བ་ཞིག་རེད་དོ། ང་ཚོས་གཟུགས་རིས་སྣ་ཚོགས་ཀྱི་འདྲ་དཔར་ཁག་ཅིག་གི་གཤམ་འོག་ཏུ་གསལ་བཤད་ ཐུང་ངུ་རེ་དང་བཅས་རྩོམ་ཡིག་འདི་དང་མཉམ་འགོད་ཞུ་ཆོག

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

19


རོ་བརྒྱའི་ཟས་སྟོན་སྐབས་ཀྱི་ འདྲ་པར།

༢༠༠༡ལོའ་ི སཱ་ལོན་ཌེལ་གཱ་སི་ཊོ་ཁྲོམ་འདུས་ཀྱི་བྱེད་སྒོ་གཙོ་བོ་ནི་ཟས་རིགས་དང་ས་གནས་ཁག་གི་ཡུལ་གྲུ་མི་འདྲ་ བའི་སྐོར་རེད། རྒྱལ་སྤྱིའི་སྐྱེ་དངོས་སྣེ་མང་ཅན་གྱི་ལོ་ལ་སྲུང་རྩི་ཞུ་ཆེད། བྱེད་སྒོ་འདིས་མི་དང་ཟས་རིགས། དེ་ བཞིན་ས་གནས་ཡུལ་གྲུ་ཁག་གི་དབར་ལ་འབྲེལ་བ་དམ་པོ་ཡོད་པ་འདི་འབུར་སྟོན་བྱས་ཡོད། ཟས་རིགས་ཀྱི་རྒྱབ་ ལྗོངས་ནང་ལ། འགྲོ་བ་མིའི་ལོ་རྒྱུས་དང་། རིག་གཞུང་། དེ་བཞིན་མིའི་འབྱུང་ཁུངས་ཀྱི་རྩ་བ་སོགས་བཞུགས་ཡོད། ༢༠༠༡ལོའ་ི སཱ་ལོན་ཌེལ་གཱ་སི་ཊོ་ཁྲོམ་འདུས་ལ་གངས་ལྗོངས་འཕྱུར་བའི་ཚོང་ཁང་གི་སྐུ་ཚབ་རྣམས་ཀྱིས་གོ་ལའི་སྤྱི་ ཚོགས་ཀྱི་ཟས་རིགས་བཟོ་ཚོང་པ་རྣམས་དང་མཉམ་དུ་ཞུགས་ནས་བོད་ཀྱི་ཟས་རིགས་ཀྱི་བྲོ་བ་གཤམ་སྟོན་བྱེད་པ་ དང་ཆབས་གཅིག་འཛམ་གླིང་གི་རྨད་དུ་བྱུང་བའི་རིག་གཞུང་དག་གི་བྲོ་བ་མྱོང་བར་བྱེད།

གངས་ལྗོངས་ནོར་ཕྱུར་ལས་གཞིར་རྒྱབ་སྐྱོར་མཚོན་ཆེད། སྤྱི་ལོ་༢༠༠༤ལོ་ནས་བཟུང་ཀུན་ ཕན་ཐེབས་རྩ་ཚོགས་པ་ལོ་རེ་བཞིན་དུ་རོ་བརྒྱའི་ཟས་སྟོན་ལ་ཞུགས་ཀྱི་ཡོད། སྣ་འཛོམས་

སྐྱེ་དངོས་དལ་ཟས་ཐེབས་རྩ་ཚོགས་པ་དང་ཀུན་ཕན་ཐེབས་རྩ་ཚོགས་པ། ཨེ་ཝེག་ཕི་ཝི་སི་

(AVeC-PVS)ཚོགས་པ་བཅས་མཉམ་འབྲེལ་བྱས་པའི་འབྲས་བུར། ད་ཆ་གངས་ལྗོངས་ ནོར་ཕྱུར་ལས་གཞིས་ས་གནས་འབྲོག་པ་མང་ཚོགས་ལ་གཏན་འཇགས་ཡོང་སྒོ་བསྐྲུན་ཡོད་ པ་མ་ཟད། འཇིགས་མེད་རྒྱལ་མཚན་གྱི་སློབ་གསོའ ་ི ལས་དོན་ལའང་མ་དངུལ་ཕྱོགས་ནས་ ཁག་ཐེག་གནང་ཡོད།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

སྐྱིད་རྒྱམ་ནི་མཚོ་སྔོན་ལྷོ་རྒྱུད་ཀྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱུ���་བཟོ་པ་ཞིག་ ཡིན་ལ། དེ་ཐེངས་ཁོང་གིས་ལས་གཞིའི་སྐུ་ཚབ་བྱས་ཏེ་དབྱི་ཏ་ལི་ལ་ཕེབས་ཡོད། ང་ཚོའི་ ཕྱུར་བཟོ་པ་ཚང་མ་ས་གནས་བོད་ཀྱི་འབྲོག་པ་མང་ཚོགས་ལས་ཐོན་པ་ཤ་སྟག་ཡིན།


སཱབ་ཡ་ཨ་ཊེག་ཨལ་ཁཱར་ནི་ལི་བྷི་ཡའི་དབུས་ཁུལ་རྫོང་ཁག་ཨལ་ལྗབ་རཱ་ནས་ཟས་སྟོན་

འདིར་ཕེབས་པ་ཡིན། ཡུལ་དེའི་ས་གནས་དཔལ་འབྱོར་ལ་མཚོན་ན་རྡོ་སྣུམ་ནི་གལ་ཇེ་ཆེ་

ནས་ཇེ་ཆེར་འགྲོ་བཞིན་ཡོད་ནའང་། ཁ་སུར་འདེབས་འཛུགས་ནི་དུས་རབས་མང་བོར་ཡུལ་ གྲུ་འདིའི་རིག་གནས་ཀྱི་ལྟེ་བར་གྱུར་ཡོད།

མི་འདི་དང་འདྲ་བའི་ཁ་སུར་འདེབས་འཛུགས་བྱེད་མཁན་གྱི་ཞིང་པ་ཚོས། ཡུལ་གྲུ་འདིའི་བྱེ་ ཁྲོད་གཤིན་སའི་ཁུལ་ལྔའི་ནང་དུ་ས་ཁུར་རིགས་མི་འདྲ་བ་༤༠༠ལྷག་འདེབས་འཛུགས་བྱེད་

ཀྱི་ཡོད། ཚ་བ་ཆེ་བའི་གནམ་གཤིས་དང་བརླན་བཤེར་ལྡན་པའི་ས་ནག་གི་དབང་གིས་ཡུལ་ འདི་ནས་འཛམ་གླིང་ནང་གི་སྤུས་ཚད་ཆེས་མཐོ་བའི་ཁ་སུར་རིགས་ཐོན་གྱི་ཡོད།

མཱ་ལིའི་ཌོ་གོན་སོ་མེ་མཐུན་ཚོགས་ཀྱི་སེའེ་ཌོའུ་ཁཱན་རང་ཉིད་ཀྱི་རྐུབ་སྟེགས་སྟེང་དུ་ལྷོད་

ཁི་རི་ཊི་ན་ནཱ་ཧྥ་ལཱ་ནི་གུའི་ནཱི་ཡ་བྷི་སོའ ་ོ ཡི་ཁུའི་ན་ར་དང་ཏམ་བྷ་ལིའི་ས་ཁུལ་གྱི་ཕི་ལའོ་

སོ་མེ་ལས་གཞན་ད་དུང་ཤོ་མང་གི་འབྲས་བུའི་ཕྱེ་མ་ལས་བཟོས་པའི་ཀ་སྨ་དང་། ཤིང་ཏོག་

ཐོན་སྐྱེད་བྱེད་ཀྱི་ཡོད།

ཀྱིས་བཞུགས་ཡོད་པ། ཌོ་གོན་གྱི་བུད་མེད་ཚོས་འདེབས་འཛུགས་བྱས་པའི་མེ་ཏོག་དང་སྔོ་ ཚལ་སྣ་ཚོགས་ལས་སོ་མེ་ཞེས་པའི་བྲོ་རྫས་ཤིག་བཟོ་ཡི་ཡོད། ཌོ་གོན་མཐུན་ཚོགས་ཀྱིས་ བསྙལ་མ་ཕྱེ་མ་ལས་བཟོས་པའི་པོར་ཀ་སྨ་སོགས་ཐོན་རྫས་གཞན་པ་མང་བོར་ཡང་རྒྱབ་ སྐྱོར་བྱེད་ཀྱི་ཡོད།

21

འབྲས་དང་མཱ་ལ་གུའེ་ཊ་ཁ་ཚའི་ལས་རིགས་སྤྱི་ཚོགས་ཀྱི་སྐུ་ཚབ་ཅིག་ཡིན། སྤྱི་ཚོགས་

འདིས་སྨན་རྫས་ཀྱི་ཕྱིར་དུ་ཏ་ལའི་སྣུམ་དང་ལིམ་བུའི་སྐྱུར་ཁུ། ཨ་སྨར་རྒོ་ཡི་སྣུམ་བཅས་ཀྱང་

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


ཡེབས་རོ་བྷིར་ཊི་ཊོལ་རོན་ནི་སིལ་སྤགས་ཁ་སྤྲིའི་ཟས་རིགས་ཀྱི་མ་བྱན་ཆེན་མོ་ཡིན་

ཞིང་། ཁོང་གིས་ཧྥ་རན་སིའི་ལྷོ་རྒྱུད་ཀྱི་ཝི་ལེ་ཌིའུ་ཞེས་པའི་གྲོང་གསེབ་ཆུང་ཆུང་ནས་གནའ་ བོའ ་ི ཁྱད་ཆོས་ལྡན་པའི་སིལ་སྤགས་ཁ་སྤྲི་དཀར་པོ་བཟོ་བཞིན་ཡོད། མངར་ཟས་འདིའི་ཐུན་ མོང་མ་ཡིན་པའི་རོ་བཅུད་དེའི་ཆ་ཤས་ཤིག་ས་ཁུལ་འདིའི་མུ་མེན་སྦྲང་རྩི་ལས་འབྱུང་གི་ ཡོད།

ང་ཚོའི་དུས་རིང་མཉམ་འབྲེལ་ལས་རོགས་འཇིགས་མེད་རྒྱལ་མཚན་མཆོག་རི་མཐོའ ་ི སྦྲང་རྩི་ བཟོ་གྲྭའི་ཧྥི་ལོ་རི་ནོ་ཊུར་ཀོ་དང་ལྷན་དུ་ཡོད་པ། དབྱི་ཏ་ལིའི་ཨལ་ཕེ་སི་རི་རྒྱུད་ཀྱི་སྦྲང་མས་

ཐོན་སྐྱེད་བྱས་པའི་རི་མཐོའ ་ི སྦྲང་རྩི་དེ་རྒྱུན་ལྡན་གྱི་སྦྲང་རྩི་གཤེར་མོ་དང་བསྡུར་ན་ཕལ་ཆེར་ སྲ་གཟུགས་སུ་གྲུབ་ཡོད་ལ་རོ་བཅུད་ཕུན་སུམ་ཚོགས་པ་ཡོད། ཊུར་ཀོ་ཡིས་ཁོང་གི་སྟག་ མའི་སྦྲང་རྩི་དེ་ནོར་ཕྱུར་དང་ལྷན་དུ་བཞག་སྟེ་གཟིགས་སྐོར་པ་རྣམ་པར་སྟོན་བཞིན་པ།

བྷི་ཏོ་ཕྱུར་བའི་མཐུན་ཚོགས་ཀྱི་ཕའོ་ལོ་སི་ཕར་ལི་ཡིས་ང་ཚོའི་ཕྱུར་བ་ལ་ཧ་ཅང་ཞིབ་

སྐུ་བླ་ལྗོན་ཀ་མ་ར་ནི་སིའེ་རཱ་ལེའོན་གྱི་ཁཱ་བྷ་ལ་རུ་ཡོད་པའི་མུ་ས་ཡ་སྦྲང་རྩིའི་ཐོན་ལས་

བསྲེས་ཏེ་བཟོས་པ་ཞིག་ཡིན་ལ་ལོ་ངོ་བཅུ་ཙམ་རིང་ལ་ཉར་ཚགས་བྱེད་ཆོག་པ་ཡིན།

ཡིན་ལ་ཁོང་གིས་ཚོང་ལས་འདི་ལ་བརྟེན་ནས་ཁྱིམ་མི་སྐྱོང་བཞིན་ཡོད།

གཟིགས་གནང་སོང་། བྷི་ཏོ་ཕྱུར་བ་ནི་དབྱི་ཏ་ལིའི་བྱང་རྒྱུད་ཀྱི་ལཱམ་བྷར་ཌེ་ཁུལ་གྱི་ཝལ་

གེ་རོ་ལཱ་སྤང་རིའི་ཁུལ་ནས་ཐོན་སྐྱེད་བྱས་པ་ཡིན། ཕྱུར་བ་འདི་ནི་བ་ལང་དང་ར་མའི་འོ་མ་

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

མཐུན་ཚོགས་འཛུགས་མཁན་དང་འབྲེལ་མཐུད་པ་ཡིན། ཁོང་ནི་ཁཱ་ན་ཌུ་གུ་རྫོང་གི་སྦྲང་རྩིའི་

ཐོན་ལས་པ་གཙོ་བོ་ཞིག་ལ། ཁོང་གིས་ཚོང་ལས་འདི་རང་ཉིད་ཀྱི་ཨ་ཕའི་ཤུལ་འཛིན་བྱས་པ་


སྐུ་བླ་ལྗོན་ཀ་མ་ར་ནི་སིའེ་རཱ་ལེའོན་གྱི་ཁཱ་བྷ་ལ་རུ་ཡོད་པའི་མུ་ས་ཡ་སྦྲང་རྩིའི་ཐོན་ལས་

མཐུན་ཚོགས་འཛུགས་མཁན་དང་འབྲེལ་མཐུད་པ་ཡིན། ཁོང་ནི་ཁཱ་ན་ཌུ་གུ་རྫོང་གི་སྦྲང་རྩིའི་

ཐོན་ལས་པ་གཙོ་བོ་ཞིག་ལ། ཁོང་གིས་ཚོང་ལས་འདི་རང་ཉིད་ཀྱི་ཨ་ཕའི་ཤུལ་འཛིན་བྱས་པ་ ཡིན་ལ་ཁོང་གིས་ཚོང་ལས་འདི་ལ་བརྟེན་ནས་ཁྱིམ་མི་སྐྱོང་བཞིན་ཡོད།

འཇིགས་མེད་རྒྱལ་མཚན་གྱིས་དལ་ཟས་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཕིའེ་རོ་སར་ཌོ་ ལ་ཤོག་དྲིལ་ཞིག་འབུལ་བཞིན་པ། ཤོག་དྲིལ་གྱི་སྟེང་དུ་འདི་ལྟར་བྲིས་ཡོད། “རིག་གནས་

ནི་ཕུགས་ཕན་ཡར་རྒྱས་ཀྱི་རྨང་གཞི་ཡིན་ལ། སྲོལ་རྒྱུན་གྱི་རྩ་བ་དང་བྲལ་བའི་རིག་གནས་

ནི་བྲོ་བ་དང་བྲལ་བའི་ཟ་མ་ལྟ་བུ་ཡིན། དེའི་ཕྱིར། ང་ཚོས་དལ་ཟས་ལྷན་ཚོགས་ཀྱི་ཕྱག་ལས་ ལ་ཆེ་བསྟོད་གནང་གི་ཡོད། སྐུ་ཞབས་ཁཱ་རོལ་ཕེ་ཁྲི་ནཱི་ལ་༢༠༡༠ལོའ ་ི སྤྱི་ཟླ་༡༠ཚེས་༢༥ཉིན་

སར་ཌིན་གླིང་ཕྲན་གྱི་ལུག་རྫི་ཞིག་གིས་ང་ཚོའི་ཕྱུར་བའི་དཔེ་གཞི་འཁྱེར་བཞིན་པ། དབྱི་ཏ་

ལའི་ནུབ་ཕྱོགས་སུ་ཡོད་པའི་སར་ཌིན་གླིང་ཕྲན་ནི་ཡུལ་དེ་གའི་ཕྱུར་བ་སྟེ། ཁྱད་པར་དུ་ར་མ་

དང་ལུག་གི་འོ་མ་ལས་བཟོས་པའི་ཕྱུར་བ་ལ་བརྟེན་ནས་སྙན་གྲགས་ཅན་དུ་གྱུར་བ་ཞིག་ཡིན།

23

ཁོར་ཡུག་སྲུང་སྐྱོབ་པ་དང་ལས་འགུལ་པ་བཅས་ཀྱི་ཐུགས་འགན་འཁུར་བཞིན་ཡོད་པའི་དལ་ ཟས་ཐེབས་རྩ་ཚོགས་པའི་རྒྱལ་སྤྱིའི་ཚོགས་གཙོ་གཞོན་པ་ཝན་ཌ་ནཱ་ཞི་བ་མཆོག་གིས་ཕའོ་ ལཱ་ཝན་ཛོ་དང་འཇིགས་མེད་རྒྱལ་མཚན་གཉིས་ལ་བཀའ་མོལ་གནང་བཞིན་པ།

ཕུལ།”

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


སྲོལ་རྒྱུན་རྐང་འཛིན་པ། ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

Paola vanzo ནས།


དེ་ནི་ཧ་ལས་དགོས་པ་ཞིག་རེད། གདོང་པ་ཤིན་ཏུ་ ཆེ་བའི་བོད་མི་ན་གཞོན་ཞིག་གིས་ལྷ་སའི་བར་སྐོར་ཁུལ་ གྱི་དཀར་རྩི་བྱུགས་པའི་རྩིག་གྱང་གི་གནའ་བོའ ་ི སྒོ་ལམ་ ཞིག་ནས་ངའི་ཁ་གཏད་དུ་ལངས་ཏེ། མིག་འབུར་ཚིགས་ སུ་ཅེར་བྱུང་། ཉིན་མ་དེ་ནི་དགེ་འདུན་ཆོས་འཕེལ་རི་མོ་ ཚོགས་པ་ཐོག་མར་སྒོ་ཕྱེས་པའི་ཉིན་མོ་རེད་ལ། བོད་མི་ ན་གཞོན་འདིའི་གདོང་ནས་ཧོང་ཀོང་གི་འོད་རླངས་གློག་ བཞུ་ལས་འཕྲོས་པའི་མུ་མེན་གྱི་མདོག་ལྟ་བུ་ཞིག་ལས། ༢༠༠༣ ལོའ ་ི སྟོན་ཞོགས་ཀྱི་ཉི་ཟེར་གྱི་བཀྲག་མདངས་ དེ་མི་འཕྲོ།

ང་ནི་ད་སྐབས་དགེ་འདུན་ཆོས་འཕེལ་རི་མོའ ་ི ཚོགས་པ་ ཟེར་བ་ཞིག་གྲུབ་ཡོད་པ་འདིའི་ཁོངས་ཀྱི་རི་མོ་བ་རྣམས་ལ་ ཐོག་མར་ ༢༠༠༠ ལོའ ་ི དབྱར་ཀར་ཐུག་ཅིང་། ལོ་དེའི་ གོང་ལ་ངས་ཀུན་ཕན་ཐེབས་རྩ་ཚོགས་པར་བྱ་བ་སྒྲུབ་མགོ་ བརྩམས་ཏེ་ལྷ་སར་སྤོར་བ་ཡིན། སྐབས་དེར། ཀུན་ ཕན་ཐེབས་རྩ་ཚོགས་པས་ལོ་ངོ་ཁ་ཤས་ཀྱི་རིང་ལ་རིག་ གཞུང་གི་ཁྱབ་ཁོངས་ནས་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ གཙོ་བོར་བཟུང་བ་རེད་མོད། ཡིན་ནའང་ལོ་དེའི་དབྱར་ མགོ་ནས་བཟུང་ང་ཚོས་རིག་གཞུང་གསར་གཏོད་ཀྱི་ལས་ གཞི་རྒྱ་སྐྱེད་དུ་གཏོང་རྒྱུའི་གོ་སྐབས་བཙལ་བ་ཡིན། དེ་ ཡང་དམིགས་བསལ་དུ་བོད་ཀྱི་རིག་གཞུང་འཕེལ་རྒྱས་ སུ་གཏོང་བ་དང་དེ་ལ་ཟུངས་ཤུགས་གསར་བ་ཞིག་སྦྱིན་ ཐུབ་པའི་ལས་གཞི་སྤེལ་རྒྱུའི་ཐོག་ལ་རེ་འདུན་ཆེན་པོ་ཞིག་ བཅངས་པ་ཡིན། ང་ལྷ་སར་སྡོད་པའི་རིང་ལ། ནེའུ་ཡོག་ཏུ་ཡོད་པའི་ ངའི་ལས་གྲོགས་བསྟན་འཛིན་དགེ་ལེགས་ལགས་བརྒྱུད་ དེ། བོད་ཀྱི་རི་མོ་བ་ཚོ་ལས་ཚེ་རིང་དོན་འགྲུབ་ལགས་ ཐོག་མར་མཇལ་བྱུང་། སྐབས་དེར་ཁོང་གིས་ཚེ་རིང་རྡོ་རྗེ་ ལགས་དང་ལྷན་དུ་བོད་ཀྱི་གླུ་གར་ཚོགས་པ་རུ་གར་སྟེགས་ བཟོ་འགོད་ཀྱི་བྱ་བ་སྒྲུབ་བཞིན་འདུགཚེ་རིང་དོན་འགྲུབ་ ལགས་ཀྱིས་ཁོང་གི་རི་མོ་རྣམས་མ་བསྟན་གོང་ལ། ཐོག་ མར་ང་ཚོ་ཁོང་གི་དགེ་རྒན་ཟེར་བ་དེར་ཐུག་དགོས་པའི་རེ་ བ་བཏོན། དེར་བརྟེན་ང་ཚོ་ཁོང་གི་དགེ་རྒན་ཚེ་རིང་རྡོ་ རྗེ་ལགས་ཀྱི་ཁྱིམ་ནས་ཐུག་པ་ཡིན་ལ། སྐབས་དེར་ངའི་ ལས་རོགས་ ཁཱི���་ མོ་རི་སི་ (Kim Morris) ཡང་མཉམ་དུ་ཡོད། ཚེ་རིང་རྡོ་རྗེ་ལགས་ནི་སྒོ་རྭའི་ནང་ དུ་ལྡུམ་རྭ་ཡོད་པའི་བོད་ཀྱི་སྲོལ་རྒྱུན་གྱི་ཁང་པ་མཛེས་

ཉམས་ལྡན་པ་ཞིག་ཏུ་བཞུགས་འདུག ཁང་པའི་སྒོ་ལམ་ དུ་སྟག་མའི་མེ་ཏོག་ཟིང་སྐྱ་ཅན་མང་པོ་བསྟར་ཕྲེང་བསྒྲིགས་ ནས་འདུག་ལ། སྒོ་རྭའི་མཐའ་སྐོར་ཏུ་ཚོས་གཞི་སྣ་ཚོགས་ ཀྱིས་ཕྱུག་པའི་མེ་ཏོག་གི་རྫ་བུམ་མང་པོ་ཞིག་བཞག་འདུག གཞུང་སྒོ་དམར་པོ་དེའི་ཕྱི་ནས་ལྷ་སའི་སྲང་ལམ་ཁག་གི་ ཟང་ཟིང་གི་སྐད་སྒྲ་རྣམས་གྲགས་ཡོང་བ་ཕུད། དེ་མིན་ ཁྱིམ་ཚང་འདི་ནི་ཤིན་དུ་ཁུ་སིམ་པའི་ལྷིང་འཇགས་ཀྱི་ཞིང་ ཁམས་ཤིག་རེད། ཇ་ཕོར་པ་འགའ་ཤས་བཏུངས་རྗེས། ཁོང་གིས་ང་ ཚོར་རི་མོར་བལྟ་འདོད་ཡོད་མེད་དྲིས་ཏེ། ཐོག་བརྩེགས་ གཉིས་པའི་སྟེང་དུ་ཡོད་པའི་ཁོང་གི་རི་མོའ ་ི ལས་ཤག་ཏུ་ སོང་འཁྲིད་བྱུང་། ཁོང་གི་རི་མོའ ་ི ལས་ཤག་ཏུ་རི་མོ་འབྲི་ སའི་རས་གཞི་་དང་རི་མོ་མང་པོ་བཅས་ཀྱིས་ཁེངས་འདུག་ ལ། འདི་འདྲའི་རི་མོ་མང་པོ་ཅན་གྱི་རི་མོའ ་ི ལས་ཤག་ ཅིག་ངའི་མི་ཚེའི་ནང་དེ་སྔ་མཐོང་མ་མྱོང་། རི་མོ་རྣམས་གསལ་ཙམ་མཐོང་རྒྱུའི་ཆེད་དུ། ཁོང་ གིས་རང་གི་རི་མོའ ་ི དཔེ་མཚོན་ཁག་ཅིག་སྒོ་རྭའི་ཉི་འོད་ འོག་ཏུ་འཁྱེར་སོང་ནས་ང་ཚོ་ལ་བསྟན་སོང་། རི་མོ་དེ་ དག་ལས་གཅིག་ནི་དམར་ནག་དང་སེར་ནག་གི་ཚོས་གཞི་ ཡིས་ཤས་ཆེར་བྲིས་པའི་ཕོ་བྲང་པོ་ཏཱ་ལའི་སྣུམ་ཚོན་རི་ མོ་ཞིག་རེད་ལ། རི་མོ་དེས་ངའི་ཡིད་སེམས་དྲངས་སོང་ ། ཁོང་གིས་ཕོ་བྲང་གི་གཞོགས་མཐའི་དྲང་ཐིག་རྣམས་ ཀྱག་ཀྱོག་ཏུ་བྲིས་ཏེ། ཕོ་བྲང་པོ་ཏཱ་ལ་ནི་མི་མངོན་པའི་ ཟིལ་ཤུགས་ཞིག་གིས་བཙུར་ནས་ཡོད་པ་ལྟ་བུའི་རྣམ་པ་ ཞིག་བྲིས་འདུག ཁོང་གིས་དེ་ལྟར་བྲིས་པ་དེས་ཕོ་བྲང་ གི་དྲང་ངེར་འགྱིང་བའི་བཀོད་པ་ངོ་མ་དེ་བརླག་ཏུ་བཅུག་ ཡོད་ནའང་། ཕྱོགས་གཞན་ཞིག་ནས་ཕོ་བྲང་གི་གཞོགས་ མཐའི་དྲང་ཐིག་རྣམས་འཁྱོག་འབྲི་བྱས་པ་དེས་པོ་ཏཱ་ལ་ནི་ གཞོགས་དང་ཟུར་ནས་བར་སྣང་དུ་མཆེད་ཀྱི་ཡོད་པ་ལྟར། ཕོ་བྲང་ལ་ཟུངས་ཤུགས་གསར་བ་ཞིག་སྦྱིན་ཡོད་པའི་སྣང་ བའང་སྟེར། རི་མོ་དེའི་འཁྲིས་སུ་མཆོད་རྟེན་གྱི་རི་མོ་ཞིག་བཞག་ འདུག་པ་དེ་ནི་བོད་ཀྱི་མཐོ་སྒང་གི་ནམ་མཁའ་གཡའ་དག་ པའི་ཉིན་མོའ ་ི མཚུངས་ཟླ་བྲལ་བའི་འོད་ཟེར་དང་བསྡེབས་ ནས་བྲིས་པའི་རི་མོ་ཞིག་རེད། རི་མོ་དེ་ཡང་མི་མངོན་ པའི་བཙན་ཤུགས་ཞིག་གིས་བཙུར་ཡོད་པ་ལྟ་བུ་ཞིག་ཏུ་ མངོན་འདུག་མོད། ཡིན་ནའང་དེ་ནི་པཱ་ཀི་སི་ཐཱན་ནས་ཀན་ སུའུ་བར་གྱི་གྲོང་གསེབ་གང་དུ་བཞེངས་ཡོད་རུང་བོད་

ཀྱི་དམིགས་བསལ་གྱི་ཁྱད་ཆོས་མཚོན་པའི་རྟགས་མཚན་ ཞིག་ཡིན་པ་ལམ་སེང་འཁྲུལ་མེད་དུ་ངོས་འཛིན་བྱེད་ཐུབ། ངའི་ལས་རོགས་ཁཱིམ་ནི་སྔར་ཚེ་རིང་གི་རི་མོར་བལྟ་ རུ་འགྲོ་མྱོང་འདུག་པས། ང་གཅིག་པུ་ཁོང་གི་ཁང་པར་ རི་མོར་བལྟ་རུ་སོང་བ་ཡིན། ཚེ་རིང་ནི་ཕོ་བྲང་པོ་ཏཱ་ལ་ དང་ཐག་མི་རིང་བའི་སར་ཨར་འདམ་གྱི་ཁང་པ་ཞིག་ཏུ་ བསྡད་འདུག་ཅིང་། ཨར་འདམ་གྱི་ཁང་པ་དེའི་རིགས་ ནི་ལོ་རབས་ལྔ་བཅུ་དང་དྲུག་བཅུའི་སྐབས་སུ་ཀྲུང་གོ་རུ་ གྲངས་ཀ་འབོར་ཆེན་བརྒྱབ་སྟེ། ད་ལྟ་ཀྲུང་གོའ ་ི གྲོང་ཁྱེར་ གང་རུང་དུའང་ཁང་པ་དེའི་རིགས་མེད་ས་མེད། རི་མོ་བ་ ཞིག་ཁང་པ་འདི་འདྲ་ཞིག་ཏུ་སྡོད་ཀྱི་ཡོད་པ་རེད་ཨང་ཞེས་ བསམ་པ་ཙམ་གྱིས་ཀྱང་སེམས་སུ་མི་བདེ་བའི་ཚོར་སྣང་ ཞིག་སྐྱེས་པར་བྱེད། ཚེ་རིང་གིས་ “ང་འདུག་ས་འདི་རེད” ཅེས་བཤད་དེ། ང་ཁོང་གི་ཁང་མིག་ཆུང་ངུ་དེའི་སྒོ་ནས་ཡར་འཛུལ་པ་ཡིན། ཁང་མིག་ཆུང་ཆུང་དེ་རུ་ས་ཁོད་གཞན་པ་ཅི་ཡང་མེད་པར། དེ་ནི་ཁོང་གི་ཁྱིམ་དང་ལས་ཤག་གཉིས་ཀ་རེད་འདུག ཕལ་ཆེར་སྒོ་ནང་ནས་ཡར་འཛུལ་མ་ཐག་ནས་ངའི་མིག་ ཟུང་གཉིས་ནི་མི་བགྲེས་སོང་ཞིག་གི་རི་མོས་དྲངས་སོང་ ། རི་མོ་དེ་རུ་གཉེར་མ་རེ་རེ་ལ་ཞིབ་ཕྲ་བཏོད་དེ། ཕལ་ ཆེར་སྐུ་པར་ངོ་མ་འདྲ་བ་ཞིག་བྲིས་འདུག བགྲེས་སོང་ དེས་ཕུར་ཚུགས་སུ་བལྟས་པའི་མིག་མདངས་དེ་ཁང་མིག་ དེའི་མདོ་ནས་ངའི་ལུས་སེམས་ཡོངས་སུ་ཚ་བེར་བེར་ངང་ ཟུག་པར་གྱུར་ཞིང་། ང་རི་མོ་དེ་དང་ཅི་ཙམ་ཐག་ཉེ་རུ་ དུད་ནའང་ཚོར་སྣང་དེ་ངའི་ལུས་སེམས་ནས་ཡལ་མ་སོང་ ། ཁང་མིག་དེར་བཤམས་པའི་རི་མོ་རེ་རེའི་ཐོག་གི་སྲོལ་ རྒྱུན་གྱི་ཆས་གོས་སྤྲས་པའི་འབྲི་བྱའི་མི་རྣམས་དང་མི་དེ་ དག་འབྲི་བྱེད་ཀྱི་དེང་རབས་ཀྱི་འབྲི་སྲོལ་གཉིས་བཅས་བར་ གྱི་དབྱེ་ཁྱད་ཆེན་པོ་དེ་དང་རི་མོའ ་ི ཐོག་གི་མི་རེ་རེའི་གདོང་ གི་རྣམ་འགྱུར་གཏུམ་པོ་བཅས་ཀྱིས་ངའི་ཡིད་སེམས་དབང་ མེད་དུ་བཀུག་སོང་། རྗེས་ནས་ངས་ཤེས་གསལ་ལྟར་ན། སྐབས་དེར་ངས་ཐོལ་བྱུང་དུ་ཚོར་བའི་རི་མོ་དེ་ཚོའི་ཁྱད་ ཆོས་རྣམས་ནི། གཞན་ཅང་མིན་པར་ཚེ་རིང་ཁོང་རང་ཉིད་ ཀྱི་རི་མོའ ་ི འབྲི་རྩལ་གྱི་ཁྱད་ཆོས་ཤིག་རེད་འདུག ང་ཚོའི་བར་གྱི་བཀའ་མོལ་དང་པོ་དེའི་རིང་ལ། ཁོང་ ཚོས་སོ་སོའ ་ི རི་མོ་ནུབ་ཕྱོགས་སུ་འགྲེམས་སྟོན་བྱེད་པའི་ གོ་སྐབས་ཞིག་ཐོབ་རྒྱུར་རེ་འདུན་ཆེན་པོ་བཅངས་ཀྱི་ཡོད་ པ་གསལ་སྟོན་བྱས་སོང་། ཀུན་ཕན་ཐེབས་རྩ་ཚོགས་པ་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

25


“ཕོ་བྲང་པོ་ཏ་ལ། ཨང་༣” ཚེ་རིང་རྡོ་རྗེ། ༡༩༩༨ རུ་ང་ཚོས་དེའི་སྐོར་ལ་གྲོས་མོལ་བྱས་པ་བརྒྱུད་ཀུན་ཕན་ ཐེབས་རྩ་ཚོགས་པས་རི་མོ་བ་འདི་དག་གི་རི་མོ་འགྲེམས་ སྟོན་བྱེད་པར་རོགས་རམ་ཞུ་ཐུབ་པ་མ་ཟད། དེ་ལས་ཀྱང་ གལ་ཆེན་པོ་ཞིག་ལ་ང་ཚོས་ཁོང་ཚོའི་རི་མོ་རྣམས་རྒྱལ་ སྤྱིའི་ཉེ་རབས་རི་མོའ ་ི སྡིངས་ཆར་མངོན་དུ་འཇུག་རྒྱུར་ རོགས་རམ་ཞུ་ཐུབ་པའི་སེམས་ཚོར་སྐྱེས་བྱུང་། ནེའུ་ཡོག་ཏུ་བསྟན་འཛིན་དགེ་ལེགས་ལགས་ཀྱིས་ སྐབས་དེར་ལོ་ངོ་བཅུ་བཞིའི་རིང་ལ་ “ལས་ཤག་ཏུ་རི་ མོ་བ་གདན་ཞུ” ཟེར་བའི་ལས་རིམ་ཞིག་བཀོད་སྒྲིག་ བྱེད་མཁན་གྱི་སྒྱུ་རྩལ་ཚོགས་པ་ཆེན་པོ་ཞིག་སྟེ། སི་ཊ་ ཊེན་གླིང་ཕྲན་དུ་ (Staten Island) ཡོད་པའི་ སི་ ནཱ་གཱི་ ཧར་སྦོར་ (Snug Harbor) ཞེས་པའི་རིག་ གཞུང་ལྟེ་གནས་ཁང་དེར་འབྲེལ་བ་བྱས་ནས། ང་ ཚོར་འགྲེམས་སྟོན་བྱེད་སའི་ས་ཆ་ཞིག་གནང་རྒྱུའི་ཞལ་ བཞེས་ཐོབ་པ་མ་ཟད། ད་དུང་རི་མོ་བ་བཞི་ཤོངས་ སའི་ལས་ཤག་ཅིག་ཀྱང་བཀོད་སྒྲིག་གནང་། དུས་ མཚུངས་སུ། བསྟན་འཛིན་དགེ་ལེགས་ལགས་ཀྱིས་ མཱན་ཧ་ཐཱན་ (Mahattan) ཞོལ་མར་ཡོད་པའི་ཧེན་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

“འགྲེས་སོང་ཞིག།” ཚེ་རིང་དོན་གྲུབ། ༢༠༠༡ རེས་སྲང་ལམ་གྱི་གཞིས་ཆགས་ (Henry Street Settlement) ཞེས་པ་ཞིག་གིས་“ལས་ཤག་ཏུ་རི་མོ་བ་ གདན་ཞུ”ཟེར་བའི་ལས་རིམ་ཞིག་གཉེར་གྱི་ཡོད་པ་མ་ཟད། ད་དུང་གསར་ཐོན་རི་མོ་བ་ཁག་ཅིག་གི་རི་མོ་འགྲེམས་སྟོན་ ཡང་བྱེད་ཀྱི་ཡོད་པའི་ཚོགས་པ་དེ་ལའང་འབྲེལ་བ་ཞུས་ཏེ། རི་མོའ ་ི ཚོགས་པ་འདི་གཉིས་དང་ལྷན་དུ་ཀུན་ཕན་ཐེབས་ རྩ་ཚོགས་པས་རྒྱལ་སྤྱིའི་རིག་གཞུང་མཉམ་ལས་ཞེས་པའི་ ལས་གཞི་ཞིག་བཙུགས་པ་ཡིན། ང་ཚོས་ སི་ནཱ་གཱི་ ཧར་སྦོར་ རིག་གཞུང་ལྟེ་གནས་ཁང་ གིས་རི་མོ་བ་བཞི་ལ་བཀོད་སྒྲིག་བྱས་པའི་ལས་ཤག་དེའི་ ཞོར་དུ། ལས་ཤག་གཞན་པ་གཉིས་ལྷག་ཡོད་པ་དེའང་ ང་ཚོའི་ལས་གཞི་འདིར་སྙན་ཞུ་གཏོང་མཁན་གྱི་རི་མོ་བའི་ སྡེ་དེ་རྒྱ་ཆེ་ཙམ་གཏོང་རྒྱུའི་ཆེད་དུ་འབུལ་རྒྱུའི་ཐག་གཅོད་ བྱས་ཏེ། ལོ་དེའི་དབྱར་ཀར་ཚེ་རིང་གིས་ང་འཁྲིད་ནས་ལྷ་ ས་དང་ལྷ་སའི་འཁྲིས་སུ་བཞུགས་པའི་རི་མོ་བ་རྣམས་ལ་ ཐུག་ཏུ་སོང་། གཅིག་དགུ་བརྒྱད་ཅུ་གྱ་གྲངས་སུ་བོད་ལྗོངས་འདི་ཉིད་ ཕྱི་ཕྱོགས་སུ་སྒོ་ཕྱེས་པ་ནས་བཟུང་བོད་དུ་ལྟ་སྐོར་ལ་ཡོང་

མཁན་ཇེ་མང་དུ་སོང་ཡོད་མོད། ཡིན་ནའང་དགུ་བཅུ་གོ་ གྲངས་ཀྱི་མཇུག་དང་ཉིས་སྟོང་ཐམ་པའི་ལོ་རབས་ཀྱི་སྟོད་ དུ། བོད་དུ་ཕྱི་ནང་གཉིས་ནས་ལྟ་སྐོར་དུ་ཡོང་མཁན་རྒྱ་ མཚོའི་རྦ་རླབས་ལྟར་འཕྱུར་ཏེ། བར་སྐོར་འཁྲིས་ཀྱི་སྲང་ ལམ་ཁག་ནི་བོད་ཀྱ���་རི་མོ་བཙོང་མཁན་གྱི་ཚོང་ཁང་གིས་ ཁྱབ་པར་གྱུར། བོད་དུ་ལྷ་བྲིས་ཆེན་མོ་ཁག་དང་ཁོང་ ཚོའི་དགེ་ཕྲུག་ཚོས་ཕུལ་དུ་བྱུང་བའི་ཐང་ག་བྲིས་ཡོད་པ་མ་ ཟད་ད་དུང་ཡང་འབྲི་བཞིན་ཡོད་པ་རེད་མོད། ཡིན་ནའང་ སྐབས་དེར་ཁྲོམ་རྭར་བཙོང་བཞིན་པའི་རི་མོ་ཕལ་ཆེ་བ་ནི་ ལྟ་སྐོར་བ་མང་པོ་བོད་དུ་བཀུག་དང་འགུག་བྱེད་ཀྱི་ཤམ་ བཱ་ལའི་སྒྱུ་འཕྲུལ་སྤྱན་འདྲེན་བྱེད་པའི་སྣང་བརྙན་ཁག་ཅིག་ དང་བོད་མིའི་ཉིན་རྒྱུན་འཚོ་བའི་ཕྱི་ཚུལ་གྱི་ཁྱད་ཆོས་ཙམ་ མཚོན་པའི་རི་མོ་ཁག་ཅིག་རེད། ཡིན་ནའང་སྐབས་དེར་ལྷ་ས་གྲོང་ཁྱེར་དུ་རི་མོ་བ་ཁག་ ཅིག་གིས་རི་མོ་འབྲི་སྲོལ་གསར་བ་ཞིག་གི་མགོ་བརྩམས་ ཡོད་ལ། རི་མོ་བ་དེ་དག་ལས་མང་པོ་ཞིག་ནི་སྐབས་དེ་ ནས་བཟུང་སོ་སོའ ་ི འཇོན་ནུས་ཁོ་ནར་བརྟེན་ནས་སྙན་ གྲགས་རྒྱས་ཡོད། རི་མོ་བ་ཕལ་ཆེ་བ་ཞིག་ལ་སྐབས་


དེར་སོ་སོར་དབང་བའི་རི་མོ་འབྲི་སའི་ལས་ཤག་ཅིག་ ཀྱང་མེད་པས། ང་ཚོ་ཁོང་ཚོའི་ཁྱིམ་དུ་ཐུག་སྟེ་སྒོ་རྭའི་ ནང་དུ་བསྡད་ནས་ཇ་འཐུང་ཞོར་དུ་ཁོང་ཚོའི་རི་མོའ ་ི སྐོར་ ལ་སྐད་ཆ་བཤད་པ་ཡིན། རི་མོ་བ་འདི་དག་གིས་སྐབས་ དེར་འབྲི་བཞིན་པའི་རི་མོ་ཕལ་ཆེ་བ་ཞིག་ལ་ད་དུང་ཡང་ སྔར་སྲོལ་གྱི་ཤུགས་རྐྱེན་ཆེ་ནའང་། ཁོང་ཚོའི་ཁྲོད་ནས་ ཁ་ཤས་ཤིག་ནི་སྔར་སྲོལ་ལས་ལོགས་སུ་ཐོན་ཏེ། རི་ མོའ ་ི རྣམ་པ་གསར་བ་ཞིགདང་། འབྲི་སྲོལ་གསར་བ་ཞིག འབྲི་ཐབས་གསར་བ་ཞིག་བཅས་ལ་ཚོད་ལྟ་བྱེད་པ་དང་ ། གཟུགས་བརྙན་གསར་བ་ཞིག་གསར་གཏོད་བྱེད་པའི་ འབད་བརྩོན་བྱེད་བཞིན་འདུག ང་ཚོའི་ལས་གཞི་འདིར་བོད་ནས་སྙན་ཞུ་འབུལ་མཁན་ གྱི་རི་མོ་བ་མང་པོ་ཞིག་བྱུང་ཞིང་། ང་ཚོས་ སི་ནཱ་གཱི་ ཧར་སྦོར་ཚོགས་པ་དང། ཧེན་རེས་སྲང་ལམ་གྱི་གཞིས་ ཆགས་ཞེས་པའི་ཚོགས་པ་གཞན་ཡང་གོང་དཀར་རྒྱ་མཚོ་ བཅས་དང་མཉམ་དུ་གྲོས་མོལ་བྱས་པ་བརྒྱུད། མཐའ་མ་ དེར་རི་མོ་བ་དེ་དག་ལས་དགའ་བདེ་དང་སྤེན་ཆུང་གཉིས་ བདམས་པ་ཡིན། གོང་དཀར་རྒྱ་མཚོ་ནི་དེ་དུས་རི་མོ་ བ་གལ་གནད་ཆེ་བ་ཞིག་ཏུ་འགྱུར་བཞིན་པའི་སྒང་རེད། སྐབས་དེར་དགའ་བདེ་ཡིས་ད་དུང་ཡང་བོད་ཀྱི་སྲོལ་རྒྱུན་ གྱི་ཚོན་རྩི་སྤྱད་ནས་རི་མོ་འབྲི་བཞིན་འདུག་ནའང་། ཁོང་ ལ་ཚོན་རྩིའི་ཐད་ནས་བཀག་རྒྱ་ཆེན་པོ་ཞིག་ཐེབས་ཡོད་ ཅིང་། སྐབས་དེར་ཁོང་ནི་རང་ཉིད་ཀྱི་ཉམས་མྱོང་མང་ ཙམ་ཐད་ཀར་མཚོན་པའི་རི་མོ་འབྲི་སྲོལ་ཞིག་གི་ཕྱོགས་སུ་ ཁ་ལོ་སྒྱུར་ཚར་འདུག རི་མོ་བ་རྣམས་ ༢༠༠༡ ལོའ ་ི སྤྱི་ཟླ་ ༡༡ བར་ཨ་མེ་རི་ ཀར་འབྱོར་ཏེ། གདན་ཞུའི་ལས་ཤག་དེར་རི་མོ་འབྲི་འགོ་ བརྩམས། ཁོང་ཚོ་ཨ་མེ་རི་ཀར་ཟླ་བ་བཞིར་བསྡད་ཅིང་། ཁོང་ཚོ་ལས་མི་སུ་གཅིག་ཀྱང་དེ་སྔ་ཨ་མེ་རི་ཀར་ཡོང་མྱོང་ མེད། ཨ་མེ་རི་ཀར་ཁོང་ཚོས་རི་མོ་ཅི་ཞིག་མཐོང་བ་དང་ མི་སུ་འདྲ་ཞིག་ལ་ཐུག་པ་བཅས་དང་འབྲེལ་ནས། ཐོག་ མའི་ཆར་ཁོང་ཚོ་ཅུང་ཙམ་ཧོན་འཐོར་ཞིང་མགོ་རྨོངས་པ་ ཞིག་ཏུ་གྱུར་མོད། ཡིན་ནའང་ངའི་སེམས་སུ་དུས་སྐབས་ དེ་ནི་ཁོང་ཚོའི་མི་ཚེའི་ཁྲོད་ཀྱི་དམིགས་བསལ་གྱི་དུས་ སྐབས་ཞིག་རེད་བསམ་བྱུང་། ལས་གཞི་འདིའི་ཐོག་ལ་ ང་ཚོ་དང་མཉམ་འབྲེལ་བྱེད་མཁན་གྱི་ཨེ་ཤེ་ཡའི་རི་མོའི་ ལྷན་ཚོགས་ཞེས་པ་དེས་རི་མོ་བ་དང་དམིགས་བསལ་དུ་ འཁྲབ་སྟོན་སྒྱུ་རྩལ་བ་རྣམས་གདན་ཞུས་ཀྱིས། བོད་ནས་ ཕེབས་པའི་རི་མོ་བ་བཞི་དང་ལྷན་དུ་མཇལ་འཕྲད་དང་ཕན་ ཚུན་འབྲེལ་མོལ་གནང་དུ་བཅུག་པའི་ལས་དོན་བླ་ན་མེད་ པ་ཞིག་བསྒྲུབས་བྱུང་། དེ་མ་ཟད་ཁོང་ཅག་བཞི་ལ་སྐབས་ དེར་འགྲེམས་སྟོན་ཁང་གི་དོ་དམ་པ་དང་། བདག་པོ། འཇིམ་བཟོ་བ་ ལོའུ་ཡིས་སི་ སྦོ་ཞོའུ་ཝ་སི་ (Louise Bourgeois) ཡིས་མཚོན་པའི་སྒྱུ་རྩལ་བ་གཞན་དག་ བཅས་ལ་ཐུག་པའི་གོ་སྐབས་ཡང་ལྡན་པར་གྱུར། ཧེན་རེས་སྲང་ལམ་གྱི་གཞིས་ཆགས་ཞེས་པའི་ཚོགས་ པ་དེས་ཚོགས་པ་རང་ཉིད་ཀྱི་ “ལས་ཤག་ཏུ་རི་མོ་བ་གདན་

ཞུ” ཟེར་བའི་ལས་རིམ་ཁོངས་ཀྱི་མི་སྣ་ཟུར་བ་ཁག་ལས་ མི་བརྒྱད་བདམས་ཏེ། བོད་ཀྱི་རི་མོ་བ་འདི་ཚོ་དང་ལྷན་ དུ་རྒྱུན་དུ་མཇལ་འཕྲད་བྱེད་པ་དང་། ཁོང་ཚོ་འཁྲིད་ནས་ གྲོང་ཁྱེར་གྱི་ཕྱི་ནང་བར་གསུམ་གྱི་འགྲེམས་སྟོན་ཁང་ཁག་ དང་། རི་མོ་བཤམས་སྟོན་ཁང་ཁག རི་མོའ ་ི འགྲེམས་ སྟོན་ཁག རི་མོ་འབྲི་ཁང་བཅས་སུ་ལྟད་མོར་ཕེབས་ཡོད། ༢༠༠༢ ལོའ ་ི དབྱར་ཀར་རི་མོ་བ་བཞི་བོད་དུ་ཕྱིར་ཕེབས་ སྐབས། ངས་ཁོང་ཚོར་ “ཁྱེད་ཚོ་ནེའུ་ཡོག་ཏུ་སྡོད་པའི་ རིང་ལ་ཁྱེད་ཚོའི་སེམས་ཀྱི་བག་ཆགས་ཟབ་ཤོས་དེ་ཅི་ ཞིག་རེད་དམ” ཞེས་དྲིས་པར། ཁོང་ཚོ་བཞི་པོས་སོམ་ཉི་ ཅི་ཡང་མེད་པར་དེ་ནི་རི་མོ་འབྲི་ཁང་ཁག་ཏུ་ལྟ་སྐོར་ལ་སོང་ བ་དེ་རེད་ཅེས་བཤད་བྱུང་། ཆཱལ་སིས་ཟེར་བ་ས་ཁུལ་དེའི་ ཌུམ་ སྦོ་ (DUMBO) དང་ ཝེ་ལམ་སི་ སྦིར་ གཱི (Williamsburg) ཟེར་བའི་ཁང་པ་དེ་གཉིས་སུ་ རི་མོ་བས་ཡོངས་སུ་བཀང་པ་དེ་ཚོས་ཕན་ཚུན་མཉམ་

འབྲེལ་དང་། ཕན་ཚུན་བསམ་ཚུལ་བཤད་རེས་བྱེད་པའི་ ཐོག་ནས་ལས་ཀ་མཉམ་ལས་བྱེད་པ་དེ་མཐོང་སྟེ། བོད་ ནས་ཕེབས་པའི་རི་མོ་བ་བཞི་ལ་དེ་མ་ཐག་ཏུ་ཤུགས་རྐྱེན་ ཞིག་ཐེབས་པར་གྱུར། དེ་ནི་སྤེན་ཆུང་དང་། ཚེ་རིང་། དགའ་བདེ། སྙན་གྲགས། གཞན་ཡང་བོད་དུ་བཞུགས་ པའི་རི་མོ་བ་ཞིག་བཅས་མཉམ་འབྲེལ་གྱི་ཐོག་ནས་དགེ་ འདུན་ཆོས་འཕེལ་རི་མོའ ་ི ཚོགས་པ་ཞེས་འབོད་པར་གྱུར་ བ་འདིའི་འཆར་གཞིའི་ས་བོན་འདེབས་མགོ་བརྩམས་སོང་། རྗེས་ནས་སྤེན་ཆུང་གིས་སོ་སོའ ་ི ལས་གཞི་འཛིན་པའི་ ཆེད་དུ་ཚོགས་པ་འདི་ནས་ཕྱིར་བུད་ནའང་། རི་མོའ ་ི འགྲེམས་སྟོན་ཁང་འདི་འཛུགས་རྒྱུའི་འཆར་གཞི་རྣམས་མུ་ མཐུད་ནས་རྒྱུན་འཁྱོངས་བྱས་པ་རེད། ལྷག་མའི་རི་མོ་ བ་འདི་བཞི་ཡིས་བོད་ཀྱི་ཉེ་རབས་རི་མོའ ་ི བརྩམས་ཆོས་ དང་དེའི་འགྲེམས་སྟོན་གཉིས་ཀ་རི་མོ་བ་རང་ཉིད་ཀྱི་སྟངས་ འཛིན་འོག་ཏུ་ཡོང་ཐུབ་པར་འཇུག་རྒྱུ་དང་། གཞན་ཡང་ རི་མོ་བ་ཚོས་གཙོ་བོ་སོ་སོའ ་ི འཆར་སྣང་རྣམས་རི་མོའ ་ི

རི་མོ་བ་ཅང་ཡུང་དགེ་འདུན་ཆོས་འཕེལ་གྱི་རི་མོའ ་ི མཐུན་ཚོགས་ཀྱི་སྒོ་འགྲམ་དུ་ལངས་ནས་བཞུགས་པ། དེའི་རྒྱབ་ ལ་ཡོད་པའི་རི་མོ་དེ་ནི་ཚེ་དབང་བཀྲ་ཤིས་ལགས་ཀྱིས་བྲིས་པ་དང་དེ་ལ་ཁ་བྱང་མེད།

27

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


“རྒྱལ་སྒོ།”དགའ་བདེ། ༢༠༠༥

“ལྒང་བུ།” སྙན་གྲགས། ༢༠༠༣།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

རྣམ་པར་མཚོན་ཐུབ་རྒྱུའི་གོ་སྐབས་གསར་བ་ཞིག་བསྐྲུན་ རྒྱུའི་འབད་བརྩོན་བྱས། སྐབས་དེར་ཐོག་མའི་རི་མོ་བ་མི་ བཞི་ཡི་གྲངས་འབོར་དེ་མགྱོགས་མྱུར་སྒོས་རི་མོ་བ་བཅུ་ ལ་འཕེལ་ཞིང་། དེ་དག་ནི། སྤེན་པ་དང་བདེ་སྒྲོན། ཚེ་ རིང་རྣམ་རྒྱལ། ཝང་ཧྲི་མིན། ཀྲོང་ཏི། ཀྲང་ཕིན་བཅས་ རེད། ༢༠༠༢ ལོའ ་ི ལོ་མཇུག་ཏུ་དགེ་འདུན་ཆོས་འཕེལ་རི་མོའ ་ི ཚོགས་པ་ཞེས་པ་དེ་དངོས་སུ་སྒོ་འབྱེད་བྱས། མཚམས་ འདིར་ངའི་སེམས་སུ་རི་མོ་བ་འདི་དག་ནི་རང་གི་གྲོགས་ པོ་ཡིན་བསམ་པའི་འདུ་ཤེས་ཞིག་སྐྱེས་ཏེ། དགོང་མོར་ རྒྱུན་དུ་ཁོང་ཚོར་ཐུག་ཏུ་ཕྱིན་པ་ཡིན། ཁོང་ཚོས་རི་མོའ ་ི ཚོགས་པ་འདིའི་སྐོར་གླེང་སྐབས། རི་མོའ ་ི ཚོགས་པ་འདི་ ནི་བོད་ཀྱི་འཇིག་རྟེན་གྱི་ནང་རོལ་མཐོང་ཐུབ་པའི་སྒེའུ་ཁུང་ ཞིག་བརྟོལ་གྱི་ཡོད་པའི་ཚུལ་དུ་གླེང་ཞིང་། འཆར་གཞི་ འདིས་ཁོང་ཚོར་བླ་ན་མེད་པའི་ནུས་སྟོབས་ཞིག་བསྐྱེད་ ཀྱི་འདུག ཡིན་ནའང་དཀའ་གནད་ཁག་ཅིག་ད་དུང་སེལ་ མ་ཐུབ་པར་ལུས་ཡོད། དེ་ནི་ཁོང་ཚོ་ལས་ཁ་ཤས་ཤིག་ ལ་མ་གཏོགས་རྒྱུན་ལྡན་གྱི་ཡོང་འབབ་མེད་པར། ཁག་ ཅིག་ལ་ཡོང་འབབ་ཉུང་ཉུང་ཙམ་དང་དེ་མིན་གཞན་ཚོར་ རྒྱུན་ལྡན་གྱི་ཡོང་འབབ་རྩ་ནས་མེད། རི་མོ་བ་ཚང་མར་ ལས་གཞི་འདིའི་ཁོངས་སུ་ཞུགས་རྒྱུའི་འདོད་པ་ཡོད་རུང་། ལས་གཞི་འདིའི་འགྲོ་གྲོན་གྱི་ཆ་ནས་འགན་འཁུར་མཉམ་ ལེན་བྱེད་རྒྱུའི་འདོད་པ་ཡོད་མཁན་ནི་ཐོག་མའི་ཆར་རི་མོ་ བ་ཉུང་ཤས་ཤིག་ལས་མ་བྱ���ང་། ཁོང་ཚོ་ཐུན་མོང་གིས་ གྲོས་སྡུར་བྱས་པ་བརྒྱུད་རི་མོའ ་ི ཚོགས་པ་འདི་འཛིན་སྐྱོང་ བྱེད་སྟངས་ཀྱི་རྩ་འཛིན་ཡིག་ཆ་ཞིག་གཏན་འབེབས་བྱེད་ རྒྱུའི་ཐག་གཅོད་བྱས་ཤིང་། རྩ་འཛིན་ཡིག་ཆ་དེའི་མ་ཟིན་ འགོད་རྒྱུར་ཁོང་ཚོས་ནུས་ཤུགས་ཆེན་པོ་ཞིག་བཏོན་པ་ བརྒྱུད། ད་བར་དུ་འགྱུར་བ་ཁ་ཤས་ཤིག་མ་གཏོགས་རྩ་ འཛིན་ཡིག་ཆ་དེ་ད་དུང་ཡང་མུ་མཐུད་ནས་ལག་ལེན་བྱེད་ བཞིན་ཡོད་པ་རེད། ལོ་དེའི་དགུན་ཁར་ཁོང་ཚོས་ཁང་པ་ཞིག་གླས་ཏེ་ཁང་ པ་དེའི་ཕྱི་ནང་ལ་བཟོ་བཅོས་བྱེད་འགོ་བརྩམས། ཁང་པ་ དེར་སྔར་སི་ཁྲོན་གྱི་ཟ་ཁང་ཞིག་གཉེར་མྱོང་། བཟོ་བཅོས་ བྱེད་པར་ཧ་ལས་པའི་དཀའ་ཚེགས་བྱུང་མོད། ཡིན་ནའང་ རྗེས་ནས་རི་མོའ ་ི འགྲེམས་སྟོན་ཁང་དངོས་སུ་སྒོ་འབྱེད་ སྐབས། ཁང་པ་འདིའི་སྐོར་མི་ཤེས་མཁན་ཞིག་གིས་ སྔར་ཁང་པ་འདི་ཅི་ཞིག་ཡིན་པའི་ལོ་རྒྱུས་ལ་ཚོད་དཔགས་ བྱེད་ཐུབ་པ་ནི་རྩ་ནས་ཡོང་མི་སྲིད་པ་ཞིག་ཏུ་གྱུར་སོང་། འགྲེམས་སྟོན་ཁང་འདིར་སླེབས་གྲབ་ཡོད་སྐབས། གནའ་ བོའ ་ི རྒལ་སྒོ་ཞིག་གི་ནང་ནས། གདོང་པ་ཚོས་གཞི་མུ་ མེན་ཅན་ཞིག་གིས་ཧ་ལམ་འཇིག་རྟེན་གཞན་ཞིག་ནས་ མིག་ཧུར་རེར་ལྟ་བཞིན་ཡོད་པ་ལྟ་བུ་འདུག་པ་དེ་ཚེ་དབང་ བཀྲིས་ཀྱི་རི་མོ་ཞིག་ཡིན་པ་ཤེས། སྒོ་འབྱེད་ཀྱི་ཞོགས་ པ་དེར། ང་ཚོ་གྲོང་ཁྱེར་ལྷ་སའི་བོད་ཀྱི་ཉེ་རབས་རི་མོའ ་ི འགྲེམས་སྟོན་ཁང་ཐོག་མ་དེའི་ཁང་པའི་ཐོག་ཁར་འཛེགས་ ཏེ། བོད་མི་རྣམས་ཀྱིས་དུས་རབས་མང་པོའ ་ི རིང་ལ་རྒྱུན་

འཛིན་བྱས་པའི་མཆོད་པའི་ལུགས་སྲོལ་ཏེ་བསང་ཞེས་པ་ དེ་བཏང་པ་ཡིན། རི་མོའ ་ི འགྲེམས་སྟོན་ཁང་དེའི་སྙན་གྲགས་རིམ་གྱིས་ཆེ་ རུ་རྒྱས་སོང་། འགྲེམས་སྟོན་ཁང་འདིའི་རི་མོ་བ་རེ་རེར་ གོ་སྐབས་གསར་བ་རེ་ཐོབ་པར་གྱུར་ལ། ༢༠༠༣ ལོར། དགའ་བདེ་ནི་སི་ཀོ་ཊི་ལན་ཌུ་ (Scotland) ཞེས་ པ་དེར་སོང་སྟེ། དེར་ “ལས་ཤག་ཏུ་རི་མོ་བ་གདན་ ཞུ”ཟེར་བའི་ལས་རིམ་ཞིག་ཏུ་ཟླ་བ་གཅིག་གི་རིང་ལ་ ཞུགས། སྐབས་དེར་ཁོང་གིས་གཟུགས་རྒྱན་དང་མཚོན་ དོན་རིག་པ། རི་མོའ ་ི མི་སྣ། དར་སྲོལ་ཆེ་བའི་རིག་ གནས་ཀྱི་མཚོན་དོན་ལ་སོགས་སྲོལ་རྒྱུན་ཆོས་ལུགས་ ཀྱི་རི་མོའ ་ི འབྲི་སྲོལ་ལས་མཆེད་པའི་རྣམ་པ་ཞིག་གི་ཐོག་ ནས་འབྲི་བར་ཚོད་ལྟ་བྱེད་བཞིན་པའི་སྒང་རེད། ཁོང་ས་ ཆ་དེར་སྡོད་པའི་རིང་ལ་ཁོང་གི་རི་མོ་ཁག་ལས་“མཉམ་ འཛོམས་འདྲ་པར” (group photo) ཟེར་བའི་རི་ མོ་དེའི་ཐོག་ལ་ལས་ཀ་བྱས་པ། དེ་ནི་སྟོན་པའི་དབུ་ ཡི་མཐའ་འཁོར་དུ་མིའི་གཟུགས་རིས་དང་དེ་མིན་གྱི་ རྟགས་མཚན་སྣ་ཚོགས་ཏེ། རོ་ནཱལ་ཌི་ མཱག་ཌོ་ནལ་ ཌི་ (Ronald McDonald)། མིས་ཁེས་ མའོ་སི་ (Mickey Mouse) དམར་སྲུང་དམག པེ་ཅིན་ཟློས་ གར་གྱི་གླུ་གཞས་ལེན་མཁན་ཞིག་དང་། གཞན་ཡང་ བོད་ཀྱི་སྲོལ་རྒྱུན་རི་མོ་ལས་རྟགས་དང་མཚན་མ་འདྲ་མིན་ སྣ་ཚོགས་ཀྱིས་མཐའ་བསྐོར་ཏེ་བྲིས་པའི་མུ་འབྲེལ་རི་མོ་ ཞིག་རེད། ཉིན་ཞིག་ཁོང་གིས་ང་ལ་ཁ་པར་བཏང་སྟེ། “ང་འདིར་ ག་རེ་བྱེད་ཀྱི་ཡོད་མེད་ངས་ཀྱང་གསལ་བོ་ཞིག་ཤེས་ཀྱི་མི་ འདུག ངའི་བསམ་པར་གནས་འདིའི་མི་ཚོས་མི་གཞན་པ་ ཚོ་ནང་བཞིན་ང་ལ་གོ་ཤེས་བྱེད་ཐུབ་ཀྱི་མི་འདུག” ཅེས་ ཟེར། ངས་ “ག་རེ་བྱས་སོང་།” ཞེས་དྲིས་པར། ཁོང་ གིས་དེའི་ལན་དུ་ “ང་འདིར་སྡོད་པའི་རིང་ལ། ངས་ཁོང་ ཚོར་ངའི་ ‘མཉམ་འཛོམས་འདྲ་དཔར’ ཞེས་པ་དེ་བསྟན་ པ་ཡིན། ངས་དེའི་ཐོག་ཏུ་ མཱ་ཁི་ཌོ་ནལ་ཌི་ ཟ་ཁང་གི་ ལས་རྟགས་ཞིག་བྲིས་ཡོད་པ་དེར་བལྟས་ནས། “ཨ་ལེ། ཡག་པོ་འདུག བྱས་ན་ཁྱེད་རང་གིས་དངོས་གནས་སྟབས་ བདེའི་ཁ་ལག་ལ་ (ཟ་མ་) ངོ་རྒོལ་བྱེད་ཀྱི་འདུག དེ་ དངོས་གནས་ཡག་པོ་རེད་ཅེས་ལབ་སོང་།” ཟེར། དེ་ ནས་ཁོང་གིས་མུ་མཐུད་དུ། “ངས་ཁོང་ཚོར་བལྟས་ ཏེ། ‘ངོ་རྒོལ་ཟེར་གྱི་ཡོད་དམ། དེ་འདྲ་མ་རེད། ང་ནི་ ཧཱམ་སྦུར་གཱིར་ཟ་རྒྱུར་དགའ་པོ་ཡོད’ ཅེས་ངའི་གོ་བརྡ་ འཕྲོད་མི་འཕྲོད་ཀྱི་དབྱིན་སྐད་ཀྱི་ཐོག་ནས་དེ་ལྟར་ལབ་པ་ ཡིན།” ཟེར། དེ་ནི་དངོས་གནས་དགོད་བྲོ་བ་རང་རེད། རྒྱུ་མཚན་ནི་ ངས་ཀྱང་ཁོང་གིས་ཟ་ཁང་དེའི་ལས་རྟགས་ནི་སྐྱོན་བཤད་ ཅིག་གི་ངོ་བོའ ་ི ཐོག་ནས་བྲིས་པ་རེད་བསམ་ཡོད། ཡིན་ ནའང་དོན་ངོ་མར་དེ་ལས་ལྡོག་སྟེ། ཟ་ཁང་དེའི་ལས་ རྟགས་འབྲི་དོན་ནི། ལས་རྟགས་དེ་ཁོང་གི་འཇིག་རྟེན་གྱི་ ཆ་ཤས་ཤིག་ཏུ་གྲུབ་ཡོད་པ་མཚོན་པའི་ཆེད་དུ་རེད་འདུག


སྐབས་དེར་དགའ་བདེའི་རི་མོ་རུ་རྟགས་དང་མཚན་མ་ མང་པོ་ཞིག་བསྲེས་ཏེ། དེའི་ཐོག་ནས་མཚོན་དོན་ཞིག་ སྟོན་པ་དེས་མཚམས་མཚམས་ལ་མགོ་རྨོངས་སུ་འཇུག་ ནའང་། ད་ལྟ་ཁོང་གི་རི་མོ་ལ་བལྟ་སྐབས། ངས་ལོ་ བདུན་གྱི་གོང་ལ་དགེ་འདུན་ཆོས་འཕེལ་རི་མོའ ་ི ཚོགས་པ་ སྒོ་འབྱེད་ཀྱི་ཉིན་མོ་དེར། གནའ་བོའ ་ི སྒོ་དམར་དེ་ལས་ཅི་ ཞིག་མཐོང་བ་དེའི་གོ་དོན་རྟོགས་ཐུབ་པར་འགྱུར། དེང་སྐབས་འཇིག་རྟེན་རིལ་མོ་འདིའི་གྲུ་ཟུར་ཕལ་ཆེ་ བར་བྱ་དངོས་གཉིས་ཀྱི་བར་ཁྱད་ཆེན་པོའ ་ི དཔེ་མཚོན་ དུ། འོད་རླངས་གློག་བཞུ་ལས་གྲུབ་པའི་རྟགས་དང་ཆོས་ ལུགས་ཀྱི་ལྡེབས་རིས། གནའ་བོའ ་ི ཁང་རྙིང་དང་སྟབས་ བདེའི་ཁ་ལག་བཅས་ཀྱི་ཁྱད་པར་ལས་ཆེན་པོ་ཅི་ཡང་མེད་ པ་ལྟ་བུ་ཞིག་ཏུ་སྣང་མོད། ཡིན་ནའང་བོད་དུ་འདི་དག་ནི་ དུས་མཉམ་གཅིག་ཏུ་ཕན་ཚུན་མཉམ་གཤིབ་ཏུ་གནས་ཡོད། བོད་དུ་ཆོས་ཀྱི་གར་འཆམ་ནི་འཇིག་རྟེན་འདི་སྣང་གི་ཆོས་ མིན་གྱི་མཐའ་རུ་ལྷུང་ཡོད་ལ། དེ་ནི་གནའ་ནས་ད་བར་དུ་ འདི་ལྟར་ཡིན། ༢༠༠༠ ལོར་དགའ་བདེ་ཡིས་ཀུན་ཕན་ཐེབས་རྩ་ཚོགས་

པར་སྙན་ཞུ་བཏང་སྟེ། ཁོང་ཉིད་རྒྱལ་སྤྱིའི་རིག་གཞུང་ མཉམ་ལས་ཀྱི་ལས་གཞི་དེར་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ གི་ནང་དུ་འདི་ལྟར་བྲིས་ཡོད།

ང་བོད་དུ་སྐྱེས་པ་དེར་ངས་རྟག་པར་དཀོན་མཆོག་ལ་ ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ང་ནི་བོད་ཀྱི་མཐོན་པོའ ་ི རི་ ཚོགས་དང་ཡང་ན་གཙང་ཆབ་རིང་མོ། ཡང་ན་མི་ཚོགས་ ཀྱིས་ཁེངས་པའི་སྐོར་ལམ། ཡང་ན་རླུང་རྟའི་ཕྲ་རྒྱན་ བཏབས་པའི་མ་ཎི་རྡོ་འབུམ་གྱི་འགྲམ་བཅས་གནས་གང་དུ་ ཡོད་རུང་། ལྷག་པར་དུ་ལོ་ངོ་སྟོང་ཕྲག་མང་པོའ ་ི ཆར་རླུང་ དང་འགྲོགས་ཏེ། ད་ལྟ་ཕྲ་ཐིག་དང་གས་སྲུབ་ཤོར་བའི་ ལྡེབས་རིས་དེ་དག་གི་གི་མདུན་དུ་འགྲེང་བའི་སྐབས་སུ། ངའི་སེམས་སུ་སྨྲ་བརྗོད་ལས་འདས་པའི་བློ་སྟོབས་ཞིག་ གིས་ནམ་ཡང་ཁེངས་པར་འགྱུར། གལ་སྲིད་བོད་ཀྱི་དགོན་པ་ཁག་གི་ལྡེབས་རིས་ཆ་ཚང་ ཕྱོགས་གཅིག་ཏུ་སྤུངས་ཚེ། དེ་དག་ཤོངས་སའི་འགྲེམས་ སྟོན་ཁང་ཞིག་འཛམ་གླིང་ཁྱོན་འདིར་ཡོད་མི་སྲིད་ལ། ངོ་ མཚར་སྟོང་གིས་ཕྱུག་ཅིང་མཚར་སྡུག་གི་འོད་མདངས་

འཕྲོ་བའི་ལྡེབས་རིས་འདི་དག་ནི་ང་ཚོའི་སྔོན་རབས་ཀྱི་རི་ མོ་བ་མེས་པོ་དམ་པོ་རྣམས་ཀྱི་བླ་ན་མེད་པའི་ཆོད་སེམས་ ལ་བརྟེན་ནས། ཧ་ཅང་དཀའ་ཚེགས་ཆེ་བའི་ཆ་རྐྱེན་ འོག་ཏུ་བཞེངས་པའི་བརྩམས་ཆོས་ཤ་སྟག་རེད། དེ་དང་ ཆབས་ཅིག་ཏུ། སྔོན་རབས་མེས་པོ་དམ་པ་རྣམས་ཀྱིས་ བརྩམས་ཆོས་འདི་དག་བརྒྱུད་དེ། ཞི་བདེའི་ལོངས་སྤྱོད་ དང་སེམས་ཀྱི་བདེ་སྐྱིད་ཀྱི་དཔལ་ཅི་ཙམ་ལ་རོལ་ཐུབཡོད་ པ་རེད་ཨང་། ང་རང་ཉིད་ཀྱང་ཁོང་ཚོའི་སྲོལ་རྒྱུན་འདི་མུ་ མཐུད་ནས་རྒྱུན་འཛིན་བྱེད་མཁན་ཞིག་ཏུ་འགྱུར་རྒྱུ་ནི་ངའི་ སེམས་ཁོངས་ཀྱི་རེ་འདུན་ཡིན་ཞེས་བྲིས་ཡོད།

ངས་ཤེས་གསལ་ལྟར་ན། ད་སྐབས་དགའ་བདེ་ཁོ་ན་ ཙམ་མིན་པར། དགེ་འདུན་ཆོས་འཕེལ་རི་མོའ ་ི ཚོགས་ པའི་རི་མོ་བ་ཉི་ཤུ་རྩ་བདུན་ཚང་མས་བོད་ཀྱི་ཕུན་སུམ་ ཚོགས་པའི་རི་མོའ ་ི སྒྱུ་རྩལ་གྱི་ཤུལ་བཞག་འདི་ཉིད་མ་ འོངས་པར་གོང་ནས་གོང་དུ་སྤེལ་བའི་ལམ་དུ་ཕྱོགས་ཡོད།

༢༠༠༨ ལོར། དགེ་འདུན་ཆོས་འཕེལ་རི་མོའ ་ི ཚོགས་པ་དེ་ལྷ་སའི་སྐྱིད་ཆུའི་འགྲམ་གྱི་ཁང་པ་གསར་པ་ཞིག་ཏུ་སྤོར་ཞིང་། རི་མོའ ་ི ཚོགས་པ་འདིའི་རི་མོ་བ་ཚོས་མུ་མཐུད་ནས་རི་མོ་བྲིས་ ཏེ། ཁོང་ཚོའི་རི་མོ་རྣམས་ད་སྐབས་འཛམ་གླིང་���ོངས་སུ་འགྲེམས་སྟོན་བྱེད་བཞིན་ཡོད། ཉེ་ཆར་ཁོང་ཚོའི་རི་མོ་ཁག་ཅིག་པེ་ཅིན་གྱི་སུང་ཀྲོང་རི་མོའ ་ི འགྲེམས་སྟོན་ཁང་དུ། “བོད་ཀྱི་ཉི་ཟེར་ ཚ་བོ” ཞེས་པའི་མིང་ཐོག་ནས་འགྲེམས་སྟོན་བྱས་ཡོད། ༢༠༠༦ ལོར་ཀུན་ཕན་ཐེབས་རྩ་ཚོགས་པའི་པའོ་ལ་ཧྦན་ཛུ་ (Paola Vanzo) ལྷ་ས་དང་ཁ་བྲལ་ཏེ། ནེའུ་ཡོག་ཏུ་ཡོད་པའི་དབུས་ཐེབས་རྩ་ཚོགས་ཁང་དུ་ལས་གནས་གསར་བ་ཞིག་ འཛིན་དུ་ཡོང་ཞིང་། ཁོང་བོད་དང་ཁ་བྲལ་སྐབས། ཁོང་གིས་བློས་མི་ཐོངས་པའི་གྲོགས་པོ་གྲོགས་མོ་མང་པོ་ཞིག་ཤུལ་དུ་བཞག་ནས་ཕེབས་ཡོད།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

29


སྟོང་པ་ཉིད་ལས་བྲོས་པ། charlie Finch ནས།

ཟླ་བ་བཅུ་པའི་ཚེ་༧ཉིན། གྲོང་ཁྱེར་ནེའུ་ཡོག་གི་རུའུ་བྷིན་འགྲེམས་སྟོན་ཁང་དུ་ཚོགས་བཞིན་པའི་“རྣམ་པ་འགྱུར་བའི་སྲོལ་རྒྱུན་ཏེ། བོད་ཀྱི་སྒྱུ་རྩལ་པའི་ཡ་ལན།”ཞེས་པའི་འགྲེམ་སྟོན་དེ་མཇུག་སྒྲིལ་བའི་སྟོན་མོ་དང་འབྲེལ་ཏེ། ཀུན་ཕན་ཐེབས་རྩ་ཚོགས་པས་ཨེ་ཤ་ཞི་ བདེ་རྒྱ་མཚོའི་སྒྱུ་རྩལ་ཁང་དང་། དེ་བཞིན་རུའུ་བྷིན་འགྲེམས་སྟོན་ཁང་བཅས་མཉམ་དུ་བོད་ཀྱི་རི་མོའ ་ི འགོ་ཁྲིད་པ་དྲུག་ཙམ་བསྡུས་ནས། དེང་དུས་བོད་ཀྱི་སྒྱུ་རྩལ་གྱི་མ་འོངས་པའི་ཁ་ཕྱོགས་སྐོར་ལ་བགྲོ་གླེང་བྱས། “ཧི་མ་ལ་བརྒལ་བ། བོད་ཀྱི་སྒྱུ་རྩལ་གྱི་ཞིང་ཁམས་ གསར་པ།”ཞེས་པའི་བགྲོ་གླེང་ཚོགས་འདུ་འདིར་ད་དུང་དབྱིན་ཇིའི་ཨོག་སི་ཧྥོར་ཀྲིའི་མག་ཌ་ལན་སློབ་གླིང་གི་རྒན་ཁེ་ལར་ཧ་རི་སི་དང་། ཧྥ་རེར་སག་གར་འགྲེམ་སྟོན་ཁང་གི་ཁ་རོལ་ཧུའུ། དེ་བཞིན་སྒྱུ་རྩལ་དྲ་རྒྱའི་༼ Artnet.com ༽རི་མོ་སྐྱར་ཞིབ་པ་ཆར་ལེ་ཧྥིན་ཆེ་ སོགས་ཞུགས་ཡོད་པ་དང་། ཨེ་ཤ་ཡ་ཞི་བདེའི་སྒྱུ་རྩལ་ཁང་གི་ཨ་ཤེ་ལེ་རའོ་ལིང་གིས་བགྲོ་གླེང་འདི་གཙོ་སྐྱོང་བྱས།

ཨེ་ཤ་ཞི་བདེ་རྒྱ་མཚོའི་སྒྱུ་རྩལ་ཁང་དུ་ཡོད་པའི་བདག་ གི་རྩོམ་སྒྲིག་པ་ཨེ་ལཱན་ལགས་ཀྱིས། བདག་གྲོང་ཁྱེར་ནེའུ་ ཡོག་གི་རུའུ་བྷིན་འགྲེམས་སྟོན་ཁང་དུ་ཚོགས་བཞིན་པའི་ “རྣམ་པ་འགྱུར་བའི་སྲོལ་རྒྱུན་ཏེ། བོད་ཀྱི་སྒྱུ་རྩལ་པའི་ ཡ་ལན།”ཞེས་པའི་འགྲེམས་སྟོན་དང་སྦྲགས་ཏེ་ཀུན་ཕན་ ཐེབས་རྩ་ཚོགས་པ་རུ་འཚོགས་པའི་བགྲོ་གླེང་ཞིག་ལ་ ཞུགས་སུ་བཅུག་པའི་ཡར་སྔོན་དུ། བདག་ལ་བོད་ཀྱི་དེང་ རབས་སྒྱུ་རྩལ་ཐད་དེ་འདྲའི་ཆ་རྒྱུས་མེད། འགྲེམས་སྟོན་སྡེ་ ཚན་ཁག་ལ་ལྟ་ཞིབ་བྱེད་སྐབས་བསྟན་འཛིན་ནོར་བུ་ལགས་ ཀྱི་ངོ་མཚར་ལྡན་པའི་རི་མོ་ཁག་གིས་བདག་གི་ཡིད་དབང་ འཕྲོག ཁོང་གི་མཉེན་ཆ་ལྡན་པའི་ཐིག་ལམ་དང་ཚོར་འདུས་ ཕྱུག་པའི་བཙུན་པ་དང་གཡུ་འབྲུ་གི་རི་མོ་དག་ནི་དེང་རབས་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

རི་མོའ ་ི རྣམ་གྲངས་གང་དུ་སོང་ཡང་གདེང་འཇོག་ཐོབ་ངེས་ རེད། བདག་རུའུ་བྷིན་འགྲེམས་སྟོན་ཁང་དུ་འགྲོ་སྐབས་ བསྟན་འཛིན་ནོར་བུ་ལགས་ཀྱང་དེར་འདུག་ལ་བདག་གིས་ ཁོང་ལ་འཐམས་ནས་འཚམས་འདྲི་ཞིག་བྱས་པ་དེས་ཁོང་ ཅུང་དོགས་མི་བདེ་བ་བཟོས། འགྲེམས་སྟོན་འདིའི་དོ་དམ་ པ་རཱེ་ཆེལ་ཝེན་གེས་ཋི་ལགས་ཀྱིས་བདག་ལ་འགྲེལ་བཤད་ གནང་དོན། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་གཞུང་ལུགས་ ལྟར་ན་དེང་རབས་འཇིག་རྟེན་གྱི་སྣང་བརྙན་སོར་རྩེ་གང་ ཙམ་ཡང་ནང་དུ་འདྲེས་ཚེ་ཆེས་ཐལ་སྤྱོད་དུ་སོང་ཡོད་པ་ རེད་ཟེར། ཁོང་གིས་ད་ཐེངས་འགྲེམས་སྟོན་གྱི་སྒྱུ་རྩལ་པ་ འདེམས་གསེས་བྱེད་སྟངས་ཐད་འགྲེལ་བཤད་གནང་དོན། སྤྱིར་སྒྱུ་རྩལ་དངོས་པོ་གསར་སྐྲུན་ཐད་ཕུལ་དུ་བྱུང་བ་ཡིན་

པ་གཞི་རྩའི་སྟེང་། ཁོང་ཚོའི་བརྩམས་ཆོས་ལ་བོད་ཀྱི་སྲོལ་ རྒྱུན་ལ་གུས་ལུགས་ལྡན་པའི་སྒོ་ནས་འགྱུར་བཅོས་བཏང་ ནས་དངོས་ཡོད་སྒྱུ་འཕྲུལ་རྣམ་པས་སྤྲས་ཏེ་འོག་འགྱུའི་ཚོར་ བའི་ཚུལ་གྱིས་སྟོན་པའི་ཁྱད་ཆོས་ལྡན་ཟེར། བདེ་སྒྲོན་ཏེ། ད་ཐེངས་འགྲེམས་སྟོན་འདིར་ཞུགས་པའི་ བུད་མེད་གཅིག་པུ་ཁོང་གི་རི་མོར་བལྟ་སྐབས། ཁོ་མོའ ་ི འཚོལ་སྙེག་གི་མིག་ཟུང་དང་བཅས་ཁ་བཙུམས་པའི་བྱིས་ པ་ལྟ་བུའི་སྣང་བརྙན་ཁག་གིས་བདག་ལ་སེམས་འགུལ་ ཟབ་མོ་ཐེབས་སུ་བཅུག ཡིད་ཕངས་པ་ཞིག་ལ་ཁོ་མོ་ཀུན་ ཕན་ཐེབས་རྩ་ཚོགས་པས་བཀོད་སྒྲིག་གནང་བའི་བགྲོ་གླེང་ ཚོགས་འདུའི་ཐོག་ཏུ་མ་འབྱོར། སྐྱེས་པ་སྒྱུ་རྩལ་པ་བརྒྱད་ པོའ ་ི ཕྱི་ལུས་ཀྱི་ཆ་ལུགས་དང་ནང་སེམས་ཀྱི་འཛིན་སྟངས་


བཅས་ནི་གཅིག་གྱུར་གྱི་ཐོག་ནས་༡༩༤༠ཞེ་གྲངས་ལོའ ་ི རྟོག་འཆར་ཉེར་མཚོན་རིང་ལུགས་པའི་རི་མོ་བ་རྒོར་ཀེ་དང་ ཌེ་ཁོའ ་ོ ནིང་། ཕོ་ལོག རོ་ཐི་ཁོ། མཱ་རྡེར་ཝེལ་དང་དེ་མིན་གྱི་ སྐབས་དེ་དུས་ཀྱི་སྒྱུ་རྩལ་པ་ཁག་དང་ཧ་ཅང་འདྲ། ཁོང་ཚོས་ སྔོན་བྱོན་གྱི་མཁས་དབང་དེ་ཚོ་དང་འདྲ་བར་རྫི་དོར་སྔོན་ པོ་རེ་གྱོན་ནས་མཁྲེགས་ཤིང་སྟུག་ལ་ཕོ་ཉམས་ལྡན་པའི་ཤ་ རྒྱུས་དང་ཁྱད་མཚར་པའི་རྣམ་པ་རྣམས་གསལ་བོར་མངོན་ པར་བྱས་འདུག བློ་བཟང་རྒྱ་མཚོ་ནི་བདག་དང་འདྲ་བར་རང་ལོ་༥༧ཡིན་ ལ་ནེའུ་ཡོག་གྲོང་ཁྱེར་གྱི་མཱ་ཌི་སོན་སྲང་ཆེན་གྱི་གཞིས་ སྡོད་པ་རྙིང་བ་ཞིག་ཀྱང་རེད། ཁོ་རང་ཕར་བལྟས་ཚོད་ཀྱིས་ ནུབ་ཕྱོགས་པའི་ཤུགས་རྐྱེན་ཆེན་པོ་ཐེབས་པར་སྣང་ཡང་ ། བོད་ཀྱི་སྲོལ་རྒྱུན་ལ་རྩི་མཐོང་ཆེན་པོ་ཡོད་པའི་མི་ཞིག་ རེད། ཁོང་གིས་གཉེན་སྒྲིག་བྱེད་སའི་བོད་རིགས་བུད་ མེད་ཅིག་རྙེད་རྒྱུ་ཧ་ཅང་དཀའ་རབས་བཤད་ལ། བདག་ གིས་“ལུགས་འགལ”ཞེས་པའི་ཐ་སྙད་སྤྱད་པར་ཁོང་མ་ འཐད་པར་ཁོང་གིས་དེ་ལས་“བསྐྱར་བཞེངས”ཞེས་པའི་ ཐ་སྙད་སྤྱོད་དགོས་སྐོར་གསུངས། ལམ་བྲག་སྐལ་བཟང་ གི་བརྩམས་ཆོས་ཁག་ནི་ཌཱ་མིན་ཧིར་སི་ཋི་ཡི་དེང་རབས་ བརྩམས་ཆོས་ཁག་དང་ཧ་ཅང་མཚུངས། སྐལ་བཟང་གི་ དྲེགས་ཤུགས་ཆེ་བའི་བརྩམས་ཆོས་ཏེ་ཐོད་སྐམ་ནག་པོའི་ དཀྱིལ་འཁོར་དེས་བདག་གི་སེམས་ལ་འཇིགས་སྣང་གི་ འཚོར་བས་བཀང་བར་བྱས་ཤིང་ཅི་ཡང་མེད་པ་ཉིད་ཀྱི་མུན་ ནག་གི་ཕྱོགས་དེ་གསལ་སྟོན་བྱས། དེ་ལྟ་ནའང་། བགྲོ་གླེང་ ཐོག་ཏུ་ཁོང་ནི་ཆེས་ཁྱད་མཚར་ལ་ཆེས་སྤྲོ་སྣང་ལྡན་པའི་ ཚོགས་མི་ཞིག་རེད། བསྟན་འཛིན་རིག་གྲོལ་ནི་ཕར་བལྟས་ཚོད་ཀྱིས་གཤིས་ ཀ་འཇམ་ལ། བྱམས་བརྩེ་དང་ལྡན་པར་མངོན་ན་ཡང་། ཁོང་གི་བརྩམས་ཆོས་ཁ་བྱང་དུ་“གཤིན་རྗེ་གཤེད་ལ་ཁ་ སྐོང་བྱེད་པ།”ཞེས་པའི་ནང་དུ་གཤིན་རྗེའི་ཡུམ་གྱི་ཞབས་ འོག་ཏུ་ཨོ་ས་མཱ་བྷིན་ལཱ་ཏིན་མནན་པར་བྱས་ནས་སྲོལ་རྒྱུན་ གྱི་བཟོ་བཀོད་ལ་ལྷན་པ་བརྒྱབ་སྟེ་ཞི་འཇམ་ཁོར་ཡུག་གི་ ལྷིང་འཇགས་དཀྲོགས་ཡོད། ཤར་པ་ཚེ་རིང་གིས་ཞིབ་འབྲི་ བྱས་པའི་སངས་རྒྱས་ཀྱི་དབུ་དང་སྤེན་པ་དབང་འདུས་ཀྱི་ ཆགས་སྲེད་ཀྱི་རི་མོ་ཕན་ཚུན་འཐམ་འཁྱུད་བྱས་པ་ལས་ དུག་ལྔ་མཚོན་པར་བྱས་པ་སོགས་རྙོག་འཛིང་ལྡན་པའི་རི་ མོ་འདི་དག་གི་ནང་དོན་ལ། རྨོངས་པས་གྲིབ་པའི་བདག་ ལྟ་བུ་ལ་མཚོན་ན་ཡིད་མུག་ཡོང་བའི་གཞི་རེད། གནད་དོན་འདི་དག་གིས་ང་ཚོའི་སེམས་སུ་འཁྱེར་ ཡོང་བ་ནི་ཕྱིར་སྡོད་བོད་མིའི་སེམས་ཀྱི་རྡོག་ཁྲེས་དེ་ རེད། ཁོང་ཚོའི་མ་འོངས་ཕུགས་མདུན་ཐད་ཀྱི་སེམས་ ཁྲལ་ནི་དད་འདུན་དང་ཞེན་སེམས་ཀྱིས་བཀུར་བའི་སངས་

རྒྱས་ཆོས་ལུགས་ལས་ལྷག་པ་དེ་རེད། སྒྱུ་རྩལ་བརྩམས་ ཆོས་འདི་དག་གི་གོ་དོན་རྟོགས་ཆེད་དེ་དག་ལ་ངེས་པར་ དུ་འགྲེལ་བཤད་ཅིག་རྒྱག་དགོས་སམ། བགྲོ་གླེང་ཚོགས་ འདུ་ལ་ཞུགས་པའི་རི་མོའ ་ི སྒྱུ་རྩལ་པ་ཁག་རང་ཉིད་ཀྱི་ཐུན་ མིན་ཁྱད་ཆོས་ཐད་བློ་གཅིག་སེམས་གཅིག་ཡིན་པའི་དོན་ དངོས་འདིས་བསྟན་པ་ནི། ཁོང་ཚོས་རིམ་བཞིན་རང་ཉིད་ཀྱི་ ལས་ཀའི་ཁྱབ་ཁོངས་རྒྱ་ཇེ་ཆེ་དང་ཁྱད་པར་དུ་ནུབ་ཕྱོགས་ སྤྱི་ཚོགས་སུ་རྒྱ་བསྐྱེད་ངེས་པ་དེ་རེད། སྒྱུ་རྩལ་པ་ཚོས་ གསལ་འདོན་བྱས་པ་ལྟར་ན། “ཚ་གདུག་ཆེ་བའི་བོད་ཀྱི་ ཉི་མ”ཞེས་པའི་འགྲེམས་ཚོགས་དེ་ད་ལོའ ་ི སྟོན་ཀར་སུང་ ཀྲུང་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་ཚོགས་ཡོད་ལ། སྐབས་ དེར་བརྩམས་ཆོས་ཆེ་གྲས་ཁག་ཀྱང་ནང་དུ་འདུས་ཡོད་ལ་ དེ་དག་ཀྲུང་གོའ ་ི ས་ཁུལ་གང་དུ་དེང་རབས་བརྩམས་ཆོས་ འགྲེམས་སྟོན་ཚོགས་ན་དེར་ཕྱིར་སླེབས་ཀྱི་ཡོད་པའི་སྒྱུ་ འཕྲུལ་བསྟན་ཡོད་འདུག ཁོང་ཚོར་མཚོན་ན། རུའུ་བྷིན་འགྲེམས་སྟོན་ནི་ཁོང་ ཚོའི་སྒྱུ་རྩལ་ལམ་བུ་དེ་གལ་གནད་ཆེ་བའི་རྒྱལ་ཁའི་སྔོན་ འགྲོ་འདི་དང་དུས་མཚུངས་སུ་གསལ་འདོན་བྱས་པ་ཙམ་ རེད། སྐབས་འདིར་བདག་གི་སེམས་ལ་དྲན་ཡོང་བ་ནི་རྒྱ་ རིགས་སྒྱུ་རྩལ་པ་གྲགས་ཅན་ཀྲང་ཧུའན་ཡིན་ཞིང་། ཁོང་ གིས་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཁང་ལས་བཏུས་པའི་ སྤོས་ཐལ་དང་དེ་མིན་གྱི་ཅུང་ལུགས་འགལ་ཡིན་པའི་རྒྱུ་ ཆ་སྤྱད་དེ་ཕོད་པ་ཆེན་པོས་འཇིམ་སྐུ་བཟོས་ཡོད། བོད་ཀྱི་ དཔའ་ཐུལ་འདི་ཚོས་ནུབ་ཕྱོགས་སྒྱུ་རྩལ་པ་ཧོན་སི་དང་ ཧིར་སི་ཋི་སོགས་དང་ཆ་གཤིབ་དང་འགྲན་བསྡུར་བྱེད་ པ་ཉུང་ཙམ་བྱས་ཏེ་རྒྱ་རིགས་སྒྱུ་རྩལ་པ་འདི་ཚོའི་མཛེས་ ཆོས་སྒྱུ་རྩལ་དང་ཆ་གཤིབ་དང་འགྲན་བསྡུར་མང་ཙམ་བྱེད་ ཐུབ་བམ། འདི་ལྟ་བུ་ཞིག་འབྱུང་ཐུབ་པའི་ལམ་བུ་གཅིག་པུ་ནི། བོད་ཀྱི་སྒྱུ་རྩལ་པ་ཚོས་བོད་ཀྱི་ཆོས་ལུགས་རྣམ་གཞག་སྲ་ བརྟན་དུ་གཏོང་བར་བྱེད་ཅིང་ཚོང་ལས་དེང་རབས་ཅན་གྱི་ ནང་དུའང་བྲོ་བ་གསར་པ་ལྡན་པའི་སྣང་བརྙན་རང་བཞིན་ གྱི་བརྡ་དོན་གསར་གཏོད་བྱེད་ཆེད། སྒྱུར་རྩལ་པ་རྣམས་ ཀྱིས་ཚོགས་ཁག་བསྒྲིགས་ནས་འགྲེམས་སྟོན་བྱེད་པ་དང་ ཕན་ཚུན་གྱི་བརྩམས་ཆོས་ལ་དགག་སྒྲུབ་བྱེད་རེས་བྱ་རྒྱུ་ དེ་རེད། ལམ་འདི་ནི་ཧ་ཅང་བགྲོད་དཀའ་བ་ཞིག་ཡིན་པ་ དོན་དངོས་ཡིན་ནའང་། བོད་ཀྱི་སྒྱུ་རྩལ་ཉམས་ལེན་གྱི་རང་ གཤིས་དེ་རྩ་གཏོར་གཏོང་མི་ཐུབ་ལ་གཏོང་ཡང་མི་རུང་ བ་ཞིག་རེད། དེ་ལས་ལྡོག་སྟེ་དེའི་མི་སྡུག་པའི་ཚོར་སྣང་ འཇོམས་པར་བྱེད་པའི་རང་བཞིན་དེ་གོང་འཕེལ་བཏང་ནས་ དེའི་སྙན་པའི་གྲགས་པ་སྤེལ་དགོས་པའོ༎

རི་མོ་འདི་ནི་བསྟན་འཛིན་ནོར་བུ་དང་ཚེ་རིང་ཆོས་སྒྲོན་ གྱིས་བརྩམས་པའི་སྦལ་པ་ཆུང་ཆུང་དང་ཕོ་རོག་ཅེས་པའི་ བྱིས་པའི་དེབ་ནང་ནས་བཏོན། རི་མོ་བ་ནི་བདེ་སྒྲོན་ཡིན། ༼༢༠༠༧༽ ཤོག་གྲངས་༣༡

ཁ་སྤྲོད་ཀྱི་ཤོག་ལྷེ། ཧི་མ་ལ་ཡ་བརྒལ་བ་ཞེས་པའི་བགྲོ་ གླེང་ཚོགས་འདུ། གཡོན་ནས་གཡས་ལ་རྩིས་པ། ཆར་ལི་ ཧྥིན་ཆི། བློ་བཟང་རྒྱ་མཚོ། ཚེ་རིང་ཤར་པ། སྐལ་བཟང་ ལམ་བྲག ཁ་རོལ་ཧུ། ཨ་ཤེ་ལེ་རའོ་ལིང་སི། གོང་དཀར་རྒྱ་ མཚོ། ཁ་ལེལ་རི་ཧེ་རི་སི། བསྟན་འཛིན་རིག་གྲོལ། བསྟན་ འཛིན་ནོར་བུ། ཤོག་གྲངས། ༣༡

Artnet.comདྲ་རྒྱའི་སྟེང་གི་དཔྱད་གཏམ་པ་རྒན་པ་ཞིག་ཡིན་ཞིང་། དྲ་རྒྱ་དེའི་སྟེང་ལ་ཁོང་གིས་རྒྱུན་དུ་དེང་ དུས་ཀྱི་སྒྱུར་རྩལ་སྐོར་ལ་དཔྱད་གཏམ་སྤེལ་ལོ། ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

31


རྒྱལ་སྤྱིའི་བོད་རིག་པའི་ ཞིབ་འཇུག་ཚོགས་ཆེན།

༢༠༡༠ཟླ་བ་བརྒྱད་པའི་ཚེས་༡༥ནས་ཚེས་༢༡བར་ལ། འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་མཁས་དབང་བཞི་བརྒྱ་ལྷག་ཁེ་ན་ ཀྲའི་གྲོང་ཁྱེར་ཧྦེན་ཁུ་ཧྦར་གྱི་མཛེས་ཤིང་ལྟ་ན་སྡུག་པའི་སྦེ་རི་ཀྲི་ཤ་སློབ་གྲྭ་ཆེན་མོའི ་སློབ་གླིང་ལ་འཛོམས་ནས་རྒྱལ་སྤྱིའི་བོད་རིག་པའི་ ཚོགས་འདུ་ཐེངས་༡༢པ་དེ་ཚོགས། ཚོགས་འདུ་འདི་ནི་ལོ་གསུམ་ནས་བཞིའི་ནང་ལ་ཐེངས་གཅིག་རེ་བསྡུས་ནས་རྒྱལ་སྤྱིའི་བོད་རིག་ པའི་མཁས་དབང་རྣམ་པས་གཟའ་འཁོར་གཅིག་གི་རིང་ལ་བོད་རིག་པ་དང་འབྲེལ་བ་ཡོད་པའི་བརྗོད་གཞི་སྣ་ཚོགས་ཀྱི་སྟེང་བགྲོ་གླེང་བྱེད་ ཀྱི་ཡོད། འདས་པའི་ལོ་ཤས་ནང་ལ་ཚོགས་འདུ་འདིའི་བརྗོད་གཞིའི་རྣམ་གྲངས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ནི་ཐེངས་འདིའི་རྒྱབ་ ལྗོངས་མི་འདྲ་བའི་ཚོགས་ཞུགས་པ་རྣམས་དང་གླེང་གཞི་མི་འདྲ་བའི་བགྲོ་གླེང་ཚོགས་ཆུང་མང་པོ་བཀོད་སྒྲིག་བྱས་ཡོད་པ་ལས་ ཤེས་ཐུབ།

ཉིན་གཅིག་ཧྦན་ཁུ་ཧྦར་ལ་སྔར་བྱུང་མྱོང་མེད་པའི་ཚ་གདུག་ཆེན་པོ་ལངས་ཀྱང་། ཡུལ་ གྲུ་ཁག་ནས་ཕེབས་པའི་མཁས་དབང་ཚོས་ཚ་གདུག་ལ་ཇི་མི་སྙམ་པར་ཧུར་བརྩོན་ཆེན་པོས་ བགྲོ་གླེང་རྣམས་ལ་ཞུགས་ནས་མཁས་པའི་མཛད་པ་བསྐྱངས། མཛེས་ཤིང་ལྟ་ན་སྡུག་པའི་ སློབ་གླིང་གི་ར་བའི་ནང་ལ། ཧྦན་ཁུ་ཧྦར་མཚོ་ངོས་ནས་བསིལ་རླུང་དལ་བུས་གཡོ་ཞིང་། ལྗོན་ཤིང་གི་གྲིབ་བསིལ་འོག་ལ། རྒྱ་ནག་དང་རྒྱ་གར་ནས་ཕེབས་པའི་མཁས་དབང་ཚོས། ནུབ་ཕྱོགས་ནས་ཕེབས་པའི་མཁས་དབང་རྣམས་དང་མཉམ་དུ་སོས་དལ་གནང་བཞིན། རྒྱས་ སྤྲོས་མེད་ཅིང་བག་ཕེབས་པོའ ་ི ངང་ཕན་ཚུན་བཀའ་མོལ་གནང་ནས་ཞུགས་པ་ནི་བོད་རིག་པའི་ ཚོགས་འདུ་འདིའི་བརྗེད་པར་དཀའ་བའི་རྣམ་པ་གཅིག་རེད། བོད་ཀྱི་རིག་གཞུང་དང་སྐད་ཡིག་གོང་འཕེལ་གཏོང་བའི་ཆོད་སེམས་མངོན་འགྱུར་ཡོང་ ཆེད། ༡༩༩༨ལོ་ནས་བཟུང་། ཀུན་ཕན་ཐེབས་རྩ་ཚོགས་པས་རྒྱལ་སྤྱིའི་བོད་རིག་པའི་ ཚོགས་འདུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད་ཅིང་། ངེད་ཚོའི་རོགས་སྐྱོར་གྱི་དམིགས་འབེན་ གཙོ་བོ་ནི་ན་གཞོན་ཤེས་ཡོན་ཅན་རྣམས་ཡིན་པ་དང་། ཁོང་ཚོར་དུས་རྒྱུན་མཚན་སྙན་ཆེན་ པོ་ཡིན་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་ཐོག་ཞུགས་པ་དང་རྩོམ་ཡིག་སྒྲོག་བྱང་བྱེད་པའི་ གོ་སྐབས་ཡེ་ནས་མེད། དེར་བརྟེན། ངེད་ཚོས་ཁོང་ཚོར་མ་དངུལ་གྱི་རོགས་སྐྱོར་གཅིག་ པུ་མ་ཡིན་པར་། ད་དུང་ས་གནས་ནས་སྣེ་ལེན་ཞུས་ནས། སྐད་སྒྱུར་དང་། ཚོགས་འདུའི་ ཐོ་འགོད། དེ་བཞིན་གནམ་ཐང་ནས་བསུ་སྐྱེལ་སོགས་ཀྱི་རོགས་པ་བྱས་ནས། ཁོང་རྣམས་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

བདེ་བླག་ངང་ཚོགས་འདུར་ཞུགས་ཐུབ་རྒྱུའི་འབད་པ་བྱས་ཡོད། དེ་སྔོན་ཀུན་ཕན་གྱིས་རོགས་སྐྱོར་བྱས་པའི་མཁས་དབང་ཚོས། བརྗོད་གཞི་མི་འདྲ་ བ་མང་པོའ ་ི ནང་རྩོམ་ཡིག་སྒྲོག་བྱང་བྱས་ཡོད་པ་སྟེ། རེབ་གོང་ཡུལ་གྱི་ལྷ་འབེབ་མཁན་ གྱི་སྐོར་དང་། བོད་ཀྱི་གནའ་བོའ ་ི རྩིས་རིག་དང་། དེ་བཞིན་བོད་ཀྱི་གནའ་དཔེ་རྩོམ་སྒྲིག་ བྱེད་པའི་སྐོར་སོགས་ཡིན། ༢༠༡༠ལོའ ་ི ནང་ལ། ངེད་ཚོས་མི་རབས་གསར་པའི་ཤེས་ ཡོན་ཅན་བཅུ་ཙམ་ལ་བོད་རིག་པའི་ཚོགས་འདུར་ཞུགས་པར་རོགས་སྐྱོར་བྱས། ཁོང་ རྣམས་ཀྱིས་ཚོགས་འདུ་དེར། མི་རིགས་རིག་པ་དང་། ལོ་རྒྱུས། རྩོམ་རིག དེ་བཞིན་ ཨར་སྐྲུན་རིག་པ་སོགས་ཀྱི་བརྗོད་གཞིའི་ནང་ལ་ཆེད་རྩོམ་སྤེལ་ཡོད། ད་རེས་ཁོང་རྣམས་ ཀྱིས་རྒྱལ་སྤྱིའི་ཚོགས་འདུ་འདི་དང་འབྲེལ་བ་བྱུང་བ་བརྒྱུད་ནས་ཕྱི་རྒྱལ་དུ་ཕེབས་པའི་གོ་ སྐབས་གཞན་པ་ཡང་ཐོབ་ཡོད། ངེད་ཚོས་ཚོགས་འདུ་འདི་ལ་ཚོགས་ཞུགས་ཀྱི་རོགས་དངུལ་སྦྱིན་པ་མ་ཟད། ད་དུང་ ཐེངས་འདིར་ཚོགས་འདུ་འདི་སྐོང་མཁན་ལ་ཡང་ཚོགས་འདུའི་གྲ་སྒྲིག་གི་ཆེད་དུ་འགྲོ་སོང་ གཏོང་བའི་རོགས་དངུལ་སྦྱིན་ཡོད། མ་ཟད་ངེད་ཚོའི་ལས་བྱེད་པ་རྣམས་ཀྱིས་ཀྱང་། ཚོགས་འདུར་ཞུགས་པ་དང་བགྲོ་གླེང་ཚོགས་ཆུང་ལ་སོགས་གཙོ་སྐྱོང་གནང་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པའི་ཞིབ་འཇུག་ལས་ཁུངས་དང་། ཤེལ་ལེ་དང་ཌོན་རུ་ སྦིན་ཐེབས་རྩ་ཚོགས་པ་གཉིས་ཀྱིས་“བོད་ཀྱི་ནང་ལ་ལག་ལེན་ཐོག་འཇུག་པའི་ཤེས་


བསྟན་འཛིན་དགེ་ལེགས་ལགས་དང་། ཨེན་རི་ ཁོ་དེལ་ཨང་ཇི་ལོ། དེ་བཞིན་ཚོགས་ཞུགས་པ་ གཉིས་མཉམ་དུ་ཚོགས་འདུའི་སྐབས་སུ་ལེན་པ།

ཡོན།”ཞེས་པའི་བགྲོ་གླེང་ཚོགས་ཆུང་ཞིག་བསྐོངས་ནས། ཚོགས་ཆུང་དེའི་ནང་ལ་ལག་ལེན་དང་འབྲེལ་ཡོད་ཀྱི་ཆེད་ ལས་ཤེས་ཡོན་ཅན་དང་། སྤྱི་ཚོགས་ནང་ལ་ཁ་ཡོད་ལག་ ཡོད་ཀྱིས་ཞབས་འདེགས་སྒྲུབ་མཁན་གྱི་བྱ་བའི་ཐོག་ལ་ ཞིབ་འཇུག་བྱེད་མཁན་གྱི་ཤེས་ཡོན་ཅན་རྣམས་བསྡུ་སྐོང་ བྱས་ནས་ཤེས་ཡོན་དང་སྤྱི་ཚོགས་ཡར་རྒྱས་ཀྱི་བྱ་བའི་ གནད་ལ་བགྲོ་གླེང་མཛད། ཚོགས་ཆུང་དེས་གནད་དོན་ གསུམ་ལ་གོ་བསྡུར་བྱས་ཡོད་པ་སྟེ། ཞིབ་འཇུག་གི་ལས་ ཀའི་ནང་ལ་ཀུན་སྤྱོད་དག་ཐེར་དགོས་པའི་གནད་དོན་གྱི་ སྐོར་དང་། ཤེས་ཡོན་དར་སྤེལ་གཏོང་སྟངས་ཀྱི་གནད་ དོན། དེ་བཞིན་ལག་ལེན་དང་འབྲེལ་ཡོད་ཀྱི་ཤེས་ཡོན་ དང་ཞིབ་འཇ���ག་གི་བྱ་བའི་དབར་གྱི་འབྲེལ་བའི་གནད་དོན་ བཅས་རེད། པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའ ་ི རྒན་ཐུབ་བསྟན་ ཕུན་ཚོགས་ལགས་ཀྱིས་བོད་ཡུལ་ཨེ་ཛེའི་ནད་ཡམས་ སྔོན་འགོག་ཚོགས་པའི་ཀུན་སྤྱོད་དང་འབྲེལ་བ་ཡོད་ པའི་ལས་ཀའི་དཔེ་མཚོན་འགའ་ཤས་ངོ་སྤྲོད་མཛད་དོན། ༢༠༠༠ལོའ ་ི ནང་ལ་དཀར་མཛེས་ཁུལ་ལ་ཨེ་ཛེའི་ནད་པ་དང་ པོ་དེ་འཐོན་པའི་སྐབས་ལ། རྒན་ཐུབ་བསྟན་ཕུན་ཚོགས་ ཀྱིས་ནད་ཡམས་དེའི་སྔོན་འགོག་གི་བྱ་བ་སྤེལ་རྒྱུ་གལ་ཆེ་ ཡིན་པ་ངོས་འཛིན་གནང་། གལ་ཏེ་སྔོན་འགོག་གི་བྱ་བ་ དེ་གང་མགྱོགས་འགོ་འཛུགས་མ་ཐུབ་ན། བོད་མཐོ་སྒང་ ལ་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་ཨེ་ཛེའི་ནད་ཡམས་ཀྱི་ དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་གཟིགས་ནས། ཁོང་ གིས་སྔོན་འགོག་ཚོགས་པ་ཞིག་བཙུགས་ནས་ཞིང་འབྲོག་ མི་དམངས་ལ་ཨེ་ཛེའི་སྔོན་འགོག་གི་སློབ་གསོ་ཁྱབ་སྤེལ་ གནང་། མི་དམངས་རྣམས་ལ་དཔེ་དེབ་མཁོ་སྤྲོད་བྱ་རྒྱུ་དེ་ཡང་ གལ་ཆེ་ཞིག་ཡིན་པར་ངོས་འཛིན་གྱིས། སྐུ་ཞབས་མར་

ཁ་ཊུ་རིན་ (Mark Turin) གྱིས་ཧི་མ་ལ་ཡའི་གློག་ རྡུལ་ལས་གཞི་ཟེར་བ་དེ་ངོ་སྤྲོད་གནང་། སྐུ་ཞབས་མར་ ཁ་ཊུ་རིན་ནི་ཁེམ་སྦུ་རི་ཅིསློབ་གྲྭ་ཆེན་མོའ ་ི འཛམ་གླིང་ ངག་རྒྱུན་རྩོམ་རིག་ལས་གཞིའི་འགན་འཛིན་ཡིན་པ་དང་། ལས་གཞི་དེས་མི་དཔྱད་རིགས་པའི་ཡིག་ཚགས་ཀྱི་རྒྱུ་ཆ་ རྣམས་གསོག་ཉར་དང་ཀློག་པ་པོ་རྣམས་ལ་མཁོ་འདོན་བྱེད་ པའི་བྱ་བ་སྒྲུབ་བཞིན་ཡོད། ཁོང་གིས་ཡིག་ཚགས་ཀྱི་ རྒྱུ་ཆ་དེ་དག་གློག་རྡུལ་གྱི་རྣམ་པའི་ཐོག་ལ་ཕབ་སྒྱུར་བྱེད་ སྐབས་འཕྲད་པའི་དཀའ་ངལ་རྣམས་ངོ་སྤྲོད་མཛད། ལྷག་ དོན་རྒྱུ་ཆ་རྣམས་ཡུན་རིང་གནས་ཐུབ་པའི་སྤུས་ཀ་དང་

སིན་ན་ཁེ་རག་ནི་ཌར་མོ་མཐོ་སློབ་ཀྱི་སློབ་དཔོན་གནང་ བཞིན་པ་དང་འབྲོག་པ་ཞེས་པའི་རོགས་ཚོགས་དེ་འཛུགས་ མཁན་གཅིག་རེད། ཁོང་གིས་སྲོལ་རྒྱུན་གྱི་སྨན་བཅོས་ ལག་ལེན་དང་མཉམ་དུ་དེང་དུས་ཀྱི་སྨན་བཅོས་ཐོ་འགོད་ དང་ཡིག་ཆ་གསོག་ཉར་གནང་ཐུབ་མཁན་གྱི་སྨན་ཁང་ ཁག་ལ་རོགས་རམ་གནང་གི་ཡོད། གཞུང་དང་རྒྱལ་སྤྱིའི་ ཚོགས་པ་ཁག་དང་། དེ་བཞིན་སྨན་པ་རྣམས་ཀྱིས་གོང་ གི་འཛིན་སྐྱོང་ལག་བསྟར་བྱེད་མཁན་གྱི་སྨན་ཁང་རྣམས་ལ་ དོ་སྣང་བྱེད་བཞིན་པར་བརྟེན། དེ་དག་ལ་དམིགས་བསལ་ གྱི་རོགས་རམ་འཐོབ་ཀྱི་ཡོད། བགྲོ་གླེང་གི་ནང་དོན་མཐའ་མ་ནི་ལག་ལེན་གྱི་ཤེས་ ཡོན་པ་རྣམས་དང་ཞིབ་འཇུག་ལས་ཀའི་དབར་གྱི་འབྲེལ་ བའི་སྐོར་ཡིན་པ་དང་། ཧྦར་ཇིན་ནའི་སློབ་གྲྭ་ཆེན་མོའ ་ི སློབ་དཔོན་ཡིན་པ་དང་ བོད་དང་ཧི་མ་ལ་ཡའི་དཔེ་མཛོད་ ཀྱི་འགན་འཛིན་སློབ་དཔོན་ཌེ་པི་ཌེ་ཇར་མན་ནོ་མཆོག་ (Professor David Germano) གིས་ཤེས་བྱ་ གསར་སྒྲུབ་དང་དར་སྤེལ་བྱེད་སྟངས་ཀྱི་ཐུན་མོང་གི་ལྟ་ ཚུལ་ཐད་ལ་བསྐྱར་ཞིབ་བྱེད་དགོས་པའི་དྲན་སྐུལ་གནང་ སོང་། ཁོང་གིས་ཤེས་ཡོན་གྱི་ཚོགས་པ་དེ་ཚོའི་ནང་ལ་ ཤེས་ཡོན་དར་སྤེལ་གཏོང་སྟངས་ཐད་ལ་བསྐྱར་ཞིབ་བྱེད་ དགོས་པའི་རེ་འདུན་གནང་བ་དང་དུས་མཚུངས་མ་འོངས་ པར་བཀོལ་སྲིད་པའི་ཐབས་ཤེས་གསར་པ་འགའ་ཤས་ཡང་ བསྟན་གནང་སོང་། ཞིབ་འཇུག་གི་ལས་ཀ་བྱེད་མཁན་

 ཁོང་གིས་ཡིག་ཚགས་ཀྱི་རྒྱུ་ཆ་དེ་དག་གློག་རྡུལ་གྱི་རྣམ་པའི་ཐོག་ལ་

ཕབ་སྒྱུར་བྱེད་སྐབས་འཕྲད་པའི་དཀའ་ངལ་རྣམས་ངོ་སྤྲོད་མཛད། ལྷག་དོན་རྒྱུ་ཆ་རྣམས་ཡུན་རིང་གནས་ཐུབ་པའི་སྤུས་ཀ་དང་མཁོ་ འདོན་སྟབས་བདེ་བའི་རྣམ་པ་གཉིས་ཀྱི་དབར་ལ་དོ་སྙོམས་ལེགས་པོ་ ཞིག་ཡོང་བར་དཀའ་ངལ་གང་འཕྲད་པ་རྣམས་ངོ་སྤྲོད་ཞིབ་ པར་མཛད།

མཁོ་འདོན་སྟབས་བདེ་བའི་རྣམ་པ་གཉིས་ཀྱི་དབར་ལ་དོ་ སྙོམས་ལེགས་པོ་ཞིག་ཡོང་བར་དཀའ་ངལ་གང་འཕྲད་པ་ རྣམས་ངོ་སྤྲོད་ཞིབ་པར་མཛད། དེ་བཞིན་མཉམ་འབྲེལ་དང་ས་གནས་ཀྱི་ཤེས་བྱའི་ སྐོར་ལ། སློབ་དཔོན་སིན་ན་ཁེ་རག་ (Professor Sienna Craig) གིས་བོད་དང་བལ་ཡུལ་ནང་གི་སྔོ་སྨན་ གྱི་ལས་གཞི་ཁ་ཤས་ངོ་སྤྲོད་གནང་སོང་། སློབ་དཔོན་

ཤེས་ཡོན་ཅན་རྣམས་ལ་མཚོན་ན། རང་ཉིད་ཀྱི་ཤེས་ཡོན་ དང་རང་གི་ལས་ཀ་གཉིས་ཀྱི་དབར་ལ་གནས་བབ་འཚམ་ པོ་མེད་པ་དེ་དཀའ་ངལ་གཙོ་བོ་གཅིག་རེད། སྤྱིར་སློབ་ གྲྭའི་ཚན་ཁག་ནང་ལ། ཞིབ་འཇུག་བྱ་ཡུལ་གྱི་ནང་དོན་དེ་ དང་ཞིབ་འཇུག་པ་ཚོའི་ལས་ཀའི་གནས་བབ་དེ་འབྲེལ་བ་ དམ་པོ་ཡོད་མོད། འོན་ཀྱང་། ལས་གཞི་བྱེ་བྲག་པ་ཞིག་ ལ་འཇུག་པའི་ཞིབ་འཇུག་གི་ལས་ཀ་དེ་རྒྱུན་དུ་”ཞབས་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

33


 ལས་གཞི་བྱེ་བྲག་པ་ཞིག་ལ་འཇུག་པའི་ཞིབ་འཇུག་གི་ལས་ཀ་དེ་རྒྱུན་དུ་

”ཞབས་ཞུའི་”ལས་ཀ་ཅེས་གནས་རིམ་དམའ་པོར་ངོས་འཛིན་བྱེད། རྒྱུ་མཚན་ ནི་ཞབས་ཞུའི་ཞིབ་འཇུག་གི་ཁྱབ་ཚད་དེ་ཤིན་དུ་ཆུང་ཆུང་ཡིན་པས་སོ།

ཞུའི་”ལས་ཀ་ཅེས་གནས་རིམ་དམའ་པོར་ངོས་འཛིན་བྱེད། རྒྱུ་མཚན་ནི་ཞབས་ཞུའི་ཞིབ་འཇུག་གི་ཁྱབ་ཚད་དེ་ཤིན་དུ་ ཆུང་ཆུང་ཡིན་པས་སོ།  སློབ་དཔོན་ཇར་མན་ནོ་མཆོག་ གིས་མཐའ་མ་མཇུག་སྡོམ་སྐྱོན་དོན། སློབ་གྲྭའི་ཚན་ཁག་ ཚང་མས་ཞབས་ཞུའི་ལས་ཀ་སྒྲུབ་མཁན་གྱི་ཤེས་ཡོན་མི་ སྣ་རྣམས་ལ་ཞིབ་འཇུག་དང་སློབ་ཁྲིད་ཀྱི་བྱ་བ་སྒྲུབ་མཁན་ གྱི་ཤེས་ཡོན་པ་དང་གནས་བབ་གཅིག་མཚུངས་ཡིན་པའི་ འདུ་ཤེས་འཇོག་དགོས་པ་འདི་གལ་ཆེའོ་ཞེས་ནན་བཤད་ གནང་། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་ འགན་འཛིན་པད་མ་འབུམ་ལགས་དང་། དཔེ་མཛོད་དོ་ དམ་པ་ཁེ་རི་སི་ཊིན་ཌེ་ལ་ཀོ་ (Kristina Dy-Liacco) གཉིས་ཀྱིས་”བོད་རིག་པའི་དཔེ་མཛོད་དང་ཡིག་ཚགས་ཀྱི་ རྒྱུ་ཆ། ས་གནས་ཀྱི་གནས་སྟངས་དང་དགོས་མཁོ་ཁག་ ལ་དཔྱད་བསྡུར་བྱེད་པ།”ཞེས་པའི་བགྲོ་གླེང་ཚོགས་ཆུང་ ལ་ཞུགས་ཡོད། ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གི་ སུ་སན་མེན་ཧེ་ཊི་མཆོག་ (Susan Meinheit) དང་

ཀོ་ལོམ་སྦི་ཡ་སློབ་ཆེན་གྱི་བོད་རིག་པའི་དཔེ་མཛོད་དོ་དམ་ པ་ལོ་རེན་ཧར་ལི་གཉིས་ཀྱིས་བགྲོ་གླེང་གཙོ་སྐྱོང་མཛད། ཁོང་རྣམས་ཀྱིས་དཔེ་མཛོད་ནང་ལ་བཞུགས་པའི་སྲོལ་ རྒྱུན་གྱི་དཔེ་དེབ་ཁག་དང་དེང་དུས་ཀྱི་གློག་རྡུལ་གྱི་རྒྱུ་ཆ་ རྣམས་བདག་གཅེས་བྱེད་སྟངས་སྐོར་ལ་བགྲོ་གླེང་མཛད་ ནས། བྱ་བ་འདི་དག་ལ་གོང་འཕེལ་གང་ཕྱིན་ཡོད་པ་དང་ ། ད་དུང་དཀའ་ངལ་གང་ལྷག་ཡོད་པའི་སྐོར་ལ་དཔྱད་ཞིབ་ ལེགས་པར་མཛད། ད་དུང་བགྲོ་གླེང་འདིའི་ཐོག་ལ་འབྱུང་ འགྱུར་གྱི་བོད་རིག་པའི་དཔེ་མཛོད་ཆེད་ལས་པ་དང་དཔེ་ དེབ་ལ་བདག་གཉེར་བྱེད་མཁན་གྱི་མི་སྣ་སྐྱེ་བསྲིང་བྱས་ ནས་གཞི་རྒྱ་ཆེ་བའི་ཕྱིའི་ཤེས་ཡོན་གྱི་སྡེ་ཁག་དང་མཉམ་ འབྲེལ་བྱེད་དགོས་པའི་བསམ་འཆར་བཏོན་ཡོད། བགྲོ་ གླེང་ལ་ཞུགས་མཁན་རྣམས་ནས། བོད་ཡིག་གི་རྒྱུ་ཆ་ འཚོལ་ཞིབ་དང་བེད་སྤྱོད་བྱེད་པར་འཕྲད་པའི་དཀའ་ངལ་ དང་གནད་དོན་རྣམས་ལ་བོད་རིག་པའི་མཁས་དབང་རྣམས་ ཀྱིས་དགོངས་འཆར་འདོན་ཐུབ་ན་ཕན་ཐོག་ཆེན་པོ་ཡོད་ པར་ངོས་འཛིན་གནང་།

བསོད་ནམས་དབྱངས་སྐྱིད་ལགས་ཀྱིས་གློག་རྡུལ་འཕྲུལ་ཆས་བཀོལ་ནས་བོད་ཡིག་སྐད་གཉིས་པའི་སློབ་ཁྲིད་བྱེད་སྟངས་སྐོར་ གསུང་བཤད་གནང་བཞིན་པ།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

ད་དུང་ལ་རྩེ་དཔེ་མཛོད་ཀྱི་ལས་བྱེད་པ་ཚོས། “གྲངས་ མཛོད་དང་དམིགས་བསལ་གསོག་ཉར།”ཅེས་པའི་ཕྱི་དྲོའ ་ི བགྲོ་གླེང་ལ་ཞུགས་ཡོད། ཚོགས་ཆུང་འདི་ནི་དམིགས་ བསལ་གསོག་ཉར་བྱས་པའི་དཔེ་དེབ་ཀྱི་རིགས་དང་ ། དྲ་རྒྱའི་སྟེང་གྲངས་མཛོད་ཀྱི་ཐོག་ལ་གསོག་ཉར་བྱས་ པའི་རྒྱུ་ཆ་ཁག་གི་སྐོར་ལ་བགྲོ་གླེང་གནང་ཡོད། དེའི་ ནང་ལ་ཞུགས་མཁན་དཔེ་མཛོད་དང་ཚོགས་པ་དྲུག་ཙམ་ ཡོད། ལ་རྩེ་དཔེ་མཛོད་ཀྱིས་བགྲོ་གླེང་འདིའི་ཐོག་མའི་ གཏམ་བཤད་དབུ་བཙུགས་ནས། ཚོགས་པ་འདིའི་ དམིགས་བསལ་དཔེ་དཀོན་གསོག་ཉར་ཀྱི་སྐོར་ལ་གསུང་ བཤད་གནང་། དེ་བཞིན་ནང་བསྟན་དཔེ་ཚོགས་ལྟེ་ གནས་ཀྱི་འགན་འཛིན་སྐུ་ཞབས་ཇེ་ཧྥི་ཝལ་མན་ (Jeff Wallman) གྱིས་བོད་ཀྱི་ནང་བསྟན་ལྟེ་གནས་ཀྱི་ལས་ གཞི་ཁག་ངོ་སྤྲོད་གནང་བ་དང་། དེ་བཞིན་ཁོང་ཚོས་ཞིབ་ འཇུག་བགྱིད་བཞིན་པའི་འོད་རིག་ཡིག་རྟགས་ཀློག་ཆས་ ཀྱི་སྐོར་ལ་ངོ་སྤྲོད་གནང་། བོད་རིག་པའི་ཡིག་ཚགས་རྒྱུ་ ཆ་ཁག་འཚོལ་ཞིབ་དང་ལག་སོན་ཡོང་བར་ཕན་པ་ཡོང་ ཆེད། བགྲོ་གླེང་བ་རྣམས་ཀྱིས་མཁས་དབང་རྣམས་ལ་ ཚོགས་པ་ཁག་གི་དྲ་རྒྱའི་སྟེང་ནས་དཔེ་ཆ་འཚོལ་ཞིབ་བྱེད་ པའི་སྐབས་སུ་དཀའ་ངལ་ཅི་འཕྲད་པ་དང་། ད་དུང་ཐག་ གཅོད་མ་ཐུབ་པའི་གནད་དོན་ཇི་ཡོད་ད་རེས་ཚོགས་འདུའི་ ཐོག་ལ་གྲོས་བསྡུར་ལྷུག་པོར་གནང་ཐུབ་ན་དགེ་མཚན་ཡོད་ པར་ཞུ་སྐུལ་མཛད། ཚོགས་འདུ་འདི་མཇུག་སྒྲིལ་བར་ཉེ་བའི་སྐབས་ སུ། ཚོགས་ཞུགས་པ་རྣམས་ཀྱིས་རང་མོས་ལྟར་ཚོ་ཁག་ ཆུང་ཆུང་ལ་བགོས་ནས། གྲོང་ཁྱེར་དེ་གའི་ཟ་ཁང་དང་ ཆང་ཁང་སོགས་ལ་མཉམ་དུ་ཕེབས་ནས། མཚན་མོ་ཕྱི་ པོའ ་ི བར་ལ་མུ་མཐུད་བགྲོ་གླེང་གནང་བ་ཡང་མཐོང་རྒྱུ་ འདུག ཤེས་ཡོན་སྡེ་པ་འདིའི་ཚོགས་མི་དང་ལས་རོགས་ རྣམ་པའི་མཉམ་དུ་ལས་ཀའི་ཉམས་མྱོང་དང་དཀའ་ངལ་ སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་པ་བརྒྱུད། ཚོགས་ ཞུགས་པ་རྣམས་ལ་བོད་རིག་པའི་ཞིབ་འཇུག་ཚན་པ་དང་ ཆེད་ལས་པ་མི་འདྲ་བའི་དབར་ལ་གོ་རྟོགས་གསར་པ་དང་ ཕན་ཚུན་བློ་ཐག་ཉེ་རུ་ཕྱིན་པའི་ཚོར་སྣང་སྦྱིན། མཐའ་ དོན་ཚོགས་འདུ་འདི་བརྒྱུད་ནས། རང་ཉིད་ལ་བསམ་བློ་ གསར་པ་དང་རང་གི་དམིགས་ཡུལ་གསལ་རུ་ཕྱིན་པའི་ ངོས་འཛིན་བྱུང་བས། མགྱོགས་མྱུར་ལས་ཀར་ལོག་ཕྱིན་ ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འདུན་པ་དང་ སེམས་ཤུགས་སྔར་བས་ལྷག་པ་ཞིག་བསླེབས་སོ།


སྟེང། ཚོགས་ཞུགས་པ་རྣམས་ཚོགས་འདུ་གྲོལ་རྗེས། ཕན་ཚུན་ བགྲོ་གླེང་གནང་བཞིན་པ། འོག ཁ་རི་སི་ཊིན་ན་ཌི་ལག་ཁོ་མཆོག་ནས་ཀུན་ཕན་ཐེབས་རྩ་ ཚོགས་པའི་ལ་རྩེ་དཔེ་མཛོད་ངོ་སྤྲོད་གནང་བཞིན་པ།

བོད་རིག་པའི་ཚོགས་ཞུགས་པ་རྣམས་སྔ་འདྲོའ ་ི བར་གསེང་ ཐོག་ཉི་མའི་འོག་ལ་ངལ་གསོ་སྐྱོན་བཞིན་པ།

35

ཕ་སྐད་གླིང།

ལྷ་ཆུང་དཀའ་ཡི་གེ་ཆེ་དཀའ་།

lha tɕʰuŋ kaa ji•ge tɕʰe kaa. It is difficult to make art small. It is difficult to write calligraphy large.

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


བོད་ཀྱི་མ་འོངས་པའི་ངོ་བོ་དང་་སྲོལ་རྒྱུན།

Janet gyatso ནས།

ཀུན་ཕན་ཐེབས་རྩ་ཚོགས་པས་ཁ་བྱང་དུ་ “དེང་གི་གོ་ལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག” ཅེས་ བཀོད་པའི་འཆད་ཁྲིད་བསྟར་མའི་ཚོགས་ཐེངས་དང་པོ་དེ་འཚོགས་རྗེས་མུ་མཐུད་དེ་འཆད་ཁྲིད་འཚོགས་ཤིང་། འཆད་ ཁྲིད་བསྟར་མ་ཐེངས་ལྔ་པ་དེ་སྤྱི་ཟླ་༩ཚེས་༢༤དང་༢༥གཉིས་ཀྱི་རིང་ལ་འཚོགས། ཁ་བྱང་དུ་“རྟེན་འབྲེལ་རང་བཞིན་གྱི་ སྣ་མང་ཅན་སྟེ། སྐད་ཡིག་དང་རིག་གནས། སྐྱེ་ཁམས་བཅས་དབར་གྱི་འབྲེལ་བ”ཞེས་བཀོད་པའི་ཉིན་གཉིས་རིང་གི་ ཚོགས་འདུ་འདིའི་སྟེང་དུ། བོད་ཡུལ་མཐོ་སྒང་དང་འཛམ་གླིང་ཧྲིལ་བོའ ་ི སྐད་བརྡ་སྣ་མང་ཅན་དང་སྐྱེ་དངོས་སྣ་མང་ཅན་ གཉིས་དབར་གྱི་འབྲེལ་བའི་ཐད་སྔོག་འདོན་བྱས་ཡོད། ཟླ་སྔོན་མའི་ནང་དུ། དེང་སང་བོད་མི་ཚོར་འཕྲད་བཞིན་པའི་གལ་གནད་ཆེ་ལ་རྙོག་དྲ་ ཡང་ཆེ་བའི་གནད་དོན་ཁག་ལ་གདོང་ལེན་བྱེད་པའི་ཐད། ཀུན་ཕན་ཐེབས་རྩ་ཚོགས་པས་ རང་ཉིད་ཀྱི་ལོ་རྒྱུས་ལས་བརྒལ་བའི་བྱ་གཞག་བསྒྲུབས་ཡོད། ད་ཐེངས་ཀྱི་རྟེན་འབྲེལ་རང་ བཞིན་གྱི་སྣ་མང་ཅན་ཞེས་པའི་ཚོགས་འདུ་འདིའི་བགྲོ་གླེང་གི་ལྟེ་བར་གྱུར་བའི་རིག་གནས་ ཀྱི་ངོ་བོ་དང་སྲོལ་རྒྱུན་གཉིས་ནི་ནམ་རྒྱུན་བོད་ཀྱི་འཇིག་རྟེན་འདི་འཇིག་བཞིན་པ་ལས་སྐྱོབ་ བྱེད་ཅིག་ཏུ་མཐོང་གི་ཡོད། ཚོགས་འདུའི་སྟེང་དུ་གཙོ་བོ་སྣ་མང་ཅན་གྱི་རང་གྲུབ་ཀྱི་རིན་ ཐང་སྟེ། ཁྱད་པར་དུ་སྐད་བརྡ་སྣ་མང་ཅན་དང་། འགྲོ་བ་མིའི་རིག་གནས་དང་སྐྱེ་དངོས་ རིག་གནས་ཀྱི་སྣ་མང་ཅན་གཉིས་དབར་གྱི་འབྲེལ་བའི་ཐད་དམིགས་སུ་བཟུང་ཡོད། ཐོག་ མར་ཡིན་ཤག་ཏུ་བཟུང་བ་ནི་སྣ་མང་ཅན་ནི་དོན་བཟང་ཞིག་ཡིན་པ་དེ་རེད། འོན་ཀྱང་། བགྲོ་གླེང་གི་འཕེལ་རིམ་དང་བསྟུན་ནས་སྣ་མང་ཅན་དང་ངོ་བོ། དེ་བཞིན་སྲོལ་རྒྱུན་ བཅས་ཀྱི་ཐད་ལ་བསམ་བློ་གཏོང་ཕྱོགས་གཞན་པ་འགའ་རེ་ཡང་ཡོད་སྲིད་པ་ཡིན་པ་གསལ་ བོར་གྱུར་ལ། བསམ་བློ་གཏོང་ཕྱོགས་འདི་དག་ལས་རེ་ཟུང་ནི་བོད་ཀྱི་སྐད་ཡིག་དང་རིག་ གནས། དེ་བཞིན་སྐྱེ་དངོས་ཁྱབ་ཁོངས་བཅས་དར་རྒྱས་སུ་འགྲོ་བར་བྱེད་པའི་ལེགས་ཆ་ འགའ་རེ་དང་ཆ་མི་མཐུན་པར་འགྱུར་བ་ཡང་ཡོང་སྲིད་པ་རེད། བོད་རིག་པའི་ཁྱབ་ཁོངས་སུ་གཏན་ནས་མ་ཚུད་པའི་ཆེད་ལས་མཁས་པ་འགའ་རེ་ཕེབས་ པ་ནི་དགེ་མཚན་བླ་ན་མེད་པ་ཞིག་ཏུ་གྱུར། ཁོང་ཚོས་འཛམ་གླིང་འདིའི་ཐོག་གི་སྐད་ཡིག་

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

དང་རིག་གནས། སྐྱེ་དངོས་ཁྱབ་ཁོངས་བཅས་འཇིག་ཉེན་ལ་ཐུག་ཡོད་པའི་ཚོ་ཁག་གཞན་ པ་ཁག་གི་ཐོག་ལ་དོ་སྣང་སླེབས་ཐབས་བྱེད་པར་ཕན་ནུས་ཆེན་པོ་ཐོན་གྱི་ཡོད། བོད་མི་ ཚོས་གཞན་པའི་དཔེ་མཚོན་ལ་བལྟ་བ་བརྒྱུད་ཅི་ཞིག་སྦྱོང་ཐུབ་བམ། གཏམ་བཤད་མཁན་ ཐོག་མ་ནི་མཁས་དབང་ལུའེ་སཱ་མཱ་ཧྥི་ཡིན་ཞིང་། ཁོང་ནི་“ཚེ་སྲོག་གི་དྲ་བའི”སྐྱེ་ཁམས་དང་ རིག་གནས་སྣ་མང་ཅན་དར་སྤེལ་གཏོང་ཆེད་དུ་བསྒྲུབས་པའི་ཏཱ་ར་གླིང་ག་ཞེས་པའི་ཚོགས་པ་ དེ་མཉམ་འཛུགས་བྱེད་མཁན་དང་ཚོགས་པ་དེའི་འགན་འཛིན་བཅས་ཡིན། མཁས་དབང་ མཱ་ཧྥི་ལགས་ཀྱིས་ས་ཁུལ་ངེས་ཅན་ཞིག་ཏུ་སྐད་བརྡ་སྣ་མང་ཅན་ཇེ་ཉུང་དུ་ཕྱིན་པ་དང་རྩི་ཤིང་ དང་སྲོག་ཆགས་སྣ་མང་ཅན་ཇེ་ཉུང་དུ་ཕྱིན་པ་གཉིས་ལྷན་དུ་སྦྱར་བའི་ཞིབ་འཇུག་གི་གྲུབ་ འབྲས་ངོ་སྤྲོད་གནང་དོན། སྐད་ཡིག་དང་རང་བྱུང་ཁོར་ཡུག་གཉིས་དབར་གྱི་འབྲེལ་ཐག་ ནི། ས་གནས་སྲོལ་རྒྱུན་གྱི་བློ་གྲོས་ལ་བརྟེན་ནས་ས་ཁུལ་དེར་འཚོ་བའི་སེམས་ཅན་ཡོངས་ ལ་གཅེས་སྐྱོང་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། འདི་ལྟ་བུའི་གཅེས་སྐྱོང་དང་སྲུང་ སྐྱོབ་ཀྱི་ནུས་པ་ནི་རྩི་ཤིང་དང་སྲོག་ཆགས། དེ་བཞིན་ཁོང་ཚོའི་གོམས་གཤིས་བཅས་ལ་ མིང་འདོགས་པ་དང་ཁོང་ཚོར་རྒྱུས་ལོན་བྱེད་པ་སོགས་བརྒྱུད་ནས་བྱུང་བ་རེད། མཁས་དབང་མཱ་ཧྥི་ཡི་བརྗོད་དོན་དེ་ཝ་ཤིན་ཊོན་སློབ་གྲྭ་ཆེན་མོའི་མིའི་རིགས་རིག་པའི་ སྡེ་ཁག་གི་བགྲེས་ཡོལ་སློབ་དཔོན་ཡུ་རྒྱེན་ཧུན་ལགས་ཀྱིས་ཀྱང་དམིགས་འདོན་བྱས་ཡོད། སློབ་དཔོན་ཧུན་ལགས་ཀྱིས་རྩོད་བསྡུར་དེ་འཛམ་གླིང་གི་རིག་གནས་དང་སྐད་བརྡ་སྣ་མང་


ཅན་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་རྒྱ་བསྐྱེད་བཏང་། ཁོང་ གིས་སའི་གོ་ལ་འདིའི་སྟེང་དུ་ཡོད་བསྡད་པའི་འཚོ་བ་སྐྱེལ་ སྟངས་མི་འདྲ་བ་ཁག་ལ་རྒྱབ་སྐྱོར་བྱེད་པར་དགེ་མཚན་ ཆེན་པོ་ལྡན་སྐོར་གསུངས། ཁོང་གིས་བལྟས་ན་དེ་ལྟར་ བྱས་ན་ད་གཟོད་ང་ཚོས་འགྲོ་བ་མིའི་རང་གཤིས་སུ་གྲུབ་ པའི་ནུས་པ་རྣམས་ལེགས་པར་རྟོགས་ནུས་སྙམ། སློབ་ དཔོན་ཧུན་གྱིས་རང་ཉིད་སེལ་ཊཱལ་དང་ཛ་ཕོ་ཊེག དེ་བཞིན་ དེ་མིན་གྱི་ཁུ་ལོམ་བྷི་ཡ་དབུས་མའི་གདོད་མའི་མི་རིགས་ དང་ནུབ་བྱང་ཨ་མེ་རི་ཁའི་ཧུ་ནཱ་ཊི་ལིང་ཊི་མི་རིགས་ཀྱི་ ཁྲོད་དུ་ཕེབས་པའི་ཉམས་མྱོང་ལ་ཞིབ་དཔྱོད་གནང་། ཁོང་ གིས་བསྟན་དོན། སེལ་ཊཱལ་གྱི་སྐད་ཡིག་ཁྲོད་དུ་སྦྲང་མ་ དང་ཤ་སྦྲང་། དེ་བཞིན་ཁོང་ཚོའི་ཚང་བཅས་ཀྱི་ཐད་ཀྱི་ བརྡ་ཆད་ཁག་ནི་དེང་རབས་སྲོག་ཆགས་རིག་པའི་གཞུང་ ལུགས་སུ་སྤྱོད་བཞིན་པའི་ཐ་སྙད་ཁག་ལས་ཀྱང་ཧ་ཅང་ ཞིབ་ཅིང་ཕྲ་བ་ཡིན་པ་རེད། ཁོང་གིས་མེག་སི་ཁོའ ་ི དབུས་ ཁུལ་དུ་ཁོང་དང་མཉམ་དུ་ཕྱག་ལས་གནང་མྱོང་བའི་བུ་མོ་ གཞོན་ནུ་མ་ཞིག་གིས་རང་ཉིད་ཀྱི་ས་ཁུལ་དུ་ཡོད་པའི་སྨན་ རྩྭ་རིགས་མི་འདྲ་བ་བརྒྱ་ཕྲག་ཁ་ཤས་མིང་ནས་བཟུང་སྟེ་ ངོས་འཛིན་བྱེད་ཐུབ་པའི་སྐོར་གྱི་གནས་ཚུལ་གསུངས་ཏེ་ ཉན་མཁན་ཡོངས་རྫོགས་ཧ་ལས་སུ་བཅུག ས་གནས་སྐད་ཡིག་དང་རིག་གནས་སྲུང་འཛིན་བྱེད་ པར་སྐྱེ་ཁམས་རང་བཞིན་གྱི་རིན་ཐང་ཅི་ཞིག་ལྡན་སྐོར་རྩོད་ བསྡུར་བྱེད་སྐབས་ད་དུང་ཡང་ལན་འདེབས་དགོས་པའི་ དྲི་བ་མང་བོ་ཞིག་ལྷག་ཡོད་པ་རྟོགས། དཔེར་ན། སྲོལ་ རྒྱུན་གྱི་བྱེད་ཐབས་དེ་ནུས་ལྡན་མིན་པའམང་ཡང་ན་ནོར་ འཁྲུལ་ཡོད་པ་དང་གནོད་པ་ཡོད་པ་ལྟ་བུའི་གནད་དོན་ ཡོད་ཚེ་ཅི་ཞིག་བྱའམ། ཁོར་ཡུག་གི་གྲུབ་ཆ་གང་ལས་ གང་ཞིག་རྩ་ཆེན་དུ་འཛིན་དགོས་མིན་ཐད་རིག་གནས་ཚོ་ ཁག་སྣ་ཚོགས་དབར་དུ་འགལ་ཟླ་ཡོད་ཚེ་ཅི་ཞིག་བྱའམ། གནས་བབས་འདི་ལྟ་བུ་དང་འཕྲད་ཚེ་ཚད་གཞི་གཞན་དག་ ཡོད་ཚད་རྩིས་མེད་དུ་གཏོང་དགོས་ཏེ། གང་ཡིན་ཞེ་ན། གལ་སྲིད་སྲོལ་རྒྱུན་མི་འདྲ་བ་གཉིས་ཕན་ཚུན་འགལ་ཟླ་ ཡིན་ཚེ་ང་ཚོས་འདི་དང་འདི་ལྟ་བུའི་སྲོལ་རྒྱུན་ནི་ནམ་ཡང་ ཡང་དག་ཡིན་ནོ་ཞེས་ཟེར་ཐབས་བྲལ་བས་སོ༎ ཁྱད་པར་ དུ་ཚོ་ཁག་མི་འདྲ་བ་སྣ་ཚོགས་དབར་དུ་འཚོ་བ་སྐྱེལ་སྟངས་ ཅི་ཞིག་ནི་ལེགས་ཤོས་ཡིན་པའི་ཐད་ལྟ་ཚུལ་མི་མཐུན་ པས། ས་གནས་ཀྱི་ཤེས་བྱ་ནི་རང་བཞིན་གྱིས་རིན་ཐང་ དང་ལྡན་པ་ཡིན་ཞེས་པའི་ཤོད་སྟངས་འདི་འགྲོ་དཀའ་བ་ ཞིག་རེད། ས་གནས་སྲོལ་རྒྱུན་གྱི་རིན་ཐང་གིས་ཡིད་སེམས་ འགུག་མི་ནུས་པའི་དཔེར་བརྗོད་ཡང་དག་པ་དང་འབུར་དུ་ ཐོན་པ་ཞིག་ནི་ཀྲུང་གོའ ་ི རྒྱལ་ཁབ་རེད། ཚོགས་འདུའི་ གཏམ་བཤད་མཁན་གསུམ་པ་ནི་སྐུ་ཞབས་ཞུའུ་ཅན་ཁྲུའུ་ རེད། སྐུ་ཞབས་ཞུའུ་ནི་འཛམ་གླིང་ཞིང་ནགས་ལེགས་ སྤྱོད་ལྟེ་གནས་ཀྱི་ཚན་རིག་པ་དང་ས་གནས་འབྲེལ་མཐུད་ པ་ཡིན་ལ། ཁོང་གིས་མིག་སྔར་ཁུན་མིང་རྩི་ཤིང་རིག་ པའི་ཞིབ་འཇུག་གླིང་གི་སློབ་དཔོན་དང་སྐྱེ་དངོས་སྣ་མང་

ཅན་དང་རང་སའི་ཤེས་བྱའི་ལྟེ་གནས་ཀྱི་ལག་བསྟར་འགན་ འཛིན་བཅས་ཀྱི་འགན་བཞེས་ཀྱི་ཡོད། སློབ་དཔོན་ཞུའུ་ ལགས་ཀྱིས་ཀྲུང་གོའ ་ི ནུབ་བྱང་གི་ཡུན་ནན་ཞིང་ཆེན་དུ་ སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་ཐོག་ཏུ་ཕྱག་ལས་གནང་གི་ ཡོད་ལ། ས་ཁུལ་འདིའི་ནང་དུ་བོད་ཀྱི་རིག་གནས་ཐོག་གི་ གལ་ཆེན་ས་གནས་གཙོ་བོ་འགའ་རེ་འདུས་ཡོད། སློབ་ དཔོན་ཞུའུ་ལགས་ཀྱིས་ཚོགས་འདུའི་དོ་སྣང་བོད་ཀྱི་སོ་ ནམ་ལོ་ཐོའ ་ི ཕྱོགས་སུ་བསྐོར་ཏེ་གོ་ལའི་ཚ་གྲང་འགྱུར་ ལྡོག་གི་དབང་གིས་བོད་ཡུལ་མཐོ་སྒང་ལ་འཕྲད་བཞིན་ པའི་དམིགས་བསལ་གྱི་ཉེན་ཁ་ཁག་གི་ཐོག་གསུང་བཤད་ གནང་། བོད་ཡུལ་མཐོ་སྒང་ནི་གླིང་ཆེན་ཨེ་ཤ་ཡའི་ཆུ་ ཆེན་གཙོ་བོ་ཁག་གི་མགོ་ཁུངས་ཡིན། གསུང་བཤད་ མཁན་སྔོན་མ་ཁག་དང་འདྲ་བར་སློབ་དཔོན་ཞུའུ་ལགས་ ཀྱིས་ཀྱང་ས་གནས་མིའི་འཇིག་རྟེན་ལྟ་བ་དང་བོད་མིའི་ཁྲོད་ ཀྱི་གནས་རི་གཉན་པོའ ་ི བསམ་བློ་ལ་གུས་སེམས་བསྟན་པ་ དང་ཆབས་ཅིག ཁོང་གིས་ཚོར་བ་རྣོ་བའི་ཆབ་སྲིད་ཀྱི་ཁོར་ ཡུག་གི་དབང་གིས་ཕྱོགས་སོ་སོས་གུ་ཡངས་བློས་གཏོང་ གི་རྣམ་འགྱུར་འཛིན་དགོས་སྐོར་ཡང་བསྟན། དཔེ་མཚོན་ རེ་ཞུས་ན། ཉེ་བའི་ཆར་རྒྱལ་ཁབ་ཀྱི་ངོས་ནས་བོད་ཀྱི་ འབྲོག་པ་ཚོར་ནོར་ལུག་གི་ཁ་གྲངས་ཇེ་ཉུང་དུ་གཏོང་བར་ སྐུལ་འདེད་བཏང་ཡོད་ལ། སློབ་དཔོན་ཞུའུ་ལགས་ཀྱིས་

བོད་ཀྱི་འབྲོག་པ་ཚོའི་རྩྭ་ས་སྤྱོད་སྟངས་འགའ་རེ་ཁོར་ཡུག་ ལ་གནོད་འཚེ་ཆེ་བའི་སྐོར་གྱི་གནད་དོན་འགའ་རེ་གསལ་ འདོན་གནང་བྱུང་། སློབ་དཔོན་ཞུའུ་ལགས་ཀྱི་གསུང་བབས་ཀྱིས་མཁས་པ་ དང་ཚན་རིག་པ་ཚོས་སྲིད་གཞུང་གི་སྲིད་ཇུས་ཐོག་ལ་དོན་ དམ་པར་ཤུགས་རྐྱེན་ཅི་ཙམ་ཐེབས་ཐུབ་ཀྱི་ཡོད་མེད་ཐད་ དྲི་བ་འདོན་དུ་བཅུག་ཡོད། སློབ་དཔོན་ཞུའུ་ལགས་ཀྱིས་ སྲིད་ཇུས་གསར་པ་གང་ཞིག་ཡིན་རུང་ལག་བསྟར་མ་བྱས་ སྔོན་དུ་ས་གནས་མང་ཚོགས་ལ་གྲོས་བསྡུར་བྱེད་པའི་རིན་ ཐང་ལ་གདེང་འཇོག་བྱེད་ནའང་། ད་སྔ་གླེང་བཞིན་པའི་ ས་ཁུལ་འདི་དག་གི་བོད་ཀྱི་འབྲོག་པ་མང་ཚོགས་ཀྱི་ཁྲོད་དུ་ རྣམ་པ་རྒྱ་ཆེ་ཞིང་འོས་འགན་རང་བཞིན་གྱི་འགྱུར་ལྡོག་མང་ བོ་བྱུང་དང་འབྱུང་བཞིན་ཡོད་ཅིང་། དེ་དག་འབྱུང་བའི་ སྐབས་སུ་སློབ་དཔོན་ཞུའུ་ལགས་ཀྱིས་ཤུགས་བསྟན་གྱིས་ བསྟན་པའི་ཐབས་མཆོག་ཁག་ལས་མང་བོ་ཞིག་དོན་དངོས་ སུ་བརྩི་འཇོག་བྱེད་མདོག་ཁ་པོ་མ་རེད། གང་ལྟར་སློབ་ དཔོན་ཞུའུ་ལགས་ལ་ཡང་ཆབ་སྲིད་ཀྱི་དོན་དངོས་ཐད་ཆ་ རྒྱུས་གསལ་བོ་ཡོད་པ་རེད། དེ་ལྟར་ཚོགས་འདུར་ཞུགས་ པའི་ཚོགས་མི་ཡོངས་ཀྱིས་བོད་མིའི་འཚོ་བ་སྐྱེལ་སྟངས་ལ་ འཕྲད་བཞིན་པའི་དཀའ་ཉེན་འདི་དག་ལབ་གླེང་བྱེད་བཞིན་ པའི་སྐབས་སུ་ཡུ་རྒྱེན་ཧུན་ལགས་ཀྱིས་དེ་སྔ་ཚོགས་ཐོག་

ཏེར་ར་ལིང་གུ་ (Terralingua,)ཚོགས་པའི་ལི་ས་མ་ ཧྥི་མཆོག་གིས་རིག་གནས་དང་སྐད་ཡིག་དྲ་མིན། དེ་བཞིན་ སྐྱེ་ཁམས་སྣ་ཚོགས་དབར་གྱི་འབྲེལ་བའི་སྐོར་ལ་བགྲོ་གླེང་ གནང་བཞིན་པ།

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

37


ནས་གསུངས་པའི་གདོད་མའི་ཨ་རི་པའི་ཁྲོད་ཀྱི་“ཆིངས་ ཡིག་ལྡན་པའི་ཚོ་བའི”སྐོར་གྱི་གསུང་མོལ་དེ་ཧ་ཅང་གལ་ གནད་ཅན་ཞིག་ཏུ་གྱུར། དུས་རབས་༡༩ནང་དུ་བཙན་ དབང་གི་འོག་ནས་ཨ་རིའི་སྲིད་གཞུང་དང་ལྷན་དུ་དྲང་བདེན་ མ་ཡིན་པའི་ཆིངས་ཡིག་འཇོག་པ་བརྒྱུད་ནས་རང་ཉིད་ཀྱི་ ཕ་མེས་ཡང་མེས་ནས་བརྒྱུད་པའི་ས་ཆའི་ཆ་ཤས་ཆེན་པོ་ རེ་བློས་གཏོང་བྱེད་དགོས་ཐུག་པའི་གདོད་མའི་མི་རིགས་ ཀྱི་ཚོ་བ་དེ་དག་དུས་རབས་༢༡དུ་སླེབས་དུས། ཨ་རིའི་ སྲིད་གཞུང་དང་ལྷན་དུ་གྲོས་མོལ་བྱེད་པ་དང་དམིགས་ བསལ་ཁེ་ཕན་གསར་པ་ལེན་པ་སོགས་ཀྱི་སྐབས་སུ་སྐབས་ དེར་ཆིངས་ཡིག་ལ་མིང་རྟགས་གཏན་ནས་མ་བཀོད་པའི་ ཚོ་ཁག་གཞན་པ་ཁག་དང་བསྡུར་ཚེ་ཁེ་ཕན་ཆེན་པོ་ཡོད་པ་ རེད། སྐབས་དེར་རང་ཉིད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་ སྟངས་མཇུག་རྫོགས་པར་བྱེད་པའི་ཆིངས་ཡིག་དེ་དག་ དུས་ད་ལྟ་ཆབ་སྲིད་ཀྱི་ལག་ཆ་རིན་ཐང་ལྡན་པ་ཞིག་ཏུ་གྱུར་ ཡོད་ཅིང་། ཆིངས་ཡིག་དེ་དག་གི་དབང་གིས་ད་ཆ་རང་ ཉིད་ལ་ཨ་རིའི་ཁྲིམས་ལུགས་སྒྲིག་གཞིའི་ཁྲོད་དུ་གོ་ས་ངེས་ ཅན་ཞིག་ཡོད་བསྡད་པ་རེད། བོད་པའི་ཚོ་ཁག་རྣམས་ལ་ མཚོན་ན་ཀྲུང་གོའ ་ི ཆབ་སྲིད་ཀྱི་སྒྲོམ་གཞིའི་འོག་ནས་ལས་ ཀ་བྱེད་པ་ལས་མཐའ་གཅིག་ཏུ་འགོག་རྒོལ་བྱེད་པ་སྤོང་ དགོས་པ་ནི་ཧ་ཅང་གལ་ཆེ་ཞིང་། གནད་དོན་འདི་ལ་སློབ་ དཔོན་ཞུའུ་ལགས་ཀྱིས་ཀྱང་ཚམ་ཚོམ་ཅི་ཡང་མེད་པའི་སྒོ་ ནས་མོས་མཐུན་གནང་། ཆབ་སྲིད་ཀྱི་གནད་འགག་འདིར་སླེབས་ཚེ་སློབ་དཔོན་ ཧུན་ལགས་ཀྱིས་དབྱེ་བ་ཞིག་ཕྱེས་ཡོད་པ་དེ་ཧ་ཅང་ཕན་ པོ་བྱུང་ལ། འདི་ཚོགས་འདུའི་ཆེས་མཐའ་མར་བོད་ ཀྱི་མཁས་པ་ཚོས་ཕུལ་བའི་ཆེད་རྩོམ་གཉིས་དང་འབྲེལ་ ཆགས་པར་གྱུར། སློབ་དཔོན་ཧུན་ལགས་ཀྱིས“ཤུལ་ བཞག་སྲོལ་རྒྱུན”(སྲོལ་རྒྱུན་འདིའི་རིགས་ནི་མི་རབས་ ནས་མི་རབས་བར་བརྒྱུད་ནས་ཡོང་བ་ཡིན་ཞིང་དེ་ཚོར་ བརྩི་བཀུར་བྱེད་པའང་དེ་ཚོ་རྙིང་བ་ཡིན་པའི་རྒྱུ་མཚན་ ཙམ་གྱིས་སོ༎)དང་“འཕེལ་འགྱུར་སྲོལ་རྒྱུན”(སྲོལ་ རྒྱུན་འདིའི་རིགས་ནི་ད་ལྟའི་དུས་འདིར་དགོས་མཁོ་དང་ བསྟུན་ཏེ་འགྱུར་བ་གཏོང་ཆོག་ཅིང་བེད་སྤྱོད་ཀྱི་རིན་ཐང་

སྐད་ཡིག་གི་ཁྲིད་སྟོན་པ་སྣང་གསལ་བསྟན་འཛིན་ནོར་བུ་ ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་གྱ་ནོམ་པའི་དེ་ཉིད་ལ་ བཅངས་པའི་དུངས་སེམས་དང་དྲན་སེམས་ལ་བསྐྱར་ཞིབ་ བྱས་པ་དེར་གོ་བ་ལོན་པར་ཕན་སྲིད། བསྟན་འཛིན་ནོར་ བུ་ལགས་ཀྱིས་བོད་ཡིག་ཁྲོད་ཀྱི་གཡར་ཚིག་དང་། ཁྱད་ པར་དུ་དེང་རབས་འཕྲུལ་དངོས་དང་འབྲེལ་བའི་གཡར་ཚིག་ གི་གྲངས་འབོར་ཉིན་རེ་བཞིན་འཕེལ་པའི་སྣང་ཚུལ་གསལ་ འདོན་བྱས་པ་དང་ཆབས་ཅིག སྙན་ཆ་ལྡན་ལ་ལོ་རྒྱུས་ཀྱི་ ཐོག་ནས་ལུང་རིགས་ཀྱི་རྒྱབ་ལྗོངས་ལྡན་པའི་བོད་ཚིག་ ཁག་ཡལ་བར་དོར་ཏེ་བོར་བརླག་ཏུ་འགྲོ་བཞིན་པའི་ཐད་ལ་ སྨྲེ་སྔགས་བཏོན་ཡོད། འདི་དང་འབྲེལ་བའི་བགྲོ་གླེང་གིས་ སྐད་ཡིག་གཞན་པ་ཁག་སྟེ། དུས་རབས་༢༠ནང་དུ་ཧེབ་ རུའུ་(ལོ་ཙཱ་བའི་མཆན། ལྗེའུ་ཤེའམ་རྒྱ་སྐད་དུ་དབྱིག་ ཐེ་ཞེས་བྱ་བའི་མི་རིགས་ཀྱི་སྐད་ཡིག)ལྟ་བུའི་བསྐྱར་གསོ་ ལེགས་འགྲུབ་བྱུང་བའི་སྐད་ཡིག་ཁག་ཚུད་པའི་ཕལ་ཆེར་ སྐད་ཡིག་ཡོངས་རྫོགས་ལ་���ཕྲད་མྱོང་བའི་དཀའ་ཉེན་གྱི་ སྐོར་ཕྱིར་དྲན་བྱེད་དུ་བཅུག མཚམས་འདིར་སླེབས་དུས་ ང་ཚོས་མཐོང་ཡོང་བ་ནི་མཚམས་ལ་ལར་སྐད་ཡིག་སྲུང་ འཛིན་བྱེད་པའི་འདུན་པ་དེ་སྐད་ཡིག་ཅིག་གི་གསོན་ནུས་ དང་འགལ་ཟླར་ཡང་འགྲོ་སྲིད་པ་དེ་རེད། དེ་དང་དུས་ མཚུངས་སུ་ང་ཚོར་སེམས་ཁྲལ་ཞིག་སླེབས་ཡོང་བ་ནི། ང་ཚོས་“ཤུལ་འཛིན”སྐད་ཡིག་ལ་འབད་པ་བྱེད་པ་མང་ དྲགས་པའི་དབང་གིས། ང་ཚོའི་སྐད་ཡིག་དེ་དུས་རབས་ ༢༡ནང་དུ་ང་ཚོའི་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་དགོས་ མཁོ་སྐོང་ཐུབ་པའི་ཕྱོགས་སུ་“འཕེལ་འགྱུར”འགྲོ་མི་ཐུབ་ པར་གྱུར་ཡོད་པ་མིན་ནམ་སྙམ། གཅིག་བྱས་ན་ང་ཚོས་འདྲི་འོས་པའི་དྲི་བ་ངོ་མ་ནི། མཐའ་ན་གཡར་ཚིག་དང་ཚིག་གསར་ཡང་ཡོད་པའི་བོད་ ཀྱི་སྐད་ཡིག་དེ་རྩ་བ་ནས་སྤྱོད་ཀྱི་ཡོད་དམ་མེད་ཅེས་པ་ དེ་ཡིན་སྲིད། སྐད་ཡིག་གི་རིམ་འགྱུར་དང་བསྟུན་ནས་ སླེབས་པའི་འགྱུར་ལྡོག་གང་རུང་ལ་བྲང་ཁོག་ཡངས་པོས་ དང་ལེན་བྱེད་པའི་བྱ་སྤྱོད་དང་སྐད་ཡིག་དེ་སྤྱོད་སྒོ་དང་ འབྲལ་དུ་འཇུག་པའི་བྱ་སྤྱོད་གཉིས་ཀྱི་དབར་དུ་ཁྱད་པར་ ཆེན་པོ་ཡོད་པ་རེད། ལྡེ་མིག་ལྟ་བུའི་གནད་འགག་ཅིག་ནི་

 གཅིག་བྱས་ན་བོད་ཀྱི་རིག་གནས་གྲུབ་སྟངས་ལས་ཆེས་གསོན་ཤུགས་ ལྡན་པའི་ལམ་བུ་ནི་དུས་ནས་དུས་སུ་ཡར་རྒྱས་དང་གོང་འཕེལ་ཡོང་ དུ་འཇུག་པ་དང་ཕྱོགས་ཡོངས་ཀྱི་བསམ་འཆར་ནང་དུ་འདུ་བར་བྱས་ ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་བྲོ་བ་དང་སྡེབ་རྒྱུ་དེ་ཡིན་སྲིད།

ལྡན་པ་ཡིན།)གཉིས་ཀྱི་དབར་དུ་དབྱེ་བ་གསལ་བོ་ཕྱེས། འདིར་མཚོན་ནའང་ཆབ་སྲིད་ཀྱི་སྟེང་དུ་སླེབས་འདུག་ སྟེ། གཅིག་ནི་འཐབ་ཇུས་རང་བཞིན་དང་གཞན་དེ་ནི་མ་ འོངས་པའོ༎ དབྱེ་བ་འབྱེད་སྟངས་འདི་ཡིད་ལ་འཇགས་པ་ ཡིན་ན་ཁུ་ལོམ་བྷི་ཡ་སློབ་གྲྭ་ཆེན་མོའ ་ི དེང་རབས་བོད་ཀྱི་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

བོད་ནང་དང་བཙན་བྱོལ་སྤྱི་ཚོགས་གཉིས་ཀའི་སློབ་གསོའ ་ི སྡེ་ཁག་མཐོ་དམན་ཡོངས་ཀྱི་སློབ་ཁང་གི་ནང་དུ་བོད་ཀྱི་ སྐད་ཡིག་གི་སྤྱོད་སྒོ་རེད། གནད་འགག་གཞན་ཞིག་ནི་ སྐད་ཡིག་དེ་ཕན་ནུས་ཅན་དང་བརྡ་འཕྲོད་རང་བཞིན་གྱི་ ཐོག་ནས་སྤྱོད་ཆོག་སའི་རྩོམ་རིག་དང་ཤེས་རིག་གི་ཁོར་

ཀོ་ལོམ་སྦི་ཡའི་སློབ་ཆེན་ནང་གི་བོད་ཡིག་སློབ་ཁྲིད་པ་ རྒན་བསྟན་འཛིན་ནོར་བུ་ལགས་ཀྱིས་དབུ་ཞྭ་བསྐལ་བཟང་ བསིལ་གཡབ་ངོ་སྤྲོད་གནང་བཞིན་པ། བསྐལ་བཟང་བསིལ་ གཡབ་ནི་རྒྱལ་བ་སྐུ་འཕྲེང་བདུན་པའི་སྐབས་ནོར་བུ་གླིང་ ཁའི་ནང་ལ་གསུང་ཆོས་གནང་སྐབས་དར་གསོ་ཆེན་པོ་ བྱུང་ཡོད།

ཡུག་གི་བདེ་ཐང་རེད། ང་ཚོ་ཚང་མས་ཤེས་གསལ་ལྟར་ མ་མཐའ་ཡང་༡༩༨༠གྱ་གྲངས་ནས་བཟུང་བོད་ཡིག་གི་ལམ་ ནས་དེང་རབས་སྙན་ངག་དང་བཅོས་སྒྲུང་འབྲི་བཞིན་ཡོད་ པ་རེད། བོད་ཀྱི་རྩོམ་པ་བོ་ཚོས་དུས་རབས་སྔོན་མའི་ ནང་གི་སེམས་ཀྱི་རྨ་ཁ་དང་ན་ཟུག་ཁག་ལ་གདོང་ལེན་བྱས་ ཏེ་མདུན་དུ་སྐྱོད་པར་རྩོམ་བཞིན་ཡོད་པའི་རྐྱེན་གྱིས་དེང་ རབས་བོད་ཀྱི་རྩོམ་རིག་དེ་བོད་མིའི་ངོ་བོ་གསར་དུ་སྐྲུན་ སའི་གསར་གཏོད་རང་བཞིན་གྱི་སྡིངས་ཆ་ཞིག་ཏུ་གྱུར། འདིར་འཛམ་གླིང་ནང་གི་རྩོམ་རིག་གཞན་དག་ལས་ཤུགས་ རྐྱེན་ཅི་སླེབས་སྐོར་གྱི་དྲི་བ་འདོན་དགོས་པ་ངོ་མ་ཡིན་ ནའང་། བོད་ཀྱི་སྐད་ཡིག་ལ་དུས་རབས་ཉི་ཤུ་བའི་ཡར་ སྔོན་གྱི་རྣམ་པ་དྲི་མ་མེད་པ་ཞིག་ཕྱིར་ཡོང་ཆེད་ད་ཡོད་བོད་ ཡིག་ཁྲོད་ཀྱི་བཅོས་སྒྲུང་དང་སྙན་རྩོམ་གསར་མའི་རིགས་ ཚང་མ་གཙང་ཕྱགས་བྱེད་དགོས་སྐོར་ནི་མཐའ་ན་རིགས་ གཙང་མཁྲེགས་འཛིན་ཆེས་ཆེ་ཤོས་ཁག་ཚུད་པའི་མི་སུ་ ཞིག་གིས་བརྗོད་སྲིད་དམ། བོད་མིའི་ངོ་བོ་གླེང་ཡོང་དུས་ང་ཚོ་ཚོགས་འདུས་ བསླངས་ཡོང་བའི་རྙོག་འཛིང་ཅན་གྱི་གནད་དོན་ཁག་གི་ དཀྱིལ་དུ་འཁྱེར་ཡོང་། ངོ་བོ་ཞེས་པ་འདི་བཙན་གནོན་ མྱོང་མཁན་ལ་མཚོན་ན་ཡིད་དུ་འོང་བའི་སེམས་གསོ་ཞིག་ ཡིན་པ་མ་ཟད་མི་སྡེ་ཞིག་གི་འཐབ་རྩོད་སྤེལ་སའི་སྡིངས་ ཆ་ཞིག་ཀྱང་ཡིན། འོན་ཀྱང་དེ་དང་ཆབས་ཅིག་ངོ་བོ་ ཞེས་པ་འདིས་ང་ཚོའི་མཐོང་རྒྱ་ཆུང་དུ་བཏང་སྟེ་ང་ཚོས་ འཛམ་གླིང་ཉམས་སུ་མྱོང་བ་དང་དེ་ལ་ཞབས་འདེགས་ སྒྲུབ་པའི་ནུས་པར་ཚོད་འཛིན་བྱེད་ཐེབས་སྲིད། ཚོགས་ འདུའི་ཐོག་གཏམ་བཤད་སྤེལ་མཁན་མཐའ་མ་དེ་བོད་ཀྱི་ མཁས་པ་དང་རྩོམ་པ་བོ་མཚོ་སྔོན་བོད་སྨན་ཞིབ་འཇུག་


གླིང་གི་འགན་འཛིན་རྡོ་རྗེ་ཡིན་ཞིང་། ཁོང་གིས་སྲོལ་ རྒྱུན་བོད་སྨན་གྱིས་བསྒྲུབས་པའི་ཞབས་འདེགས་སྐོར་ ལྷག་བསམ་ཟོལ་མེད་ཀྱིས་གསུངས། ལྷ་རྗེ་རྡོ་རྗེ་ཡིས་ བོད་སྨན་གཅིག་པུ་ལ་ཡོད་པ་མ་ཡིན་པའི་བོད་སྨན་གྱི་གྲུབ་ ཆ་ཁག་སྟེ་གླིང་ཆེན་ཨེ་ཤ་ཡའི་ཤུལ་བཞག་རིག་གནས་ དག་ལས་བོད་སྨན་གྱི་ནང་དུ་ནང་འདྲེན་བྱས་པའི་འབྱུང་བ་ ལྔ་དང་དུག་གསུམ། གསོ་རིག་ཐོག་གི་ཚ་གྲང་གི་ངོས་ འཛིན་སོགས་ངོ་སྤྲོད་གནང་བ་བརྒྱུད་གོང་སྤྲོས་ཀྱི་ལུང་ རིགས་ལ་གཡོ་རྒུལ་བཏང་། འདི་ནི་ངོ་བོ་དེ་ཆེས་མཇུག་ མཐར་དགེ་ཕན་གྱི་རང་བཞིན་ཡིན་པའི་དཔེ་མཚོན་ཞིག་ ཡིན། གནའ་བོའ ་ི བོད་རྒྱལ་ཚོས་སྐབས་དེ་དུས་ཀྱི་བོད་ ཡུལ་དུ་ལག་བསྟར་བྱེད་བཞིན་པའི་གསོ་རིག་གི་རྩལ་ མཐོར་འདེགས་གཏོང་ཆེད། གླིང་ཆེན་ཨེ་ཤ་ཡའི་ཡུལ་ གྲུ་ཁག་ནས་གསོ་རིག་མཁས་པ་རྣམས་རྒྱལ་བོའ ་ི འདུན་ སར་གདན་འདྲེན་ཞུས་ཤིང་མཐའ་མར་ཕྱི་ནང་ཡོངས་ཀྱི་ ཉམས་མྱོང་གཅིག་ཏུ་བསྡེབས་ཏེ་བསྟན་བཅོས་སུ་བྱས་པ་ བརྒྱུད་དེང་སང་ང་ཚོའི་མིག་སྔར་ཡོད་པའི་“བོད་ཀྱི་གསོ་ རིག”ཅེས་པ་འདི་འཁྲུངས་པ་ཡིན་ཞིང་། འདི་ཡང་བོད་ རྒྱལ་དེ་ཚོའི་འཇིག་རྟེན་ཀུན་ཁྱབ་ལྟ་བའི་དྲིན་གྱིས་བྱུང་བ་ ཁོ་ན་ཡིན། དེས་ན་འདི་ནི་ཆ་ཤས་སྣ་ཚོགས་དང་རྣམ་པ་ སྣ་ཚོགས་རྣམས་ལྷན་གཅིག་ཏུ་བསྡུས་ཏེ་བོད་ཀྱི་གསོ་རིག་ གི་ནང་དུ་ཡིག་ཐོག་ཏུ་ཕབ་པ་དང་གཞུང་ལུགས་ཅན་དུ་ བསྒྱུར་བའི་འོད་སྟོང་འབར་བའི་དུས་རབས་ཤིག་གི་མཚོན་ བྱེད་ཡིན། “སྲོལ་རྒྱུན”ཞེས་པ་འདིས་ངེས་པར་དུ་དུས་ ལས་གཡོལ་བའི་འདས་པའི་དུས་ཀྱི་གོམས་སྲོལ་གྱི་རྒྱུན་ ཁོ་ན་མཚོན་གྱི་ཡོད་རྐྱེན་ལྷ་རྗེ་རྡོ་རྗེ་ཡིས་ཚིག་འདིའི་བསྟན་ དོན་ཐད་སེམས་ཁྲལ་བྱེད་ཀྱི་འདུག ཁོང་གིས་གསུངས་ན་ དོན་དངོས་ནི་དེ་ལས་ལྡོག་སྟེ་ཤེས་བྱའི་ཐོན་སྐྱེད་འབྲས་བུ་ ཡོངས་རྫོགས་ནི་སྲོལ་རྒྱུན་གྱི་སྒུལ་ཤུགས་ལས་གྲུབ་པ་ ཁོ་ན་ཡིན་ཟེར། ངོ་མ་དེ་དེ་ལྟར་ཡིན་ན། ཁོང་གི་གསུང་ མོལ་གྱིས་བོད་ཀྱི་གསོ་རིག་གི་མ་འོངས་པ་ཙམ་མ་ཡིན་ པར་བོད་མི་རིགས་ཀྱི་ངོ་བོ་དང་ཡང་ན་མཐའ་ན་ངོ་བོ་ངོས་ འཛིན་ལས་རིང་དུ་བརྒལ་བའི་ལམ་ཞིག་ལ་བལྟ་དགོས་པའི་ བསམ་ཚུལ་འདོན་གྱི་འདུག གཅིག་བྱས་ན་བོད་ཀྱི་རིག་ གནས་གྲུབ་སྟངས་ལས་ཆེས་གསོན་ཤུགས་ལྡན་པའི་ལམ་ བུ་ནི་དུས་ནས་དུས་སུ་ཡར་རྒྱས་དང་གོང་འཕེལ་ཡོང་དུ་ འཇུག་པ་དང་ཕྱོགས་ཡོངས་ཀྱི་བསམ་འཆར་ནང་དུ་འདུ་ བར་བྱས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་བྲོ་བ་དང་སྡེབ་ རྒྱུ་དེ་ཡིན་སྲིད། དེང་གི་དུས་འདིར་བོད་པ་ཚོར་བོད་པའི་ ངོ་བོ་ངོས་འཛིན་བྱེད་པའི་ཐད་འཛམ་གླིང་གོ་ལའི་ཆ་ཤས་ མང་བོ་ནས་གནོན་ཤུགས་འབྱུང་གི་ཡོད་དེ། གཙོ་བོ་ཀྲུང་ གོའ ་ི སྲིད་གཞུང་གི་གྲུབ་ཆ་ཁག་དང་ནུབ་ཕྱོགས་བོད་དད་

39

ཞུ་ཅན་ཁྲུའུ་༼སྟེང་།༽དང་ཡུ་ཅིན་ཧུན་རྣམ་པ་གཉིས་ཀྱིས་བོད་མཐོ་སྒང་དང་ཨ་རིའི་དབུས་དང་བྱང་མའི་མི་རིགས་ཀྱི་སྐོར་ལ་ ཞིབ་འཇུག་མཛད་པ་དེ་ངོ་སྤྲོད་གནང་བཞིན་པ།

ཅན་གཉིས་ཀའི་ངོས་ནས་ཡོང་གི་ཡོད། ཀྲུང་གོའ ་ི སྲིད་ གཞུང་གི་གྲུབ་ཆ་ཁག་གིས་མི་སེར་ཚང་མ་མི་རིགས་ཀྱི་ ནང་དུ་དབྱེ་གསེས་བྱེད་རྒྱུ་དེ་ཡིན་ལ་ནུབ་ཕྱོགས་བོད་དད་ ཅན་ཚོས་བོད་པ་ལ་ཆོས་ལུགས་ཀྱི་ཐོག་ནས་ངོས་འཛིན་ ཞིག་བྱེད་རྒྱུ་དེ་རེད། བློ་རིག་གི་ཆུ་ཀློང་དཀྲིགས་པར་ བྱེད་པའི་ཚོགས་འདུ་འདིས་ང་ཚོར་རྣམ་པ་སྣ་ཚོགས་ཅན་ ལ་རྟོག་འཇུག་བྱེད་པའི་རྙོག་འཛིང་རང་བཞིན་དང་ཡར་ སྤེལ་རང་བཞིན། རེ་བའི་རང་བཞིན་བཅས་ཀྱི་ཐད་མནོ་ བསམ་གཏོང་དུ་བཅུག གཅིག་བྱས་ན་ང་ཚོས་རང་ཉིད་ལ་ བོད་པ་ཚོ་རིག་གནས་དང་རྩོམ་རིག ཚན་རིག་དང་མཐའ་

ན་རྒྱལ་ཁོངས་ཚུན་ཆད་སྔོན་མ་ལས་རྒྱ་ཆེ་ཞིང་ཁོད་ཡངས་ ས་ཞིག་ཏུ་བགྲོད་བཞིན་ཡོད་པའི་དོན་སྤྱི་འཆར་དུ་བཅུག་ ཆོག་ལ། གསར་དུ་སླེབས་པའི་མངའ་ཁོངས་དེ་ལས་ཁོང་ ཚོ་འཛམ་གླིང་རིམ་པའི་ཚད་གཞི་ལ་ཞུགས་ཏེ་“བོད་པ་ཡིན་ པ”ཙམ་ལས་བརྒལ་ཡང་སྲིད་པའི་དོན་སྤྱི་ཡང་འཆར་དུ་ བཅུག་ཆོག་པ་རེད།

ཧ་ཧྦར་ཊི་སློབ་ཆེན་གྱི་ཆོས་ལུགས་སློབ་གླིང་གི་སློབ་དཔོན་ཇེ་ནི་ཀྲི་རྒྱ་མཚོ་མཆོག་ནི་ནང་རིག་པའི་དགེ་རྒན་ཆེན་མོ་ཞིག་ཡིན་པ་དང་། ཁོང་གི་བརྩམས་ཆོས་ནང་། ”གཟིགས་སྣང་། བོད་ཀྱི་ གྲུབ་ཐོབ་ཞིག་གི་གསང་བའི་རྣམ་ཐར་དང་།” དང་། “བོད་ནང་གི་བུད་མེད། འདས་པ་དང་ད་ལྟ་བ།” དེ་བཞིན་”དྲན་པའི་མེ་ལོང་། རྒྱ་གར་དང་བོད་ཀྱི་ནང་བསྟན་ལས་དྲན་པ་དང་ཤེས་བཞིན་ཀྱི་ སྐོར་ལ་དཔྱད་པའི་གཏམ།”ལ་སོགས་བཞུགས་ཡོད། ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


དྭངས་ཤེལ་གྱི་རྒྱབ་ཏུ། Gillian G. Tan ནས།

རབ་གསལ་ཐེབས་རྩ་ཚོགས་པའི་རྒྱལ་སྤྱིའི་འགན་འཛིན

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


སློབ་མ་རྣམས་ལ་འདུ་བཀོད་ལྡན་པའི་པར་ལེན་སྟངས་ཀྱི་ སྦྱོང་བརྡར་ཐོབ་ཡོད། དཔེར་ན། པར་འདིའི་ནང་ལ་པར་ ཡུལ་ལ་བཀོད་སྒྲིག་བྱས་ནས་བུད་མེད་དེའི་གདོང་གི་ ཚོན་གདངས་དྲོན་པོ་དེ་དང་། ལྤགས་ཚགས་དྲོན་པོ་དེས་ གཟིགས་མཁན་ཚོའི་དོ་སྣང་དེ་གཡུ་ཡི་རྣ་རྒྱན་དེར་ཤོར་ འགྲོ་བ་བཟོས་ཡོད།

དགུན་གྱི་གྲང་ངར་སླེབས་བཞིན་པའི་སྐབས་དེར། དཀར་མཛེས་བོད་རིགས་རང་སྐྱོང་ ཁུལ་དར་རྩེ་མདོ་གྲོང་རྡལ་དུ་ཡོད་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་འབྲིང་གི་དགེ་རྒན་ ཚོས། འབྲིང་རིམ་ཆེད་སྦྱོང་བོད་ཡིག་སློབ་གྲྭ་འདིའི་ལོ་རིམ་གསུམ་པའི་(མཐར་ཕྱིན་འཛིན་ གྲྭའང་ཡིན)སློབ་མ་རྣམས་དམིགས་བསལ་ཚོགས་འདུ་ཞིག་ལ་བོས། བོད་ཡུལ་མཐོ་སྒང་ དུ་འདི་རིགས་ཀྱི་སློབ་གྲྭ་འདི་ཁོ་ན་མ་གཏོགས་མེད། ཚོགས་འདུ་འདི་སྐོང་དོན་ནི། སློབ་ མ་ཚོར། སློབ་གྲྭ་འདི་ག་རང་ནས་མཐར་ཕྱིན་པའི་ཚེ་རིང་འཕེལ་ལོ། སྤྱི་ལོ་༢༠༠༧ལོར་ གསར་འཛུགས་གནང་བའི་རབ་གསལ་ཞེས་པའི་གཞུང་གཉེར་མ་ཡིན་པའི་ཚོགས་པ་ འདིས་བསྒྲུབས་པའི་སྦྱོང་བརྡར་གྱི་གོ་སྐབས་ངོ་སྤྲོད་བྱ་རྒྱུ་དེ་རེད། རབ་གསལ་ཚོགས་པས་ བདམས་ཐོན་བྱུང་བའི་སློབ་མ་༡༥ལ་སྨྱན་མང་ལག་རྩལ་ལ་མཁོ་བའི་འཕྲུལ་ལས་དང་ལག་ ལེན་ནུས་རྩལ་ཁྲིད་སྟོན་བྱེད་པའི་ཚོད་ལྟའི་སྦྱོང་བརྡར་ལས་གཞི་ཞིག་སྤེལ་རྒྱུའི་འཆར་གཞི་ འཐེན་གྱི་ཡོད། གཅིག་ནས་བདམས་དོན་བྱུང་བའི་སློབ་མ་ཚོའི་སེམས་ཤུགས་དང་གོ་སྐབས་ རྒྱ་སྐྱེད་ཆེད་དང་། གཉིས་ནས་ཁོང་ཚོར་མཚོན་ན་རང་ཉིད་ཀྱི་རིག་གནས་དེ་རང་ཉིད་ལ་ ཅི་འདྲ་གལ་ཆེན་ཡིན་སྐོར་ངོས་ཟིན་པའི་ཆེད་དུ། སློབ་མ་ འདི་ཚོས་པར་ལེན་ལས་རིགས་དང་བརྙན་ལེན་པར་ཆས་ སྤྱོད་སྟངས། གྲངས་འཕྲུལ་ཐོག་ནས་སྒྲིག་སྦྱོར་བྱེད་སྟངས་ བཅས་ཀྱི་སྐོར་སློབ་སྦྱོང་བྱེད་རྒྱུ་རེད། ཚོགས་འདུའི་ཐོག་ ཏུ་དགེ་རྒན་ཚོས་དོ་སྣང་ཡོད་མཁན་ཚོ་འདེམས་གསེས་ ཀྱི་ཁྲོད་དུ་ཞུགས་རོགས་ཞེས་གསུངས་པ་ན། གོ་སྐབས་ འདི་དམ་འཛིན་བྱེད་པའི་སེམས་ཤུགས་ཀྱིས་ཚོགས་ཁང་ ཁེངས། སློབ་སྐབས་དང་པོའ ་ི སྐབས་སུ་ལོ་ན་༡༧ནས་༢༡བར་ གྱི་སློབ་མ་༡༥བསྡུས་པ་དང་། ཁོང་ཚོ་ཚང་མ་དཀར་མཛེས་ བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་རང་སྐྱོང་ ཁུལ་གྱི་ཞིང་འབྲོག་གི་སྤྱི་ཚོགས་ནས་ཡོང་བ་ཞེ་གཅིག་ རེད། རྩིས་འཕྲུལ་ཚན་རྩལ་སྡེ་ཁག་གི་སློབ་མ་རྣམས་འཕྲུལ་ ལས་ཀྱི་ཐོག་ནས་དགེ་མཚན་ཡོད་པའི་རྐྱེན་གྱིས་ཁོང་ཚོའི་ ཁྲོད་ནས་འདེམས་རྒྱུ་ཐག་གིས་བཅད་ཅིང་། སྦྱོང་བརྡར་འཛིན་གྲྭ་ཚང་མ་ཕྱི་དྲོ་ཁོང་ཚོའི་ རྒྱུན་ལྡན་གྱི་འཛིན་གྲྭ་རྣམས་གྲོལ་རྗེས་སུ། སློབ་གྲྭའི་རྩིས་འཕྲུལ་སློབ་ཁང་གཙོ་བོའ ་ི ནང་དུ་ ཚོགས་པ་རེད། སློབ་མ་ཚོར་ཐོག་མར་གྲངས་འཕྲུལ་པར་ཆས་དང་བརྙན་ལེན་པར་ཆས་ལྟ་ བུའི་ཡོ་བྱད་ངོ་སྤྲོད་བྱས། རབ་གསལ་ཚོགས་པའི་ལས་བྱེད་པ་ཚོས་ཡོ་བྱད་འདི་དག་གི་

པར་ལེན་གྱི་སློབ་ཁྲིད་ནང་ལ་ལྟ་ཚུལ་དང་། ཁ་ཕྱོགས། དེ་ བཞིན་དྭངས་ཤེལ་བཀོལ་སྤྱོད་ཀྱི་ནུས་པ་སོགས་ཀྱི་ཤེས་ བྱ་ཚུད་ཡོད། རབ་རིབ་ཀྱི་རྒྱབ་ལྗོངས་ཁྲོད་རྒྱས་བཞིན་ པའི་ཤ་མོའི་མགོ་བོ་དེ་དང་རྩ་རྐང་གཅིག་ལ་གཙོ་བོར་ འབུར་སྟོན་བྱས་པའི་པར་དེས་བོད་མཐོ་སྒང་སྟེང་གི་སྐྱེ་ དངོས་མི་འདྲ་བ་ཡོད་པ་དེ་མཚོན་ཡོད།

གཞི་རྩའི་གྲུབ་ཆ་ངོ་སྤྲོད་བྱས་རྗེས། སློབ་མ་ཚོར་ཡོ་ཆས་དེ་དག་ལ་ཐུག་རེག་བྱེད་པའི་དུས་ ཚོད་རིང་བོ་སྤྲད། ལག་ལེན་གྱི་ཐོག་ནས་སྦྱོང་བརྡར་བྱེད་པ་ནི་འཛིན་གྲྭ་འདིའི་ཁྲིད་ཐབས་ གཙོ་བོ་ཡིན། སློབ་མ་ཚོ་ལ། འདྲ་པར་དང་བརྙན་བསྡུས་འགའ་རེ་གཞན་པ་ཚོ་ལས་ཅིའི་ཕྱིར་ ནུས་པ་ཆེ་བ་ཡིན་ནམ། གང་གི་ཐད་ནས་དེ་ཚོ་གཞན་ལས་ནུས་པ་ཆེའམ། གང་གི་ཐད་དེ་ཚོ་ ད་རུང་ཡར་རྒྱས་སུ་གཏོང་དགོས་སམ། སོགས་ཀྱི་དྲི་བ་མུ་ནས་མུ་མཐུད་དེ་བཏོན། སློབ་མ་ རྣམས་ལ་པར་ཆས་དང་གློག་བརྙན་གྱི་ངོས་དང་ཟུར། དེ་བཞིན་འོད་དང་སྒྲའི་གལ་ཆེན་རང་ བཞིན་བཅས་ཁྲིད་སྟོན་བྱས། སློབ་སྐབས་གཉིས་པའི་ནང་དུ། བོད་ཀྱི་ཉིན་རེའི་འཚོ་བ་དང་རིག་གནས་ཀྱི་རྣམ་པ་འདྲ་ པར་དང་བརྙན་དུ་ལེན་ཆེད། སློབ་མ་ཚོ་རྒྱུ་ལ་རི་བོའ ་ི ཕྱི་ནང་གི་ས་གནས་སྤྱི་ཚོགས་ལ་ལྟ་ སྐོར་དུ་ཁྲིད་སྐབས། ཁོང་ཚོས་རང་ཉིད་ཀྱིས་སློབ་ཁང་ནས་སྦྱངས་པའི་ནུས་རྩལ་དག་དངོས་ སུ་ལག་ལེན་བྱེད་ཐུབ་པ་བྱུང་། སྦྱོང་བརྡར་འདི་རྩ་འཛུགས་བྱེད་སྐབས། སློབ་མ་རྣམས་ལ་ ཁོང་ཚོས་བལྟས་ན་རང་ཉིད་ཀྱི་མི་རིགས་དང་རིག་གནས་ཀྱི་ཐད་ཚབ་མཚོན་རང་བཞིན་གྱི་ རིན་ཐང་ལྡན་འདུག་སྙམ་པའི་འདྲ་པར་དང་བརྙན་གཟུགས་ཚན་ པ་ལེན་ཐུབ་མིན་ཐད་དོ་སྣང་བྱེད་དགོས་པར་དྲན་སྐུལ་བྱས་ཡོད། སློབ་སྐབས་འདིའི་ཚད་མཐོ་ས་དང་དུས་ཀྱི་མཇུག་ཙམ་ལ་སླེབས་ སྐབས། ཡང་བསྐྱར་ལག་ལེན་གྱི་ཁྲོད་ནས་སློབ་སྦྱོང་བྱེད་པ་ཞེས་ པའི་རྩ་འཛིན་ལྟར། སློབ་མ་ཚོར་ས་གནས་མི་དམངས་ལ་བཅར་ འདྲི་བྱེད་བཅུག་ཡོད། སློབ་མ་རྣམས་ལ། བཅར་འདྲི་བྱེད་པའི་ནུས་ ལྡན་རང་བཞིན་དང་རྩལ་ཅན་རང་བཞིན་ཐད་དེ། ཅི་ལྟར་བྱས་ཏེ་ བཅར་འདྲི་བྱེད་ཡུལ་ལྷོད་ལ་འབབ་ཏུ་འཇུག་ཐབས་དང་། གནས་ དང་ངོས་གང་ནས་བརྙན་ལེན་གྱི་མཐའ་སྒྲོམ་སྒྲིག་དགོས་པ་སོགས་ ཁྲིད་སྟོན་བྱས། རབ་གསལ་ཚོགས་པའི་སྦྱོང་བརྡར་སྤྲོད་མཁན་ ཚོས་སློབ་མ་རྣམས་ལ་གསར་གཏོད་རང་བཞིན་དང་དོགས་དཔྱོད་ རང་བཞིན་གྱི་ཐོག་ནས་བསམ་བློ་གཏོང་བའི་སྐུལ་འདེད་བཏང་ཞིང་ ། འདི་ནི་སློབ་མ་རྣམས་ཀྱིས་དེ་སྔ་ཉམས་སུ་མྱོང་བའི་གོ་སྐབས་ མང་བོ་མེད་པའི་བློ་གྲོས་ཐོག་གི་སྦྱོང་བརྡར་ཞིག་ཡིན། བརྒྱུད་རིམ་ འདི་དག་གི་ཁྲོད་དུ། སྦྱོང་བརྡར་སྤྲོད་མཁན་དང་ སློབ་མའི་བར་དུ་འབྲེལ་བ་དམ་པོ་བྱུང་ནས། སློབ་མ་རྣམས་ལ་མཚོན་ན་སྣང་ཚུལ་གསར་པ་ཡིན་པའི་ཁྲིད་སྟོན་དཔེ་གཞིའི་ཕྱོགས་སུ་མྱུར་ སྐྱོད་བྱས། གྲུབ་འབྲས་ནི། སློབ་མ་ཚོའི་བརྙན་ཐུང་ཁོ་ན་ཙམ་མ་ཡིན་པར་ཁོང་ཚོའི་མི་སྒེར་ གྱི་གོང་འཕེལ་དང་ཡར་རྒྱས་ཀྱི་ཐད་ནས་ཀྱང་སྤྲོ་བ་སྐྱེད་ཅིང་སེམས་ཤུགས་འཕེལ་བ་ཞིག་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

41


རབ་གསལ་གྱི་ལས་བྱེད་པ་ཚོས་སློབ་མ་རྣམས་ དང་དགེ་སློབ་ཀྱི་འབྲེལ་བ་དམ་པོ་བཟོས་ཡོད་པ་ སྟེ། ༼གཤམ་གྱི་དྲ་པར།༽ སློབ་མ་རྣམས་ལ་ལྟ་ ཚུལ་འཛིན་སྟངས་དང་། ཁ་ཕྱོགས་འགྱུར་སྟངས། དེ་བཞིན་དྭངས་ཤེལ་གྱི་རྒྱང་ཐག་འཛིན་སྟངས་ བཅས་ལ་སྦྱོང་བརྡར་སྤྱད་ཡོད།

རེད། གནས་སྟངས་འདི་ལ་ཡོངས་སུ་ཡིད་རངས་པར་བྱ་ ཆེད། འདིར་ཆེད་དུ་རྔ་བ���བོད་རིགས་རང་སྐྱོང་ཁུལ་རྨེ་བ་ (ཧོང་ཡོན)རྫོང་ནས་ཡིན་ཞིང་རང་ལོ་༢༡ཅན་གྱི་སློབ་མ་ ཞིག་ལ་གླེང་མོལ་བྱས་པའི་ཚན་བཤུས་ཤིག་བཀོད་ཡོད། “ང་རང་། མིང་ལ་རབ་གསལ་ཞེས་བྱ་བའི་ས་གནས་

ཚོགས་པ་ཞིག་གིས་ང་ཚོའི་སློབ་གྲྭ་རུ་རྩ་འཛུགས་བྱས་ པའི་གློག་བརྙན་སྦྱོང་བརྡར་འཛིན་གྲྭ་ལ་ཞུགས་པ་ཡིན། ངས་བལྟས་ན་ལས་ཀ་དེ་ནི་ཤིན་ཏུ་དང་བ་འདྲེན་པ་ཞིག་ ཡིན་པ་མ་ཟད་དེང་རབས་འཕྲུལ་ལས་ལ་བརྟེན་ནས་བོད་ ཀྱི་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེན་ཞིག་ཡིན་

པའང་རྟོགས། ངའི་མི་ཚེའི་དམིགས་ཡུལ་ནི་ལོ་རྗེས་མར་ གསེར་རྟ་རྫོང་ནས་དཔར་སྐྲུན་ཁང་ཞིག་འཛུགས་རྒྱུ་དེ་ཡིན། གསེར་རྟ་ནི་བོད་ཀྱི་མཁས་པ་དང་བོད་བརྒྱུད་ནང་བསྟན་ གྱི་གྲྭ་བཙུན་མང་བོ་འདུས་སྡོད་བྱེད་སའི་ས་ཆ་ཧ་ཅང་གལ་ ཆེན་ཞིག་ཡིན་ནའང་། ཁོང་ཚོས་དཔེ་དེབ་དཔར་སྐྲུན་བྱེད་ དགོས་ཐུག་ཚེ། རང་ཉིད་ཀྱིས་འགྲོ་སོང་བཏང་སྟེ་ཉིན་རེ་ ཟུང་རིང་འགྲུལ་བཞུད་བྱས་ནས་ཁྲིན་ཏུའུ་ལ་འགྲོ་དགོས་ཀྱི་ ཡོད། ཁོང་ཚོ་ཁྲིན་ཏུའུ་ལ་སླེབས་པའི་དབང་དུ་བཏང་ཡང་ དེར་ཁོང་ཚོར་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་འཕྲད་ཀྱི་ ཡོད་པ་རེད། ངས་སྒོར་མོ་བསགས་རྗེས་ས་དེར་སོང་ནས་ ཚོང་ལས་ཆུང་ཆུང་ཞིག་གཉེར་རྒྱུ་ཡིན།” “སྤྱིར་དཔར་སྐྲུན་ཁང་ཞིག་འཛུགས་རྒྱུ་དེ་ངའི་མཐར་ ཐུག་གི་དམིགས་ཡུལ་མིན་ནའང་། དཔར་སྐྲུན་ཁང་འདི་ ལ་བརྟེན་ནས་གཅིག་ནས་རང་ཉིད་དཔལ་འབྱོར་གྱི་ཐོག་ ནས་རང་མགོ་འཕེར་བ་ཞིག་ཡོང་ཐུབ་པ་དང་། གཉིས་ནས་ གཞན་ལ་ཕན་འདོགས་ཐུབ་པ་རེད། དཔར་སྐྲུན་ཁང་གི་ གནས་སྟངས་དང་བསྟུན་ནས་རིམ་བཞིན་ངས་མི་གླས་ཏེ་ དེའི་ནང་དུ་ལས་ཀ་བྱེད་དུ་འཇུག་འདོད་ལ། འདི་ལྟར་ན་ང་ ལ་བརྙན་ལེན་སྐོར་སློབ་སྦྱོང་བྱེད་པའི་དུས་ཚོད་སྟོང་བ་མང་ ཙམ་ཡོད་ངེས་ཤིང་། དེ་ནི་ང་རང་ཆེས་དགའ་ས་དང་དུངས་ སའི་ལས་ཞོར་བྱ་བ་ཡིན། སྤྱིར་མདུན་ཕྱོགས་སུ་དཀའ་ ངལ་མང་བོ་ཡོད་ངེས་ཀྱང་། ང་ལ་རང་ཉིད་ཀྱི་རྨི་ལམ་འདི་ མངོན་འགྱུར་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད། དེ་དང་ ཆབས་ཅིག ངས་བོད་རིགས་གཞོན་སྐྱེས་ཚོར་ཡང་རང་ ཉིད་ཀྱི་རྨི་ལམ་གྱི་རྗེས་སུ་སྙེག་པའི་སྐུལ་སློང་བྱེད་འདོད་ ལ། རང་ཉིད་ཀྱི་སེམས་ནང་ནས་རིན་ཐང་འཇོག་པའི་མི་ཚེ་ ཞིག་སྐྱེལ་རྒྱུ་དང་། རང་ཉིད་དང་རང་ཉིད་ཀྱི་རིག་གནས་ཀྱི་ ཆེད་དུ་སྤོབས་པ་སྐྱེ་རྒྱུ་བཅས་ཀྱི་ཐད་ལའང་སྐུལ་སློང་བྱེད་ འདོད་ཡོད།” ང་ཚོས་ཤེས་གསལ་ལྟར་ན། ཁོང་གིས་རང་ཉིད་ཀྱི་རྨི་ ལམ་གྱི་རྗེས་སུ་སྙེག་བཞིན་ཡོད་དོ༎

རབ་གསལ་ཐེབས་རྩ་ཚོགས་པ་ (www.rabsal.org) ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཐོ་འགོད་བྱས་པའི་གཞུང་གཉེར་མ་ཡིན་པའི་ཚོགས་པ་ཞིག་ཡིན་ལ། ཚོགས་པ་འདིའི་དམིགས་ཡུལ་ནི་ ཟིན་ཐོའ ་ི གློག་བརྙན་ཕབ་སྐྲུན་དང་བོད་རིགས་ན་གཞོན་ཚོར་སྨྱན་མང་གི་ནུས་རྩལ་ཐད་གསོ་སྦྱོང་སྤྲོད་པའི་ཐབས་ལམ་ལ་བརྟེན་ནས། བོད་ཀྱི་དེང་རབས་འཚོ་བ་དང་རིག་གནས་གཉིས་ཀྱི་བར་དུ་འཛུལ་སྒོ་དང་གཉིས་ བགྲོད་སྒེའུ་ཁུང་ལྟ་བུ་ཞིག་བྱེད་རྒྱུ་དེ་ཡིན། རབ་གསལ་ཚོགས་པས་ཚོད་ལྟའི་ལས་གཞི་འདི་བརྒྱུད་ནས། ཉིན་རེ་བཞིན་འགྱུར་བཞིན་པ་དང་དེང་རབས་ཅན་དུ་འགྲོ་བཞིན་པའི་ཀྲུང་གོའ ་ི ནང་དུ་རང་ཉིད་ཀྱི་མི་ཚེའི་གོམ་ ཁ་སྒྱུར་བའི་བོད་རིགས་གཞོན་སྐྱེས་ཚོས། རང་ཉིད་ཀྱི་སྲོལ་རྒྱུན་དང་སྐད་ཡིག རིག་གནས་བཅས་ལ་ཕྱིར་འབྲེལ་འདྲིས་བྱེད་པར་སྐུལ་བར་དམིགས་པའི་སྦྱོང་བརྡར་བྱེད་སྒོ་འདྲ་མིན་སྤེལ་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད། ཚོད་ལྟའི་ལས་གཞི་འདིར་ཀུན་ཕན་ཐེབས་རྩ་ཚོགས་པས་རྒྱབ་སྐྱོར་ཆ་ཤས་གནང་ཡོད་ལ། བརྙན་ཐུང་ཞིག་དྲ་ཐོག་ཏུ་བཀོད་ཡོད་པས་གཟིགས་འདོད་ན་དྲ་གནས་འདི་རུ་ ཕེབས་རོགས། www.rabsal.org/project.html

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


དབང་ཕྱུག་ཐུབ་བསྟན་ལགས་ ༼གཡས།༽ དང་། མཁས་དབང་བུཊིཡ་སྐལ་བཟང་རྡོ་རྗེ་རྣམ་གཉིས། “བཞུ་སྲེས་འགྲོ་བའི་སྲོལ་རྒྱུན་དང་དེང་རབས་ ཅན། འབྲས་ལྗོངས་ཀྱི་སྐད་ཡིག་དང་རྩོམ་ཡིག་ ལ་བཅོས་འགྱུར་བྱེད་པ།”ཞེས་པའི་ཚོགས་འདུར་ ཞུགས་པ།

ངའི་སྐད་ཡིག་གི་ མདུན་ལམ།

དབང་ཕྱུག་སྟོབས་ལྡན་ནས། ཁྱེད་རང་ཉིད་ཀྱི་སྐད་ཡིག་དེ་རྩ་ཡལ་དུ་འགྲོ་བཞིན་པའི་ སྐབས་སུ་ཁྱེད་ཀྱིས་དེ་ལ་རེ་བ་རྒྱག་སྲིད་དམ། ང་རང་ཉིད་ འབྲས་ལྗོངས་སུ་སྐྱེས་ནའང་། ངས་རང་ཉིད་ཀྱི་ཕ་སྐད་བྱང་ ཆུབ་པ་ཞིག་བཤད་ཐུབ་ཀྱི་མེད། འབྲས་ལྗོངས་ཀྱི་སྐད་ཡིག་ འདི་ཅིའི་ཕྱིར་འཇིག་ཉེན་ལ་ཐུག་པའི་སྐོར་ཧ་གོ་བར་བྱ་རྒྱུ་ དང་རྒྱུས་ལོན་པར་བྱ་རྒྱུ་ནི་ངའི་ཚེ་གཅིག་ནང་གི་འདུན་པ་ ཆེ་ཤོས་དེ་ཡིན། ཉེ་སྔོན། བདག་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་ དཔེ་མཛོད་ཁང་དུ་བསྡུས་པའི། “སྲོལ་རྒྱུན་དང་དེང་རབས་ མཉམ་སྡེབ། འབྲས་ལྗོངས་ཀྱི་སྐད་ཡིག་(ལྷོ་སྐད)དང་རྩོམ་ རིག་སྒྱུར་བཅོས།” ཞེས་པའི་འཆད་ཁྲིད་ཚོགས་འདུ་ལ་ ཞུགས་པ་ཡིན་ཞིང་འཆད་ཁྲིད་གནང་མཁན་ནི། ཨ་རིའི་ཨ་ ལ་བྷ་མ་སློབ་གྲྭ་ཆེན་མོའ ་ི ལོ་རྒྱུས་སློབ་དཔོན་འབྲས་ལྗོངས་ པ་སྐལ་བཟང་རྡོ་རྗེ་རེད། གཏམ་བཤད་དེས་བདག་ལ་འཚབ་ སྣང་དང་དགའ་སྣང་གཉིས་ཀ་སྐྱེ་རུ་བཅུག གཏམ་བཤད་ དེས་བདག་ལ་རང་ཉིད་ཀྱི་ཕ་ཡུལ་དང་མཛེས་ཉམས་ལྡན་ པའི་སྐད་ཡིག དེ་བཞིན་སྐད་ཡིག་དེ་ཉིད་ལ་འཕྲད་བཞིན་ པའི་ཉེན་ཁ། ཉེན་ཁ་དེ་ལས་ལྡོག་ཐབས་བཅས་ཀྱི་ཐོག་ཏུ་ མནོ་བསམ་གཏོང་དུ་བཅུག འབྲས་ལྗོངས་ནི། སྤྱི་ལོའ ་ི དུས་རབས་༡༧པའི་དུས་ དཀྱིལ་ནས་སྤྱི་ལོ་༡༩༧༥ལོར་རྒྱ་གར་གྱི་ནང་དུ་ཟླ་སྒྲིལ་མ་ བཏང་བར་དུ། ཞི་བདེར་གནས་པའི་ཧི་མ་ལ་ཡའི་ནང་བསྟན་ རྒྱལ་ཁབ་རང་བཙན་པ་ཞིག་ཡིན། འབྲས་ལྗོངས་ཀྱི་ཡུལ་ དུ་བལ་བོའ ་ི སྐད་དང་འབྲས་ལྗོངས་སྐད། རོང་པའི་སྐད། དེ་ བཞིན་ཧིན་སྐད་དང་དབྱིན་སྐད་ཕུད་ད་རུང་སྐད་རིགས་ གཞན་པ་འགའ་རེ་ཡང་ཤོད་ཀྱི་ཡོད། འབྲས་ལྗོངས་དེ་བོད་ ཀྱི་ལྷོ་ཕྱོགས་སུ་གནས་ཡོད་པའི་རྐྱེན་གྱིས་འབྲས་ལྗོངས་པ་

ཚོས་རང་ཉིད་ཀྱི་ཁ་སྐད་ལ་ལྷོ་སྐད་དེ་ལྷོ་ཕྱོགས་ཀྱི་ཁ་སྐད་ ཅེས་ཀྱང་འབོད། འབྲས་ལྗོངས་པས་སྤྱོད་བཞིན་པའི་ཡི་གེ་ ནི་བོད་ཀྱི་ཡི་གེ་ཡིན་ནའང་། ངག་ཐོག་སྐད་ཆ་ནི་ཅུང་མི་འདྲ་ བས་བོད་ཀྱི་ཡུལ་སྐད་བྱེ་བྲག་པ་ཞིག་ཏུ་བརྩི་བཞིན་ཡོད་ལ། དུས་ཡུན་དུས་རབས་བཞིའི་ནང་དུ་ཕུན་སུམ་ཚོགས་པའི་ ངག་ཐོག་སྐད་ཆ་དར་རྒྱས་བྱུང་བ་རེད། འབྲས་ལྗོངས་ཀྱི་ ཆེས་ཐོག་མའི་རྩོམ་རིག་དར་སྤེལ་གཏོང་མཁན་ནི་ལྷ་བཙུན་ ནམ་མཁའ་འཇིགས་མེད་དང་ལྷ་བཙུན་སྤྲུལ་སྐུ་འཇིགས་ མེད་དཔའ་བོ་ཡིན་པར་གྲགས། འབྲས་ལྗོངས་ཀྱི་སྐད་བཤད་མཁན་དེ་གྲངས་ཉུང་ཞིག་ ཏུ་གྱུར་བའི་སྐབས་དེར་འབྲས་ལྗོངས་པ་ཚོས་བལ་སྐད་དང་ དབྱིན་སྐད་སྦྱོང་རྒྱུ་གལ་ཆེན་ཡིན་པ་རྟོགས་ཤིང་། དེང་ སང་། མི་ཚང་མས་བལ་སྐད་དང་ཧིན་སྐད། ཡང་ན་དབྱིན་ སྐད་ཤོད་བཞིན་ཡོད། སྲིད་གཞུང་གི་ལས་གནས་དང་ཚོང་ ལས། ཉིན་རེའི་འཚོ་གནས་བཅས་ཀྱི་ཐད་འབྲས་ལྗོངས་སྐད་ མི་མཁོ་བའི་རྐྱེན་གྱིས། སྐད་ཡིག་འདིར་དཔལ་འབྱོར་ཁེ་ ཕན་ཐད་དུ་ཚད་བཀག་ཐེབས་ནས་དེང་སང་བརྩི་མཐོང་ཧ་ ཅང་དམའ་མོ་ཆགས་ཡོད། སྤྱི་ཚོགས་ཀྱི་ཁྲོད་དུ་དབྱིན་སྐད་ ཤོད་པའི་མི་རྣམས་ནི་ཚོང་བྲིན་པོ་རྒྱག་མཁན་དང་གཞུང་ གི་ལས་བྱེད་པར་གཏོགས་པ་དང་། འབྲས་ལྗོངས་ཀྱི་སྐད་ཁོ་ ན་བཤད་མཁན་ནི་གཞི་རིམ་ཞིང་འབྲོག་པར་གཏོགས་པའི་ སྣང་ཚུལ་འབྱུང་གི་ཡོད། སྐད་ཡིག་འདི་ཉམས་ཉེས་སུ་འགྲོ་བཞིན་པར་རྒྱུ་རྐྱེན་ གཞན་པའང་ཡོད་དེ། དཔེར་ན། དེང་སང་འབྲས་ལྗོངས་སུ་ ནར་སོན་བཞིན་པའི་བྱིས་པ་ཚོས་རང་ཉིད་འཚར་ལོངས་ འབྱུང་བའི་དུས་སྐབས་སུ་སྐད་རིགས་འདི་ཐོས་པའི་སྐལ་བ་ མེད་པ་རེད། འབྲས་ལྗོངས་སྐད་ཡིག་དེ་གཞུང་གཉེར་སློབ་

གྲྭ་ཁག་གི་ནང་དུ་སློབ་ཚན་ཁྲོད་དུ་བཀོད་སྒྲིག་བྱས་ཡོད་ ནའང་མང་བོ་ཞིག་གིས་སློབ་གྲྭར་འགྲོ་སྐབས་དེ་མི་སྦྱོང་ བ་དང་། སྒེར་བཙུགས་སློབ་གྲྭ་ཕལ་མོ་ཆེའི་ནང་དུ་འབྲས་ ལྗོངས་སྐད་སྦྱོང་བའི་གདམ་ཀ་ཙམ་ཡང་མེད་པ་རེད། ཡིད་ སྐྱོ་བ་ཞིག་ལ། དེང་སང་འབྲས་ལྗོངས་སུ་ཕ་རྒན་མ་རྒན་མང་ བོས་རང་ཉིད་ཀྱི་ཤེས་བྱ་དེ་ཚ་བོ་ཚ་མོ་ཚོར་བརྒྱུད་སྤྲོད་ བྱེད་པར་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ རེད། གནད་དོན་འདི་སེལ་ཆེད་ཕ་མ་ཚོས་མངའ་སྡེའི་ནང་ གི་སློབ་གྲྭ་ཡོངས་རྫོགས་སུ་འབྲས་ལྗོངས་སྐད་ཡིག་སློབ་ ཁྲིད་བྱེད་པར་འབོད་སྐུལ་བྱེད་དགོས། སྤྱི་ལོ་༢༠༠༥ནས་༢༠༠༦བར་གྱི་མངའ་སྡེའི་སྡོམ་རྩིས་ ལྟར་ན། འབྲས་ལྗོངས་པ་༤༩༠༠༠ནང་ནས་༣༢༠༠༠གིས་ འབྲས་ལྗོངས་སྐད་བྱང་ཆུབ་པར་ཤོད་ཐུབ་ཀྱི་འདུག འོན་ ཀྱང་། འདི་ཐད་ལ་མཁས་དབང་སྐལ་བཟང་གིས་གསལ་ འདོན་བྱེད་དོན། སྡོམ་རྩིས་འབྲས་བུ་འདི་དག་གཅིག་བྱས་ ན་མགོ་འཕྲུལ་བྱེད་ཅིག་ཡིན་སྲིད། འབྲས་ལྗོངས་ཀྱི་སྐད་ ཀྱི་ནང་དུ་ཁྱོད་བདེ་མོ། བདེ་མོ་བྱོས། ཡིན། ཐུགས་རྗེ་ཆེ། མིན། ཐུགས་རྗེ་ཆེ་སོགས་ཟེར་ཐུབ་པ་ཙམ་གྱིས་སྐད་ཡིག་ དེར་བྱང་ཆུབ་ཚད་མཐོ་བ་སྟོན་དཀའ་ཟེར། ངས་བལྟས་ན་ གྲངས་ཀ་འདི་དག་ཆེ་བརྩི་བྱས་ཡོད་ངེས་ཏེ། གང་ཡིན་ཟེར་ ན་ང་ཚོས་“བྱང་ཆུབ་ཚད”དེ་ཅི་ལྟར་གཞི་འཛིན་དང་ཚད་ འཛིན་བྱས་ཡོད་མེད་མི་ཤེས་པས་སོ༎ ད་ལྟ་ང་ཚོས་འདི་ ཐད་ལ་དཀའ་དོན་ཞིག་ཡོད་པ་ངོས་ལེན་བྱེད་པའི་དུས་ལ་ བབས་ཡོད། ཁྱེད་ཀྱིས་སྡོམ་རྩིས་ཀྱི་གྲངས་ཀ་རེ་དྲངས་ ཆོག་མོད། འོན་ཀྱང་། དོན་དངོས་ནི་འབྲས་ལྗོངས་པ་མང་ ཆེ་ཤོས་ཀྱིས་རང་ཉིད་ཀྱི་ཕ་སྐད་བཤད་མི་ཤེས་པ་དང་ཀློག་ མི་ཤེས་པ། འབྲི་མི་ཤེས་པ་དང་དོན་རྟོགས་མི་ཐུབ་པ། རང་ ཉིད་ཀྱི་ཕ་སྐད་དྲོན་པོ་ཉམས་སུ་མྱོང་མི་ཐུབ་པ་བཅས་རེད། ང་ཚོ་ཚང་མས་ནུས་པ་རེ་བཏོན་ཏེ་ལངས་ཕྱོགས་ཞིག་ བཟུང་ནས་གྲོས་བསྡུར་ཞིག་བྱེད་རན་འདུག གཏམ་བཤད་མཁན་གྱིས་གསུངས་པ་ལྟར། ཤིན་ཏུ་ འགལ་འདུའི་རྣམ་པ་ཞིག་ཡོད་པ་ནི། བཙན་གནོན་བྱེད་ མཁན་མེད་པའི་དོན་དངོས་དེས་འབྲས་ལྗོངས་ཀྱི་སྐད་ཡིག་ ཉམས་ཉེས་སུ་འགྲོ་བའི་རྐྱེན་བྱས་ཡོད་སྲིད། ནུས་ཤུགས་ ཡོད་རྒུ་བཏོན་ནས་རང་ཉིད་ཀྱི་སྐད་ཡིག་མྱུར་སྐྱོབ་བྱེད་ པའི་བོད་པ་ཚོ་དང་བསྡུར་ཚེ། འབྲས་ལྗོངས་ཀྱི་རིག་གནས་ དེ་མངོན་གསལ་དོད་པོའ ་ི ཉེན་ཁ་ཞིག་ལ་འཕྲད་མེད་རྐྱེན། འབྲས་ལྗོངས་པ་ཚོས་དེ་སྲུང་སྐྱོབ་བྱེད་དགོས་པའི་ཛ་དྲག་ གི་རང་བཞིན་དེ་ཚོར་གྱི་མེད་པ་རེད། དེ་ལྟ་ནའང་། ངས་ང་རང་ཉིད་ཀྱི་སྒྲུང་འདིས་གོང་བརྗོད་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

43


དོན་དངོས་ཀྱི་བདེན་དཔང་ཞིག་བྱེད་ཐུབ་པའི་རེ་བ་རྒྱག་ གི་ཡོད། ངས་དེང་སང་འབྲས་ལྗོངས་སྐད་འཁྱལ་འཁྱོལ་རེ་ བཤད་ཐུབ་པ་འདི་ང་རང་ཉིད་ཀྱི་འབད་པ་ལ་བརྟེན་པ་ཡིན། ང་རང་ལོ་ན་གཞོན་དུས་འབད་པ་བརྒྱ་ཡིས་རང་ཉིད་ཀྱི་ཕ་ སྐད་སྦྱོང་ཐབས་བྱས་པ་ཡིན་ནའང་། ངའི་ཁྱིམ་མིས་ང་ལ་ རང་སྐད་སྦྱོང་བའི་ཐད་སྐུལ་མ་མ་བཏང་བའི་རྐྱེན་གྱིས་ང་ ཁོང་ཚོའི་སྟེང་དུ་ཁོང་ཁྲོ་ཟ། དེ་བས་ངས་ལས་འགན་རང་ སྟེང་དུ་བླངས་པ་ཡིན། ངས་སྲོལ་རྒྱུན་གྱི་གོས་(བོད་ཀྱི་ཕྱུ་ བ་དང་འདྲ་བའི་གྱོན་ཆས་རིགས་ཤིག)གོན་ཏེ། རྒྱུན་པར་ བདག་དང་ལྷན་དུ་འབྲས་ལྗོངས་སྐད་བཤད་པའི་མཁས་ དབང་ཚོ་དང་ཐུག་འཕྲད་བྱས་ནས་ཉན་ཞིབ་བྱས་པ་བརྒྱུད་ ནས་རང་སྐད་སྦྱངས་པ་ཡིན། དེ་ལྟར་ངའི་རང་སྐད་སྦྱོང་བའི་ བྱ་བ་ཕལ་ཆེར་ལམ་ལྷོངས་བྱུང་ནའང་། རང་ཉིད་ཀྱིས་སྤྱོད་ ཆོག་པའི་རྒྱུ་ཆ་ཧ་ཅང་ཉུང་བ་བདག་གིས་རྗེས་སོར་རྟོགས། ངས་རྒྱུན་པར་མི་ཚོར་སྐད་རིགས་ག་ཚོད་ཤེས་ན་དེ་ ཚོད་ཤོད་པར་འབོད་སྐུལ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་དེ་ལྟར་ ན་གཅིག་ནས་ཁྱེད་རང་ཉིད་ཀྱི་ཤེས་ཡོན་རྒྱ་སྐྱེད་པར་ཕན་ ཐོགས་ལ། གཉིས་ནས་རིག་གནས་གཞན་པར་འབྲེལ་འདྲིས་ བྱེད་པ་དེ་ཡང་ཧ་ཅང་སྤྲོ་སྣང་སྐྱེད་བྱེད་ཅིག་ཡིན་པ་རེད། འོན་ཀྱང་། ཁྱེད་ཀྱིས་རང་ཉིད་ཀྱི་ཁྱིམ་ཚང་འཛིན་དགོས་ པ་རེད། ཁྱེད་ཀྱིས་རང་ཉིད་ཀྱི་ཐད་ལ་བསམ་བློ་བཏང་ཨེ་ མྱོང་། ངས་ཧིན་སྐད་བཤད་ཤེས་ལ་ངའི་སྤུན་གྲོགས་ཚོའི་ རིག་གནས་ལའང་རྒྱུས་མངའ་ངེས་ཅན་ཡོད། འོན་ཀྱང་ ངའི་གྲོགས་པོ་ཚོས་ཅིའི་ཕྱིར་ངའི་སྐད་ཡིག་གི་ཐོག་ལ་དོ་ སྣང་མི་བྱེད་པ་ཡིན་ནམ། གལ་སྲིད་ཁོང་ཚོས་དོ་སྣང་བྱས་ ཡོད་རྒྱུ་ན། ཁོང་ཚོས་ངོ་མཚར་ལྡན་པའི་ཤེས་བྱ་རེ་སློབ་ ཐུབ་ཡོད་ངེས། གོ་ལ་ཧྲིལ་བོར་ཡར་མར་འགྲིམས་འགྲིམས་པའི་མཐར། བདག་གིས་ཁྱེད་ལ་བློ་ཐག་ཆོད་པོས་བཤད་ཆོག་པ་ནི། སྐད་ཡིག་ནི་ཆེས་སྟོབས་ཤུགས་ལྡན་པའི་མཉམ་སྡུད་བྱེད་ མཁན་ཞིག་ཡིན་པ་དེ་རེད། ང་གང་དུ་ཕྱིན་པ་ཡིན་ནའང་། ཕ་སྐད་གཅིག་པའི་མི་རྣམས་མཉམ་དུ་རུབ་རུབ་བྱས་ནས་ འདུག་པ་མཐོང་། རང་ཉིད་ཀྱི་སྐད་ཡིག་གཞི་རྩར་བཟུང་བའི་ སྤྱི་ཚོགས་ཤིག་མེད་པའི་རྐྱེན་གྱིས། ངས་ནམ་ཡང་རང་ ཉིད་ཕྱིར་ཕུད་བྱས་པ་དང་ཁེར་རྐྱང་དུ་ལུས་པའི་སྣང་བ་སྐྱེ། དེ་ལྟ་ནའང་། འབྲས་ལྗོངས་སྐད་བཤད་མཁན་ཚོས་རང་ཉིད་ ཕམ་ཁ་ཉོས་པའི་མི་རིགས་ཤིག་ཡིན་པའི་ཚོར་སྣང་མི་སྐྱེ་ བར་སྤོབས་པ་སྐྱེ་འོས་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། རྒྱུ་མཚན་ནི། ང་ཚོ་ནི་རང་ཉིད་ཀྱི་རིག་གནས་དང་སྲོལ་ རྒྱུན་ཡོངས་སུ་སྤྱོད་ཆོག་པའི་དམིགས་བསལ་ཁེ་དབང་ ཅན་གྱི་ཚོགས་ཁག་ཅིག་གི་ཆ་ཤས་ཡིན་པས་སོ༎ ངས་ཁྱེད་ཀྱིས་ང་ཚོའི་སྐད་ཡིག་འཇིག་པ་དེ་ང་ཚོ་ལ་ མཚོན་ན་ཅི་འདྲ་ཞིག་ཡིན་པའི་ཐད་བསམ་བློ་གཏོང་དུ་ འཇུག་འདོད། ཉིན་གཅིག་ལ་ང་ཚོས་རང་ཉིད་ཀྱི་གོམས་ གཤིས་དང་སྲོལ་རྒྱུན་ངོས་མི་ཟིན་ལ། མཐའ་ན་ཆེས་རྒྱུན་ ལྡན་གྱི་དངོས་པོ་སྟེ། གོས་གོན་སྟངས་དང་སྲོལ་རྒྱུན་གྱི་ཟ་ མ་བཟོ་སྟངས་ཚུན་ཆད་མི་ཤེས་པར་འགྱུར་ངེས། འདི་ ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།

དག་ལ་བོད་ཀྱི་རིག་གནས་ཤུལ་བཞག་ལ་གཏོགས་པའི་མི་ མང་ཡོངས་ཀྱིས་དོ་སྣང་བྱེད་དགོས་ཏེ། འབྲས་ལྗོངས་སྐད་ ནི་བོད་ཀྱི་རིག་གནས་ཀྱི་ཁྱིམ་མི་ཞིག་ཡིན་ལ། གལ་སྲིད་ འབྲས་ལྗོངས་སྐད་མེད་པར་གྱུར་བ་ཡིན་ན་ཁྱེད་ཀྱིས་ཁྱིམ་ མི་ཞིག་བོར་བརླག་ཏུ་ཕྱིན་པ་རེད། ཚོགས་ཞུགས་པའི་ ཁྲོད་ནས་འབྲས་ལྗོངས་ཀྱི་རིག་གནས་ལ་དགའ་ཞེན་ཆེ་ཞིང་ འབྲས་ལྗོངས་སུ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྒྲར་ལེན་པའི་ ཕྱག་ལས་གནང་མྱོང་བའི་སྐུ་ཞབས་ཤཱིཝ་ཛི་མན་ལགས་ ཀྱིས། དེང་སང་འབྲས་ལྗོངས་སྐད་ཡིག་ལ་འཕྲད་བཞིན་པའི་ ཉེན་ཁ་འདི་དང་གཅིག་ མཚུངས་ཀྱི་ཉེན་ཁ་འཕྲད་ མྱོང་ཞིང་། རྗེས་སོར་བདེ་ ལེགས་ངང་བསྐྱར་གསོ་བྱ་ ཐུབ་པའི་སྐད་ཡིག་ཅིག་གི་ དཔེ་མཚོན་གསུང་རྒྱུ་ཡོད་ མེད་དྲིས་པར། མཁས་ དབང་སྐལ་བཟང་གིས་ ནེའུ་ཛི་ལཎ་རྒྱལ་ཁབ་ཀྱི་མའོ་རི་མི་རིགས་ཀྱི་སྐད་ཡིག་གི་ སྐོར་གསུངས། མའོ་རིའི་སྐད་ཡིག་ཆེས་གཉན་འཕྲང་ཅན་ གྱི་གནས་སྐབས་སུ་སླེབས་རྗེས་ཡང་བསྐྱར་བདེ་ལེགས་ ངང་བསྐྱར་གསོ་བྱུང་སྟེ། དེང་སང་ཁོང་ཚོའི་རིག་གནས་ དང་སྲོལ་རྒྱུན་རྣམས་ཕྱིར་བསྐྱར་དར་བྱུང་ཡོད། མའོ་རིའི་ མི་རིགས་དང་འདྲ་བར་ང་ཚོས་ཀྱང་རང་ཉིད་ཀྱི་ཤུལ་བཞག་ རིག་གནས་ཐད་སྤོབས་པ་སྐྱེས་ཏེ་ང་ཚོའི་འཆི་བཞིན་པའི་ སྐད་ཡིག་འདི་མྱུར་སྐྱོབ་བྱེད་པར་འབད་པ་ལྡབ་འགྱུར་གྱིས་ བྱེད་དགོས། དོན་དག་ཆུང་ཆུང་རེ་རེས་གནས་སྟངས་ལ་འགྱུར་བ་ གཏོང་བར་ཕན་པས། རང་ཉིད་ཀྱི་མཛེས་ཉམས་ལྡན་པའི་ སྐད་ཡིག་དེ་སྦྱོང་བར་ནུས་པ་རེ་ཐོན་དང་། ད་ལོར། གྲ་ རྒྱས་པའི་ལེགས་སྐྱེས་རེ་ཉོ་བ་ལས་འབྲས་དབྱིན་སྐད་ གཉིས་ཤན་སྦྱར་གྱི་ཚིག་མཛོད་ཅིག་ཉོས་ཏེ་རང་ཉིད་ཀྱི་ གྲོགས་པོ་དང་ཁྱིམ་མིར་རྔན་པར་ཕུལ་དང་། ཁོང་ཚོས་ནང་ དོན་རྟོགས་མིན་མི་ཤེས་མོད། གང་ལྟར་ཚིག་མཛོད་ཀྱི་ནང་ དུ་རང་ཉིད་ཀྱི་ཕྲུ་གུར་འདོགས་རྒྱུའི་མིང་སྙན་པོ་རྫོགས་ མེད་ཡོད། ཁྱེད་ཀྱིས་སྐད་ཡིག་འདིའི་དུ་གོ་བ་མི་ལོན་པའི་ དབང་དུ་བཏ���་རུང་། སྲང་བར་དུ་སོང་སྟེ་འབྲས་ལྗོངས་སྐད་ ཀྱི་སྒྲུང་དེབ་དང་ཟློས་གར། ཡང་ན་གླུ་དབྱངས་ཟེར་སྡེར་རེ་ ཉོས་དང་། འདི་ལྟར་བྱས་ན་ཁྱེད་ཀྱིས་ས་གནས་རྒྱུ་རྩལ་པ་ ཚོར་རང་ཉིད་ཀྱི་བརྩམས་ཆོས་སྔོན་ལས་མང་བོ་འདོན་སྤེལ་ བྱེད་པར་སྙིང་སྟོབས་སྐྱེད་ཀྱི་ཡོད། ཁྱེད་ཀྱིས་Dhatoi Denzong ཞེས་པའི་འབྲས་ལྗོངས་སྐད་ཀྱི་ཚགས་པར་དེ་ ཀློག་གི་ཡོད་དམ། གལ་སྲིད་མེད་ན་ཚར་གཅིག་མངགས་ཉོ་ བྱོས་དང་། རབ་བྱུང་ན་འཕྲིན་ཡིག་དང་རྩོམ་ཡིག འདྲ་པར་ བཅས་བསྐུར་ཏེ་རྒྱུན་ལྡན་གྱི་རྒྱུ་ཆའི་ཞལ་འདེབས་འབུལ་ མཁན་ཞིག་གནོངས་དང་། མཁས་དབང་སྐལ་བཟང་གིས་འདས་པའི་ལོ་ངོ་སུམ་ཅུའི་ རིང་ལ་འབྲས་ལྗོངས་ཀྱི་རྩོམ་རིག་སྲོལ་རྒྱུན་ཐད་བཞག་པའི་

བྱས་རྗེས་ཐད་ང་རང་གིས་ལྷག་པར་དུ་རྗེས་སུ་ཡི་རངས་བྱ་ བཞིན་ཡོད། སྙན་གྲགས་ལྡན་པའི་མི་སེར་བྱ་དགའ་པདྨ་ཤཱི་ རིའི་བྱ་དགའ་ཐོབ་མཁན་གྱི་ནོར་ལྡན་ཚེ་རིང་གིས་ཐེག་ཆུང་ དར་པ་པདྨ་རིག་འཛིན་དང་ལྷན་དུ་ཆེས་ཐོག་མའི་འབྲས་ དབྱིན་ཤན་སྦྱར་གྱི་ཚིག་མཛོད་གསར་དུ་བསྐྲུན། སྐུ་ཞབས་ ཐེག་ཆུང་དར་པ་ཡི་ཕྱག་ལས་ནི་སྔར་མེད་གསར་གཏོད་ ཅིག་རེད། ཁོང་གིས་དེང་རབས་ངག་ཐོག་སྐད་ཆ་དང་ཐག་ ཉེ་ཆེད་དག་ཡིག་དང་བརྡ་སྤྲོད་ལ་སྒྱུར་བཅོས་བྱས། རྣམ་པ་ ཁོང་གཉིས་ཀ་དེང་རབས་འབྲས་ལྗོངས་སྐད་ཡིག་གི་མེས་

 འོན་ཀྱང་ངའི་གྲོགས་པོ་ཚོས་ཅིའི་ཕྱིར་ངའི་སྐད་ཡིག་ གི་ཐོག་ལ་དོ་སྣང་མི་བྱེད་པ་ཡིན་ནམ། གལ་སྲིད་ ཁོང་ཚོས་དོ་སྣང་བྱས་ཡོད་རྒྱུ་ན། ཁོང་ཚོས་ངོ་ མཚར་ལྡན་པའི་ཤེས་བྱ་རེ་སློབ་ཐུབ་ཡོད་ངེས། 

པོ་རུ་བརྩི་བཞིན་ཡོད། དེང་རབས་ལྷོ་སྐད་ཐད་ཀྱི་གལ་ཆེན་མི་སྣ་ཁག་ནི་ འཕན་པོ་བཀྲ་ཤིས་དཔལ་སྐྱིད་དང་བོད་ཆུང་ཚེས་ཆུ་དར་ པོ། བསོད་ནམས་རྒྱ་མཚོ་སོགས་ཡིན། སྐུ་ཞབས་ཚེས་ ཆུ་དར་པོས་འབྲས་ལྗོངས་ཀྱི་བརྩམས་སྒྲུང་ཐོག་མ་“རི་ ཆུ”(Richi)ཞེས་པ་དང་། “རྣམ་རྟོག”ཅེས་པའི་ཟློས་གར་ གཉིས་ཀ་བརྩམས་ཡོད། སྐུ་ཞབས་བསོདམས་རྒྱ་མཚོས་ གཉེན་སྒྲིག་མཛད་སྒོ་དང་ཆོས་ལུགས་ཆོ་གའི་སྐོར་གྱི་དཔེ་ དེབ་ཧ་ཅང་གལ་ཆེན་ཞིག་བརྩམས་ཡོད། དེང་རབས་ཀྱི་ མདུན་སྐྱོད་པ་འདི་ཚོས་བདག་ལ་རང་ཉིད་ཀྱི་སྐད་ཡིག་སྦྱོང་ བ་དང་རང་ཉིད་ཀྱི་སྲོལ་རྒྱུན་སྲུང་བར་སྐུལ་ལྕག་ཐེབས། ཡ་མཚན་པ་ཞིག་ལ། འབྲས་ལྗོངས་ཀྱི་རྩོམ་རིག་གར་ སྟེགས་སྟེང་དུ་ད་བར་དུ་བུད་མེད་རྩོམ་པ་བོ་ཞིག་མ་བྱུང་། དེ་བས་ངས་འདི་ནས་བུད་མེད་ཚོ་ལ་སྙན་ངག་དང་བརྩམས་ སྒྲུང་། འཁྲབ་གཞུང་བཅས་འབྲི་བར་འབོད་སྐུལ་བྱེད་ཀྱི་ ཡོད། བསམ་བློ་ཞིག་ཐོངས་དང་། འབྲས་ལྗོངས་ཀྱི་བུད་ མེད་རྩོམ་པ་བོ་ཐོག་མའི་མིང་ཐོབ་ལེན་ཐུབ་ན་ཅི་འདྲའི་སྐྱིད་ པ་ལ་ཨང་། ང་ཚོའི་སྤྱི་ཚོགས་སུ་གསར་གཏོད་ཀྱི་ནུས་པ་ ལྡན་པའི་བུད་མེད་དང་སྐྱེས་པ་མང་བོ་ཡོད་པ་བདག་གིས་ ཤེས་ལ། ད་ནི་ཁྱེད་ཚོའི་གསར་གཏོད་ནུས་པར་འོད་སྣང་ སྤྲོ་རན་འདུག་གོ། ཀུན་ཕན་ཐེབས་རྩ་ཚོགས་པས་ཚོགས་འདུ་འདིར་སྦྱིན་ བདག་གནང་བར་བདག་གིས་སྙིང་ཁུང་རུས་པའི་གཏིང་ ནས་བཀའ་དྲིན་ཆེ་ཞུ༎


དྲ་རྒྱའི་འཇིག་རྟེན།

ཀུན་ཕན་ཐེབས་རྩ་ཚོགས་པས་དེང་དུས་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་པར་འབད་ བརྩོན་བྱེད་བཞིན་པ་དང་། ངེད་ཚོས་རྒྱ་ཆེའི་མང་ཚོགས་ལ་བོད་ཀྱི་ས་ཁུལ་དང་ས་གནས་ཀྱི་ རིག་གཞུང་སྐོར་གྱི་ཤེས་བྱ་ཁྱབ་སྤེལ་དང་ངོ་སྤྲོད་བྱེད་པར་འབད་བཞིན་ཡོད། དམིགས་ཡུལ་ དེ་སྒྲུབ་ཆེད། ངེད་ཚོའི་དྲ་རྒྱའི་སྤུས་ཚད་དེ་ཇེ་ལེགས་སུ་གཏོང་བཞིན་ཡོད། ད་ལྟ་ངེད་ཚོས་དྲ་རྒྱའི་རྣམ་པ་དང་བཀོད་པ་གསར་པ་ཞིག་བཟོ་བཞིན་པ་མ་ཟད། དེ་ བཞིན་བརྗོད་བྱ་སྒྲིག་སྟངས་ཀྱི་ལམ་ལུགས་ཀྱང་གསར་པ་ཞིག་ཀྱང་ལག་བསྟར་བྱེད་བཞིན་ ཡོད། ལམ་ལུགས་གསར་པ་དེས་ཀློག་པ་པོ་རྣམས་དང་འབྲེལ་བ་བྱེད་སྟངས་གསར་པ་ཞིག་ དང་། ཕན་ཚུན་ཉམས་མྱོང་སྤེལ་རེས་ཀྱི་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱེད་ཐུབ། ད་ དུང་ཉམས་མྱོང་དེ་དག་རྒྱ་ཆེའི་མང་ཚོགས་དང་མཉམ་དུ་ལོངས་སྤྱོད་བྱེད་པར་མཐུན་རྐྱེན་ བྱེད་ལགས། ལམ་ལུགས་གསར་པ་དེས་རྒྱུན་དུ་དྲ་རྒྱའི་ཐོག་ལ་གནས་ཚུལ་གསར་ཤོས་

མཁོ་འདོན་བྱེད་པ་དང་།  སྐད་ཡིག་གསུམ་གྱི་༼དབྱིན་བོད་རྒྱ།༽ནང་ལ་གནས་ཚུལ་གསར་ པ་མཁོ་སྤྲོད་བྱེད་པར་སྟབས་བདེའི་མཐུན་རྐྱེན་སྦྱིན། ངེད་ཚོས་ད་དུང་དྲ་རྒྱ་གསར་པ་འདིའི་ ནང་ལ་འཚོལ་བཤེར་བྱེད་པའི་ཡོད་ཆས་བཟོ་རྒྱུ་དང་ད་ལྟ་རྩོམ་བཞིན་པའི་རྒྱུ་ཆ་གསར་པ་ རྣམས་མཁོ་འདོན་བྱ་རྒྱུ་ཡིན། ང་ཚོའི་དམིགས་ཡུལ་མཐའ་མ་འདི་ནི་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་དྲ་རྒྱའི་མྱོང་འཚོར་ཇེ་ ལེགས་སུ་གཏོང་ཐུབ་པ་བྱ་རྒྱུ་དེ་ཡིན་པ་དང་། བོད་ཀྱི་སྐོར་ལ་ཐུན་མོང་ཐོག་ཤེས་བྱ་གསར་ པ་བཟོ་སྐྲུན་བྱ་རྒྱུ་དེ་ཡིན། དེར་བརྟེན། སྐུ་ཉིད་ནས་ཟླ་བ་རྗེས་མའི་ནང་ལ་ངེད་ཚོའི་དྲ་རྒྱ་ གསར་པ་དེར་ཕེབས་པར་དགའ་བསུ་ཞུ། 

45

ཁྱབ་བསྒྲགས།

དཔེ་དེབ་གསར་པ་ཐོན་པའི་གསལ་བསྒྲགས།

ཀུན་ཕན་ཐེབས་རྩ་ཚོགས་པ་དབུ་བཙུགས་པ་ནས་བཟུང་། བོད་ཡིག་གི་དཔེ་དེབ་པར་སྐྲུན་བྱ་རྒྱུར་རོགས་རམ་བྱ་རྒྱུ་དེ་ ནི་ངེད་ཚོའི་ལས་གཞི་གཙོ་བོ་ཞིག་ཡིན། ངེད་ཚོས་དཔེ་དེབ་གསར་པ་དང་དཔེ་རྙིང་པར་སྐྲུན་གྱི་བྱ་བར་རྒྱབ་སྐྱོར་བྱེད། ད་ བར་ལ་ཀུན་ཕན་ཐེབས་རྩས་ཀྲུང་གོའ ་ི ནང་ལ་དཔེ་དེབ་ངོ་གྲངས་ས་ཡ་འགའ་ཤས་འགྲེམ་སྤེལ་བྱས་ཡོད། ད་ལྟ་ངེད་ཚོས་ འཛམ་གླིང་ཁྱོན་ཡོངས་ཀྱི་ཚོགས་པ་ཁག་ལ་དཔེ་དེབ་མང་པོ་ཞིག་རིན་མེད་ལ་ཞལ་འདེབས་འབུལ་གྱི་ཡོད།  དཔེ་དེབ་རྣམས་རེ་བ་ཞུ་མཁན་སྔ་རྟིང་ལ་བལྟོས་ནས་འགྲེམ་སྤེལ་ཞུ་བཞིན་ཡོད།

དཔེ་དེབ་དགོས་མཁན་ཡོད་ན། གཤམ་གྱི་དྲ་ཐག་ལ་ཕེབས་རོགས། དཔེ་དེབ་གསར་པ་རྣམས་འཐོན་རིམ་བཞིན་དྲ་རྒྱར་ གསལ་བསྒྲགས་བྱེད་ཀྱི་ཡིན་པས་ངེད་ཚོའི་དྲ་རྒྱར་ཡང་ཡང་ཕེབས་རོགས། http://www.trace.org/resources/ resources_reference_publications_requestform.html

ཀུན་ཕན་གཏམ་གསར།

༢༠༡༠ སྟོན་ཀ།


དངོས་སྦྱོང་གོ་སྐབས་ཀྱི་གསལ་བསྒྲགས།

ཀུན་ཕན་ཐེབས་རྩ་ཚོགས་པར་དངོས་སྦྱོང་གི་གོ་ སྐབས་གསར་པ་ཡོད་ཅིང་། དངོས་སྦྱོང་བ་ཚོར་ངེད་ ཚོའི་ཞིབ་འཇུག་སྡེ་ཚན་དང་། ཆ་འཕྲིན་སྡེ་ཚན། དེ་ བཞིན་ཕྱི་འབྲེལ་སྡེ་ཚན་སོགས་ལ་དངོས་སྦྱོང་བྱེད་ པའི་གོ་སྐབས་སྤྲོད་ཀྱི་ཡོད། དངོས་སྦྱོང་གི་གོ་སྐབས་ དེ་བརྒྱུད་ནས་སྐད་ཡིག་འདྲ་མིན་དང་། རིག་གཞུང་འདྲ་ མིན་གྱི་འཁོར་ཡུག་ནང་ལ་རྒྱལ་སྤྱིའི་ཡར་རྒྱས་ཀྱི་ཆེད་ ལས་བྱ་གཞག་ཐོག་ལ་དམིགས་བསལ་གྱི་ལས་ཀའི་ ཉམས་མྱོང་གསོག་པའི་གོ་སྐབས་འཐོབ་ཐུབ། གོ་སྐབས་ འདིས་དངོས་སྦྱོང་བ་ཚོར་ཉམས་མྱོང་གསར་པ་དང་ ། ལག་ཤེས་གསར་པ། དེ་བཞིན་བསམ་འཆར་དང་རིག་ པ་གསར་པ་འདོན་པའི་གོ་སྐབས་འཐོབ་པ་བརྒྱུད་ཁོང་ ཚོའི་ལས་ཀའི་འབྲས་བུ་ཚང་མས་མཐོང་ཐུབ་བོ། དངོས་སྦྱོང་གི་ལས་གནས་གསར་ཤོས་ཀྱི་གསལ་ བསྒྲགས་དེ་གཤམ་གྱི་དྲ་ཐག་ཐོག་ནས་གཟིགས་རོགས། www.trace.org/about/ about_getting_internship.html

འབྲེལ་གཏུག་བྱེད་ཐབས།

ང་ཚོར་ནམ་ཡང་གཞན་གྱི་ཟོལ་མེད་ཀྱི་བསམ་འཆར་ལ་ཉན་ པར་འདུན་པ་ཆེན་པོ་ཡོད་དེ། དྲ་གནས་ pressroom@ trace.org འདི་རུ་བསམ་འཆར་འདོན་པའམ། +1 (212) 367-7380 ལ་ཁ་པར་གཏོང་བ། ཡང་ན་ང་ཚོའི་སྤྱི་ཁྱབ་ལས་ཁུངས་ 132 Perry St., Suite 2B, New York, NY 10014 ལ་འཕྲིན་ཡིག་ སྐུར་བ་དང་། ཡང་ན་གཤམ་གྱི་དྲ་གནས་གང་རུང་ནས་ གཟིགས་ཞིབ་གནང་བར་འཚལ།

www.trace.org www.facebook.com/tracefoundation TM

www.twitter.com/tracefoundation www.youtube.com/tracefoundation www.livestream.com/tracefoundation www.issuu.com/tracefoundation

ཀུན་ཕན་གཏམ་གསར། ཀུན་ཕན་ཐེབས་རྩ་ཚོགས་པའི་དུས་དེབ།


Künpen Tamsar - Fall 2010 (Tibetan)