Page 3

གསར་འགྱུར་སྙིང་བསྡུས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཌལ་ཧོར་

གཏན་སློ བ ་ཀྱི ་ ལྔ་བཅུའི ་ དུས་ཆེ ན ་ལ་ཆི བ ས་སྒྱུར་དང་ བཀའ་སློབ་སྩལ་བ་མ་ཟད་དེའི་ཉེ་འཁོར་དུ་ཡོད་པའི་རྒྱ་ གར་པབ་ལིག་སློབ་གྲྭར་ཡང་ཆིབས་སྒྱུར་དང་བཀའ་སློབ་ སྩལ་ཡོད། དེ་རྗེས་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་

གྱི་མར་རི་ལན་ཌེ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་

དུ་ཞི་བདེའི་སྐོར་བཀའ་སློབ་དང་སློབ་གྲྭ་དེའི་ཆེ་བསྟོད་ཀྱི་ ཕྱག་འཁྱེར་ཡང་འབུལ་བཞེས་མཛད་ཡོད།

༸གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་ཨོར་གན་གྱི་གྲོང་

ཁྱེ ར ་པོ ར ་ཊི ་ ལན་ཌི ར ་བོ ད ་རི ག ས་སློ བ ་ཕྲུག་རྣམས་ལ་ བཀའ་སློབ་དང་མཇལ་ཁ་སྩལ། དེ་མིན་ཁུལ་དེར་རྟེན་གཞི་

བྱས་པའི་པོར་ཊི་ལན་ཌེའི་གཙུག་ལག་སློབ་གཉེར་ཁང་དུ་

ཁོར་ཡུག་སྐོར་གྱི་བགྲོ་གླེང་ཚོགས་འདུར་བཀའ་སློབ་དང་ ཡང་ཁུལ་དེར ་ཡོད་པའི་མེ ་ཊི ་རི ་ པ་ནང་པའི ་ སློ བ ་གཉེ ར ་

ཁང་དུ་སྐྱེ་བ་སྔ་ཕྱིའི་སྐོར་བཀའ་སློབ་དང་དེ་མིན་ཁོར་ཡུག་

བདག་གཅེས་བྱེད་རྒྱུར་ཀུན་སློང་འཁྱེར་སྟངས་དང་སྙིང་རྗེ་ དང་འབྲེལ་བའི་སྐོར་བཀའ་སློབ་སྩལ།

༸གོང་ས་མཆོག་གིས་པོར་ཊི་ལན་ཌིར་བོད་རིགས་དང་ སོག་རིགས་རྣམས་ལ་བཀའ་སློབ་ཟབ་མོ་སྩལ།

དེ་རྗེས་

ཝི སི ་ ཀོ ན ་སི ན ་མངའ་སྡེ ར ་ཆི བ ས་སྒྱུར་གྱི ་ གྲོ ས ་ཚོ ག ས་

གོང་འོག་གི་འཐུས་མི་རྣམས་ལ་བཀའ་སློབ་དང་དེ་རྗེས་ ཁུལ་དེ ར ་གནས་པའི ་ བོ ད ་རི ག ས་རྣམས་ལ་བཀའ་སློ བ ་ སྩལ།

མེ་ཌི་སན་ཁུལ་དུ་རྟེན་གཞི་བྱས་པའི་རི་དྭགས་

ནགས་ཀྱི་སྐྱེད་མོ་ཚལ་ཞེས་ནང་པའི་བསྟི་གནས་ཁང་ནང་

བོད་པའི་སློབ་ཕྲུག་དང་གཞན་ཡང་རྒྱ་རིགས་གཞོན་སྐྱེས་ ཁག་གཅིག་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད།

སྲི ད ་སྐྱོ ང ་མཆོ ག ་གི ས ་ཨ་རི ར ་ཕྱོ ག ས་ཕེ བ ས་ཀྱི ་ ཨ་རི འི ་ ཕྱི་སྲིད་ལས་དོན་ཚོགས་ཆུང་ངོས་ནས་བོད་ཀྱི་གནད་དོན་

ཐོ ག ་ཉན་ཞི བ ་ཀྱི ་ ལས་རི མ ་ཞི ག ་ཚོ ག ས་སྐྱོ ང ་ཡོ ང ་བའི ་

འབོད་སྐུལ་དང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་ འཕྲད། དེ་རྗེས་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་ཕྱོགས་ཕེབས་

ཀྱི་བཙན་བྱོལ་ནང་གི་མང་གཙོའི་སྐོར་གསུང་བཤད་གནང། སྤྱི་འཐུས་ཚོགས་གཙོ་མཆོག་དང་ཕྱི་དྲིལ་དྲུང་ཆེ་ཐེ་ཝན་ དང་ཕྱི་དྲིལ་བཀའ་བློན་ཁེ་ན་ཌར་ཕྱོགས་ཕེབས་གནང་བ།

དུས་དབང་ཐེངས་ ༣༣ པ་སྩལ་ གཏན་ཁེལ་བའི་གསལ་བསྒྲགས།

༄༅།

།མཁྱེན་ལྡན་ཡངས་པ་ཀོང་པོ་གཞིས་བྱེས་སེར་

སྐྱ་མི་མང་གིས་གཙོས། དད་སྦྱིན་གཏོང་ཕོད་ཅན་སེར་སྐྱ་

མི་མང་ལྷན་རྒྱས་ཀྱི་སྙན་ལམ་དུ།   ཆེད་ཞུ།  མཁྱེན་གསལ་ བཞིན་བོད་ལྗོངས་ཀོང་ཡུལ་གཞིས་བྱེས་སེར་སྐྱ་མི་མང་

སྤྱི་མགྲིན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་

མཆོ ག ་གི ས ་གནས་མཆོ ག ་རྡོ ་ རྗེ ་ གདན་དུ་དཔལ་དུས་ཀྱི ་ འཁོར་ལོའ ་ི དབང་ཆེན་ཐེངས་ ༣༢ སྩལ་སྐབས་ཀོང་ཡུལ་ གཞིས ་བྱེ ས ་མི ་མང་གིས ་སྦྱིན་བདག་ཞུས་ཏེ ་ དུས་དབང་

ཐེངས་ ༣༣ སྩལ་སྐྱོང་བཀྲིན་ཆེ་བའི་གསོལ་འདེབས་ཇི་ ལྟར་ཞུས་དོན་དང། དེ་རྗེས་མཚན་འཁོད་སྙན་ཞུ་ཕུལ་བར་ ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༣ པའི་ཚེས་ཤར་ལ་བཀའ་བཟང་དོན་

སྨིན་སྩལ་ཐོབ་དགོངས་དོན། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༧ ཚེས་ ༣ ནས་ ༡༤ བར་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་དཔལ་དུས་ཀྱི་ འཁོར་ལོའ ་ི དབང་ཆེན་ཐེངས་ ༣༣ པ་སྩལ་འཐུས་ཐུགས་

གཏན་འཁེ ལ ་ལུགས་བཀའ་བཞེ ས ་སྤྱི ་ སོ ན ་ནོ ད ་པ་ལྟར། ཉེ ་ འཆར་དགེ ་ བསྐུལ་ཞུ་ཡི ག ་སྔོ ན ་ཕུལ་ལྟར་འབྲེ ལ ་ཡོ ད ་

ཚང་མས་ཐུགས་འཁུར་ཆེ་བཞེས་ཡོང་བ་དེ་དོན་དགོངས་ འཇགས་ཞུ།   དུས་དབང་ཐེངས་ ༣༣ དང་འབྲེལ་བའི་དྲ་ རྒྱའི་ཁ་བྱང་ནི།

www.kalachakra2014.org

ཡིག་འབྲེལ་གནང་སའི་ཨི་མལ་ཁ་བྱང་ནི།

info@kalachakra2014.org

བཅས་ཀོ ང ་པོ ་ གཞི ས ་བྱེ ས ་མི ་ མང་དུས་དབང་གོ ་ སྒྲི ག ་ ཚོགས་ཆུང་ལས་ཁང་ནས།   

ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༥ ཚེས་ ༡༣ བཟང་པོར།

May  
May