Page 1


༢༠༡༡ལོའ ི་དབྱར་གནང་གི་གསབ་སྦྱོང་འཛིན་གྲྭའི་དགེ་རྒན་ཧོང་ཡུས་ཞཱ་ལགས་ཀྱིས་བོན་སྐོར་

༢༠༡༠ལོའ ི་དབྱར་གནང་གི་གསབ་སྦྱོང་འཛིན་གྲྭ་གཉིས་པའི་བོད་ཡིག་དགེ་རྒན་ཨ་ཁུ་བསམ་གཏན་

སློབ་ཆུང་གི་ལོ་རིམ་ལྔ་བའི་སློབ་མ་རྣམས་ལ་དབྱིན་ཇིའི་སྐད་ཡིག་ཁྲིད་པ།

ལགས་ཀྱིས་སློབ་གྲྭའི་རྩེད་ར་ནང་དུ་སློབ་མ་རྣམས་ལ་དགག་བཞག་གི་རྩོད་པ་བྱེད་ཚུལ་སྟོན་པ།

༢༠༡༡ལོའ ི་དབྱར་གནང་གི་གསབ་སྦྱོང་འཛིན་གྲྭའི་དགེ་རྒན་ཚེ་ཕན་ཐོགས་ཀྱིས་བོན་སྐོར་སློབ་ཆུང་

༢༠༡༢ལོའ ི་བོན་སྐོར་སྡེ་བའི་ལོ་སར་སྤྲོ་ཚོགས་ཁྲོད་རང་སྡེ་བའི་སྡེ་མི་རྣམས་ཀྱིས་ལྷན་དུ་ལོ་སར་

གི་སློབ་མ་འགའ་དང་ལྷན་དུ་སློབ་སྦྱོང་གི་ཕྱོགས་ནས་ཁ་བརྡ་བྱེད་བཞིན་པ།

གྱི་དཔལ་ལ་རོལ།

༢༠༡༠ལོའ ི་བོན་སྐོར་སྡེ་བའི་འཐུང་ཆུའི་ལས་གཞིའི་ཁྲོད་རང་སྡེ་བའི་སྡེ་མི་རྣམས་ཀྱིས་ཆུ་སྦུག་

༢༠༡༠ལོར་སྦྱིན་བདག་མཱ་ཁི(Marc)ལགས་ཀྱིས་བོན་སྐོར་སློབ་ཆུང་གི་དབུལ་ཁྱིམ་སློབ་མ་ཞིག་

གསར་བ་ས་འོག་ཏུ་འཇུག་པ།

ལ་འཚོ་བ་དང་སློབ་སྦྱོང་རོགས་དངུལ་སྦྱིན་པ།


དཀར་ཆག དཀར་ཆག

3 >>>>>>>སྔོན་འགྲོའི་གཏམ།..........................................................................................རྩོམ་སྒྲིག་པ། སྲོལ་རྒྱུན་གངས་རིའི་ཆབ་རྒྱུན། 4 >>>>>>>བཤེས་གཉེན།….........................…………………………………………..རྡོ་རྗེ་ཚེ་རིང་།

4 >>>>>>>འཁོར་བའི་སྐྱོ་ཟློས།…..............................…………………………………..གཡང་ཕྱུག་འབུམ།

6 >>>>>>>གཟའ་ཉི་མ།...............................……………………………………….….གསེར་གཞུང་གཞོན་ནུ། 8 >>>>>>>ད་ལོ། དབྱར་ཟླ་གསར་བ་འཛུམ་གྱིས་བསུ།.....................………………………..ལུང་སྨྱུག་སྨྱོན།

8 >>>>>>>འབའ་ཡུལ་གྱི་འཆམ་མཐུན་སྤྲོ་དབྱངས།.........................………………………..མི་རྐྱང་ལྡོམ་པོ། 9 >>>>>>>ཚེ་སྲོག་ཁེར་རྒྱུ་ཞིག་གི་སྨྲེ་ངག.....................…………………………………..མཁན་པོ་རྒྱལ།

10>>>>>>>སྙིང་སྡུག་མ།.…………………………………………................................བསོད་ནམས་དབང་ཕྱུག 11>>>>>>>དྲན་གདུང་སེམས་ཀྱི་སྒྲ་དབྱངས།.…………………………...............................ཆོས་དབྱིངས་རྒྱལ། 11>>>>>>>ཡིད་རེ་སྐྱོ།.................……………………………………………………..གནམ་མཚོ་སྐྱིད།

12>>>>>>>ཐོལ་བྱུང་གི་སྙན་ཚིག་ཁག་གསུམ།....................................…………………….ཀུན་བཟང་རྒྱལ་མཚན། 13>>>>>>>བོད་འདི་ངོ་མ་ཕྲག་དོག་ཆེ།.............................……………………………….དཔལ་ལེགས་རྡོ་རྗེ། 14>>>>>>>ཁྱོད་རང་དྲན་ཚུལ།.……………………………………………...................ཆོས་སྒྲོན་མཚོ། 15>>>>>>>དྲན་སྐུལ།....................................................................................................སྲས།

16>>>>>>>བརྩེ་དུང་གི་འབོད་པ་དམར་རྗེན་མ།..................................................................བཞག་སྲས།

17>>>>>>>འཁྲབ་ཚན་ཞིག.............................................................................................བྲག་དམར་བ་གཅོད་པ།

19>>>>>>>སྤྲང་བོའི་ཟིན་བྲིས།........................................................................................བྱ་གཞུང་འབྲུག་འབུམ་ཡག 21>>>>>>>གཡུ་ཁུང་བརྟོལ་བའི་རྣོ་འབིག...........................................................................རུས་པ།

22>>>>>>>དྲན་གདུང་གི་འཕྲིན་པ།..................................................................................རྡོ་རྗེ་རབ་བརྟན།

22>>>>>>>དུས་བཞི།....................................................................................................གཡང་ཕྱུག་རྒྱལ།

23>>>>>>>དུས་ཚོད་ཀྱི་འཁོར་རྒྱུན།.................................................................................དཀོན་མཆོག་རྒྱལ།

24>>>>>>>དུས་རབས་ཉེར་གཅིག་རླུང་གི་ཁ་ཕྱོགས།.............................................................ཚེ་རིང་བཀྲ་ཤིས། 25>>>>>>>མདུན་དུ་བསྐྱོད།............................................................................................འཁོན་ཐར་འཚོ།

26>>>>>>>ཡུལ་རྣམ་ལུང་བ་འཛུམ་གྲོལ།...........................................................................པདྨ་རིན་ཆེན།

27>>>>>>>སུ་ཡིས་འགྲན།..............................................................................................བསོད་ནམས་འཚོ། 27>>>>>>>ནོངས་འགྱོད་ཅི་ཡང་མེད།...............................................................................མགར་མིའུ་ཐུང་། ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

30>>>>>>>ས་སྨྱུག.......................................................................................................བན་དེ་ཚེ་བརྟན། 31>>>>>>>ཁྱོད་ངའི་དྲན་ཤིང་ཡིན།...................................................................................ཀླུ་འཚོ་སྐྱིད།

32>>>>>>>དྲན་གདུང་གི་མིག་ཆུ།.....................................................................................འབྲུག་མོ་འཚོ།

33>>>>>>>ཉི་མ་སེར་པོ།...............................................................................................སངས་རྒྱས་སྒྲོལ་མ།

33>>>>>>>སློབ་སྐབས་གསར་བ།.....................................................................................ཀུན་འཚོ་སྐྱིད། 34>>>>>>>བདག་གི་གུས་པར་འོས་པའི་དགེ་རྒན་ཀུན་འཚོ་སྐྱིད།..............................................ལྕགས་མོ་ཡག

34>>>>>>>ཕ་ཡུལ་འབྲོག་རུ་བོན་སྐོར།..............................................................................ཏིང་འཛིན་སྒྲོལ་མ།

35>>>>>>>ལམ་བུ་འདིར།..............................................................................................བྱ་གཞུང་ཀུན་དགའ་དོན་གྲུབ། 36>>>>>>>བདག་གི་ཨ་མ།............................................................................................དཀར་མཚོ་སྐྱིད།

1


དཀར་ཆག 37>>>>>>>སྟོན་མཇུག...................................................................................................གནམ་མོ་འཚོ།

37>>>>>>>བགྲོ་གླེང་བ་དང་གཟབ་ཉན།............................................................................བྱ་མདོ་རིན་བཟང་། 39>>>>>>>དཔྱིད་དཔལ།...............................................................................................བཀྲ་ཤིས་བཟང་མོ།

40>>>>>>>མཛའ་མཐུན་དགེ་རྩ་ཚོགས་པའི་རང་བཞིན་བརྗོད་པའི་གཏམ་བུམ་པའི་ཁ་བརྒྱན།.........འཇམ་དཔལ་རྒྱལ། 42>>>>>>>སློབ་གསོ་ནི་མི་རིགས་ཀྱི་རྨང་གཞི་ཡིན། རྫོང་དཀར་བློ་བཟང་དར་རྒྱས། 43>>>>>>>ཡི་གེ་གླེང་བ། ཀུན་བཟང་།

རང་མོས་སེམས་ཀྱི་གླུ་གཞས།

45>>>>>>>གྱེས་བྲལ།...................................................................................................གཡང་སྐྱབས་རྡོ་རྗེ། 47>>>>>>>སྟག་ལོར་ཁ་བ་བོབས་ཤོག..............................................................................སྐར་མིག

48>>>>>>>འཁྲུལ་སྣང་གི་འཇིག་རྟེན།................................................................................བསྟན་འཛིན་འཇིགས་མེད།

48>>>>>>>གངས།.......................................................................................................སྒ་མར་མེ།

49>>>>>>>བཀུར་འོས་པའི་ཨ་མ།....................................................................................འབྲུག་མོ་ཐར། 50>>>>>>>བྲག་གི་བུ་སད་ན་འགྲིག..................................................................................མིག་གཅིག

50>>>>>>>ང་ཚོ་འདི་ལྟར་ཆས་སོང་།..............................……………………………….གནམ་བྱམས་ཚེ་རིང་། 51>>>>>>>ང་ལ་བརྗེད་ཆུ་དཀར་ཡོལ་གང་གནང་རོགས།..................................…………….སངས་རྒྱས་ཚེ་རིང་། 52>>>>>>>སློབ་གྲོགས་ལགས། ངས་ཁྱོད་རང་དྲན།...................……………………………ཤིང་མཚོ།

52>>>>>>>ཁྱོད་ཀྱི་ཆེད་དུ་ང་ད་དུང་ཐང་ཆད་མེད།........................………………………..ལྷ་བརྟན་རྒྱལ། 53>>>>>>>རྒྱང་བཞུད་ཀྱི་རུ་དཔུང་ཞིག........................…………………………………བཀྲ་ཤིས་འཚོ།

54>>>>>>>གྲོགས་མོ་ལགས། མདུན་དུ་བསྐྱོད་དང༌།..............................…………………… གངས་རིའི་བུ་མོ། 54>>>>>>>བསམ་གཞིགས།..................……………………………………………… ནགས་ཙན་དན།

56>>>>>>>ཁྱེད།....................……………………………………………………….གནམ་མཚོ་བྱམས། 57>>>>>>>གཙང་བོའི་འགྲམ་གྱི་དྲན་པ།......................………………………………… ཤེས་རབ་རྡོ་རྗེ། 58>>>>>>>སྙིང་ཉེ་མ། ལྷ་མོ་སྒྲོལ་དཀར།......................………………………………….ཚེ་འབུམ་རྒྱལ།

59>>>>>>>ཕ་ཡུལ་འབྲོག་རུ་བོན་སྐོར་དྲན་པ།.........................…………………………...བདེ་སྐྱིད་སྒྲོལ་མ།

60>>>>>>>ཕ་ཡུལ།....................…………………………………………………......དཔའ་འབུམ་ཡག 60>>>>>>>དག་ཞིང་མཐོང་བྱུང་།.......………………………………………….............སྙིང་སྟག་རྒྱལ།

63>>>>>>>གོམ་སྒྲ་དེ་ཨ་མ་མིན་ནམ།......……………………………..............................གཙང་གཡུ་སྲས་དོ་བྷ། དཔྱད་རྩོམ་རིག་པའི་གླེང་མོལ།

64>>>>>>>བོད་ཀྱི་རྣམ་ཐར་གྱི་རིན་ཐང་དང་དེའི་འཕེལ་འགྱུར་སྐོར་གླེང་བ།...….......................བསྟན་ཁོ།

68>>>>>>>རྒྱའི་ཐ་སྙད་བསྒྱུར་བ་ལས་བརྩམས་ཏེ་བོད་སྐད་དག་མོ་བཤད་པའི་གོམ་པ་དང་པོ་སྤོ།…བྱ་མདོ་སྨྱུག་བཞད། བསྒྱུར་རྩོམ་མེ་ལོང་རང་གསལ།

71>>>>>>>གདུག་རྩུབ་ཅན་གྱི་ལམ་ལུགས་ལ་ང་ཚོས་མུ་མཐུད་དེ་བཟོད་བསྲན་བྱེད་མི་ཐུབ། …......ཁ་བ་རྣམ་རྒྱལ། 73>>>>>>>མཇུག་བྱང་།....................................…………………………………...….རྩོམ་སྒྲིག་པ།

2


སྔོན་འགྲོའ ་ི གཏམ།

སྤྱིར་རང་ཅག་ཁ་བ་ཅན་གྱི་ཡུལ་གྲུ་སོ་སོ་ན་རང་གི་སྐད་དང་ཡི་གེའི་སྤྱོད་ཡུལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་ བའི་བྱ་གཞག་རབས་དང་རིམ་པ་ཞིག་སྒྲུབ་གྱིན་ཡོད་ལ། ཁྱད་པར་དུ་རང་རེའི་དམངས་ཁྲོད་ཀྱི་ཡུལ་ལུང་ མི་ཉུང་བ་ཞིག་ན་ཤེས་རིག་ཡར་སྐུལ་གྱི་ལས་ལ་འབད་པའི་དཔྱོད་ལྡན་མི་བུ་དག་གི་བླ་མེད་ཀྱི་ཀུན་སློང་ དང་སྒེར་མེད་ཀྱི་སྤྱི་སེམས་ལ་རྟག་བརྟན་གྱི་ངོ་སོ་བསྟོད་རྒྱུ་དང་རྗེས་སུ་ཡི་རངས་བྱེད་པར་འཐུས། ང་ཚོས་ཤེས་གསལ་ལྟར། འགྲོ་བ་མིའི་ཤེས་རིག་གི་དཔལ་ཡོན་སྐྲུན་པའི་གོ་རིམ་རེ་རེའི་ཁྲོད་དུ་སྔོན་ཐོན་ གྱི་ཕྱིའི་རྒྱལ་ཁབ་ཁག་གཙོ་བྱས་པའི་རྒྱལ་ཁོངས་དང་མངའ་ཁོངས་མང་ཤས་སུ་ཆེ་བ་འཛམ་གླིང་འགྲོ་ མིའི་སྤྱི་དོན་དང་ཆུང་བ་སྲོག་ཆགས་གྲོག་མའི་འཆི་རྐྱེན་ཙམ་ཡང་མ་ལུས་དཔྱད་བརྗོད་དང་ཞིབ་འཇུག་གི་ ཚུལ་དུ་སྤེལ་ཟིན་པ་རེད། ཡིན་ནའང་རང་ཅག་བོད་པའི་ཡུལ་འདིར་ད་དུང་དངོས་སྣང་འགྲོ་མིའི་སྤྱི་ཚོགས་ ཀྱི་སྣང་ཚུལ་མང་པོ་ཞིག་ང་ཚོ་རང་ཉིད་ཀྱིས་ཀྱང་ཅི་ཡིན་ཆ་མ་འཚལ་པར་ལུས་ཡོད་པ་འདི་དག་གི་ཉེ་ སར་བཅར་ནས་ཞིབ་ཏུ་དཔྱད་ན་མ་མཐར་ཡང་འུ་ཅག་གི་འདས་མ་ད་གསུམ་གྱི་གནད་དོན་ཆེ་མ་ཆུང་ གསུམ་ལ་འགན་འཁུར་བའི་གླེང་སློང་བ་ཡིན་ལ་རང་གི་ཤེས་རིག་གི་སྐྱེད་ཚལ་གླིང་དུ་རང་ནུས་སྐྲུན་པའི་ མེ་ཏོག་རྐང་གཅིག་ཅི་ལ་མིན། དེ་བས། རེབ་འདིའི་བྱ་ཆུའི་འགྱུར་ཁུགས་འདོན་ཐེངས་བདུན་པའི་དེབ་ཆུང་འདི་ཡང་ཧ་ཅང་ཉུང་དྲགས་ པའི་ཁ་བའི་ལྗོངས་ཀྱི་པར་སྐྲུན་ལས་དོན་གྱི་སྐྱེས་སུ་ཕུལ་བ་ལགས་ན། ན་གཞོན་རྩོམ་པ་པོར་སྐུལ་བའི་རྒྱུ་ རུ་འགྱུར་བ་དང་འདིས་ཡང་རྩོམ་རིག་ས་བོན་འཁྲུངས་པའི་གཤིན་ས་སམ་རྩོམ་གྱི་འབྲས་བཟང་སྨིན་པའི་ གོ་སྐབས་ཤིག་སྩོལ་བར་གྱུར་ཅིག་གུ། བྱ་ཆུའི་འགྱུར་ཁུགས་ཀྱི་རྩོམ་སྒྲིག་པས། སྤྱི་ལོ་2012ལོའ ི་ཟླ་1 ཚེས་20ཉིན།

3


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

བཤེས་གཉེན། རྡོ་རྗེ་ཚེ་རིང་།

བཅུ་ཕྲག་རིག་པའི་མཐའ་ནས་སྐྱོར་བའི་མཁན་པོ་ཞིག་གི་མཛད་རྗེས་ལས།། ལྔ་རིག་འདབ་ཟུང་བ་དན་གཡོ་བའི་ཟེའུ་འབྲུ་མངར་མོའ ི་ཉིང་བཅུད་འཁྲུངས།། ལས་དབང་བཙན་པོའ ི་སྒོ་གླེགས་རྡུང་བའི་སློབ་བུ་ཞིག་གི་སྨྱུག་རྩེ་ལས།། མེས་པོའ ི་རྒྱུད་འཛིན་གངས་རིའི་ལྗོངས་ཀྱི་དཔའ་བོ་ཞིག་གི་རྣམ་ཐར་བཞུར།། ཀུན་རྟོགས་དྲ་བའི་རྒྱ་ལས་ཐར་བའི་རྨོངས་མུན་འཇོམས་པའི་གཤེད་མ་ལས།། མུན་སྒྲས་གཅོང་རོང་གཡང་ལ་ལྷུང་བའི་རྨོངས་པའི་ཁྱུ་ཞིག་གཉིད་ལས་དཀྲོགས།། ཟླ་མེད་རིག་པའི་བློ་གཤོག་རྒྱས་པའི་ན་གཞོན་ལང་ཚོའི་མེ་ཏོག་ལ།། རེ་བའི་གསོན་ཤུགས་མེ་ལྟར་འབར་བ་བཤེས་གཉེན་མཆོག་གི་སྐུ་དྲིན་ཉིད།། མི་མངོན་དབྱིངས་ཀྱི་ཉི་ལྟར་མཚུངས་པའི་བསླུ་མེད་སྐྱབས་མགོན་རིན་པོ་ཆེའི།། ཕངས་མེད་སྦྱིན་པའི་འཇིགས་བྲལ་སྙིང་སྟོབས་ས་སྒང་རིལ་མོའ ི་སྒལ་གཞུང་ལ།། ལྷེམ་ལྷེམ་འཁྱིལ་ཞིང་ལྷབ་ལྷབ་གཡོ་བའི་མཚན་སྙན་གྲགས་པ་དཀར་པོ་ཡིས།། གནམ་སའི་ཁྱོན་ན་བཤེས་གཉེན་ཞེས་པའི་མཚན་བྱང་དམར་པོ་ཨེ་མ་བརྗིད།།

འཁོར་བའི་སྐྱོ་ཟློས། གཡང་ཕྱུག་འབུམ།

ལང་ཚོ་མེ་ཏོག་དཀར་བོའ ི་འདབ་བརྒྱ་དེ།། འོད་འཇམ་ཉི་འོད་གཉེན་གྱིས་རབ་བསྐྱངས་ཀྱང་།། མི་འདོད་འགོང་བོའ ི་དྲག་ཆར་ཐེབས་ཐེངས་ཀྱིས།། སྐྱོ་བ་ལྕི་མོའ ི་གདུང་དབྱངས་འགུག་པར་བྱེད།། རབ་མཛེས་ཟླ་བ་དཀར་བའི་རང་བཞིན་ལ།། མག་མོག་དྲི་མ་སྦྱར་བར་རི་བོང་ངན།། གཞལ་མེད་རབ་གསལ་མི་བློའ ི་མཁའ་དབྱིངས་ལ།། སྤྲིན་ནག་དལ་གྱིས་ལྡིང་བའི་འགོང་བོ་ངན།། མི་ཡི་ཚེ་འདི་མི་རྟག་སྒྱུ་མའི་གར་།། 4


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

མི་ཡི་འབྱོར་བ་མི་རྟག་རྫ་མགོའ ི་བ།། མི་ཡི་ལང་ཚོ་མི་རྟག་འཇིག་རྟེན་ལུགས།། མི་ཡི་ཅི་ཞིག་རྟག་སོང་ཨ་ཐང་ཆད།། འཇིག་རྟེན་བྱ་དངོས་ངོ་གཉིས་རལ་གྲིའི་སོ།། བྱ་བ་འགྲུབ་རྒྱུ་མེད་པ་འཁོར་བའི་དབང་།། ཅི་ལྟར་དྲན་པ་དེ་ལྟར་ལྡོག་འགྲོ་བས།། འཇིག་རྟེན་འཁོར་བའི་ཡུལ་འདི་སྐྱོ་བའི་གྲོང་།། མི་ཡི་ལུས་གཟུགས་མི་མཛེས་འདྲེ་ཡིན་ཟེར།། གོས་ནི་མཛེས་པར་བྱེད་པའི་ལྷ་ཡིན་གྲགས།། མི་ལ་འགྲོ་དྲུག་སྡེ་ཡི་མཐོ་རིམ་ཟེར།། གང་ལྟར་སྡུག་གྱོང་ཉོ་བའི་གཞི་མ་རེད།། སྤྱི་ཚོགས་ངོ་བོ་འགྱུར་ནས་མི་འདི་བསྒྱུར།། སྒེར་དོན་བསམ་པའི་གཡོ་སྒྱུ་ས་གཞིར་ཁེབས།། གང་ཡུལ་གནས་ན་རྙི་ཡི་དྲ་མང་བས།། དྲ་བར་མི་ལྷུང་ཟེར་བ་དཀའ་མོ་རེད།། འཁོར་བའི་མི་ཁ་དཀྲོལ་མཁས་རྒྱུད་མངས་གདངས།། འཁོར་བའི་མི་སེམས་གཡག་གི་རྩིད་པའི་མདངས།། འཁོར་བའི་འཇིག་རྟེན་བདུད་ཀྱིས་དབང་བྱས་པས།། འཁོར་བའི་ནང་ནས་རིང་པོར་འཁོར་རྐྱང་མིན།། ཡིད་ཆེས་ཆོག་པ་ཕ་མ་མིང་སྲིང་རེད།། ཡིད་ལ་འཛིན་རྒྱུ་ཁ་ཏ་སློབ་གསོ་རེད།། ཡིད་སེམས་འཕྲོག་མཁས་ཚན་རིག་སྨྱོ་རླབས་རེད།། ཡིད་ཐང་ཆད་བྱེད་སྤྱི་ཚོགས་ཁོག་ནག་རེད།།

5


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

གཟའ་ཉི་མ། གསེར་གཞུང་གཞོན་ནུ། (འབའ་རྫོང་།)

ཁ་སང་སྤེན་པའི་ཕྱི་དྲོའ ི་མཚམས་སྤྲིན་དང་འགྲོགས་ཏེ།། སང་ཉིན་ཅི་བྱེད་རྩེད་དགའི་འཁྲུལ་སྣང་ལ་བསམ་ནས།། དགོང་མོའ ི་གཏི་མུག་གཉིད་ཀྱིས་གཡབ་མོ་རང་བྱས་ཀྱང་།། མནོ་བསམ་རྒྱང་ལ་འཐེན་པས་ཡུད་ཙམ་ལ་མ་བྱོན།། ཐོ་རེངས་སྐར་ཆེན་ཁྲི་གདུགས་འཛུམ་གྲོལ་གྱིས་བསུ་དུས།། རང་ལུས་རྒྱན་དུ་གོས་ཆེན་སྣ་ཚོགས་ཀྱིས་གཡོགས་ནས།། ཕྱི་ཚུལ་ཡ་མ་ཟུང་གི་སྤྱོད་ཚུལ་དང་བརྗེས་ཏེ།། གོམ་ཁ་ལྡ་མ་ལྡེམ་ཀྱིན་རྒྱ་སྲང་ལ་ཆས་སོང་།། ཐོག་མར་བློ་རྩེ་མདའ་མོ་གཅིག་ཕྱོགས་སུ་གཏད་དེ།། ལྭ་བའི་ཁུག་མར་དངུལ་ལེན་བྱང་བུ་དེ་བཅུག་ནས།། འཁྲུལ་སྣང་སྟོང་གི་བསམ་བློའ ི་ངང་ཚུལ་དང་བཅས་ཏེ།། རྒྱལ་ཁབ་དངུལ་ཁང་ཕྱོགས་ལ་གོམ་ཁ་དེ་བསྒྱུར་སོང་།། ལ་ལའི་ལག་ཏུ་བརྒྱ་ཤོག་གཅིག་གཉིས་ཙམ་ཐོབ་བྱུང་།། ཉུང་ཤས་ལག་ཏུ་སུམ་ཅུ་དྲུག་ཅུ་ཡང་འབྱོར་དུས།། ཐ་མལ་རྒྱལ་བོ་འཁོར་བཅས་ཁྲོམ་གསེང་དུ་ཕེབས་འདྲ།། རྒྱག་གཏམ་སྨྱོ་གར་བཅས་ཏེ་རྒྱ་སྲང་ན་འཁོར་རོ།། ལ་ལའི་སྒོར་མོ་མ་ལོན་དངུལ་ཁང་གི་འགྲམ་ནས།། ཁ་པར་ལན་བརྒྱར་བཏངས་ཏེ་ཅུང་ཙམ་ལ་བསྒུག་ཀྱང་།། སྒོར་མོ་མྱུར་དུ་མ་འབྱོར་སྡིག་མོ་འགའ་བྱས་ནས།། ངུ་མ་འདར་གྱིས་ཁེར་རྐྱང་མལ་ཤག་ན་ཉལ་འདུག། སྒོར་མོ་ཡོད་ན་གྲོགས་པོ་བརྒྱ་ཚོགས་ཀྱང་འདུས་ཡོད།། རྒྱ་གྲོང་མི་བུ་སུ་ཡང་གྲོགས་པོ་རུ་གྱུར་ཡོད།། སྒོར་མོ་མེད་ན་རྒྱ་སྲང་སྤྲང་བོ་ཡང་མི་བཅར།། རང་ཉིད་གཅིག་པུའི་གནས་ནས་སྡོད་པ་རང་བཟང་ངོ་།།

6


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ཉམས་ཆུང་ངས་ཀྱང་རེ་བའི་ཉིན་མོ་ལ་སླེབས་ཀྱང་།། ཕྱི་རོལ་འཆམ་ནས་གྲོགས་དང་སློབ་གྲོགས་ཤིག་མ་རྙེད།། གཅིག་པུར་ཉུལ་ན་སྐད་གཉིས་ལོ་ཙཱ་ཡིས་མ་ལོང་།། ལྟོ་བ་འགྲངས་ནས་གཉིད་མ་སད་ཀྱི་ངང་བསྡད་ཡོད།། ཨེ་མ་བློ་ལྡན་དོན་གཉེར་ཤེས་འདོད་ཀྱི་བུ་ཆུང་།། དེ་རིང་ངལ་གསོའ ི་ཉིན་གྱི་སྣང་བ་ཞིག་མ་ཤར།། སྒོར་དང་རྩེད་དགའི་ཕྱོགས་ལ་འདོད་པ་རང་མ་མྱོས།། གཅིག་པུར་གྲུ་ཟུར་ཞིག་ན་བློ་སྦྱོང་ལ་འབད་འདུག། ང་རང་གཅིག་པུར་ཉལ་ནས་ཡུད་ཙམ་ལ་བསྡད་ཀྱང་།། བདེ་བའི་སྣང་བ་ཉིན་མོའ ི་ནམ་མཁའ་ཡི་སྐར་མ།། རྨི་ལམ་མ་ཡིན་དྲན་སྣང་སྐྱིད་པོ་ཡི་ཀློང་རེད།། ཆ་མེད་མ་ཡིན་ན་ནིང་ངལ་གསོ་ཡི་སྐབས་རེད།། རེས་གཟའ་ཉི་མའི་ཉི་མ་ནམ་མཁའ་ནས་ཤར་དུས།། བརྩེ་ལྡན་ནུ་བོ་ཁྲིད་དེ་ལམ་ཆེན་ཞིག་བརྒྱུད་ནས།། ཁྱིམ་གྱི་སྒོ་ཁར་འཛུལ་ནས་ནང་མི་དང་མཇལ་བྱུང་།། རོ་མཆོག་ཟས་དང་ཁྱིམ་གྱི་བྱམས་བརྩེ་དེ་དྲན་བྱུང་།། ལ་ལ་ཡུལ་མིར་འཕྲད་པས་དགའ་བ་ཡིས་འཕེལ་ཡོད།། ལ་ལ་སྒོར་མོ་མང་བས་ཅི་ཞིག་རང་སྤྱད་ཡོད།། ལ་ལ་སྒོར་མོ་མེད་པས་ལྟོ་བ་ཡང་བཀྲེས་ཡོད།། རེས་གཟའ་ཉི་མ་ངོ་མ་འདྲ་མཉམ་ཞིག་མི་འདུག།

7


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ད་ལོ། དབྱར་ཟླ་གསར་བ་འཛུམ་གྱིས་བསུ། ལུང་སྨྱུག་སྨྱོན། (འབའ་རྫོང་།)

གོ་ལར་ཆག་གྲུམ་ཤོར་བའི་ཆག་འཇིག་གི་འཇིགས་པ་མི་བསུ།། སྒལ་གཞུང་ཁྲག་གིས་བརླན་པའི་ས་གཞི་ཡི་ཉེས་པ་མི་གླེང་།། འཚེ་བའི་གྲོང་ཚོ་ཟགས་པའི་རྐུན་འཕྲོག་གི་འདས་དོན་བསྐྱུར་ནས།། གནས་ལུགས་སྟོང་གིས་ཕྱུག་པའི་འུ་ཚང་གི་ལོ་རྒྱུས་འཚོལ་ཡ།། མེད་པ་ཡོད་པར་སེམས་པའི་རྙིང་ཞེན་གྱི་བསམ་བློར་མི་དད།། ཚན་རིག་དགྲ་རུ་འཛིན་པའི་རྨོངས་དད་ཀྱི་གནས་ལུགས་མི་མཁོ།། བདེན་ལུགས་གླུ་རུ་ལེན་པའི་པིར་སྨྱུག་གི་རྩེད་འཇོའ ི་ཁྲོད་ནས།། གང་བྱུང་དུས་རབས་གསར་བའི་ཚན་རིག་གི་ལྟ་བ་བསུ་ཡ།། ནོར་ལུག་རྨུག་རྗེས་འབྲངས་པའི་རྗེས་ལུས་ཀྱི་རྣམ་པ་དོར་ནས།། ནམ་ཡང་བག་མེད་གཡེང་བའི་རྩེད་འཇོ་ཡི་གཤིས་ངན་བསྒྱུར་ནས།། ད་ལོ་དབྱར་ཟླ་གསར་བའི་མཛེས་སྡུག་གི་འཛུམ་བག་ཀློང་ནས།། མ་འོངས་གངས་ལྗོངས་གསར་བ་འཛུགས་སྐྲུན་གྱི་ལས་སུ་ཞུགས་ཡ།།

འབའ་ཡུལ་གྱི་འཆམ་མཐུན་སྤྲོ་དབྱངས། མྱི་རྐྱང་ལྡོམ་པོ། (མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་།)

མཚོ་ཆེན་ཁྲི་ཤོར་རྒྱལ་མོའ ི་ལྷོ་ཕྱོགས་ན།། བསྟོད་ཆེན་མཐོན་པོ་བཅུ་གསུམ་རབ་བརྒྱན་པའི།། ལོངས་སྤྱོད་རྣམ་སྲས་མཛོད་ལ་འགྲན་ནུས་པའི།། ཕ་ཡུལ་འབའ་རྫོང་གཡང་གི་ར་བ་སྐྱིད།། སྟོད་ན་མཛོ་མོ་ནུ་རྩེའི་བང་རིམ་མཐོ།། དམངས་སེམས་བརྩེ་བ་རབ་དཀར་འོ་མ་བཞིན།། བར་ན་ཨ་མ་ལྷ་ལྕམ་མདངས་ཀྱིས་མཛེས།། ཟས་གོས་རང་འགྲུབ་འབའ་ཡུལ་མང་ཚོགས་སྐྱིད།། སྨད་ན་བཙན་སྐྱེས་དགྲ་འདུལ་ཟིལ་གྱིས་འགྱིང་།། 8


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

དུས་བདེ་ཞི་འཇགས་འཚོ་བ་ཞོ་བཞིན་ཆགས།། དབུལ་སེལ་ཕྱུག་འགྱུར་གོམས་སྟབས་སྔར་ལས་ཡངས།། འཆམ་མཐུན་སྤྱི་ཚོགས་གསར་བའི་དགེ་མཚན་སྟོན།། ཕྱོགས་བཞིའི་མགྲོན་པོ་མ་བསྡུས་ངང་གིས་འདུ།། སྣ་ཚོགས་རྩེ་མོའ ི་ཡོ་ལང་སྤྲིན་བཞིན་འཕྱོ།། འདོ་རིག་རྟ་ཕོའ ི་འཚེར་སྐད་ལྷང་ལྷང་སྒྲོག ། རིགས་དྲུག་འགྲོ་བའི་རླུང་རྟ་མཁའ་ལ་འཕུར།།

ཚེ་སྲོག་ཁེར་རྒྱུ་ཞིག་གི་སྨྲེ་ངག མཁན་པོ་རྒྱལ།

གྲགས་འགུལ་དབེན་པའི་རི་ཐང་སྐྱ་བོ་ན།། རྫི་བོ་མེད་པའི་ལུག་ཁྱུ་རི་ལྡོམ་ཞིག། རི་སྤྱང་མཆེ་བ་དུག་གི་མདུང་རྩེ་ན།། ཉམ་ཆུང་ཚེ་སྲོག་ཅིག་གིས་འོ་དོད་འབྱིན།། ཁ་ཁུ་སིམ་པོའ ི་དབེན་འགོལ་སྐྱ་ལུང་ན།། མ་མེད་དྭ་ཕྲུག་ཡུ་མོ་ཁེར་འཁྱམ་ཞིག། ཁྲམ་ཅན་རྔོན་པའི་དཀྲུམ་མདའི་དུག་ཁ་ཅན།། ཚེ་སྲོག་ཁེར་རྒྱུ་ཞིག་གིས་སྨྲེ་ངག་འདོན།། རང་བྱུང་འཁྲི་ཤིང་འཁྲིགས་པའི་ནགས་ཚལ་ན།། ཡང་རྩལ་གཤོག་ཤུགས་གཉོམ་པའི་བྱིའུ་ཆུང་ཞིག། སྡུག་ཆེན་ཁྲ་མོའ ི་སྡེར་གྲིའི་སོ་ཁ་ན།། སྐྱབས་མེད་ཚེ་སྲོག་སྤུ་ཉག་ཁེར་རྒྱུ་ཞིག། འཇིག་རྟེན་དཀར་ནག་རྩོད་པའི་གཡུལ་ལུང་ན།། ཡང་དག་གནས་ལུགས་འཛིན་པའི་དཔའ་བོ་ཞིག། བླུན་པོ་ཉེས་ཁ་འཁྲུག་པའི་ཟོར་ཁ་ན།། ཁེར་ཚུགས་སྡུག་བསྔལ་མྱོང་བའི་བདེན་ལུགས་ཤིག།

9


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ཧམ་པས་རང་ཤ་ཟ་བའི་འཇིག་རྟེན་ན།། རྒྱུ་མེད་རྒྱབ་སྟོང་རིག་པའི་སྐྱེ་བོ་ཞིག། རྒྱུ་ནོར་རྒྱབ་རི་བརྟན་པའི་ཁྲི་འགབ་ན།། རྒྱུ་འབྲས་རྒྱ་ཤིང་ཕྲ་མོ་ལམ་མེད་མ།། རང་རེའི་སེར་སྐྱ་ཕོ་མོའ ི་མདུན་སྐྱོད་ཁྲོད།། སྔོན་ཐོན་རེ་བཞག་འཛིན་པའི་རིགས་བུ་ཞིག། ཕྲག་དོག་མེ་ལྕེ་དམར་པོའ ི་མེ་འཇིག་ཁྲོད།། ཁེར་རྐྱང་ངག་ན་རེ་ཆད་ཨུ་ཤུ་ཞིག།

སྙིང་སྡུག་མ། བསོད་ནམས་དབང་ཕྱུག

སྙིང་སྡུག་གཡང་འཚོ་སྒྲོལ་མའི་འཛུམ་ཞལ་ལ་ཆགས་ཏེ།། དམར་ཆུང་སེམས་པ་ཕྲ་མོ་རྒྱང་རིང་ལ་འཁྲེང་ཡོད།། བུ་ངའི་ལས་དབང་ལ་ཁའི་དར་ལྕོག་བཞིན་ཟད་ཀྱང་།། རེ་སྒུག་མིག་ཆུའི་ཀློང་ནས་སྙན་ངག་རེ་འབྲི་སྲིད།། འོད་སྟོང་རི་ལ་ནུབ་པའི་སྐྱོ་གདུང་གི་ངོགས་སུ།། མལ་ཁང་དྲོན་མོ་ཞིག་གི་ལྷིང་འཇགས་ལ་རོལ་ནས།། སེམས་འགྱུ་རོལ་མོའ ི་དབྱངས་རྟ་ཁྱོད་ཕྱོགས་ལ་སྤུར་དུས།། དྲན་གདུང་སྙིང་གི་རྨ་ཁ་ཨ་རག་གིས་གསོས་ཡོད།། སྙིང་སྡུག་གཡང་མཚོ་སྒྲོལ་མ་སྐར་ཚོགས་ཀྱི་དབུས་ན།། ཞལ་རས་དུང་ཟླ་དཀར་པོ་མཚན་མོ་ཡི་རྒྱན་རེད།། སྙིང་སྡུག་ཁོ་མོའ ི་གཟུགས་བཟང་ཡིད་འོང་གི་ལང་ཚོ།། ཆུ་སྐྱེས་མེ་ཏོག་ཇི་བཞིན་ལྷུག་པོ་རུ་བཞད་འདུག། རྒྱང་བསྐྱོད་རྐང་ལམ་ཕྲ་མོའ ི་སྐྱོ་ངལ་ལ་གཞིགས་ནས།། འབྲོང་གཡག་དར་མའི་སྙིང་རྩར་ཁོག་འདར་ཞིག་བསླངས་ཡོད།།

10


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

དྲན་གདུང་སེམས་ཀྱི་སྒྲ་དབྱངས། ཆོས་དབྱིངས་རྒྱལ།

གསེར་མདོག་རྟ་བདུན་དབང་བོ་ཤར་རི་ནས་འཛུམ་དུས།། མཚོ་སྐྱེས་པདྨོས་དེ་ལ་བསུ་བ་རང་བྱེད་པ།། སྐྱིད་ཀྱི་གྱི་ལིང་བཅིབས་ཏེ་ཁྱེད་རང་དང་འཕྲད་དུས།། མཛེས་པའི་ཐོར་ཅོག་བྱས་ནས་ཟུར་མིག་གིས་བསུས་བྱུང་།། ང་རྒྱལ་དབུ་འཕང་མཐོ་བའི་ཀེ་ལ་ཤ་མཐོང་ཚེ།། ཁྱེད་རང་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག། ལ་རྒྱའི་མཚོ་མོས་ཕྱུག་པའི་སྦྲ་ནག་ལ་བལྟས་ཚེ།། དགའ་བ་སྟོང་གིས་ཕྱུག་པའི་ཁྱེད་འཛུམ་དེ་དྲན་བྱུང་།། ངས་ནི་ཉིན་མཚན་ཀུན་ཏུ་འཕྲིན་པ་དག་བཀླག་ཚེ།། ཁྱེད་ཀྱིས་བཅངས་པའི་བརྩེ་དུང་དྲོན་མོ་དེ་དྲན་བྱུང་།། རང་ཡུལ་ཁ་ཁ་ཡིན་རུང་སེམས་པ་ནི་གཅིག་རེད།། དྲན་གདུང་མིག་ཆུ་འདོན་སའི་ལུང་བ་ནི་གཅིག་རེད།།

ཡིད་རེ་སྐྱོ། གནམ་མཚོ་སྐྱིད།

ལྷད་མེད་རྣམ་དག་བྱིས་པའི་དུས་སུ།། སྒོ་ཕྱུགས་སྐྱོང་བའི་ལས་ལ་བྲེལ་ཏེ།། དབྱངས་གསལ་འབྲི་ཀློག་སྐལ་བ་མ་བྱུང་།། བོད་རིགས་བུ་མོ་ཡིད་རེ་སྐྱོ་ཨང་།། ཕ་མ་ཉེ་དུའི་བཙན་དབང་བར་ནས།། རང་གི་ཚོར་ལྡན་ལུས་སྲོག་རིན་ཆེན།། གཞན་ཞིག་བཀོལ་བའི་རྒྱུ་ལ་བརྗེ་བས།། རང་དབང་གཞན་གྱིས་འཕྲོག་པ་ཡིད་སྐྱོ།། སྨྱུག་དྲུག་ལང་ཚོ་ལྷས་ནས་ཟད་ཏེ།། 11


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

སྡུག་གི་འཁུར་བོ་སྙིང་ལ་བཅངས་ནས།། འཛད་མཐའ་མེད་པའི་ཁྱིམ་ལས་ཙག་ཙིག། ཁྲོད་ནས་རང་སེམས་གསོ་བ་ཡིད་སྐྱོ།། དུས་རབས་ཛ་དྲག་འཕོ་འགྱུར་བར་ནས།། ཤེས་རིག་བདུད་རྩིའི་དྭངས་མ་མ་ཚོར།། མི་ཚེ་བཞུད་ལམ་རིང་མོའ ི་ཁྲོད་དུ།། དྲན་མེད་འཚོ་བ་ཡིད་རེ་སྐྱོ་ཨང་།།

ཐོལ་བྱུང་སྙན་ཚིག་ཁག་གསུམ། ཀུན་བཟང་རྒྱལ་མཚན།

༡ ངོ་མཚར། སྲོལ་རྒྱུན་ཡིན་པ་གང་ཡིན་མ་ཤེས་མོད།། ཚིལ་དྲེགས་སྣུམ་གྱི་དྲི་མས་སྦགས་ཡོད་རུང་།། བསོད་ནམས་རྒྱུ་རུ་བཤད་པའི་ངོ་མཚར་གཏམ།། བསམ་ཞིང་བསམ་ན་ཧ་ཅང་ངོ་མཚར་ཆེ།། ༢ མཛེས་སྡུག ཕྱི་ཡི་བ་ཚྭའི་དྲི་བྲལ་ཀུན་སྤྱོད་དང་།། ནང་གི་རྣམ་པར་དག་པའི་ཀུན་སློང་བཅས།། ཕྱི་ནང་དྲི་མེད་དྭངས་ཤིང་གཙང་བ་ཡིས།། མཛེས་སྡུག་ཅེས་པའི་ཐ་སྙད་ཧ་ཅང་འགབ།། ༣ རྨི་ལམ། ས་ཡི་གོ་ལ་རིལ་མོའ ི་སྒལ་གཞུང་ནས།། ང་རང་འགྱེལ་ཡང་མྱོང་ལ་ལངས་ཡང་མྱོང་།། སྐྱོ་སྡུག་ཁྲི་མ་འབུམ་གྱི་འཇིག་རྟེན་འདི།། གློག་གི་གར་དང་མཚན་མོའ ི་རྨི་ལམ་ཉིད།།

12


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

བོད་འདི་ངོ་མ་ཕྲག་དོག་ཆེ། དཔལ་ལེགས་རྡོ་རྗེ།

གང་ཞིག་སྐྱོན་ཆེན་ལྡན་དང་སྐྱོན་མེད་མི་དག་ལྷན་ཏུ་གནས་པའི་དུས།། བདག་ནི་དེ་ལ་དགྲ་དང་གཉེན་གྱི་འདུ་ཤེས་ཅི་ཡང་མི་འཛིན་པར།། ང་བཟང་ཁྱོད་ངན་སྤངས་ཏེ་ཚངས་པའི་ཐིག་གིས་གཏམ་ཞིག་སྨྲ་བ་ལ།། མ་ལྕོག་འཁྲུལ་བ་ཅི་ཐོན་གཟུ་བོའ ི་ཐུགས་ཀྱི་བཟོད་པ་བདག་གིས་བཞེས།། ང་ཚོ་བོད་པའི་ནང་དུ་མཁས་པ་ཡོད་དེ་མེད་པ་མ་ཡིན་ཞིང་། རང་གི་ཚ་བོ་ཡིན་ཡང་མཁས་པའི་ཞལ་ལྕེ་གཅོད་ལ་ཧུར་ཐག་བྱེད།། བློ་རྩེ་འདི་ལ་ཕྱོགས་པའི་ཚིག་རྩོམ་གཞོན་ནུ་འགའ་ཡང་ཆེར་བྲིན་པ།། འདི་དག་བསམ་ཞིང་བསམ་ན་བོད་པས་ད་དུང་ཕྲག་དོག་གཙུག་ཏུ་བཀུར།། ང་ཚོའི་སྤྱི་ཚོགས་ཁྲོད་དུ་བློ་ལྡན་ཡོད་དེ་མེད་པ་ག་ལ་ཡིན།། རང་གི་སློབ་བུ་ཡིན་ཡང་པགས་འཚོང་ཟེར་བའི་ཉེས་མིང་ནན་གྱིས་བསྐུར།། སྐྱོན་རྟོག་འབའ་ཞིག་ཤར་བའི་མྱི་ཁ་ངན་པ་དང་ལེན་བྱེད་པར་ལྟོས།། འདི་དག་ཉན་ཞིང་གསན་ན་བོད་པའི་ཁ་ནས་ཕྲག་དོག་ཚེར་མ་སྐྱེས།། ང་ཚོའི་ཡུལ་གྲུ་འདི་ལ་ཆོས་པ་ཡོད་དེ་ཡོད་པ་མངོན་སུམ་རེད།། རྙིང་བའི་གྲོགས་པོ་ཡིན་ཡང་སྲུང་མ་བཙོག་རབས་ལབ་སྟེ་ཞབས་ནས་འདྲུད།། རི་བོང་ཅལ་འདྲོགས་ལྟར་དུ་ཀླད་མེད་མང་བོ་རྗེས་ལ་རྒྱུག་པའི་ཚུལ།། དེ་དག་རིག་ཅིང་མཐོང་ན་བོད་པ་ཕྲག་དོག་འདམ་ལ་ཐེར་ཞིང་ཟུག། ང་ཚོའི་གྲོང་ཚོ་འདི་ན་ཁེ་བ་ཡོད་དེ་ད་དུང་མང་མང་འདུག། རང་གི་བུ་སྤུན་གྱིས་ཀྱང་ཚོང་བ་རྐུན་མ་ཡིན་རབས་བཤད་པ་སྐྱོ།། བདེན་རྫུན་རྣམ་དབྱེ་དཀྲུགས་པའི་འགོང་འདྲེ་འཕོང་འདྲེ་གྱོད་ཀྱི་གཞི་མ་སྟེ།། འདི་དག་གླེང་ཞིང་ལབ་ན་བོད་པ་ཕྲག་དོག་དུག་ཆུས་བཟི་ཡི་བཀུམས།། ང་ཚོའི་ལུང་བ་འདི་ན་ནུས་ལྡན་ཡོད་དེ་ཡོད་པ་ཁ་ཤས་ནི།། ཐ་ན་གླུ་བ་ཚོས་ཀྱང་གཞན་གྱི་ཉུལ་ཞིབ་པ་ཞེས་ཉེས་འདོགས་བྱེད།། རྣམ་རྟོག་འདྲེ་རྒུ་འཛུལ་བའི་སེམས་པ་ཡག་ཏུ་བརྩི་བ་ཤིན་ཏུ་མང་།། དེ་དག་བསམ་ཞིང་བསམ་ན་གཞིགས་ན་བོད་པའི་ཕྲག་དོག་རིན་ཐང་གཞལ་ནས་གདའ།།

13


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ཕྲག་དོག་ཚིག་གི་རང་གནོད་མཚོན་ཆ་རང་རིགས་སྐྱེ་བོ་མཆོག་ལ་འདེབས།། བོད་པའི་སྐྱེ་བོ་བོད་པ་རང་གིས་ཞབས་ནས་ཐ་གུས་མར་ལ་འདྲུད།། དེ་ལྟར་བཤད་ཅིང་འདི་ལྟར་གླེང་ཡང་ཁ་ཁོག་ཁ་ཁ་སོ་སོ་ངང་།། ཡིན་ལ་མིན་མདོག་མིན་ལ་ཡིན་འདོག་བོད་པ་རང་གི་མཛད་སྤྱོད་ཡིན།། གང་ལྟར་མཁས་ཆེན་དམ་པ་ནས་བཟུང་མ་མཐའ་རྫོང་གི་དཔོན་པོ་དང་།། བར་གྱི་རང་གི་དགེ་སྤུན་དང་བཅས་ཕྲག་དོག་སྤང་བའི་དམ་ཚིག་ཅིག། རིགས་མཐུན་བོད་པ་ཡིན་ཡིན་ཚང་གི་བསྲུང་བྱར་བརྩིས་ན་ང་ཚོ་ཡང་།། གོང་འཕེལ་གེགས་ཀྱི་ཕ་བོང་ཞིག་ལ་བསྐོར་ནས་སོང་བ་མིན་ནམ་ཅི།།

ཁྱོད་རང་དྲན་ཚུལ། ཆོས་སྒྲོན་མཚོ།

བརྩེ་བའི་འཛུམ་ཆུང་ནང་ན།། ཁྱོད་ལ་དུང་བའི་འདང་ཡོད།། སྒེག་པའི་ཟུར་མིག་ཁྲོད་ནས།། ཁྱོད་ཀྱིས་དྲན་ཤིང་བཞག་སོང་།། སྙན་མོ་འགྱུར་ཁུགས་ཁྲོད་ནས།། ཁྱོད་ལ་སྙིང་གཏམ་བསྐུར་ཡོད།། སེམས་པ་དམར་པོའ ི་ངོས་ལ།། བརྗེད་མེད་དྲན་ཤིང་བཞག་ཡོད།། ཡར་འགྲོ་རླུང་གི་ལྡང་ཕྱོགས།། མར་འགྲོ་ཆུ་བོའ ི་བཞུར་སྟངས།། རེ་སྒུག་རི་ལུང་ཁྲོད་ནས།། དྲན་པའི་ལོ་ཟླ་ཤོར་སོང་།། ཕར་འགྲོ་ཚོང་བས་མ་མཐོང་།། ཚུར་འོང་མགྲོན་པོས་མ་ཤེས།། འཕྲིན་དང་ཁ་པར་ཁྲོད་ནས།། དྲན་པའི་སྙིང་གཏམ་གླེང་ཡོད།།

14


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

དྲན་སྐུལ། སྲས།

སྤྲིན་པ་ཆལྷོ་རུ་བཞུད་དུས་ཁྱོད་རང་དྲན།། ཁྲུང་ཁྲུང་དཀར་མོར་སེམས་ཀྱི་སྐད་ཆ་བསྐུར།། དཔྱིད་རླུང་འགྲམ་ནས་བརྒྱུད་དུས་ཁྱོད་རང་དྲན།། གྱེས་བྲལ་མིག་ཆུ་སེམས་པའི་ངོས་ལ་བབས།། སྤང་ལ་མེ་ཏོག་བཞད་དུས་ཁྱོད་རང་དྲན།། ལག་གི་པུ་ཝང་སྐྱོ་བའི་དབྱངས་ལ་གྱེར།། སྡོང་ལོ་དལ་གྱིས་འབབ་དུས་ཁྱོད་རང་དྲན།། སྡུག་གི་གོམ་ཁ་ཕྱི་རོལ་ཡུལ་ལ་བཞག། ཁ་བ་ལྷབ་ལྷབ་འབབ་དུས་ཁྱོད་རང་དྲན།། དྲན་པའི་ན་ཟུག་རྣོན་པོ་བྲང་ཁར་བསླན།། ཉི་ཟླའི་འོད་མདངས་གསལ་དུས་ཁྱོད་རང་དྲན།། ལོ་དང་ཟླ་བའི་གོམ་ཁ་མཛུབ་མོས་རྩིས།། ལ་ཁའི་དར་ལྕོག་སྒང་ནས་རྒྱང་བལྟ་བྱས།། ཁྱོད་རང་མ་མཐོང་སྐྱོ་བ་རླུང་ལ་བསྐུར།། ཁ་པར་ཨང་གྲངས་མཛུབ་མོས་དལ་གྱིས་མནན།། ཨ་ལན་སྐད་ཆ་བརྡ་རྟགས་བཙན་པོས་བཅད།། ང་དང་ཁྱོད་ཀྱི་ལས་སྐལ་དམར་བོ་འདི།། མི་འདོད་བཙན་གྱིས་བཞག་པའི་མིག་ཆུ་རེད།། (མུ་འགོད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་གཉིས་ཀྱི་དུང་བརྗོད་སྙན་ངག)

15


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

བརྩེ་དུང་གི་འབོད་པ་དམར་རྗེན་མ། བཞག་སྲས། (གསེར་རྟ།)

ཐད་ཀར་བོས་ན་སེར་སྣ་འཆོར་སའི་ང་ཡི་སྙིང་གི་གཅེས་ལོ་སྟེ།། ཚེ་སྲོག་ཅིག་གི་རིན་དུ་བྲིན་པའི་ཞེ་མཐུན་མཚོ་ཡི་མིང་ཅན་ཝེ།། ཁྱོད་ཀྱི་ཡ་ཆུང་སེམས་ཀྱི་ཕུགས་སུ་ང་ལ་དུང་ཞེན་དམར་བོ་ཞིག། ང་ཡི་སྙིང་ཆུང་གུར་ཁྱིམ་འོག་ན་ཁྱོད་ལ་འཁྲེན་པའི་ཨ་ལོང་ཞིག། སུ་ཡིས་མ་བཟོས་ངང་གིས་འགྲིགས་འདི་ཀུན་ཀྱིས་བཤད་ན་སྔོན་ལས་ཟེར།། རེ་བ་གསོན་པོ་ཁྲག་དང་སྡེབས་ནས་མགོ་རྟིང་སྔུན་རྒྱབ་ཡོངས་ན་ཡོད།། དུང་བ་དམར་བོ་ཤ་དང་འདྲེས་ནས་ལུས་ཀྱི་ལྷུ་དྲུག་ཀུན་ན་ཡོད།། ང་ཉིད་གསོན་པའི་སྲོག་རྩ་ཕྱེད་ཀ་ཁྱོད་ཀྱི་སེམས་དང་ལག་ན་ཡོད།། ང་ཉིད་ལངས་པའི་རྐང་གཡས་སྐྱོར་ཡ་ཁྱོད་ཀྱི་སྙིང་དང་མིག་ན་ཡོད།། མདོར་ན་ང་ཡི་གྲུབ་ཆ་ཁྱོད་ཡིན་ང་ཡི་སྙིང་གི་ཡིད་འོང་མ།། འཁྱག་རླུང་གྲང་མོ་གདོང་ལ་རེག་དུས་ང་ཡི་ཡོལ་བ་ཁྱོད་ལུས་ཡིན།། ཚ་དུག་རླངས་པ་ལུས་ནས་འཕྱུར་དུས་ཁྱོད་ཀྱི་རླུང་གཡབ་ང་ཉིད་ཡིན།། རྐང་སྣེ་ཐོག་ཚེ་སེམས་ཀྱི་རེ་བ་ཁྱོད་ཀྱིས་ང་ལ་གཏོད་ཡོང་དགོས།། ལག་མགོ་རློན་ཚེ་སྙིང་གི་ཁེན་ས་ང་ཡིས་ཁྱོད་ལ་བཤད་ཡོང་ཤག། འཇིག་རྟེན་གོ་ལའི་གྲུ་ཟུར་ཞིག་ནས་འུ་གཉིས་འབྲེལ་ལུགས་ལྟོས་གྲུབ་ཡིན།། དགའ་བའི་རླབས་ཕྲེང་དགུང་ལ་འཕྱུར་ཉིན་ང་ཡི་དགོད་སྒྲ་ཁྱོད་ཀྱིས་བྱོས།། ཞེན་པའི་གཡུ་ཕྲེང་མགུལ་ལ་སྒྲོན་དུས་ཁྱོད་ཀྱི་འཛུམ་ཀོང་ང་ཡིས་སྟོན།། དཀའ་སྡུག་འགག་འཕྲང་ཐོད་པས་རེག་ཚེ་འུ་གཉིས་དཔུང་བ་གཅིག་ལ་བསྟིམས།། སྐྱོ་སྣང་སུན་པ་སེམས་ལ་ལྷུང་སྐབས་འུ་གཉིས་བཀར་མེད་གཅིག་ཏུ་སྒྲིལ།། མི་ཚེ་བརྒྱུད་ལམ་རིང་མོའ ི་ཁྲོད་དུ་འུ་གཉིས་དབྱེར་མེད་རོ་གཅིག་ཡིན།། ཞིམ་ཟས་སྣུམ་པོ་སྡེར་ལ་སྒྲུག་དུས་ང་ཡི་ལྕེ་ལེབ་ཁྱོད་ལ་རྐྱོང་།། རེག་བཟང་གོས་བཟང་རྒྱབ་ལ་འགེབ་ཉིན་ཁྱོད་ཀྱི་ལུས་ཤེས་ང་ཡིས་འཛིན།། གོམ་གསུམ་གོམ་པ་མདུན་ལ་སྤོ་དུས་ང་ཉིད་ཁྱོད་ལ་ཁྱོད་ཉིད་ང་།། བརྩེ་བའི་གོར་ཐུག་མཁའ་ལ་རྒྱས་ནས་སྙིང་གཟུགས་རི་མོ་གཅིག་ཏུ་འདྲེས།། དུང་བའི་ཞེན་ཤ་ཁོག་ལ་ལྡང་ནས་མཆི་མའི་མེ་ཏོག་དབྱིངས་ནས་འབྲི།། མེ་ཏོག་དམར་བོ་ཁྱོད་ཀྱི་ཡིན་ན་དྲི་ཞིམ་བྲོ་བ་ང་ཡི་ཡིན།། ཟེའུ་འབྲུ་ཟེགས་མ་ང་ཡི་ཡིན་ན་འདབ་མ་ཡངས་པོ་ཁྱོད་ཀྱི་ཡིན།། ཉི་ཟླའི་རྣ་ཆ་དགུང་ལ་དཔྱང་དུས་ཁེར་ཚུགས་ཐུབ་པ་འུ་གཉིས་ཡིན།། ཁེར་རྐྱང་རི་མོ་སོར་གྱིས་འབྲི་ཉིན་དབུགས་རླངས་གསོན་པོ་འུ་གཉིས་ཡིན།། བར་སྣང་སྐམ་པོ་མལ་དུ་འདིང་དུས་འུ་གཉིས་འགྲོ་བ་ཆིག་རྐྱང་ཡིན།། 16


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

བརྩེ་བའི་དམ་བཅའ་རྡོ་ལ་བརྐོས་ཤིང་འགྱུར་མེད་རྟགས་ཐམ་རྒྱག་ཉིན་ཏེ།། དགའ་བའི་སེམས་གཏམ་རླུང་གིས་སྤུར་ཞིང་ཞེན་པའི་ཟ་འཕྲུག་སློང་ཉིན་ནས།། ཁྱོད་ཀྱིས་སྐྲ་ནས་རྐང་སེན་བར་ལ་ང་ཡི་ཚོར་བས་ཟིན་ཏེ་ཡོད།། ང་ཡི་སྔུན་ནས་རྒྱབ་པགས་པར་ལ་ཁྱོད་ཀྱི་བྲོ་བ་འཐུལ་ཏེ་འདུག། བར་སྣང་སྐར་མའི་སྐེ་རྒྱན་འདོག་ཉིན་ཁྱོད་ནི་ང་ཡི་ཡོད་ཚད་ཡིན།། རིང་ཐུང་སྦོམ་ཕྲ་གཅིག་ལ་རྟེན་པས་འུ་གཉིས་སོ་སོར་བཀར་ཚུལ་མེད།། གྲིབ་གཟུགས་སྒང་ལེབ་གཅིག་ལ་འདྲེས་པས་འུ་གཉིས་ཁ་ཁར་གཏོང་ལུགས་མེད།། རྣམ་ཤེས་སྒྲེན་པོ་ལྷང་ལ་འབུད་དུས་ཐུག་ལེ་གཅིག་ཏུ་འགྱུར་བར་སྨོན།། སྲིད་པའི་སྣང་བ་གཞན་དུ་བརྗེ་དུས་འཇའ་གཟུགས་གཅིག་ཏུ་འཐིམ་པར་སྨོན།། ཡུན་གྱི་ཐ་མ་མཐའ་མའི་བར་དུ་འུ་གཉིས་འགྱུར་བ་མེད་པར་སྨོན།།

འཁྲབ་ཚན་ཞིག བྲག་དམར་བ • གཅོད་པ།

སྟོད་ཕྱོགས་གངས་རིའི་མུ་ཁྱུད་གླིང་བཞི་རུ་བསྐོར་བའི།། མདོ་དབུས་མཐོ་སྒང་སྨོན་པའི་སྡང་མིག་གི་གཞིར་གྱུར།། མཛེས་སྡུག་དཔལ་ལྡན་མཛོད་དགེ་གནས་གྲོང་གི་བུ་མོར།། ས་མཐའ་རྒྱུས་མེད་ཕྱོགས་ནས་ཚིག་གསུམ་ནི་སྤྲིངས་དོན།། དོ་ནུབ་སྨག་རིམ་ཁྲོད་ནས་བསིལ་ལྡན་ལ་རེ་ནས།། སྙིང་གཏམ་རུམ་ནས་སྟོང་བསམ་རྒྱུ་འཁོར་གྱི་རུས་མོས།། ཁྱོད་ནི་གཟིགས་ཅན་ལྟ་བྱེད་སེམས་ཁོངས་ཀྱི་མེ་ལོང་།། ཡང་ཡང་འཆར་བའི་སྐྱེ་གཟུགས་དྲན་རྟེན་གྱི་ཤིང་ཡིན།། གཙང་བོ་མིག་ཆུ་ཡིན་ན་རྨ་ཆུ་རུ་འདྲེས་ཡོད།། ལྷུན་པོ་དུང་བ་ཡིན་ན་གནས་ཡུལ་ནི་སྤོས་ཡོད།། དབྱར་སྒྲ་སྨྲེང་བ་ཡིན་ན་སྲིད་གསུམ་ནི་དཀྲོགས་སོང་།། དགའ་སྐྱོ་འདྲེས་མའི་མིག་ཆུ་སྐྱེམས་ཆང་གི་ཚབ་བྱེད། ། དྲན་པའི་ལོ་ཟླ་བརྩེགས་པའི་ངལ་དུབ་ཀྱི་ལོ་དེར། ། སྐྱོ་བའི་མཆི་མ་འདོན་པའི་དཀའ་སྡུག་གི་ལོ་དེར། ། རེ་བའི་མིག་ཟུང་ཞར་བའི་མུན་ནག་གི་ལོ་དེར། ། 17


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ལོ་དེར་ང་བརྒྱད་གཉིས་པ་ངའི་སྟེང་ལ་བབས་བྱུང་། ། ཡུལ་གྱིས་བསྐལ་བའི་རི་ཆུས་བགྲོད་ལམ་ནི་བཀག་ཅིང་། ། སེམས་དང་བསམ་པའི་ལྕགས་ཐག་འཐེན་པ་ནི་སྲིད་མེད། ། སྙིང་མཐུན་སྙིང་གི་མཛའ་མོའ ི་སྤྱན་དྲུང་དུ་འབུལ་བ། ། དགའ་དུང་བྲིས་པ་དམར་པོའ ི་དྲན་རྟེན་ལས་མི་འདུག ། ཁ་སང་བྲིས་པའི་འདྲ་པར་གྱང་ངོས་ལ་སྦྱར་ཏེ། ། ཡོད་ཡོད་འདྲ་བའི་སྟོང་བསམ་ཡང་ཡང་དུ་འཁོར་བས། ། རེ་ཞིག་གསལ་ལ་བལྟ་བའི་ཚོར་བྱུང་གིས་མནར་བས། ། ཁུ་ཚུར་བྲང་ལ་གཞུས་པའི་ལེ་བདའ་ནི་གྲངས་མེད། ། སྙིང་མཐུན་སྙིང་གི་མེ་ཏོག་ཡིད་འཕྲོག་གི་ལྷ་མོ། ། དགའ་དུང་སེམས་ཀྱི་ཅོང་བརྡ་གནའ་གྲོང་གི་གཡེར་བ། ། ཐོས་བ་མཉམ་འཛོམ་བསྐལ་བ་སྲིད་པ་ནི་དབེན་པས། ། སྙན་ངག་གྲོགས་སུ་གྱུར་བའི་མི་ལོ་འདི་གཟད་སོང་། ། སྙིང་གཏམ་སྙིང་ལ་ཉར་ནས་ལོ་ཟླ་ནི་བརྩེགས་པས། ། ཁ་བ་བུ་ཡུག་མཆེ་གཙིགས་འཇིགས་རུང་གི་གྲོང་ནས། ། གློ་སྙིང་དོན་ལྔའི་གསེབ་ནས་ན་ཟུག་ནི་འཕྱུར་བས། ། ཚན་རྩལ་སྐུད་ལམ་བརྒྱུད་དེ་སྡུག་གླུ་ཙམ་གྱེར་སོང་། ། ཁྱོད་ཞལ་པདྨའི་གདོང་གི་མཛེས་བ་དེ་བསམ་ན། ། རྨི་ལམ་ཡིན་ཡང་རོལ་བའི་མཚན་མོ་དག་བསྐྱལ་བས། ། སྡུག་ལྡན་གངས་ལྗོངས་བུ་མོ་སྙིང་ཆུང་གི་ཕྱེད་ཀ ། ལམ་དགག་མི་འབྱུང་ཕྱག་ན་རྡོ་རྗེ་ཡིས་རློབས་ཅིག ། འགྱུར་མེད་བརྩེ་བ་རྡོ་རྗེ་བྲག་རི་ཡི་གཤིས་ལ། ། དགའ་བ་རྦབ་ཆུའི་རླབས་ཕྲེང་ཆིལ་ཆིལ་དུ་དྲག་པས། ། རང་བློ་འཐད་པའི་སྡུག་གེར་རྒྱ་སེ་ཡི་མེ་ཏོག ། ཚེ་སྐལ་ལས་ལ་བསྐོས་པའི་འདུན་མ་ཡི་ཚེ་གྲོགས། ། ས་མཐའ་སྐྱ་བོ་ཆབ་འགག་གྲོང་ཚོ་ཡི་དབུས་ནས། ། 18


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ཆུང་འདྲིས་བྱམས་པ་དྲན་པའི་སྐྱོ་གཞས་ཤིག་བྲིས་ནས། ། ཆུང་ཡང་སེམས་རྟེན་འབུལ་པའི་མཛོད་དགེ་ཡི་བུ་མོར། ། བསམ་གཞིགས་སྐྱུར་བོ་ལྷན་ཅིག་བསྐུར་བ་རང་ལགས་སོ། །

སྤྲང་བོའ ་ི ཟིན་བྲིས། བྱ་གཞུང་འབྲུག་འབུམ་ཡག

ཁག་དང་པོ། བྲན་གཡོག ཨ་མའི་ནུ་རིན་ཙམ་ཡང་འཇལ་མ་ཐུབ།། སྨྱུག་འཛིན་མཁས་པའི་ཚོགས་ལ་བསྟོད་མ་མྱོང་།། སྤྲང་བོ་ས་མཐར་འཁྱམས་པའི་ལས་དོན་འདི།། འཁོར་བའི་རྒྱ་མཚོར་ལྷུང་བའི་དོགས་པ་མིན།། གནའ་མི་མཁས་པའི་གསུང་རབ་རི་བཞིན་འགྱིང་།། རྟོགས་བརྗོད་རྣམ་ཐར་ངག་ནི་ལོ་ཟླར་སྦྲུམ།། གང་ནས་བགྲོད་པར་བསམ་པའི་ལམ་བུ་ནི།། ཐམས་ཅད་མཁྱེན་པའི་སྐྱེས་བུ་ཁྱོད་ལ་འདྲི།། དེང་སྐབས་ཤེས་ཡོན་རྒྱ་མཚོའི་གླིང་ཀ་ན།། སྤྲང་བོའ ི་ཚོགས་ལ་སྨད་པའི་སྨྲ་ལྕེ་འབར།། དྲང་བོའ ི་ཚོགས་ལ་དགག་པའི་ཡིག་མདའ་སྤྲིངས།། ཅི་ཞིག་བདེན་རྫུན་འཇལ་བྱེད་སུ་ལ་མཆིས།། གང་གིས་བདེན་པར་འཛིན་ལ་བློར་མ་ཤོང་།། སུ་ཡིས་དྲང་གཏམ་བརྗོད་ལ་སེམས་མ་འཁོར།། བདེན་རྫུན་ལེགས་ཉེས་འབྱེད་པའི་བློ་མིག་ནི།། ཡུན་རིང་བློ་རིག་ཞིབ་མོས་བརྟགས་ནས་དགོངས།། མ་སྐྱེས་ཨ་མའི་ཞལ་རས་ཟླ་བ་བཞིན།། ཟླ་བའི་ངོས་ན་བློ་ལྡན་རི་བོང་ཞིག། མཐར་གཏུག་དེ་ནི་གཡོ་སྒྱུའི་གཟུགས་བརྙན་ཏེ།། 19


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ཟླ་བས་ང་ཚོ་བསླུ་བའི་རྫུ་འཕྲུལ་ལགས།། ཁྱོད་ཀྱིས་བཤད་ན་ཁྱོད་ལ་གནས་ལུགས་མངའ།། ང་ཡིས་བརྗོད་ན་ང་ལ་བདེན་ཁ་ཡོད།། དོན་གྱིས་དྲང་བོར་གཞལ་བའི་ཚད་ཐིག་ནི།། སྐྱེ་འགྲོ་སུ་ཡིས་གཞལ་བར་སྙིང་ནས་རེ།། ང་ཡི་ཁོར་ཡུག་གྲུ་བཞི་ནར་མོ་ཞིག། གྲུ་ཟུར་རེ་ན་ཁང་བ་ཧྲིལ་བོ་རེ།། དེ་ཡི་དབུས་ན་སྐྱེས་ཆེན་རྫོགས་མེད་ཅིག། བསམ་པའི་ཀློང་ན་ཤེས་ཡོན་དཔག་མེད་ཅིག། ཨ་མས་སྙིང་ནས་གདམས་པའི་གླུ་ཆུང་དེ།། བུ་ང་ས་མཐའ་གཅོད་བྱེད་ལམ་བྲོ་དང་།། ས་ཕྱོགས་གང་ལ་བགྲོད་བྱེད་ལམ་སྟོན་དང་།། ཕུགས་འདུན་གང་ཞིག་སྙེགས་པའི་ལྡེ་མིག་ཡིན།། ཁག་གཉིས་པ། ཕྱིར་བལྟ་བ། གནམ་ལྕགས་རྣོ་དབལ་འབར་བའི་མཆེ་སྡེར་ནི།། སྒྲ་འཛིན་བུ་ག་བརྒྱུད་ནས་ཕྱིར་བཀྲམ་ཚེ།། ཐུབ་བསྟན་ལུང་རིགས་ཟེར་བའི་དཔའ་རྟུལ་འགའ།། ཞུམ་པའི་སྙིང་ལ་སྡང་བར་ཆོས་ཀྱི་བཀའ།། རྟེན་ཕྱིར་ལས་ཀྱིས་བསྡུས་པའི་དབྱངས་ཅན་མས།། རྙིང་ཞིང་ཚིལ་དྲེགས་ཆགས་པའི་པི་ཝང་སྟེ།། སོར་བཅུའི་རྩེ་ནས་ཡང་ཡང་སྒྲ་དཀྲོལ་པར།། འགོག་པའི་ཆེད་དུ་རྣ་ཁུངས་མཛུབ་གུས་བཅད།། བྱི་ལས་སྒྲོལ་མ་འདོན་པ་རྨོངས་པའི་རྟགས།། ནེ་ཙོས་མ་ནི་གྱེར་བ་གོམས་པའི་རྟགས།། གྲོང་བས་སྲོག་གཅོད་སྡིག་ལས་རང་གི་ཆེད།། སྟོན་པས་གང་ཡང་མ་མཐོང་རང་རིག་རྟུལ།། 20


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ཐར་བའི་ལམ་ན་རྡུལ་གྱི་འཁོར་ལོ་རྒྱུ།། འདི་ཕྱི་བར་ན་གཤིན་རྗེ་གཉིད་ལ་ཤོར།། ཁྱོད་ཀྱི་སེམས་ན་སྟོན་པ་རབ་རིབ་ཅིག། ཁོ་རང་རྒས་པའི་དུང་སོ་གང་སར་འཐོར།། འཇིག་རྟེན་འཕྲུལ་བའི་ལམ་ན་ཁྱོད་རང་དབེན།། སྲིད་པའི་སྒྲུང་རིང་བར་ན་ཁྱོད་རང་གཉིད།། མཐོ་རིམ་སྲོག་ཆགས་ཤིག་ལས་ཁྱོད་ཀྱི་སེམས།། འཇིག་རྟེན་འཕེལ་བའི་གནས་ན་ཁྱོད་རང་ཤི།།

གཡུ་ཁུང་བརྟོལ་བའི་རྣོ་འབིག རུས་པ། (མཚོ་ལྷོ།)

ངས་ནི་བདེ་བའི་ལམ་ཞིག་སེམས་ལ་ཉར་ནས་འོངས།། ངས་ནི་སྲིད་པའི་གླུ་ངག་དབྱངས་ལ་འདྲེན་བཞིན་འོངས།། ངས་ནི་འདས་པའི་ལམ་ཞིག་འོད་ཀྱིས་འཚོལ་བཞིན་འོངས།། ངས་ནི་རང་གི་མ་འོངས་སྙེག་བཞིན་གནས་འདིར་འོངས།། དང་བོ་སུ་ཡིན་མཛད་འཕྲིན་འོད་ཀྱིས་གླིང་བཞིའི་མུན་པ་ཐལ་བར་བརླག། གཉིས་པ་གང་གི་བྱིན་རླབས་དཔལ་གྱིས་མཚན་སྙན་བ་དན་སྲིད་རྩེར་བསྐྱོན།། གསུམ་པ་གང་ཞིག་ཐལ་འཚུབ་འཁྲུག་པའི་བདག་གི་མེས་པོའ ི་བླ་སྲོག་ཡང་།། ད་ལྟ་ད་རུང་འཕྲིན་ལས་སྐྱོང་བ་ཡབ་མེས་དཔོན་པོའ ི་ཞབས་འདྲེན་ལགས།། སེང་གེ་ནགས་གནས་ཉ་མོ་ཆུར་འཛུལ་རྒོད་པོས་ནམ་འཕང་གཅོད།། རྟ་མཆོག་བང་དང་གངས་སེང་ང་རོ་རྟོགས་སད་འབོད་སྒྲས་འགེང་།། ཡིན་ཡང་གང་ནི་དབེན་པའི་འུར་གྱིས་འཚོ་བའི་རྣམ་ཐར་སྐྱོང་།། དེ་ཕྱིར་འུ་ཅག་ད་དུང་འདུག་གམ་ང་ཡི་སྙིང་ནས་བྲེལ་བ་ལངས།།

21


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

དྲན་གདུང་གི་འཕྲིན་པ། རྡོ་རྗེ་རབ་བརྟན། (མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ།)

ནོར་ནག་རྨུག་རྗེས་སྙེག་པའི་སྙིང་སྡུག་མ་དྲན་ནས།། རྒྱང་རིང་ཕ་ཡུལ་ཕྱོགས་ལ་ཁ་པར་ཞིག་བཏངས་ཀྱང་།། བརྡ་རྟགས་མེད་པ་ཟེར་བའི་ཐན་སྐད་ཅིག་གྲགས་པས་།། སློབ་བུ་ང་ཡི་སྙིང་ལ་ཟུག་གཟེར་ཞིག་ལངས་བྱུང་།། སྙིང་སྡུག་མ་ཐུག་ཟླ་བ་གཅིག་གཉིས་ཙམ་འདས་ཀྱང་།། ཁོ་མོའ ི་སྐྱིད་སྡུག་ཕྱོགས་ཀྱི་སྐད་ཆ་ཙམ་མ་ཐོས།། ཉམས་ཆུང་ངང་ནས་ང་ལ་སྒུག་ཡོད་རང་འདོད་ན།། ཤེས་རིག་གླིང་ནས་འདུག་འདོད་བསམ་པ་ཞིག་མི་འདུག སྙིང་སྡུག་ཁྱོད་ལ་སྒུག་པའི་སློབ་བུ་ངའི་ཕྱོགས་ལ།། ཞལ་རས་དུང་ལྟར་དཀར་བའི་གཞན་རིགས་ཀྱི་བུ་མོས།། གཡོ་སྒྱུའི་འཛུམ་མདངས་དྲོད་མོ་ལྷུག་ལྷུག་ཏུ་བཞད་ཀྱང་།། དེ་ལ་འགྲོག་པའི་བསམ་པ་སེམས་གཏིང་ནས་མི་མངོན།། དང་ཐོག་འུ་གཉིས་དུང་སེམས་གཞི་གཅིག་ཏུ་འདྲེས་ཡོད།། མི་འགྱུར་དམ་བཅའ་རྡོ་རྗེ་བྲག་རི་ལ་བརྐོས་ཡོད།། སྒྲོལ་མར་བྲལ་ནས་རྒྱང་རིང་སློབ་གླིང་དུ་འགྲིམས་ཡང་།། བརྩེ་བའི་རྒྱུན་ཐག་ལྷོད་འདོད་བསམ་པ་དེ་ང་མེད།།

དུས་བཞི། གཡང་ཕྱུག་རྒྱལ། (དམའ་གསུམ་དྲུག་པ།)

དཔྱིད། རི་བོའ ི་རྒྱབ་ཏུ་འཕགས་པའི་ཉི་འོད་དེས།། གྱོན་པའི་ཁ་བའི་འདབས་མ་འཛུམ་མེར་གསལ།། དཔྱིད་ཀྱི་དཔལ་ཡོན་རྒྱས་པའི་ཁམས་སྟོང་འདིར།། མེ་ཏོག་སྐྱེས་པའི་དུས་ཚིགས་ངང་གིས་སླེབས།། 22


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

དབྱར། མཛེས་བའི་རྩྭ་ཐང་མེ་ཏོག་ཚོགས་པའི་ལོངས།། མེ་ཏོག་བཅུད་ལ་རྐང་དྲུག་ཅི་དགར་རོལ།། སྐྱིད་པའི་དབྱར་གྱི་འཚོ་བ་དེ་བས་ལྷག། སེམས་པ་དགའ་བའི་དུས་ལ་དུང་བ་ཡིན།། སྟོན། ལྗང་སྨུག་ས་གཞིའི་ཁ་དོག་རིམ་གྱིས་འགྱུར།། སྟོན་ཟླ་བདུན་པའི་དུས་ཚིགས་ངང་གིས་སླེབས།། བྲེལ་འཚུབ་ཆེ་བའི་འབྲུ་ཡི་བང་མཛོད་ནང་།། ཀུ་རེའི་གཏམ་གྱི་ལས་ཀའི་དཔལ་ལ་རོལ།། དགུན། རེ་ཞིག་ཁ་བའི་འདབ་མ་ས་ལ་ཆགས།། བཟོད་ལས་ལྷག་པའི་ན་ཟུག་གང་སར་ཁྱབ།། མེ་ཡི་དྲོད་ཁོལ་ཐེངས་གཅིག་མྱོང་བའི་ཚེ།། བཟོད་པར་དཀའ་བའི་མིག་ཆུ་མཁུར་ནས་བཞུར།།

དུས་ཚོད་ཀྱི་འཁོར་རྒྱུན། དཀོན་མཆོག་རྒྱལ། (དམའ་གསུམ་དགུ་བ།)

མ་འོངས་མདུན་ལམ་འཚོལ་བའི་ཕུགས་བསམ་གཅིག། དཀར་ནག་དབྱེ་བ་འབྱེད་པའི་བསམ་བློ་གཉིས།། བསམ་གཞིགས་མུན་པ་བཅོམ་པའི་འོད་སྣང་གསུམ།། འདི་གསུམ་མི་ཚེའི་ཁུར་བོ་ལྕི་མོ་ཡིན།། ཕྱོགས་བཞིར་དྲི་བསུང་འཐུལ་བའི་ལྡིང་ཁང་གཅིག། ཤེས་རིག་བང་ལ་འགྲན་པའི་ཅང་ཤེས་གཉིས།། ས་ཡི་ནོར་བུ་འཚོལ་བའི་འོད་སྣང་གསུམ།། འདི་གསུམ་སྐྱིད་པའི་གནས་མཆོག་ཐོག་མ་ཡིན།། གཤོག་འགྱུར་འཇོལ་མོར་དུང་བའི་བརྩེ་བ་གཅིག། 23


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

དཔེ་ཀློག་མཁའ་ལ་འཕྱོ་བའི་ཁོར་ཡུག་གཉིས།། ལ་ཁའི་གྲང་རླུང་བསྐྱོད་པའི་སྐྱོ་བ་གསུམ།། འདི་གསུམ་དྲན་དབང་མེད་པའི་སྡུག་བསྔལ་ཡིན།། མཐོན་པོའ ི་མཁའ་ལམ་རྒྱུ་བའི་གླག་རྒོད་གཅིག། གཟར་མོའ ི་རྫ་ལམ་བརྒྱུད་པའི་འབྲོང་རྒོད་གཉིས།། ཁེར་རྐྱང་ས་མཐར་འཁྱམས་པའི་ཡུ་མོ་གསུམ།། འདི་གསུམ་ལས་དབང་མི་གཅིག་སྐྱོ་ངལ་ཡིན།། འདོ་རིགས་རྟ་མཆོག་རྒོད་པོའ ི་བང་རྩལ་གཅིག། དགོ་དགོ་ཐུལ་དཀར་འབྲི་མོའ ི་ངུར་སྒྲ་གཉིས།། བལ་ལྡན་གཡང་མོ་ལུག་གི་འབའ་སྒྲ་གསུམ།། འདི་གསུམ་གངས་ཅན་བོད་པའི་རྒྱན་ཆ་ཡིན།། དུས་རབས་ཉེར་གཅིག་རླུང་གི་ཁ་ཕྱོགས། ཚེ་རིང་བཀྲ་ཤིས། (དམའ་གསུམ་དགུ་བ།)

མ་འོངས་མུན་པ་བཅོམ་པའི་རལ་གྲི་གཅིག། མུན་ནག་རྨོངས་པ་གཏོར་བའི་ལམ་བུ་གཉིས།། དཀར་ནག་དབྱེ་བ་འབྱེད་པའི་ཐིག་ལེ་གསུམ།། འདི་གསུམ་མ་འོངས་མདུན་ལམ་གསར་བ་ཡིན།། ཤེས་རིག་རྟ་མཆོག་རྒོད་པོའ ི་བྱང་ལམ་གཅིག།། ལམ་འཕྲང་འཕྲེད་ཀྱིས་གཅོད་པའི་ཕུགས་བསམ་གཉིས།། ལས་རིགས་སློབ་གསོ་གཉེར་བའི་ཁ་ཕྱོགས་གསུམ།། འདི་གསུམ་ལས་དབང་བསྒྱུར་བའི་དྲུག་འགྱུར་ཡིན།། ཚན་རིག་དཔལ་འབྱོར་དར་བའི་འབོད་སྐུལ་གཅིག། བོད་ཡིག་ཆུ་ཚད་དམའ་བའི་སྐྱོ་གདུང་གཉིས།། རང་རིགས་རང་སྐད་ཉམས་པའི་སྡུག་བསྔལ་གསུམ།། འདི་གསུམ་སྐྱོ་སྡུག་འདྲེས་མའི་ཅོང་བརྡ་ཡིན།། ནགས་ཚལ་གཅེས་སྐྱོང་བྱེད་པའི་བཅའ་ཁྲིམས་གཅིག། 24


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

གནས་བབས་ཁྱིམ་གཞི་བཙུགས་པའི་བསམ་བློ་གཉིས།། སྐྱ་སེར་ཕོ་མོ་སླུ་བའི་ཆོ་འཕྲུལ་གསུམ།། འདི་གསུམ་མི་བཟོད་སེམས་ཀྱི་ཞེ་སྡང་ཡིན།། མདུན་དུ་བསྐྱོད། འཁོན་ཐར་འཚོ། (བོན་སྐོར།)

སློབ་གླིང་ས་འཛིན་ཕང་བའི་ལྟེ་གནས་སུ།། གྲེ་འགྱུར་ངག་གི་དཔེ་ཀློག་དབྱངས་རྟ་སྙན།། ཅོ་ཀའི་དྲུག་འགྱུར་སྟོང་གི་གནས་བབས་བཞིན།། མུན་སེལ་འོད་སྣང་འཆར་བའི་མདུན་དུ་བསྐྱོད།། སློབ་གླིང་བཅུད་མངར་འཛིན་པའི་སྐྱེད་ཚལ་ནས།། ལས་རིགས་སློབ་གསོ་གཉེར་བའི་འོས་འགན་བཞིན།། མ་འོངས་ཁ་ཕྱོགས་འཚོལ་བའི་ཆོད་སེམས་ལྷན།། ཤེས་རིག་མེ་ལྕེ་འབར་བཞིན་མདུན་དུ་བསྐྱོད།། སློབ་གླིང་ཁང་བརྩེགས་མཐོན་པོའ ི་ཉེ་འགྲམ་ནས།། རྣམ་དཔྱོད་རིག་པའི་དཔའ་བོ་མཁའ་རུ་གཏད།། ལས་དབང་ཡིད་ཀྱི་རོལ་མོ་ཆུ་རྒྱུན་བཞིན།། ནམ་ཡང་ཤག་ཤག་བཞུར་ནས་མདུན་དུ་བསྐྱོད།། སློབ་གླིང་བདེན་སྐྱོང་ས་ཡི་ལྡིང་ཁང་ནས།། དཀར་ནག་དབྱེ་བ་འབྱེད་པའི་སྒྲོན་མེ་བཞིན།། ལྷིང་འཇགས་ནོར་བུ་འཚོལ་བའི་ཚན་རིག་ལྷན།། སྤོབས་པའི་དར་ཆ་སྒྲེང་བཞིན་མདུན་དུ་བསྐྱོད།།

25


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ཡུལ་རྣམ་ལུང་བ་འཛུམ་གྲོལ། པདྨ་རིན་ཆེན། (དམའ་གསུམ་དགུ་བ།)

ཀ་བ་ལས་དྲང་གནག་སྣུམ་གཞུང་ལམ་དེ་དེད་ནས།། ཁ་ཞེང་མི་ཆེ་མི་ཆུང་ལུང་གཞུང་དུ་བབས་ན།། ག་མ་གུག་གི་ཆུ་ཕྲན་ཤང་ཤང་དུ་འབབ་གནས།། ང་ཡི་ཕ་ཡུལ་བྱ་གཞུང་བྱེ་མ་ཡི་གུར་ཁང་།། ཅ་ཅོ་འདུ་འཛི་བྲལ་བའི་བདེ་ལྡན་གྱི་ཞིང་འདིའི།། ཆ་ལུགས་ཀུན་དང་མཐུན་ལ་ཚུལ་ལྡན་གྱི་ཡུལ་མི།། ཇ་མར་མཁོ་དགུ་སྦྱིན་པའི་འདོད་འཇོ་བའི་མ་ལྟར།། ཉ་ཆུ་འབྲེལ་འདྲའི་བརྩེ་བ་ནམ་ཡིན་ཡང་མི་འདོར།། ཏཱ་རེ་སྒྲོལ་མའི་བསྟོད་དབྱངས་སྲིད་མཐའ་རུ་སྙན་ཞིང་།། ཐ་མའི་དུས་ཀྱི་འགྲོ་རྣམས་ཐར་ལམ་དུ་འགོད་ཅེས།། ད་མིན་སྔོན་ནས་གྲགས་པ་སྲིད་གསུམ་དུ་འབར་བ།། ནག་ནོག་མ་ཡིན་མིག་གིས་དགའ་སྟོན་ལ་རོལ་མྱོང་།། པ་ཊའི་རི་མོས་རབ་མཛེས་དར་གོས་ཀྱིས་བརྒྱན་པའི།། ཕ་རོལ་ཡིད་དབང་འཕྲོག་མཁས་ན་ཆུང་མའི་ལང་ཚོས།། བ་རྭས་བསྣུན་ལྟར་སྙིང་ལ་ན་ཟུག་རང་བསྐྱེད་ཅིང་།། མ་བཅོས་སེམས་ལ་འདྲ་མིན་ཆོམ་རྐུན་རེ་འཇབ་འོང་།། ཙ་ན་ཡིན་ཡང་འཛུམ་མདངས་པད་དཀར་གྱི་ལྗོན་བཟང་།། ཚ་གྲང་སྡུག་བསྔལ་སྐབས་ཀྱང་ཉམ་ང་ཞི་མེད་པས།། ཛ་ཛ་ཛོ་ཛོའི་གླེན་ལྐུག་ལུག་འདྲ་ཞིག་ཡིན་ཡང་།། ཝ་ལྟར་དམན་སར་འགོད་པའི་གོ་སྐབས་ནི་ཆེ་ཕྲ།། ཞྭ་གོས་གྱོན་ལུགས་དེང་རབས་ཡུལ་ལུགས་དང་བསྟུན་ཀྱང་།། ཟ་ལུགས་སྡོད་ལུགས་ཡ་རབས་སྤྱོད་བཟང་དང་མཐུན་པས།། འ་ཅག་རིགས་མཐུན་ནང་ནས་ཡུལ་གྲུ་འདིའི་མི་ཞེས།། ཡ་མཚན་བསྟོད་པའི་ལྷའི་དབང་བརྒྱ་བྱིན་ཡང་མཉེས་སོང་།། ར་བ་འབྲས་བུ་མ་ཐེག་དཔག་བསམ་གྱི་ལྗོན་བཟང་།། ལ་ལུང་གཡང་དཀར་མ་ཤོང་རྒྱུ་སྐར་གྱི་དོ་ཟླ།། ཤ་རུས་གཅིག་ལྟར་མཐུན་སྒྲིལ་རྡོ་རྗེ་ཡི་མདུད་པ།། ས་གསུམ་དགེ་བཅུ་མ་བསྡུ་རང་འདུས་ངང་འཕོས་སྙམ།། ཧ་ཅང་སྐྱིད་པའི་ཕ་ཡུལ་བསྟོད་འདུན་གྱི་རྟ་ཕོ།། ཨ་ལོང་སྒྲོག་གིས་མ་ཐུལ་འཚེར་སྐད་དང་ལྷན་དུ།། 26


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ཧ་རིའི་ཙན་དན་ནགས་མཐའི་ནེའུ་གསེང་དེ་བརྒྱུད་ནས།། ཨ་མ་དབྱངས་ཅན་དགྱེས་བའི་ཁང་བཟང་ནས་ཤོར་སོང་།།

སུ་ཡིས་འགྲན། བསོད་ནམས་འཚོ། (དམའ་གསུམ་བཅུ་གཅིག)

མེ་ཏོག་དོ་ཤལ་ཐོལ་ཀྱིས་འཚོར་ལྟའི་རྣམ་དག་དྭངས་གཙང་ཕ་སྐད་མཆོག། ཏམ་བུ་ར་ཡི་དབྱངས་ལ་སྙན་ཞིང་སློབ་དཔོན་ཐོན་མིའི་སྨྱུག་རྩེར་རྒྱུ།། ཐོ་རེངས་སྐར་ཆེན་གསལ་ལེར་འཚེར་འདྲའི་འཇམ་འཇམ་ཕྱག་ཟུང་ཡུམ་གྱི་བྱམས།། འཛམ་གླིང་འཛིན་མའི་ཁྱོན་ཡངས་འདི་ནས་ལོ་ཟླའི་དྲིན་ལན་སུ་ཡིས་འགྲན།། ཚེ་ལ་འདི་དང་སྔ་ཕྱི་མཁྱེན་པའི་སྙིང་རྗེ་བདག་མོ་སྤྱན་རས་གཟིགས།། དབྱངས་ལ་ངག་སྙན་མགྲིན་པ་བཟང་བ་ངག་དབང་སྒྲ་དབྱངས་ལྷ་མོ་ལགས།། དོན་ལ་རྩ་བའི་ཡང་སྙིང་རྟོག་པའི་ཤེས་རབ་དཔལ་གྱི་འཇམ་པའི་དབྱངས།། འདི་གསུམ་ངོ་མཚར་ཁྱད་ཆོས་སོ་སོར་རང་གཤིས་དཔའ་བོ་སུ་ཡིས་འགྲན།། གདུང་རིགས་ལ་རྒྱ་གཏན་དུ་སྲུང་བའི་ཆོས་ཀྱི་རྒྱལ་བོ་སྲོང་བཙན་དང་།། སུམ་གཉིས་ས་ཡི་དཀྱིལ་འཁོར་འཛིན་པའི་དཔའ་བོ་ཁྲི་སྲོང་ལྡེ་བཙན་མཆོག། ང་ཡི་མེས་པོའ ི་རེ་བའི་སྤྱན་གྱིས་ད་དུང་མི་རབས་རྗེས་མར་གཟིགས།། གངས་ཅན་བོད་པའི་སྤོབས་དང་ལུགས་ལ་གདུང་རྒྱུད་གཞན་རིགས་སུ་ཡིས་འགྲན།།

ནོངས་འགྱོད་ཅི་ཡང་མེད། མགར • མིའུ་ཐུང་།

སྔོན་བསགས་ལས་དང་དབང་གིས།། ན་ཆུང་བུ་མོ་ཞིག་ལ།། ཆ་མེད་རྒྱུས་མེད་ངང་ནས།། སྐུད་ལམ་བརྒྱུད་ནས་ཐུག་ཐལ།། ཚིག་གསུམ་ཕར་ལ་བཤད་ན།། བུ་ཆུང་འགྱུར་འགྲོ་གསུང་བྱུང་།། 27


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

བདེན་གཏམ་མནའ་རུ་དྲངས་ནས།། འགྲོག་རྒྱུར་འཐད་པ་བྱུང་ཐལ།། བུ་མོར་ཕར་ལ་དྲིས་ན།། སྟག་ཤར་མི་འདུག་ཟེར་གི། བདེན་གཏམ་ལོས་ཡིན་བསམས་ནས།། ཁ་པར་ཉིན་བཏངས་མཚན་བཏངས།། སྙིང་གཏམ་མ་གསང་བརྗོད་ནས།། ཡག་མེད་རྒྱུ་མེད་ཅེས་ན།། བུ་མོའ ི་དམར་ཆུང་སེམས་པ།། དེའི་ཕྱོགས་མེད་ཚུལ་ལབ་ཀི། དེང་ཐོག་བརྩེ་བ་བསམ་ནས།། ཉིན་མཚན་བགྲངས་ནས་སྒུག་ཡོད།། མདང་ནུབ་བཤད་པ་བདེན་ན།། དོན་ཐོག་བརྩེ་བ་སྒོར་རེད།། གཡོ་དང་རྫུ་བག་ཀློང་ནས།། ཨ་གསར་ཟད་པ་མིན་ན།། ཁ་པར་ནང་གི་ཚིག་སྟོང་།། དེ་འདྲ་བཤད་ནི་ཅི་དཔེ།། བུ་མོའ ི་བརྩེ་བ་རྡོ་རེད།། བུ་ཆུང་དུངས་བ་མཚོ་རེད།། ཁ་མཐུན་ཞེ་མཐུན་མིན་ན།། རྡོ་ཁོག་ཆུ་ཡིས་ལེན་དཀའ།། ཉེ་སྔོན་བཤད་པ་ཚང་མ།། སེམས་གཏམ་ཡིན་པའི་དཔེ་མེད།། ཨ་ལན་གནང་བ་དེ་ཡང་།། གཡོ་དང་སྒྱུ་ཡི་རྫོངས་རེད།།

28


སྲོལ་རྒྱུན་གངས་རིའི་ཆབ་རྒྱུན།

ཕྱི་བལྟས་ལྷ་མོ་འདྲ་ཡང་།། ནང་སེམས་གདོན་གྱི་ལྷག་རེད།། བརྩེ་བའི་སེམས་ཤིག་མེད་ན།། སྙིང་གཏམ་རྡོ་ཐོག་ཆུ་རེད།། བུ་མོ་ཁྱོད་ཀྱི་ཕྱོགས་ན།། ཐོད་པའི་ཁ་ཡིག་མེད་རུང་།། བུ་ཆུང་སེམས་པའི་གཏིང་ན།། ནོངས་འགྱོད་ཅི་ཡང་མེད་ཀི།

29


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

ས་སྨྱུག བན་དེ་ཚེ་བརྟན།

བདག་གིས་ཀ་ཁའི་དབྱངས་རྟ་གྱེར་བ་ནས་བཟུང་། དཀར་བོང་བོང་གི་ས་སྨྱུག་དང་འགྲོགས་ནས་ནར་ སོན་ལ། ངའི་བཤད་མི་ཚར་བའི་བྱིས་དུས་ཀྱི་གཏམ་རྒྱུད་མང་པོ་ཁོ་བོའ ི་ཤ་གསེང་རུས་གསེང་དུ་འཐིམ་ཡོད། ད་དུང་བདག་གི་འཚོ་བའི་གོམས་གཤིས་ཀྱི་བརྒྱུད་རིམ་རིང་མོའ ི་ནང་། ཁོ་ནི་ངའི་སེམས་ཀྱི་དགེ་རྒན་གསུམ་ པར་གྱུར་ནས། ཧ་ཅང་ལྕི་བའི་རྡོག་ཁྲེས་དག་རྒྱབ་ཏུ་བསྐྱུར་ནས་ང་ལ་དེ་འདྲའི་སྦྱང་མི་ཚར་བའི་བྱ་བ་ཞིག་ལ་ སེམས་ཐོག་ཏུ་བཅུག དེ་ནི་ཨ་ཕས་ཆོས་ལུགས་ཀྱི་ཆོ་གའི་ཁྲོད་ནས་ང་ལ་གནང་བའི་མདོ་གདུགས་སྒྲོལ་གསུམ་ མིན་ལ། ཨ་མས་འོ་དབྱངས་ཀྱི་འགྱུར་ཁུགས་ཁྲོད་ནས་ང་ལ་གནང་བའི་སློབ་གསོའ ི་ཁ་ཏ་ག་ལ་ཡིན། དེ་ནི་ཆེས་ ལྐོག་གྱུར་གྱི་ལྒོག་གྱུར། ས་སྨྱུག་གིས་འཚོ་བར་རྒྱགས་ཕྱེ་སྣུམ་པོ་ཞིག་སེམས་ལ་བརྐོས་པ་དེ་རེད། སྒེར་སེམས་ཀྱི་བྱ་བ་གཞི་ནས་དོར་ཞིང་། བྱམས་སེམས་ཀྱི་གཤོག་པ་བརྐྱངས་ཏེ་རང་སྲོག་འབུལ་བཞིན་ པ་ནི་ས་སྨྱུག་གི་ཁྱད་འཕགས་ཅིག ངོ་མ་བློ་ངོར་ཤོང་དཀའ་བ་ཞིག་ནི་ཁོའ ི་དཀར་གཙང་གཙང་གི་ལུས་པོ་འདི། ཧ་ཅང་རྩུབ་པའི་སྒོ་སམ་དང་ལྷན་དུ་ཟད་དགོས་པ་དེ་རང་ཉིད་ཀྱི་ཆེས་སྤྱིར་བཏང་གི་བྱ་བ་ཞིག་ཏུ་བརྩི་བ་དེ་ རེད། ས་སྨྱུག་ལྟ་བུའི་དངོས་གཟུགས་རང་ག་བ་ཞིག་གིས་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་ཞབས་འདེགས་ཞུ་ པ་ཡིན་ན། ང་ཚོ་ལ་དེ་ལས་ལྷག་པའི་ལྷག་བསམ་ཞིག་དང་། སྤོབས་པ་ཞིག ཡང་ན་སྙིང་སྟོབས་ཤིག་ངེས་པར་ དུ་རང་སྟེང་ལ་གནས་དགོས། དཀར་ལ་ཕྲ་བའི་ལུས་པོ་འདི། ཁོས་བཅུ་ཕྲག་རིག་པའི་གནས་ལ་བརྒྱུས་ཏེ། འདས་མ་ད་གསུམ་ལ་ཡོད་ ཚད་མངོན་པར་མཚོན་པས། འཇིག་རྟེན་གྱི་གྲུ་ཟུར་རེ་རེ་ན་ས་སྨྱུག་ལས་ལྷག་པའི་རིན་ཐང་ཅན་ག་ཙམ་གདའ། ལྷག་བསམ་རྣམ་དག་གིས། སྟོབས་ཤུགས་གཅིག་སྒྲིལ་གྱིས། ཡོད་ཚད་ནས་ཡོད་ཚད་བློས་བཏང་སྟེ། ལོ་ངོ་དུ་ མའི་ལོ་རྒྱུས་ཀྱི་གླེགས་བམ། ས་སྨྱུག་གི་སྨྱུག་རྩེ་ནས་སྒོ་སམ་དང་། སྒོ་སམ་ནས་བདག་གི་སེམས་ངོར་འབབ་དུས། ད་གཟོད་བདག་གིས་ལྷད་མེད་ཀྱི་རང་གཤིས་རྟོགས་སོང་།

30


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

ཁྱོད་ངའི་དྲན་ཤིང་ཡིན། ཀླུ་འཚོ་སྐྱིད།

དྭངས་གཙང་གི་མཁའ་དབུགས་འཇམ་པོའ་ི རྒྱུ་བ་དང་ལྷན་དུ་མཐུན་པའི་ལག་ཟུང་སྦྲེལ་ཏེ་དཔེ་ཀློག་ གི་དབྱངས་རྟ་ངག་ལ་སྐྱོར་བཞིན་མ་འོངས་ཕུགས་འདུན་འཛུམ་གྱིས་བསུ་བའི་སྐབས་དེར། མི་འདོད་རླུང་ནག་ འཚུབ་མ་དེས་འུ་གཉིས་ཀྱི་དྲོད་འཇམ་གྱི་ལག་འཇུ་དེ་གཏོར་སོང་། གྲོགས་མོ་ལགས། ལས་དབང་གི་ཆོས་ཉིད་དམར་པོ་འུ་གཉིས་ཀྱི་ཕྲག་སྟེང་ལ་བབས་པའི་ཉིན་དེ་ནས་ བཟུང་། ངའི་ཁྲ་ཆུང་མིག་མཐའི་མཆི་མ་སྐམ་མ་མྱོང་ལ་ཨ་ཐང་ཆད་པའི་ཤུགས་རིང་དེ་བས་ཀྱང་བོར་མ་ མྱོང་། དྲན་གདུང་གི་ན་ཟུག་རེ་རེ་དང་འཁྲེང་སེམས་ཀྱི་སྨྲེ་ངག་གྲངས་མེད་ཁྲོད་རེས་མོས་སུ་དྲན་འོང་བ་ནི་ཁྱོད་ ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་བརྩེ་སེམས། དེ་མིན། ལོ་ཟླའི་བཞུར་རྒྱུན་དང་བསྡོངས་ ནས་བྱུང་བའི་ངུ་མ་དགོད་ཀྱི་གཏམ་རྒྱུད་དེ་དག་ལས་གཞན་མ་མཆིས། གྲོགས་མོ་ལགས། དགོད་སྒྲ་དང་འཛུམ་མདངས་དབེན་པའི་ཁོར་ཡུག་ནས་ངས་ནམ་ཡིན་ཡང་ཁྱོད་ཉིད་ དྲན་བཞིན་ལྡོག་ཐབས་མེད་པའི་ལས་དབང་ངམ་ཆོས་ཉིད་འདི་ལ་འཁང་ར་བྱེད་བཞིན་ཡོད་ལ། ཁྱོད་དང་བྲལ་ བའི་ཉིན་དེ་ནས་བཟུང་ངའི་བརྩོན་སེམས་ནི་གཤོག་ཟུང་ཆད་པའི་རྒོད་པོ་བཞིན་ལྷུང་ལ་ཉེ་ཞིང་མཐའ་ཡས་པའི་ ཕུགས་བསམ་གྱི་རྒྱ་མཚོ་དེའང་སྐམ་ལ་ཉེ། ལྷག་པར། དགུན་གཞུང་གི་གྲང་རེག་རྒོད་པོས་ངའི་ཉམ་ཆུང་ལུས་ པོར་ཐེངས་རེ་རེར་བསྣུན་དུས། ངས་དབང་མེད་ངང་ཁྱོད་ཀྱི་སྙིང་གཏམ་གསོན་པོ་དེ་དྲན་འོང་ལ། གཡོ་སྒྱུའི་ཚིག་ གི་མདའ་མོས་ངའི་དམར་ཆུང་སྙིང་ཁར་བསྣུན་ཐེངས་རེ་རེར་ཁྱོད་ནི་ངའི་འཚོ་བའི་སྲོག་ཤིང་ཡིན་པ་གཞི་ནས་ རྟོགས་བྱུང་ལ། དེ་དུས་ངས་ཁྱོད་ཉིད་དྲན་པའི་གདུང་བ་ཅི་འདྲ་ཞིག་ཡིན་པ་ཤེས་ཨེ་བྱུང་། གྲོགས་མོ་ལགས། སྟོན་མཇུག་གི་སྡོང་ལོ་འཛིན་མའི་ཕངས་བར་འཐོར་བའི་སྐབས་འདིར། ངས་ཁྱོད་དང་ མཉམ་དུ་སྐྱེལ་ཟིན་པའི་དམའ་འབྲིང་གི་བཀྲག་མདངས་འཚེར་བའི་འཚོ་བར་ཕྱིར་དྲན་བྱེད་བཞིན་མིག་ཆུ་རྐང་ ཡ་མ་ཞིག་དང་ལྷན་དུ་སྐྱོ་གདུང་གི་ན་ཟུག་རུམ་ཁོངས་ལ་མ་ཤོངས་བར་ཀ་མད་སུམ་ཅུའི་འགྲོ་སྟངས་ལ་སྦྱར་ ནས་རང་སེམས་ཀྱི་སྡུག་བསྔལ་ཁྱོད་ཕྱོགས་ལ་སྤྲིངས་པ་ལགས།

31


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

དྲན་གདུང་གི་མིག་ཆུ། ------བདེ་བའི་ཞིང་ཁམས་སུ་གནས་པའི་མེས་མོ་ལགས་ལ། འབྲུག་མོ་འཚོ། (མཚོ་ལྷོ་ཁུལ་སློབ་འབྲིང་།)

སྐྱེས་ནས་འཆི་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་མོད། འོན་ཀྱང་། ཁྱེད་འདི་ལྟར་ང་དང་ཁ་བྲལ་བ་ ཧ་ཅང་སྔ་དྲག་སོང་། འཇིག་རྟེན་གྱི་གྲུ་ཁ་ཞིག་ནས་འཕྲད་པ་ནི་སྔོན་བསགས་ཤིག་གམ་འཇིག་རྟེན་འདིའི་ལས་ དབང་ཞིག་ཡིན། དྲིན་ཕ་མས་ནམ་རྒྱུན་ང་ལ་དུས་ཚོད་ཀྱིས་ཡོད་ཚད་བསྒྱུར་ཐུབ་ཅེས་བཤད་ལ། ཁྱེད་ཉིད་ང་དང་ཁ་ གྱེས་ནས་ལོ་ངོ་གཅིག་ཙམ་འགོར་སོང་། འོན་ཀྱང་ང་ལ་མཚོན་ན་ཁྱེད་མེད་པའི་ལོ་ཟླ་ནི་དེ་འདྲའི་ཡུན་རིང་ ཞིང་བཟོད་ཐབས་བྲལ་བ་ཞིག་རེད། ནམ་རྒྱུན་མིག་ལམ་དུ་ཁྱེད་ཀྱི་བྱམས་བརྩེ་ལྡན་ཞིང་ཤ་ཚ་བའི་བཞིན་རས་ མངོན་ལ། སེམས་སུ་ངེད་གཉིས་མཉམ་དུ་བསྡད་པའི་སྔོན་ཆད་ཀྱི་དགའ་སྤྲོ་གཉིས་འཛོམས་ཀྱི་ཉིན་མོ་དག་ ཤར་འོང་། དེ་དག་ལས་ཀྱང་ཆེས་བརྗེད་ཐབས་བྲལ་ཞིང་དུས་ད་ལྟའི་བར་ཡང་གློག་བརྙན་བཞིན་ང་ཡི་སེམས་ ལ་བཅངས་ཡོད་པ་ནི། ཉིན་རྒྱུན་ཉིན་གུང་སླེབས་རྗེས་ཁྱེད་ཀྱིས་ང་ལ་གཅེས་ཕྲུག འུ་གཉིས་ལམ་འགྲམ་གྱི་སྡོང་ བསིལ་དུ་འགྲོ་ཞེས་ཟེར་བ་ན་ང་ཡང་གོམས་ལོབས་སུ་གྱུར་བའི་ངང་རང་ཉིད་ཀྱི་སྒྲུང་གཏམ་དཔེ་ཆ་དེ་མཆན་ལ་ བཙིར་བ་དང་ཁྱེད་ཀྱི་རྐུབ་སྟེགས་དམར་པོ་དེ་ལག་ལ་བཟུང་ནས་ཁྱེད་དང་མཉམ་དུ་སོང་། དེར་ཐོན་རྗེས་ངེད་ གཉིས་ཁ་གཏད་དུ་བསྡད་དེ་ཁ་བརྡ་ཀུ་རེ་འགའ་བྱས་པ་དང་མཚམས་རེར་དགའ་སྤྲོའ་ི དགོད་སྒྲ་ལྷང་ལྷང་དུ་ བསྒྲགས། ཡང་ན་ཁྱེད་ཀྱིས་ང་ལ་ང་བརྒྱད་ལོའ ི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་ཨ་ཕ་ཆུང་དུས་སུ་ཅི་འདྲའི་ པྲ་ཚགས་ཡིན་པ་སོགས་བཤད་པ་ཡིན། དེ་རྗེས་ནས་ངས་ཀྱང་དཔེ་དེབ་ཁ་ཕྱེས་ཏེ་ཁྱེད་ལ་སྒྲུང་གཏམ་ཐུང་ཐུང་ འགའ་བཤད་པ་བཅས་བྱས་ནས་ཤེས་མེད་ཚོར་མེད་ངང་ཉི་མ་རྒྱབ་རིར་ནུབ་སོང་བ་མ་ཡིན་ནམ། སྐབས་འགར་ངེད་གཉིས་ཀྱིས་འོ་ཇ་ཚ་བོ་ཇ་དམ་གང་དང་ཁ་ཟས་ཅུང་ཙམ་འཁྱེར་ནས་སྡེ་འགྲམ་གྱི་རྨ་ ཆུར་ལྟ་རུ་སོང་བ་ཡིན། དེ་དུས་ཁྱེད་ཀྱིས་ང་ལ་གྲོག་མ་འཛིན་བྱེད་ཀྱི་རྩྭའི་རྩེད་ཆས་ཤིག་ལས་ནས་བྱིན་པ་དང་ དེའི་ལག་རྩལ་ང་ལ་སློབ་སྟོན་གནངས་སོང་། ཉིན་འདི་དག་ལ་ངེད་གཉིས་ཀྱིས་ཁ་ཟས་ཟ་ཞོར་དང་མཉམ་དུ་དེ་ འདྲའི་རྩེད་ཆས་མང་པོ་ཞིག་སླས་ནས་ཉི་མ་ཇི་ལྟར་ནུབ་པའང་མ་ཤེས་སོ། འདི་འདྲའི ་སྤྲོ ་སྐྱི ད ་ལྡན་པའི ་ཕྱི ར ་དྲན་མང་པོ ་ ཞི ག ་ང་ཡི ་ སེ མ ས་སུ་རྡོ་བརྐོས་རི ་ མོ ་ བཞི ན ་ནམ་ཡང་ བསུབ་རྒྱུ་མི་འདུག ཡིན་ནའང་། ཁྱེད་འདི་ལྟར་ས་ཆ་མེད་ཀྱི་ཡུལ་དེར་བསྐྱོད་པ་ཡང་ལྡོག་ཏུ་མེད་པའི་དོན་ དངོས་ཤིག་ཡིན་མོད། ཁྱེད་དང་མཉམ་དུ་བསྡད་པའི་ལོ་ཟླ་དག་ཡིད་ལ་དྲན་ཐེངས་རེར་སྐྱོ་བའི་མིག་ཆུ་དབང་ མེད་དུ་ཤོར་འགྲོ།

32


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

ཉི་མ་སེར་པོ། ------བྱམས་ལྡན་གྱི་དགེ་རྒན་རྣམ་རྒྱལ་སྒྲོལ་མ་ལ། སངས་རྒྱས་སྒྲོལ་མ།

ཉི་མ་སེར་པོ། སྐྱ་རེངས་བུ་མོས་སྔོན་བསུ་དང་ལྷན་དུ་གཡའ་དག་གི་མཁའ་དབྱིངས་ལ་ཕེབས་ནས། ངལ་ དུབ་དང་སེར་སྣ། ཕྱོགས་རིས་ཅི་ཡང་མེད་པར། ཁམས་གསུམ་གྱི་འགྲོ་བ་རིགས་དྲུག་ཐམས་ཅད་ལ་མུན་སེལ་གྱི་ འོད་སྟོང་སྦྱིན་པས། འོད་ཟེར་གྱི་ཁྲོད་ན་ཀུན་ལ་སྐྱེས་སྟོབས་འབར་བའི་ཚེ་སྲོག་མཆིས། ཉི་མ་སེར་པོ། ཆར་སྤྲིན་ནག་པོས་མནར་གཅོད་དང་མཉམ་དུ་བུ་ཡུག་ལ་གདོང་ཐུག་བརྒྱབ་ན་ཡང་། ཞེ་ སྡང་དང་འཁང་ར། ལེ་ལོ་ཅི་ཡང་མེད་པར། སྐྱེས་དངོས་མཐའ་དག་ལ་བྱམས་བརྩེ་ཡི་དྲོད་ཁོལ་སྦྱིན་པས། ཚ་ དྲོད་ཀྱི་ཀློང་ན་ཡོད་ཚད་བདེ་ལེགས་ཀྱིས་ཚར་ལོངས་འབྱུང་བཞིན་གདའ། ཉི་མ་སེར་པོ། མཚམས་སྤྲིན་དམར་པོས་སྐྱེལ་མ་དང་ཆབས་ཅིག་ཏུ་ལམ་ལ་ཆས་ན་ཡང་། ཡིད་ཆད་ དང་སྨྲེ་ངག ངན་སེམས་སོགས་ཅི་ཡང་མེད་པར། སླར་ཡང་། སྤོབས་པ་ཆེན་པོས་འགྲོ་བ་མཐའ་དག་གི་ཆེད་དུ་ འབད་པ་བྱས་པས། ཀུན་གྱིས་དད་གུས་དང་ཡིན་སྨོན་གྱི་མེ་ཏོག་བར་མེད་གཏོར་གྱིན་མཆིས། ཉི་མ་སེར་པོ། ཁྱེད་ནི་ངའི་སེམས་ཀྱི་ཆེས་མཐོ་ས་ན་ལྷམ་མེར་བཞད་པའི་མེ་ཏོག་ཉིད། དུས་རྟག་ཏུ་ང་ ལ་མགོན་སྐྱབས་མཛད་རོགས།

སློབ་སྐབས་གསར་བ། ཀུན་འཚོ་སྐྱིད། (བོན་སྐོར། ལོ་རིམ་དྲུག་པའི་འཛིན་གྲྭ་ལྔ་བ།)

དབྱར་ཟླ་དྲུག་པའི་བྱ་ཁུ་བྱུག་གི་གསུང་སྐད་དང་ལྷན་དུ་ང་རང་སློབ་གྲྭ་གསར་བའི་ནང་དུ་སླེབས་བྱུང་། ང་རང་དགའ་ལྷང་ལྷང་ངང་ནས་སློབ་གྲྭའི་རྒྱ་སྒོའ ི་ནང་དུ་འཛུལ་ཏེ་མིང་ཐོ་འགོད་སའི་གནས་དེ་རུ་ཐོན་ནས་ཡར་ བལྟ་མར་བལྟ་བྱེད་བཞིན་པའི་སྐབས་དེར་སློབ་ཁང་གསར་བའི་ཉེ་འགྲམ་གྱི་བྱ་བྱིའུ་སྣ་ཚོགས་ཀྱིས་སློབ་གྲོགས་ གསར་བ་ཚོ་ལ་དགའ་བསུ་བྱེད་པ་ཇི་བཞིན་དུ་སྐད་སྒྲ་སྒྲོག་བཞིན་ཡོད། དེ་ནས། ངས་དཔེ་ཆ་གསར་བ་དེ་ཁྱེར་ནས་སློབ་ཁང་གསར་བའི་ནང་དུ་འཛུལ་ཏེ་རྐུབ་སྟེགས་ཀྱི་སྟེང་དུ་ ཙོག་ནས་སྐད་ཡིག་གི་དཔེ་ཆ་ལ་བལྟ་བཞིན་པའི་སྐབས་དེར་སློང་གྲྭའི་ར་བའི་ནང་དུ་སྙན་ཞིང་འཇེབས་པའི་ཅོང་ སྒྲ་དེ་གྲགས་མ་ཐག་ཏུ་སློབ་ཁྲིད་ཚོགས་ཤིང་སློབ་གྲོགས་ཚང་མ་མགྱོགས་མྱུར་ངང་སློབ་ཁང་ནང་དུ་སོང་ནས་ སློབ་ཁྲིད་ལ་གྲ་སྒྲིག་བྱེད་བཞིན་ཡོད། དེའི་རྗེས་ནས་ཡང་སྙན་ཞིང་འཇེབས་པའི་ཅོང་སྒྲ་དེ་དང་ལྷན་དུ་ང་ཚོའི་སྐད་ཡིག་དགེ་རྒན་གྱིས་དཔེ་ ཆ་གསར་བ་ཞིག་ཁྱེར་ནས་ང་ཚོའི་སློབ་ཁང་ནང་དུ་ཐོན་བྱུང་། ང་ཚོའི་སྐད་ཡིག་དགེ་རྒན་སློབ་ཁང་ནང་དུ་ཐོན་ 33


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

པ་དང་ང་ཚོར་དགོད་བྲོ་བའི་ཀུ་རེ་བཤད་པ་དང་བསླབ་བྱ་རེ་འགའ་གནང་བྱུང་། དེ་ནས། རིམ་བཞིན་སློབ་ ཚན་དང་པོ་སྟེ་ཁ་ཆེའི་ཕ་ལའི་བསླབ་བྱ་ཞེས་པའི་སློབ་ཚན་དེ་ཁྲིད་རྗེས། ང་རང་ཉིད་ཀྱིས་སློབ་སྦྱོང་ལ་ཧུར་ བརྩོན་བྱེད་པའི་འདུན་པ་ཞིག་གནངས་བྱུང་། དུས་ད་ལྟ་ནས་བཟུང་སྟེ། བྱ་བ་ཆུང་ངུ་ནས་བཟུང་སྟེ། ཆུ་ ཤེལ་ལྟ་བུའི་བློ་རིག་དང་། ཆུ་སྐྱེས་ལྟ་བུའི་ལང་ཚོ་ཡི་དུས་འདིར་སློབ་སྦྱོང་ལ་ཧུར་བརྩོན་བྱེད་རྒྱུ་ཡིན་པའི་དམ་ བཅའ་བཞག་པ་ཡིན།

བདག་གི་གུས་པར་འོས་བའི་དགེ་རྒན་ཀུན་འཚོ་སྐྱིད། ལྕགས་མོ་ཡག (བོན་སྐོར།)

དགེ་རྒན་ཀུན་འཚོ་སྐྱིད་ནི་ངའི་ཆེས་ཐོག་མའི་བོད་ཡིག་དགེ་རྒན་ཡིན་ལ། མོ་རང་ནི་གཟུགས་རིང་ཞིང་ ཤ་རིད་པ་དང་། མོའ ི་ངོ་གདོང་ནག་ཞིང་སྐྲ་ལོ་རིང་བ་ཞིག་ཡིན། མོ་སོང་ན་ནམ་ཡང་ལྷུན་ཆགས་ཀྱིས་འགྲོ་ སྟངས་ཤིག་ཡོད། མོ་ནམ་རྒྱུན་སློབ་ཁྲིད་མ་འཚོག་སྔོན་སློབ་ཁང་དུ་འབྱོར་ནས་ང་ཚོ་ལ་དགོད་བྲོ་བའི་ཀུ་རེ་དང་ བསླབ་བྱ་གནང་གིན་ཡོད། སློབ་ཁྲིད་འཚོག་རྗེས་ང་ཚོ་ལ་སློབ་ཁྲིད་བྱེད་པ་ཡིན་ལ་དུས་རྒྱུན་དུ་ནངས་སྔ་ལངས་ དང་དགོང་ཕྱི་ཉལ་བྱས་ཏེ་ང་ཚོ་དང་མཉམ་དུ་མོས་ང་ཚོ་ལ་སློབ་ཁྲིད་དང་ཡང་ན་སློབ་སྦྱོང་བྱེད་དུ་བཅུག་པ་ རེད། ཉི ན ་ཞི ག ་ལ་མོ ས ་ང་ཚོ ་ ཁྲི ད ་དེ ་ རྩེ ད ་དུ་སོ ང ་ནས་ངཚོ འི ་ འཛི ན ་གྲྭའི ་ སློ བ ་གྲོགས་བཀྲ་ཤི ས ་ཀྱི ས ་སྙན་ འཇེབས་ལྡན་པའི་གླུ་དབྱངས་ཤིག་བླངས་བ་ན། དགེ་རྒན་གྱིས་ང་ཚོར་འདི་ལྟར་བཤད་དེ། མི་ཞིག་ཡིན་ན་སློབ་ སྦྱོང་དང་སྒྲིག་ལམ། གླུ་དབྱངས། རྩེད་མོ་སོགས་ཕྱོགས་གང་ཐད་ནས་བཟང་ན་ད་གཟོད་སློབ་མ་ཡ་རབས་ཚད་ ལྡན་ཡིན་ཟེར། དུས་དེ་ནས་བཟུང་སྟེ་ངའི་དགེ་རྒན་གྱི་སྐད་ཆ་བཤད་པ་དེ་སེམས་ལ་དམ་པོ་བཟུང་སྟེ་ངས་ ཕྱོགས་གང་ཐད་ལ་ཧུར་བརྩོན་བྱས་པ་ཡིན།

ཕ་ཡུལ་འབྲོག་རུ་བོན་སྐོར། ཏིང་འཛིན་སྒྲོལ་མ།

ང་རང་ག་ས་གང་དུ་སོང་ཡང་ནམ་ཡང་བརྗེད་པར་དཀའ་བའི་ཕ་ཡུལ་དེ་ནི་ལྷུང་ལྷུང་དལ་གྱིས་འབབ་ པའི་བྱ་ཆུ་རིང་མོའ་ི འགྲམ་ངོགས་སུ་གནས་ཡོད་ལ་སྐྱིད་པའི་སྨན་ལྗོངས་ཤིག་སྟེ་བྱ་གཞུང་གསེར་ལྡན་རིང་མོའ་ི ཕང་བར་ཆགས་པའི་་ཕ་ཡུལ་བོན་སྐོར་རེད། ཕ་ཡུལ་དེ་ན་མིག་ལ་མཛེས་ཤིང་ཡིད་དུ་འོང་བའི་རྩྭ་ཐང་དང་རྣ་ ལ་སྙན་ཞིང་ལྷུང་ལྷུང་དལ་གྱིས་བཞུར་བའི་བྱ་ཆུ་སྔོན་མོ་བཅས་ཡོད། ཕ་ཡུལ་ལགས།

ཕ་ཡུལ།

ཁྱེད་ནི་ནམ་ཡང་ང་རང་འཚར་ལོངས་བྱུང་སའི་གཞིས་ཁྱིམ་དྲོན་མོ་ཡིན། 34


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

ངས་ཁྱེད་ཀྱི་མཛེས་ཤིང་ཡིད་དུ་འོང་བའི་རྩྭ་ཐང་དང་བྱ་ཆུ་སྔོན་མོ་། སྡོང་པོ་བཅས་ལ་སྲུང་སྐྱོབ་ལེགས་པོ་ཞིག་ བྱེད་རྒྱུ་ཡིན། ཚན་རིག་དར་རྒྱས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་བ་ཅི་འདྲ་བཏང་ཡང་། བདག་གིས་གཞིས་ ཁྱིམ་ལྟ་བུའི་ཕ་ཡུལ་གྱི་གོམས་སྲོལ་འདི་དག་ལ་སྲུང་སྐྱོབ་དམ་པོ་བྱེད་རྒྱུ་ཡིན།

ལམ་བུ་འདིར་ཀྱག་ཀྱོག་ཇི་འདྲ་མང་རུང་། ང་ཚོ་ད་དུང་མདུན་དུ་བསྐྱོད་དགོས། ------མཐོ་རྒྱུགས་ལ་ཞུགས་པའི་སློབ་གྲོགས་ཡོངས་དང་རང་འཛིན་གྲྭའི་སློབ་ གྲོགས་ཡོངས་ལ་སེམས་གཏམ་ཞིག་གི་ཚབ་དུ་ཕུལ། བྱ་གཞུང་ཀུན་དགའ་དོན་གྲུབ།

ངས་དྲན་འཛིན་གྱི་མེ་ལོང་ངོས་སུ་ནམ་ཡང་བརྗེད་ཐབས་མེད་པ་ནི་ངའི་ཡ་ཆུང་གི་སྙིང་དང་ཡ་ཐོད་ཀྱི་ མིག་དང་མཚུངས་པའི་སློབ་གྲོགས་དག་རེད། འུ་ཅག་གི་སྔོན་བསགས་ལས་དབང་གི་བཀོད་སྒྲིག་འོག་ཤེས་བྱའི་ དགའ་ཚལ་འདི་རུ་ལྷན་འཛོམ་བྱུང་ལ། ཕུ་ནུ་མི་སྲིང་ལྟ་བུའི་བརྩེ་སེམས་ཆགས་ཡོད། དེ་བས་ད་ལྟའི་དུས་ སྐབས་འདི་ལྟ་བུ་ཞིག་ལ་མཚོན་ནས་བཤད་ན། འུ་ཅག་ནི་བྱ་རྒོད་པོ་ཞིག་ཡིན་ན་ནམ་འཕང་གཅོད་རན་ཡིན་ལ་ ཉ་གསེར་མིག་ཅིག་ཡིན་ན་འཁྱུགས་རྩལ་ངོམ་རན་ཡིན་པས། མདུན་ཕྱོགས་ཀྱི་ལམ་བུ་འདི་གཡང་གཟར་དང་ གྲོག་རོང་། ཀྱག་ཀྱོག་ཇི་འདྲ་མང་རུང་མགོ་མི་སྒུར་བར་མདུན་དུ་བསྐྱོད་དགོས། བཀུར་འོས་བའི་སློབ་གྲོགས་ཚོ། ཁྱོད་ཚོ་ཡིད་མ་ཆད། ཞེ་མ་སྡུག་བློ་མ་ཕམ། ཕ་མས་འུ་ཅག་ལ་སྤྲད་ པའི་མགོ་བོ་མཐོན་པོ་དེ་མི་སྒུར་པར་དགྱེ་ནས་སོང་དང་འུ་ཅག་ལ་ད་དུང་ཕ་མ་དང་དགེ་རྒན། སློབ་གྲྭའི་སློབ་ གྲོགས། གཉེན་ཉེ་སོགས་བགྲང་ན་ནམ་མཁའི་སྐར་མ་དང་འཛིན་མའི་སྟེང་གི་མེ་ཏོག་བཞིན་རྩིས་ན་གྲངས་མི་ ལོངས་བའི་རྒྱབ་རྟེན་ཡོད་པས་དཀའ་ངལ་འདི་ཙམ་གྱིས་དཔའ་ཞུམ་དོན་གཏན་ནས་མེད། བདག་གི་སྙིང་ཉེ་བའི་སློབ་གྲོགས་ཚོ། བོད་མི་རང་གི་ཁ་དཔེ་ལ་སྟག་ཤར་ཞིག་ཡིན་ན་མ་སྨྱོས་གོང་མ་ ཞིག་ཞེས་པའི་དཔེ་བཞིན་དུ། འུ་ཅག་ནི་སྟག་ཤར་ཡིན་པས་དོན་དག་ཆེ་མ་ཆུང་གསུམ་གང་ལ་ཐུག་ནའང་མགོ་ བོ་མི་སྒུར་བ་དང་གནད་འགག་སྐབས་སུ་རང་ཚུགས་མི་ཤོར་བར་མགོ་བོ་དགྱེ་དང་ངས་ཁྱོད་ཚོར་མཚོ་ཆེན་པོ་ ཙད་ཀྱིས་སྐམ་དོན་དང་རི་ཆེན་མོ་མེ་ཡིས་ཚིག་དོན་གྱི་རྒྱུ་མཚན་ཞིག་བཤད། བདག་གི་སྙིང་དང་འདྲ་བའི་སློབ་གྲོགས་ཚོ། བྱུང་ཟིན་བའི་དོན་དག་དེ་ནི་ཞེ་སྡང་དང་འཁོན་སེམས་ ཀྱི་དོན་དག་ཅིག་ཡིན་ནའང་ཆོག འཁྲེང་སེམས་དང་ཞེན་ཆགས་ཀྱི་དོན་དག་ཅིག་ཡིན་ནའང་རུང་། གང་ ལྟར་བྱུང་ཟིན་པ་ནི་ལོ་རྒྱུས་ཡིན་པས་དེ་ལ་ལེ་བདའ་དང་འཁང་ར་ཡིས་ཅི་ཕན། ད་ལྟ་ནི་མི་ཚེ་ཞིག་གི་དཀྱོག་ མཚམས་ཡིན་པས། ཧ་ཅང་གལ་ཆེ་བའི་གནས་སྐབས་ཀྱི་དོན་དག་འདི་ཙམ་ལ་མགོ་འཁོར་ནས་མི་འདུག་པར་ ཉིས་སྟོང་བཅུ་གཉིས་ལོའ ི་གཡུལ་ས་དེ་ལས་རྣམ་པར་རྒྱལ་བར་གྲ་སྒྲིག་དང་འཆར་གཞི་ལེགས་པོ་རེ་འཐེན་བཞིན་ སློབ་སྦྱོང་ལ་བརྩོན་དགོས། 35


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

བདག་གི་ཨ་མ། དཀར་མཚོ་སྐྱིད། (ལོ་རིམ་ལྔ་བའི་འཛིན་གྲྭ་དང་པོ།)

བདག་གི་ཨ་མ་ནི་བྱམས་བརྩེ་ཡི་འོ་མཚོ་འཁྱིལ་ཞིང་གཞུང་རྒྱུད་སྨྱུག་མ་ལས་དྲང་བའི་མི་ཞིག་ཡིན། མོ་ ནི་འབའ་འབའ་ལུ་གུའི་འབའ་སྐད་དང་ཐུལ་དཀར་འབྲི་མོའ ི་ངུར་སྐད་ཁྲོད་ནར་སོན་པ་ཡིན། མོ་ནི་གཟུགས་རིང་ ཞིང་ཤ་རིད་པ་དང་། ད་དུང་སྣུམ་ཞིང་ནག་པའི་སྐྲ་ལོ་ལྡན། ཨ་མས་དུས་རྒྱུན་ང་ལ་སློབ་གསོ་བཏངས་ནས་སློབ་ སྦྱོང་ལ་ཧུར་བརྩོན་དང་སློབ་གྲོགས་ཕན་ཚུན་ལ་མཐུན་སྒྲིལ་རོགས་རམ་བྱེད་དགོས་ཟེར། དགུན་གནང་སྐབས་ཀྱི་ཉིན་ཞིག་གི་སྔ་དྲོར་ང་རང་ཨ་མ་དང་ལྷན་དུ་ལུག་རྫི་ལ་སོང་། ཉི་མ་བཞུད་ལ་ཉེ་ བའི་སྐབས་དེར་ཨ་མ་དང་ངེད་གཉིས་ཀྱིས་ལུག་ཕྱིར་ཡུལ་ལ་དེད་ཡོང་། སྐབས་དེར་ཨ་མའི་གདོང་གི་རྔུལ་ཆུ་དེ་ མཐོང་ནས་ངའི་སེམས་སུ་ཨ་མས་ནི་ངེད་མིང་སྲིང་གསུམ་གྱི་ཆེད་དུ་འདི་འདྲའི་སྡུག་མང་བོ་མྱོང་གི་ཡོད་པ་རེད་ ཨང་། དེ་ནས་ང་རང་མྱུར་དུ་ཁྱིམ་ལ་སོང་ནས་ཆུ་དྲོ་འཇམ་ཁྱེར་ཡོང་ནས་ཨ་མ་ལ་རྐང་པ་བཀྲུ་ཞེས་ཞུས་པས་ ཨ་མའི་གདོང་ལ་ལྷད་མེད་ཀྱི་འཛུམ་ཞིག་ལངས་ནས་ངས་གཅེས་ཕྲུག་མའི་ཨ་མར་ཞབས་ཞུ་བྱེད་པའི་སྲོལ་ཤེས་ ཡོད་ཟེར། ཨ་མའི་སྐད་ཆ་དེ་ཐོས་རྗེས་དགའ་སྣང་སྐྱེས་ནའང་། ཨ་མའི་རྐང་བ་མཐོང་ན་ཡིད་སྐྱོ་བ་ཞིག་རེད། ངའི་རྐང་པ་ནི་དེ་འདྲའི་འཇམ་ཞིང་དཀར་ལ། འོན་ཀྱང་ཨ་མའི་རྐང་པ་ནི་དེ་འདྲའི་ནག་ཅིང་རྩུབ། དེ་མཐོང་ ནས་ང་རང་ཡིད་སྐྱོ་ནས་རང་དབང་མེད་པར་མིག་ཆུ་ཤོར་སོང་། ཕ་མ་གཉིས་ཀྱིས་ངེད་མིང་སྲིང་གསུམ་གྱི་ཆེད་དུ་འདི་འདྲའི་དཀའ་སྡུག་མྱོང་གི་ཡོད་པས་ང་ཚོས་ནམ་ ཡང་ཕ་མ་ཟུང་གི་བཀའ་དྲིན་བརྗེད་མི་རུང་། དུས་དེ་ནས་བཟུང་བདག་གི་སེམས་སུ་འཇིག་རྟེན་ན་ཆེས་བླ་ན་ མེད་པ་ནི་ཨ་མའི་བྱམས་བརྩེ་ཡིན་ལ། ཆེས་གཞལ་བར་དཀའ་བའང་ཨ་མའི་དྲིན་ལན་ཡིན་པས། ང་ཚོའི་ཕ་མ་ དང་དགེ་རྒན་རྣམ་པའི་རེ་བ་སྟོང་ཟད་དུ་གཏོང་མི་རུང་།

36


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

སྟོན་མཇུག གནམ་མོ་འཚོ།

མཛེས་ཤིང་ལྟ་ན་སྡུག་པའི་སྟོན་མཇུག་སླེབས་སོང་། གཤོག་འགྱུར་གྱིས་གར་སྟབས་བསྒྱུར་བའི་ཁྲུང་ཁྲུང་ རྣམས་ཁྱུ་དང་ཁྱུ་བྱས་ནས་ལྷོ་ཕྱོགས་ཚ་བའི་ཡུལ་ལ་འཕུར་བྱུང་། སྟོན་མཇུག་སླེབས་བྱུང་། ས་སྒང་ཧྲིལ་བོ་གསེར་ མདོག་ལྡན་པ་ཞིག་ཡིན། བྱ་དང་བྱེའུ་རྣམས་ཀྱིས་བདག་གིས་ཡུན་རིང་ལ་རེ་སྒུག་བྱས་ཡོད་པའི་སྟོན་མཇུག་ སླེབས་བྱུང་ཟེར་ནས་སྐད་སྙན་སྒྲོག་བཞིན་ཡོད། གསེར་མདོག་ལྡན་པའི་སྟོན་མཇུག་སླེབས་བྱུང་། ཞིང་བ་རྣམ་ པའི་ངོ་གདོང་ལ་དགའ་སྤྲོའ ི་ཁེངས་ནས་ཞིང་འབྲེག་བཞིན་ཡོད། སྟོན་མཇུག་གི་རླུང་བུ་དལ་བུར་ལྡང་ཞིང་ལོ་ ལེགས་ཀྱིས་མགོ་ལྕོག་ལྡེམ་ལྡེམ་གཡོ་བཞིན་ཡོད། ཉི་ཟེར་ལྟ་བུའི་སྟོན་མཇུག་སླེབས་བྱུང་། ཁྱོད་ཀྱིས་གཟིགས་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་ས་རྡུལ་དང་རྟའི་འཚེར་སྒྲས་ཁེངས་འདུག སྟོན་མཇུག་ལ་དབྱར་ཁ་ལྟ་བུའི་མེ་ཏོག་གི་དྲི་ཞིམ་མེད་ལ། དགུན་ཁ་ལྟ་བུའི་འཁྱག་རོམ་གྱི་གྲང་ངར་མེད། ཡིན་ ན་ཡང་། སྟོན་མཇུག་གི་བསིལ་རླུང་ལྡང་བ་དང་ལྷན་དུ་སེར་ལམ་ལམ་གྱི་སྡོང་ལོ་རྣམས་ཕར་གཡོ་ཚུར་གཡོ་བྱེད་ བཞིན་ས་ལ་བབས་ཚེ། ཁེར་རྐྱང་དུ་འགྲོ་སྐབས་སྐྲག་སྣང་གི་ཚོར་བ་ཞིག་སྟེར། སྟོན་མཇུག་སླེབས་བྱུང་། སྟོན་ མཇུག་འདི་མིག་གིས་མཐོང་རྒྱུ་མེད་པར་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། སྟོན་མཇུག་ སླེབས་སྐབས། རྩྭ་དང་རྩི་ཤིང་ཐམས་ཅད་ཀྱིས་ལྗང་མདོག་གི་ལྭ་བ་བརྗེ་བྱུང་། ཞིང་བ་རྣམས་ཆེས་བྲེལ་འཚུབ་ ཆེ་བའི་དུས་ཚིགས་ནི་སྟོན་མཇུག་ཡིན། སྟོན་མཇུག་འདས་རྗེས་ཞིང་བ་རྣམས་ཀྱིས་གདོང་ལ་ལོ་ལེགས་ཀྱི་འཛུམ་ མདངས་རྒྱས་ནས་སྐྱིད་པའི་དཔལ་ལ་རོལ་བཞིན་མཆིས། ཡིན་ཡང་། སྟོན་མཇུག་ནི་མིག་བཙུམ་དབང་ཙམ་གྱིས་ ཕར་ལ་སྐྱེལ་བྱུང་། སྟོན་མཇུག་ལགས། ང་རང་ཆེས་དགའ་བ་ནི་ཁྱེད་ཡིན་ལ་ཆེས་དུང་བའང་ཁྱེད་ཡིན་ནོ།

བགྲོ་གླེང་བ་དང་གཟབ་ཉན། བྱ་མདོ་རིན་བཟང་།

གནད་དོན་ཅན་གྱི་བགྲོ་གླེང་དང་རྩེད་འཇོའ་ི སྐབས་ཀྱི་བགྲོ་གླེང་གང་ཡིན་ཡང་ངེས་པར་དུ་ཤེས་དགོས་ པ་ནི། བགྲོ་གླེང་དེའི་སྒྲིག་གཞི་དང་འཆར་འགོད་ག་འདྲ་ཡིན་པ་ཧ་གོ་རྒྱུ་དེ་རེད། དེ་ནི་ཕྲ་ཞིང་ཞིབ་པ་དང་ ཚགས་སུ་ཆུད་པའི་དོ་དམ་པའི་ལྟེ་གནས་ཤིག་ཀྱང་ཡིན། ད་ལྟ་ན་གཞོན་མང་བོ་ཞིག་གིས་རང་མོས་དང་འདྲ་ མཉམ་གྱི་བགྲོ་གླེང་ཟེར་བའི་མིང་ཚིག་ཐོད་ལ་བཟུང་ནས་ཁ་ནས་གང་ཐོན་དང་སེམས་ལ་གང་དྲན་ལྟར་བཤད་པ། བགྲོ་གླེང་བ་སོ་སོའ་ི སྐད་ཆ་གང་ཡིན་ན་ཡང་བརྩི་བཀུར་དང་གཟབ་ཉན་མི་བྱེད་པར་ཁྱོད་སྡོད་ངས་བཤད་ཟེར་ བའི་ངར་ཤུགས་དང་རྫིགས་ཉམས་སྟོན་པ་ནི་རྦད་དེ་ནོར་བའི་ལམ་ཀ་ཞིག་དང་བགྲོ་གླེང་གི་གོ་རིམ་ཞིག་མིན་ པར་འཕྲོད་དགོས་རྒྱུ་གལ་ཆེན་པོ་ཞིག་རེད། ས་སྒང་འདིར་ཨ་རི་བ་ལས་རང་དབང་དང་འདྲ་མཉམ་མེད་ལ། ཁོ་ ཚོའི་ཚོགས་འདུ་ཆེ་མ་ཆུང་གསུམ་གང་ཡིན་ཡང་སྒྲིག་ལམ་མང་བ་དང་ཞིབ་ཆ་དོད་པོ་དེ་འདྲ་མི་སུ་ལ་ཡང་མེད། ཨ་རི་བ་ལ་༼རཱ་བྷར་ཁྲི་ཡི་གྲོས་དོན་བགྲོ་བའི་སྒྲིག་ལམ་༽ཞེས་པའི་དེབ་རྒན་ཞིག་ཡོད་པ་འཛམ་གླིང་ན་སྐད་ 37


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

གྲགས་ཆེ་བའི་དེབ་ཀྱི་རྩེར་སོན་ཡོད། དེབ་དེའི་ཁ་བྱང་ལ་དབྱིན་ཡིག་ཏུ་༼Robert’s Rules of Oder༽ཟེར། དེབ་དེ་སྤྱི་ལོ་༡༨༧༦ལོའ ི་ཟླ་བ༢པའི་ཚེས་༡༩ཉིན། ཧན་རོས་མར་ཁྲུན་རཱ་བྷར་ཁྲི་ཡི་གྲོས་དོན་བགྲོ་བའི་སྒྲིག་ལམ་གྱི་ ལག་དེབ་ཆུང་ངུ་ཞེས་པ་དཔེ་སྐྲུན་བྱས། རིང་བོ་མ་ལོན་པར་དར་ཁྱབ་ཆེན་པོའ ི་རྒྱལ་ཡོངས་ལ་ཁྱབ། ༡༩༡༥ལོར། ཇོའུ་ནེ་རལ་ཟེར་བའི་དམག་དཔོན་ཞིག་གིས་རཱ་བྷར་ཁྲི་ཡི་དེབ་དེར་བཟོ་བཅོས་བརྒྱབས་ནས་གོ་ཐོབ་རགས་ བསྡུས་ནས་༼རཱ་བྷར་ཁྲི་ཡི་གྲོས་དོན་བགྲོ་བའི་སྒྲིག་ལམ་༽ཞེས་མིང་བཏགས་ནས་དཔེ་སྐྲུན་བྱས་ཏེ་ས་ཡ་གཉིས་ ལྷག་བཙོངས་པ་མ་ཟད། དེབ་དེ་ཨ་རི་མི་མང་གི་ཚོགས་འདུའི་སྒྲིག་ཡིག་ཚད་ལྡན་དུ་གྱུར་སོང་བ་རེད། ཁོའ ི་ བུ་རབས་ཚ་རྒྱུད་དང་རྩོམ་སྒྲིག་པ་ཐམས་ཅད་ཀྱིས་བཟོ་བཅོས་རེ་བརྒྱབས་ནས་དཔར་སྐྲུན་མུ་མཐུད་དུ་བྱས་པ་ རེད། ༡༩༤༣ལོར་དེབ་དེ་ཐེངས་ལྔ་བར་དཔར་སྐྲུན་བྱས། ༡༩༧༠ལོར་དཔར་གཞི་གསར་བ་སྒྲིག་ནས་དཔར་བ་ རེད། དེའི་བརྗོད་བྱ་གཙོ་བོ་ནི་ཚོགས་འདུའི་འགོ་འཛིན་པས་བརྩི་སྲུང་བྱེད་རྒྱུ་དང་། ཚོགས་འདུའི་དྲུང་ཡིག་ གིས་བརྩི་སྲུང་བྱེད་རྒྱུ། ཚོགས་འདུ་བ་དཀྱུས་མ་དག་གིས་བརྩི་སྲུང་བྱེད་རྒྱུ། བསམ་འཆར་མི་མཐུན་པ་བཤད་ན་ ཡང་དམིགས་བསལ་གྱི་སྒྲིག་ལམ་ཡོད་ལ། ལྟ་ཚུལ་མི་མཐུན་པ་བཤད་ན་ཡང་དམིགས་བསལ་གྱི་སྒྲིག་ལམ་ཡོད། གནད་དོན་དང་གནད་འགག་སྐབས་སུ་མང་མོས་ཐག་གཅོད་སྟངས་ཐད་ཀྱི་སྒྲིག་ལམ་ཡོད། རྙོག་དྲྭ་ཅན་གྱི་བྱ་ བའི་ཐད་ནས་སྒྲིག་ལམ་ཡོད་ཚད་གནད་ལ་ཁེལ་བའི་རྩ་དོན་དགོས། དཔེར་ན། གཞན་གྱིས་བཏོན་པའི་གྲོས་གཞི་ ལ་ཐུན་མོང་གི་གྲོས་འཆར་ལྟར་ཐག་གཅོད་རྒྱུ། ཚོགས་འདུའི་སྐབས་འཕྲད་དུ་བཏོན་པའི་གྲོས་འཆར་ལྟར་ཐོལ་ བྱུང་གི་གྲོས་འཆར་ཐག་གཅོད་རྒྱུ། མི་རེ་གཉིས་ཀྱི་འདོད་བློ་དང་མ་མཐུན་པར་ངོ་རྒོལ་བྱུང་ན་ངོ་རྒོལ་གྱི་རྒྱུ་རྐྱེན་ ལ་བརྟག་ནས་ཐག་གཅོད་དང་གྲོས་འཆར་བཟོ་རྒྱུ། དམིགས་བསལ་དང་གནད་འགག་ལ་ཁ་གཏད་པའི་སྒྲིག་ལམ་ དག་ནི་རྩོད་ཉོག་ཅན་གྱི་བྱ་བར་གཡོལ་ཆེད་དུ་ཡིན་པ་ཡང་ཡོད། ཨ་རི་སོགས་སུ་ད་ལྟ་ཚད་ལྡན་སྐབས་སུ་ཁ་ འཛིང་རིགས་འགོག་བྱེད་ཀྱི་སྒྲིག་ལམ་ཞིབ་ཚགས་དང་གནད་འགག་ཅན་མང་། བགྲོ་གླེང་བ་སུ་ཡིན་ཡང་དང་བོ་རང་ཉིད་ལ་གཏམ་བཤད་པའི་དུས་ཚོད་ཡོད་མེད་ལ་བརྟག་དགོས། ཡོད་ན་དུས་ཚོད་ག་དུས་ཡིན་མིན་ལ་དང་། རང་ཉིད་ཀྱི་གླེང་གཞི་དང་བོ་ནས་གང་ཐད་ལ་བབས་ཡོད་ན་དེ་ལ་ འདང་ཚོད་དང་བསམ་བློའ ི་གཏིང་ནས་བྱང་ཆ་ཅུང་ལྡན་དགོས། སོ་སོའ ི་བསམ་འཆར་དང་ལྟ་ཚུལ་བརྗོད་སྐབས། བཤད་ས་དེ་ནི་ཚོགས་འདུའི་འགོ་འཛིན་པ་དང་ཡང་སྤྱིར་བཏང་ལྟར་བཤད་དགོས་པ་ལས་རང་དང་བསམ་ འཆར་མི་མཐུན་པའི་བསམ་འཆར་འདོན་མཁན་ཕ་རོལ་བོ་དེ་མིན། བགྲོ་གླེང་སྐབས་སུ་ཕན་ཚུན་ཤགས་འགྱེད་ དང་རྩོད་གླེང་བྱུང་རྒྱུ་དེ་ནི་བགྲོ་གླེང་ལ་གུས་བཀུར་དང་བརྩི་འཇོག་མེད ་པའི་རྣམ་འགྱུར་ཡིན ་པས་མཐའ་ གཅིག་ཏུ་སྤང་བྱ་ཡིན། བགྲོ་གླེང་གི་ཁོར་ཡུག་དེ་ནི་ལྷོད་ལྷོད་ངང་གནས་རྒྱུ་ལས་རྩོད་ར་ཞིག་ཏུ་བསྒྱུར་མི་རུང་། སྒྲིག་ལམ་གྱི་ སྟངས་འཛིན་དང་འཆར་གཞི་ལྟར་རང་རང་གི་ལྟ་བ་དང་ལྟ་ཚུལ་གླེང་རྒྱུ་ལས། རང་རང་གི་གནས་སྐབས་ཀྱི་ཁེ་ ཕན་ཆེད་དང་ཁྱོད་སྡོད་ངས་བཤད་སོགས་མདུང་རྩེ་ཁ་སྤྲོད་ལྟ་བུ་རྩ་བ་ནས་གནས་མི་རུང་། གནས་ལུགས་ནི་ གནས་ལུགས་ཀྱི་ཆེད་དུ་དང་སྤྱི་དམངས་ཀྱི་ཆེད་དུ་བཤད་རྒྱུ་ལས་ཁྱོད་དང་ངའི་ཆེད་དུ་བཤད་མི་རུང་། སྣ་ མང་སྣེ་འཛོམས་ཡིན་པའི་ཨ་རི་རྒྱལ་ཁབ་ལ་མཚོན་ན་ཡང་རང་དབང་དང་འདྲ་མཉམ་གྱི་ལྟ་ཚུལ་ག་འདྲ་ཤུགས་ ཆེ་ན་དེ་ཙམ་གྱི་སྒྲིག་ལམ་གྱི་དོན་ཚན་དག་ཞིབ་ཕྲ་དང་ཚགས་དོད་པོ་བྱེད་དགོས་པ་ནི་དམངས་གཙོ་ལྟ་གྲུབ་ 38


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

མངོན་འགྱུར་གྱི་དགོས་ངེས་ཨང་དང་བོར་འཇོག་གི་ཡོད། རང་སྣང་གང་དྲན་དང་རང་ལྟ་མཆོག་འཛིན། ཁ་རྩོད་ཤགས་འགྱེད་ཁོ་ནས་དུས་འདའ་བ་ནི་གཅིག་གྱུར་ གྱི་གྲོས་ཆོད་ཅི་ཡང་འབྱུང་མི་སྲིད་པ་དང་གྲུབ་འབྲས་གང་ཡང་འབྱུང་མི་སྲིད། འོན་ཀྱང་རཱ་བྷར་ཁྲི་ཡི་༿གྲོས་ དོན་བགྲོ་བའི་སྒྲིག་ལམ་༾ལྟ་བུའི་འོག་ནས་བགྲོ་གླེང་བྱས་ན། ཡོད་ཚད་དང་ཐམས་ཅད་རིམ་པ་ཅན་དང་། བརྒྱུད་ རིམ་ཅན། སྒྲིག་གཞི་ཅན་གྱི་སྒོ་ནས་ཐག་ཆོད་དོ། འགལ་སྤང་བླངས་དོར་གྱི་གནས་རྣམས་ནས་བདེ་ལེགས་ངང་ བགྲོད་པའི་ལམ་དེ་གལ་ཆེན་ཡིན། མི་ཟེར་བ་འདི་འཕྲལ་དུ་གནས་ལུགས་ལ་མཉམ་འཇོག་བྱེད་མཁན་ཞིག་རྩ་བ་ནས་མིན་ལ། ཁེ་ཕན་ གྱི་འགལ་རྩོད་དང་རང་མོས་ཀྱི་ལྟ་གྲུབ་གང་རུང་གིས་རྐྱེན་བྱས་ཏེ་ཕན་ཚུན་གྱི་བསམ་ཚུལ་མི་མཐུན་པ་མང་ བོ་ཞིག་འབྱུང་ཉེན་ཡོད། དེའི་ཕྱིར་ཕྱོགས་གཅིག་གིས་རང་ལུགས་དང་གནས་ལུགས་གསལ་རྗེན་དུ་བསྟན་ན་ ཡང་། ཕྱོགས་གཅིག་ཤོས་དེའི་རྣ་བའི་ཟུར་ཙམ་ལ་ཡང་འགྲོ་དཀའ་སྟེ། དང་བོ་སོ་སོའ ི་༿རང་མོས་༾ཟེར་བ་དང་ ༿དམངས་གཙོ་༾༿འདྲ་མཉམ་༾ཟེར་བའི་ཡིག་འབྲུ་འགའ་རེ་གནས་ལུགས་ལ་བཞག་ནས་སྐད་ཆ་མི་བཤད་རྒྱུ་དེ་ གལ་ཆེན་པོ་རེད། ཁ་ལྕེ་བདེ་མིན་དང་སྐད་གསེང་མཐོ་མིན། སྐད་ཆ་བཤད་ཤོམ་དང་ངག་བདེ་མིན་ཙམ་ལ་མ་ ལྟོས་པར་གནས་ལུགས་དང་བདེན་དོན་ལ་ཉན་རྒྱུ་དེ་རེད། གནས་ལུགས་ནི་གནས་ལུགས་ལྟར་འཇོག་རྒྱུ་ལས་ངོ་ སོ་དང་ཁྱོད་དང་ངའི་ཆེད་དུ་བགྲང་རྒྱུ་དེ་མིན། མདོར་ན། བགྲོ་གླེང་ཟེར་བ་དེ་གཞན་གྱི་སྐད་ཆ་ལ་བརྩི་བཀུར་བྱེད་རྒྱུ་དང་། བསམ་བློ་བརྗེ་རེས་བྱས་ ནས་བློ་བསྐྱེད་ཨེ་རེག་བལྟ་རྒྱུ་དེ་ཡིན། གཟབ་ཉན་ཟེར་བ་ནི་ཁ་ལྕེ་བདེ་མིན་ལ་ཉན་རྒྱུ་དེ་མིན་ལ་གནས་ལུགས་ དང་དྲང་བདེན་འཚོལ་རྒྱུ་དེ་ཡིན།

དཔྱིད་དཔལ། བཀྲ་ཤིས་བཟང་མོ། (དམའ་གཉིས་བདུན་པ།)

ལོ་ཟླའི་འཁོར་ལོ་བར་མེད་དུ་འཁོར་བའི་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ནོར་འཛིན་སྒེག་ མོ་གཏི་མུག་གཉིད་ལས་སངས་ཏེ་ལྗང་མདོག་གི་མྱུ་གུ་དལ་གྱིས་འབུས། དཔྱིད་རླུང་བུ་མོའ ི་གདངས་དབྱངས་ གཅིག་གིས་མུ་མེད་ཀྱི་རི་ལུང་ཐང་གསུམ་ལ་ལྗང་མདོག་གི་མཛེས་ཆས་སྒྲོན་བཞིན་པ་ནི་འཕེལ་རྒྱས་གསར་བ་ ཞིག་ལ་མགོ་བརྩམས་པ་མ་ཡིན་ནམ། དཔྱིད་ཀའི་མཛེས་སྡུག་ནི་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་ཕོ་ཉ་ལེགས་པས། འདི་ལ་ཡིད་སྨོན་གྱི་ མེ་ཏོག་མི་གཏོར་མཁན་སུ་ཞིག་མཆིས། དཔྱིད་ཀ་ནི་འཇིག་རྟེན་གྱི་སྐྱེ་དངོས་ཡོད་ཚད་ལ་གསོན་ཤུགས་སྦྱིན་པའི་ དུས་ཚིགས་ཤིག་ཡིན་པས། ང་ཚོས་ནམ་ཡིན་ཡང་དཔྱིད་ཀའི་དཔལ་བཟང་དེ་ལ་བླ་མེད་ཀྱི་མཛད་རྗེས་དང་ དགེ་མཚན་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་གཟེངས་བསྟོད་ཀྱི་མཐེ་བོང་བསྒྲེང་ཆོག

39


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

དེ་བས་བྱ་བྱིའུ་སྣ་ཚོགས་ཀྱི་གསུང་དབྱངས་དང་རྫི་བོའ་ི སྙན་འཇེབས་ཀྱི་གླུ་སྐད་ཐོག་རེག་མེད་པར་ མཁའ་མཐའ་ནས་མཁའ་མཐར་མཆེད་ནས་དཔྱིད་དཔལ་ལ་རོལ་བཞིན་ཡོད། རྫ་ཆུ་དྭངས་མོ་ཞིག་མཛེས་སྡུག་ གིས་བཞུར་བའི་གོ་རིམ་དང་། དཔྱིད་དཔལ་ལ་རི་དྭགས་རྣམས་ཤ་ཤེད་རྒྱས་སུ་འཇུག་པའི་སྙིང་སྟོབས་ཡོད། རེད་ཡ། ང་ཚོས་ནམ་ཡིན་ཡང་དཔྱིད་དཔལ་ལ་རེ་སྒུག་དང་ཡིད་སྨོན་བྱེད་བཞིན་ཡོད།

མཛའ་མཐུན་དགེ་རྩ་ཚོགས་པའི་རང་བཞིན་བརྗོད་པའི་གཏམ་བུམ་པའི་ཁ་བརྒྱན། འཇམ་དཔལ་རྒྱལ།

ནུབ་ཕྱོགས་ཆུ་ལྷའི་ཡུལ་དུ་གྲགས་པའི་ཞིང་ཁམས་ཀྱི་འགྲོ་བ་སེམས་ཅན་སྤྱི་ལ་མིའི་རིགས་ཀྱི་ལོ་རྒྱུས་ སྟེང་དུ་ཧ་ཅང་གནས་བབ་སྡུག་པའི་གྲལ་རིམ་གྱི་འཐབ་རྩོད་མང་བོའ ི་དཀའ་ངལ་མྱང་བའི་མཐའ་འབྲས་སུ་མིའི་ རིགས་ལ་བྱམས་དང་སྙིང་རྗེ་ཡིས་ཀུན་ནས་བརླབས་པའི་སེམས་བཟང་བོ་ཞིག་ཅིས་ཀྱང་དགོས་པའི་བླངས་བྱ་ རྙེད་ནས་ཕྱི་དངོས་པོའ་ི དཔལ་འབྱོར་དང་ནང་བསམ་པའི་ཡོན་ཏན་གྱིས་ཕྱུག་པའི་མི་སྒེར་དང་དེ་ལས་གཞན་ པའི་མང་ཚོགས་ཀྱི་ཚོགས་པ་གང་རུང་ཕྱོགས་དང་ཕྱོགས་སུ་བྱུང་ནས་དཀའ་ངལ་ཡོད་པའི་འགྲོ་བ་སེམས་ཅན་ ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་བོ་གྲུབ་པའི་རྒྱུ་མ་རིག་པ་སེལ་བའི་ཤེས་བྱའི་རྣམ་གཞག་གི་སྐོར་དང་ཕྱི་དངོས་ པའི་དཔལ་འབྱོར་གྱི་ཕྱོགས་ལ་རོགས་སྐྱོར་གང་ལེགས་བྱས་ནས་མིའི་རིགས་ཀྱི་བདེ་སྐྱིད་ཐུན་མོང་གི་སྟོབས་ ཤུགས་ཀྱིས་བསྐྲུན་དང་སྐྲུན་བཞིན་ད་ལྟའི་བར་དུ་རྒྱུན་མ་ཉམས་པར་ཡོད་པ་འདི་དེང་རབས་འཛམ་གླིང་གི་ བརྗོད་དོན་གཙོ་བོ་ཞི་བདེ་དང་འཕེལ་རྒྱས་ཀྱི་རྩ་བ་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ལ་རེ་སྨོན་གྱི་རླུང་རྟ་སྐུར་བ་ དང་གཉིས་སུ་མེད་དོ། ད་ལྟ་ཡ་གླིང་དུ་གྲགས་པའི་ཤར་ཕྱོགས་ཀྱི་ཀྲུང་གོའ་ི མི་རིགས་དག་གི་ནང་ཁུལ་དུའང་སེམས་ཅན་ལ་ རོགས་སྐྱོར་བྱེད་པའི་བྱམས་སེམས་ཅན་གྱི་ཚོགས་པ་མང་པོ་བྱུང་འགོ་བརྩམས་ཡོད་པ་འདིས། མི་རིགས་སོ་སོའ ི་ འཛམ་གླིང་རིག་གནས་སྤྱི་ལ་ལྟ་རྒྱ་ཆེ་བའི་ན་གཞོན་ཤེས་ཡོན་ཅན་དང་རྒན་པོ་ཡར་སེམས་ཅན་རྣམས་ཀྱི་བྱམས་ དང་སྙིང་རྗེ་ཡི་རིན་ཆེན་གོང་བུ་གཅིག་ཏུ་སྒྲིལ་ཞིང་རང་གི་ནུས་པ་རྩལ་དུ་སྤྲུགས་པའི་ལྷག་བསམ་དཀར་བོ་ མཚོན་པ་མ་ཟད། མི་རིགས་སོ་སོ་གདོད་མའི་ཁ་ཐོར་གྱི་འཚོ་བ་རོལ་སྟངས་ལས་རྣམ་པར་བརྒལ་ཏེ་དེང་རབས་ ཐུན་མོང་ཅན་དང་འཛམ་གླིང་ཅན་དུ་ཕྱོགས་ཏེ་མིའི་རིགས་སྤྱིའི་སྤྱི་ཚོགས་གནས་ཚུལ་སྣ་ཚོགས་རྒྱུས་ལོན་དང་ འཛམ་གླིང་བརྡ་འཕྲིན་གྱི་ནུས་པ་ཐོན་པའི་ཁྱབ་ཁོངས་སུ་ཚུད་དེ་རིག་པའི་སྒོ་འཕར་ཕྱེས་པའི་རྟགས་མཚོན་ཞིག་ ཅིས་མ་ཡིན། དེ་ཡང་མཛའ་མཐུན་དང་དགེ་སྒྲུབ། བྱམས་དང་སྙིང་རྗེ་སོགས་མིའི་རིགས་ཐུན་མོང་གི་དཀའ་སྡུག་ བསམ་པའི་རྣམ་དཀར་དགེ་བའི་འདུན་པ་འཆིང་བའི་ཚོགས་པ་དག་བྱུང་བ་འདིས། མིའི་རིགས་ནི་གྲལ་རིམ་གྱི་ སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དང་རིང་དུ་བརྒལ་ནས་ཤེས་རབ་ལས་སྐྱེས་པའི་སྙིང་རྗེ་ ཅན་གྱི་སྤྱི་ཚོགས་བཟང་བོ་ལ་ཁ་ཕྱོགས་པའི་གནས་ཚུལ་ཡིན་པ་མ་ཟད། གོ་ལ་གཅིག་གི་ཁྱིམ་ཚང་ལྷན་འཛོམས་ ཀྱི་ཕ་བུ་སྤུན་མཆེད་དེ་འཛམ་གླིང་མི་རིགས་སོ་སོའ ི་འཆམ་མཐུན་དང་འདྲེས་སྡོད་ཀྱི་ཐུན་མོང་སྤྱི་ཚོགས་སུ་གོམ་ ཁ་བླངས་པའི་ངང་ཚུལ་ཡང་མཚོན་ནོ།། 40


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

མཛའ་མཐུན་དགེ་རྩ་ཚོགས་པ་(FCA)ཞེས་པའི་རྣམ་དཀར་དགེ་བའི་ལས་དོན་ལ་འདུན་པ་དཀར་བོ་ ལྷོད་མ་མྱོང་བའི་ཚོགས་པ་འདི་ནི་རང་རྒྱལ་གྱི་དམངས་ཁྲོད་རྩ་འཛུགས་ཀྱི་སྲིད་ཇུས་དང་མཐུན་པའི་སྒོ་ནས་ ༢༠༠༨ལོའ ི་ཟླ༡༠བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་དམངས་སྲིད་ཅུ་ནས་ཐོ་འགོད་བྱས་པ་ནས་དངོས་ སུ་ཚུགས། ཚོགས་པ་འདི་ལ་སྲིད་གཞུང་མ་ཡིན་པ། མི་སྒེར་གྱི་ཁེ་ཕན་མ་ཡིན་པ། ཆོས་ལུགས་ཀྱི་རྩ་འཛུགས་མ་ ཡིན་པའི་རྩ་དོན་ཚང་བ་མ་ཟད། མཚོ་ལྷོ་མང་རྫོང་གཙོ་བོའ ི་མཚོ་སྔོན་ཤར་ཕྱོགས་མི་དམངས་ཀྱི་དཀའ་ཁག་ དང་སྡུག་བསྔལ་སེལ་བའི་ཞབས་ཞུའི་ཁྱབ་ཁོངས་དང་འོས་འགན་ལེན་པའི་ཚོགས་པ་བཟང་བོ་ཞིག་ཡིན། མཛའ་མཐུན་དགེ་རྩ་ཚོགས་པའི་ལྷག་བསམ་གྱི་ཉི་གཞོན་གསར་བའི་གོ་སྐབས་འདི་བརྩོན་ལེན་བྱས་ པ་བརྒྱུད་ནས་རོང་འབྲོག་མི་དམངས་ཀྱི་བསམ་བློའ་ི གོ་རྟོགས་དང་འཚོ་བའི་ཆུ་ཚད་སོགས་ཕྱོགས་ཡོངས་ནས་ འཕེལ་རྒྱས་ཕྱིན་དང་གཏོང་བཞིན་ཡོད་པ་འདིས། དམངས་ཁྲོད་སྤྱི་ཚོགས་ཀྱི་སློབ་གསོ་ལ་ནུས་པ་བླ་ལྷག་ཐོན་ཏེ་ ཉེ་བའི་ལོ་འདི་གར་སྤྱི་ཚོགས་ཀྱི་གནད་དོན་རྣམས་ཀྱང་ལོ་རེ་ནས་ཇེ་ཉུང་དུ་འགྲོ་བཞིན་པའི་སྣང་ཚུལ་མངོན་ གསལ་གདའ། ན་གཞོན་ཤེས་ཡོན་ཅན་རྣམས་ལ་ལག་རྩལ་རིག་གནས་དང་ཚོང་ལས་གཉེར་ཐབས་ཀྱི་གསོ་ སྦྱོང་འཛིན་གྲྭ་བཙུགས་ནས་ཆེད་ལས་རིག་གནས་ཀྱི་ཆུ་ཚད་མཐོར་འདེགས་བྱས་པ་མ་ཟད། སྤྱི་ཚོགས་གནད་ དོན་གང་མང་ལ་དམིགས་ནས་གཞི་རིམ་ན་གཞོན་སློབ་གསོའ་ི གསོ་སྦྱོང་འཛིན་གྲྭ་དང་དཔེ་མཛོད་ཁང་སོགས་ བསྒྲིགས་ནས་ཕྱོགས་ཡོངས་ནས་ཤེས་ཡོན་མཐོར་འདེགས་ཀྱི་ལས་བགྱི་བའི་སྐལ་བ་དམ་པོར་འཇུས་ཡོད། དབྱིན་ཇིའི་སྐད་ཡིག་ལ་ཆག་ཐོགས་བྲལ་ཞིང་འཛམ་གླིང་རིག་གནས་སྤྱི་ལ་མཁྱེན་རྒྱ་ཡངས་བའི་བོད་ རིགས་ན་གཞོན་ཤེས་ཡོན་པ་སྙིང་ལྕགས་རྒྱལ་ནི་མདོ་སྨད་བྱ་གཞུང་དུ་སྐྱེས་ཤིང་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ མཐར་ཕྱིན་ལ། ད་ལྟ་མཛའ་མཐུན་དགེ་རྩ་ཚོགས་པའི་ཚོགས་གཙོའི་འོས་འགན་ཕྲག་ཏུ་བླངས་ནས་དགེ་ཆོས་ཀྱི་ ༼རང་སྡེ་རིགས་ལ་ཞེན་པ་དཀར་བོའ ི་མདངས།། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།། རང་ཡུལ་ཁ་བ་ཅན་ གྱི་མི་རྣམས་ལ།། རང་གི་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ༽ཅེས་པའི་བསླབ་བྱ་དྲན་པའི་གསོས་སུ་བཏབས་ནས་ལས་ དོན་ལ་བརྩོན་ཤུགས་མ་ལྷོད་པར་ཡོ་རོབ་གླིང་གི་དབྱིན་ཇིའི་རྒྱལ་ཁབ་ཁག་སོགས་ལ་བསྐྱོད་དེ་རང་རྒྱལ་གཞི་ རིམ་མང་ཚོགས་ལ་བྱམས་བརྩེའི་ཞབས་ཞུ་སྒྲུབ་བཞིན་ཡོད། ཁོང་གི་མི་ཚེ་ལོ་རྒྱུས་ལ་མྱོང་གོམས་མེད་པ་རྣམས་ ཀྱིས་ཁོང་གིས་བྲིས་པའི་མང་རྫོང་བོད་རིགས་ཤིག་གི་མི་ཚེ་ཞེས་པའི་དབྱིན་ཇིའི་བརྩམས་ཆོས་དེར་མཇལ་ན་ ཤེས་ལ།དེ་མིན་མཛའ་མཐུན་དགེ་རྩ་ཚོགས་པའི་དྲ་ངོས་ www.friendshipcharity.org སུ་ཞུགས་ཀྱང་ཤེས་སླའོ། ཞེས་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའ་ི ཟླ་བ་བཅུ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པར་ནུབ་བྱང་མི་རིགས་སློབ་ ཆེན་གྱི་བོད་རིག་པའི་སློབ་གླིང་གི་རབ་འབྱམས་པ་འཇམ་དཔལ་རྒྱལ་ནས་སྦྱར།

41


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

སློབ་གསོ་ནི་མི་རིགས་ཀྱི་རྨང་གཞི་ཡིན། རྫོང་དཀར་བློ་བཟང་དར་རྒྱས། (རྨ་ལྷོ)

དེ་ཡང་མི་རིགས་གང་དང་གང་གི་གཞི་རྩའི་རིག་གནས་ནི་སློབ་གསོ་ཡིན་པ་དང་། མི་རིགས་གང་ཡིན་ ན་རང་གི་སྐད་ཡིག་ལ་ཕྱིན་པར་སྦྱང་། བོད་རིགས་སློབ་མ་ཡིན་ནའང་ངེས་པར་དུ་ཐོག་མར་བོད་ཡིག་ལེགས་ པོ་ཞིག་སློབ་དགོས། གུང་ཐང་བསྟན་པའི་དབང་ཕྱུག་གིས། ཁྱེད་ལ་རིག་གནས་ཤེས་བྱ་མེད་ན་དཔལ་འབྱོར་ འཛུགས་སྐྲུན་བྱེད་ག་ལ་ཐུབ། ཁྱེད་ལ་སློབ་གྲྭ་མེད་ན་རིག་གནས་ཅི་ལྟར་སློབ། ཁྱེད་ཀྱིས་རྩིས་རྒྱག་མ་ཤེས་ ན་དཔལ་འབྱོར་འཛུགས་སྐྲུན་ཅི་ལྟར་བསྒྲུབ་རྒྱུ། ཆབ་སྲིད་ཐོག་ནས་ཅང་མི་ཤེས་པ་དང་། འཚོ་བའི་ཐད་ནས་ མཐོང་རྒྱ་ཆུང་བ་ཡིན་ན། བདེ་སྐྱིད་ཀྱི་འཚོ་བ་ཅི་ལྟར་རོལ་རྒྱུ་མི་ཤེས་པ་རེད། ཅེས་དང་། ཤེས་རིག་གི་རིན་ཐང་ གཙོ་བོ་ནི་རང་རྐྱ་ཐུབ་པ་ཞིག་ཡོད་མེད་ལ་ཐུག་ཡོད། མི་རིགས་ཤིག་འཚར་ལོངས་བྱུང་དགོས་ན་སྐད་དང་ཡི་གེ་ ཟུང་ནི་དེ་དག་གི་རྩ་བ་རེད། སློབ་གྲྭ་ཆེ་འབྲིང་ཁག་དང་ཆུང་བ་ཡིན་ནའང་འདྲ། རྒྱལ་ཁབ་དང་མང་ཚོགས་ཀྱི་ རྒྱབ་སྐྱོར་ཤུགས་ཆེན་ཐོབ་དགོས་སྙམ། དུས་རབས་བཅུ་གཉིས་པའི་མཇུག་ཏུ་གཡུ་ཐོག་ཡོན་ཏན་གྱིས་བོད་ལྗོངས་སུ་ཐོག་མར་གསོ་བ་རིག་པ་ སོགས་ཀྱི་སྒེར་བཙུགས་ཀྱི་སློབ་གྲྭ་ཆེན་མོ་ཞིག་དཀའ་ངལ་ལ་མ་འཛེམ་པར་བསྐྲུན། དེར་མ་ཟད། དུས་རབས་ བརྒྱད་པའི་ནང་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་འགྲུབ་ནས་སྒྲ་འགྱུར་གླིང་ཞེས་པའི་ སློབ་གསོའ ི་ཕྱོགས་ལ་ཆེད་གཉེར་སློབ་གྲྭ་མང་པོ་ཞིག་བསྐྲུན། རང་ཅག་གི་རིག་གནས་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ ལྷག་གི་ལོ་རྒྱུས་ཡོད་པས། དུས་ཡུན་དེའི་རིང་ནས་སྔོན་བྱོན་མཁས་དབང་རྣམས་ཀྱིས་དཀའ་སྤྱོད་སྡུག་རུས་ཕྲག་ ཏུ་ཁུར་ནས་རྒྱུན་འཛིན་དར་སྤེལ་དེ་ད་སྐབས་བར་ལ་མཛད་ཡོད་པས། དུས་རབས་འདི་སྙེད་ཀྱི་རིང་དུ་དར་ རྒུད་ཇི་སྙེད་ཅིག་བྱུང་ཡོད། ཁྱད་པར་དུ་རིག་གནས་གསར་བརྗེའི་སྐབས་སུ་གནོད་སྐྱོན་ཚབས་ཆེན་ཞིག་ཐེབས། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས། བོད་རིགས་དག་མ་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་དག་མ་ ཞིག་ངེས་པར་ཤེས་དགོས། ཤེས་པ་དེ་སྤྱད་དགོས། གལ་ཏེ་བོད་རིང་གི་ཆས་གོས་ཀྱང་མི་བྱེད། སྐད་ཡིག་དག་ ཀྱང་མི་སྤྱོད་ན། དེ་ཚེའི་བོད་ཅེས་པའི་མིང་བོར་ཚར་བ་རེད། ཅེས་དང་། བོད་ཡིག་རྨང་གཞིའི་སྟེང་དུ་གཞན་གྱི་ ཡིག་རིགས་སློབ་དགོས། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱིས་ཀྱང་བོད་རང་གི་སྐད་ཡིག་དཔྱིས་ཕྱིན་ པར་སློབ་གཉེར་གནང་པའི་ཁར། སྐད་དང་ཡིག་རིགས་གཞན་ལའང་སྦྱངས། སྤྱིར་མི་རིགས་ཤིག་ཡིན་ན་སྐད་དང་ ཡི་གེ་ནི་གཅིག་གྱུར་ཡོང་དགོས། དཔེར་ན། བོད་རང་ལ་མཚོན་ན་དབུས་སྐད་དང་ཨམ་སྐད་སོགས་ཡོད་པ། ཕ་ ཡུལ་རེབ་གོང་ཕྱོགས་ལ་མཚོན་ནའང་ལུང་བ་རེ་ལ་སྐད་ཆ་རེ་ཡོད། ཆོལ་ཁ་གསུམ་གྱི་ཡིག་སྐད་གཅིག་གྱུར་བྱ་ རྒྱུ་ནི་གལ་ཆེ་བའི་ལས་ཀ་ཞིག་ཡིན་སྙམ། མི་རིགས་ཤིག་གི་གཞི་རྩ་དང་ཁྱད་ཆོས་ནི་རིག་གནས་ཡིན་ལ། རིག་གནས་ཉམས་ན་མི་རིགས་ཀྱང་ ཉམས་འགྲོ་བ་ནི་ཆོས་ཉིད་ཡིན་ལ། བོད་མི་ཞིག་ཡིན་ཕྱིན་གཙོ་བོ་བོད་ཀྱི་རིག་གནས་འདིའི་རིན་ཐང་གང་འདྲ་ ཡིན་པ་ངོས་འཛིན་ཡག་པོ་བྱ་དགོས་བ་རེད། ཡིན་ནའང་། བོད་ཀྱི་ཤེས་རིག་གི་ཁུངས་ནི་སྤྱི་ལོ་༦༤༠ ལོ་སྟེ་ཆོས་ རྒྱལ་སྲོང་བཙན་སྒམ་པོའ ི་སྔོན་དུ་བོད་ལ་ཡི་གེ་མེད་པ་དང་། ཆོས་རྒྱལ་གྱི་བློན་པོ་ཐོན་མི་སམྦྷོཊ་འཕགས་པའི་ ཡུལ་དུ་ཕེབས་ནས་འཕགས་ཡུལ་གྱི་ཡི་གེ་ལ་བྱང་ཆུབ་པར་སྦྱངས། སླར་བོད་དུ་ཕེབས་ནས་བོད་ཡིག་གསར་དུ་ 42


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

བརྩམས་པ་ཡིན། ལེགས་སྦྱར་ལ་དཔེ་བླངས་ཏེ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་སོགས་གཞུང་དུ་མ་མཛད། ཆོས་དཔེ་མང་པོ་བོད་ཡིག་ཏུ་བསྒྱུར་བ་དང་། དེ་བས། བོད་ཀྱི་ཤེས་རིག་གི་ཁུངས་དེ་རྒྱ་གར་ལ་མ་གཏུགས་ པར་ཐབས་མེད། རང་གི་སྐད་ཡིག་སྦྱངས་པ་དེ་ལྟོ་རྒྱབ་ཁོ་ནར་མ་བསམ་པར་མིག་རྒྱང་རིང་ཞིང་། མཐོང་རྒྱ་ ཡངས་པའི་ངང་ནས་ཡུན་རིང་དུ་བསམ་ནས། བོད་ཀྱི་སྐད་ཡིག་བྱ་བ་ལ་འབད་པ་བྱས་ཏེ་དར་སྤེལ་བྱེད་པའི་ རྨང་གཞིའི་སྟེང་ཡུལ་གྲུ་སོ་སོའ ི་ཡིག་རིགས་གཞན་ལའང་སྦྱང་བརྩོན་ལྷོད་མེད་བྱ་རྒྱུ་སྔོན་དུ་བཤད་ཟིན། མཁས་ དབང་རྒྱ་གྲོལ་མཆོག་གིས། བོད་སྐད་མ་ཤེས་ན་བོད་མིན་ལ། བོད་ཡིག་མ་ཤེས་ན་བོད་ཕྱེད་ཀ་ལས་མིན། བོད་ སྐད་གཙང་མ་ཞིག་མ་ཤེས་ན་བོད་ངོ་མ་ཞིག་ཏུ་ནམ་ཡང་འགྱུར་མི་སྲིད། ང་ཚོས་བོད་ངོ་མ་ཞིག་བྱེད་པའི་ཆེད་ དུ་བོད་སྐད་གཙང་མ་ཞིག་བཤད་དགོས། མདོར་ན། ཀུན་གཟུགས་པན་ཆེན་རིན་པོ་ཆེས་ཁམས་ཕྱོགས་ནས་སེར་ སྐྱ་མང་ཚོགས་ལ་བསྩལ་བའི་བསླབ་བྱ་ལས། ང་ཚོ་ཚང་མ་བོད་པ་རེད། སྔོན་ལ་བོད་ཡིག་ཡག་པོ་ཞིག་སྦྱང་ དགོས། ངས་རྒྱུན་དུ་ང་ཚོ་བོད་རིགས་ཀྱིས་བོད་སྐད་སྦྱང་དགོས་པར་འདུག་ཅེས་གང་ས་གང་དུ་སྐད་རྒྱག་གིན་ ཡོད། ཏོག་ཙམ་ཡར་རྒྱས་ཕྱིན་ཀྱང་ད་དུང་ཡག་པོ་ཞིག་མི་འདུག འདོད་པ་ཚིམ་པ་ཞིག་མི་འདུག ཚང་མས་ བོད་ཡིག་དེ་ཡག་པོ་སྦྱང་རོགས་ཞུ། ཞེས་གལ་བོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་ ཡང་ཡང་གདམས་པ་དེ་ནི་བོད་མི་རིགས་ལ་ཐུགས་བརྩེ་དམ་པར་བཅངས་པའི་དམིགས་ཡུལ་ཉག་གཅིག་གོ །

ཡི་གེ་གླེང་བ། ---འདི་ནི་གཞུང་ལུགས་སུ་བཤད་པའི་མིང་ཚིག་གཉིས་ཀྱི་རྩོམ་ གཞིར་གྱུར་བའི་སྐད་ཀྱི་གདངས་དེ་ཡི་གེའི་མཚན་ཉིད་བཞག་པ་ དེ་ལྟར་བཤད་པ་མ་ཡིན་པར་དབྱངས་གསལ་སུམ་ཅུའི་བདག་ཉིད་ ཅན་གྱི་ཡི་གེའི་གཟུགས་དེ་གཙོ་བོར་བཤད་པའོ།

ཀུན་བཟང་། (ཀླུ་ཚང་དགོན།)

ཐོན་མི་མི་ཆུང་གི་སྲོག་གིས་བཙལ་ཞིང་ཁྲག་གིས་བྲིས་པའི་གདམས་ངག་དྲོན་མོ། ཁྱོད་ཡོད་པས་སེམས་ ཀྱི་གཏམ་རྒྱུད་མ་ལུས་སྐུད་པར་རྒྱུ་མ་དགོས་ལ། སྒྲུང་ལྡེའུ་བོན་གསུམ་གྱི་སྐྱ་རེངས་དཀར་པོ་ངག་རྒྱུན་དུ་ལུས་ མ་སོང་། ཁྱོད་མེད་ན་གཉན་པོ་གསང་བ་དྲིས་ལན་མེད་པའི་བཀའ་རྒྱ་ཞིག་ཡིན། ཁྱོད་མེད་ན་གཉན་པོ་གསང་ བ་མཐའ་མི་དཔོག་པའི་འཇིག་རྟེན་ཞིག་ཡིན། ཁྱོད་མེད་པས་མི་རྗེ་སྲོང་བཙན་གྱི་ཐུགས་སུ་ཆད་ལྷག་གི་ཁ་སྐོང་ ཞིག་ཡོད་ཅིང་། ཐོན་མིའི་ཁ་སྣ་ཙག་གིས་ཕྱུད་དོན་ཡང་ཁྱོད་ཁོ་ནའི་ཆེད་ཡིན། ཁྱོད་ཡོད་པས་མངའ་རིས་ཁྲིམས་ ཀྱིས་བཅུམས་པའི་ང་རྒྱལ་གྱི་གཟི་བྱིན་མཐོང་ལ། བཙུན་མོ་ཆང་གིས་བཟི་བའི་ཁེར་རྐྱང་གི་ན་ཟུག་ཚོར། ཁྱོད་ ཡོད་པས་རྒྱལ་བློན་གོ་ས་རྩོད་པའི་རྩོག་པ་འཁོར་རྒྱུག་གི་ནང་འཁྲུག་མཐོང་ལ། གསེར་རིའི་རྒྱལ་རྒྱུད་དུམ་བུར་ ཆད་ཅིང་། བསྟན་པའི་མེ་རོ་སྨད་ནས་གསོས་པར་མཐོང་། ཁྱོད་བྲག་སྐྱིབས་སུ་ཡིབས་ནས་སྔ་རྒྱུས་ཀྱི་གཏམ་སྒོམ་ མྱོང་ཞིང་། ས་འོག་གི་གཏེར་དུ་བརྫུས་ནས་ལོ་མང་བོར་ངང་སྒུག་ཀྱང་བྱེད་མྱོང་། བཙན་པོའ ི་རྒྱལ་ཁབ་ཅེས་པའི་ དམག་ཇུས་ཁྲ་ལམ་མེ་བ་ཞིག་ཁྱེད་ཀྱི་དཀྱིལ་འཁོར་ན་ཆགས་ལ། ཡུལ་མི་ཕ་ཚན་མི་དགོས་པའི་བླ་རྒན་སྙིང་རུས་ ཅན་འགའ་ཁྱོད་ཀྱི་བྲང་གཞུང་ན་འོད་དུ་འཚེར། དམ་པས་དག་ཞིང་བཀྲམ་མེར་མཐོང་བའི་ས་མཁན་ཁྱོད་ཀྱིས་ མཛད་ཅིང་། རིག་པའི་ཁྱེའུ་རི་ཆུར་བརྒལ་བའི་ཟམ་པ་ཁྱོད་ཀྱིས་བསྐྲུན། ཁྱོད་ནི་རང་གིས་རང་ལ་ལབ་དུས་ 43


ལྷུག་རྩོམ་བྱ་ཆུའི་བཞུར་རྒྱུན།

རྒྱུས་ཡོད་ཀྱི་སྣང་བརྙན་ཞིག་དང་། རང་གིས་གཞན་ལ་གླེང་དུས་རྒྱུས་མེད་ཀྱི་ཁྱད་ཆོས་ཤིག་ཡིན། ཁྱོད་ནི་འོད་ ལམ་ལམ་གྱི་གླེགས་བམ་ཞིག་ཡིན་ལ། རླངས་པ་ཐོལ་ཐོལ་གྱི་གདམས་ངག་ཅིག་ཀྱང་ཡིན། ཕ་དམ་པའི་མཛད་པ་ གསེར་བྲིས་མ་དེ་ཁྱོད་ཡིན་ལ། མ་དྲིན་མོའ ི་ལྷག་བསམ་གྱི་མར་ལོ་སེར་བོའང་ཁྱོད་ཡིན། ཁྱོད་ཀྱིས་ང་ཚོ་སོ་སོར་ འཐོར་བ་ལྷན་དུ་བསྡུས་ཤིང་། ཕྱོགས་སུ་གྱེས་པ་གཅིག་ཏུ་སྤུངས་། ཁྱོད་ནི་འདའ་དཀའ་བའི་འཐབ་ཇུས་ཤིག་དང་ བརྒལ་དཀའ་བའི་བཀོད་འདོམས་ཤིག་ཀྱང་ངོ། བླངས་མི་ཚར་བའི་བསམ་བློའ ི་རྒྱགས་ཕྱེ་ཁྱོད་ཀྱིས་བསྐྲུན་ལ། སོང་མི་ཚར་བའི་མཚར་སྡུག་གི་ཁ་ཞེང་ ཁྱོད་ལ་ལྡན། ཁྱོད་ནི་མེ་ལོང་ཞིག་ཡིན་ཕྱིར་པོ་ཏ་ལའི་རྡོ་སྐས་རེ་རེར་གྲངས་ཀ་གསལ་ཞིང་། དྲ་མིག་རེ་རེ་ལྐོག་ གྱུར་མིན། ཁྱོད་ཡོད་ན་པོ་ཏ་ལ་ཁོག་སྟོང་རང་ཡིན་པའི་གནས་ལུགས་སུ་ལའང་བཤད་རྒྱུ་མེད། བཀའ་བསྟན་གྱི་ གླེགས་བམ་ཟེར་བ་དེ་ཕུག་དེད་ན་ཁྱོད་ཡིན་ལ། རྒྱལ་ཁམས་དང་རྒྱལ་ཁབ་ཡན་ན་རྒྱལ་ཕྲན་ཟེར་པའི་ཐད་སྙད་ དེ་ཐོག་མར་ཁྱོད་ཀྱིས་བཞེངས་ཡོད། ཁྱོད་ཀྱིས་ང་རྒྱལ་ཞིག་དང་སྤོབས་པ་ཞིག་སྩལ་འགྲོ་ལ། ཡང་ན་བསམ་ གཞིག་ཅིག་དང་མནར་གཅོད་ཅིག་ཀྱང་ངོ། བལྟས་ཀྱིན་བལྟས་ཀྱིན་ཁྱོད་ནི་བཤིག་མི་ཐུབ་པའི་མདུད་པ་ཞིག་དང་། འབྱམས་ཀླས་པའི་སྒྱུ་རྩལ་གྱི་མངའ་ཐང་ཞིག་ཀྱང་རེད་དོ།

44

མྱང་གིན་མྱང་གིན་ཁྱོད་ནི་


རང་མོས་སེམས་ཀྱི་གླུ་གཞས།

གྱེས་བྲལ། གཡང་སྐྱབས་རྡོ་རྗེ། (མགོ་མང་།)

དོ་དགོང་། སྐར་ཚོགས་དང་ཁ་པར་ལས། འུ་གཉིས་ཀྱི་སྐད་ཆར་རྣ་བ་གཏོད་མཁན་མེད། འུ་གཉིས་ཀྱི་འབྲེལ་བར་བདེན་དཔང་བྱེད་མཁན་མེད། སང་ཉིན་སྐྱ་རེངས་བཀྱགས་ནས་བཟུང་། སང་ཉིན་ཉི་མ་ཤར་བ་ནས་བཟུང་། ཁྱོད་ནི་ཁྱོད་ཀྱི་ལམ་ཆེན་དུ་འགྲོ་ངེས་ཡིན་ལ། ངའང་ངའི་ལམ་ཕྲན་དུ་བསྐྱོད་ཁོ་ཐག་ཡིན། ལོ་གཉིས་ཀྱི་བརྩེ་བ་དེ་ནི་སྐྱག་ལུད་རེད། ཟླ་བ་ཉེར་བཞིའི་དུང་བའང་ས་ལ་གཏོར་སོང་། ང་ལ་ལྷག་ཡོད་པ་ནི་འགྱོད་གདུང་ལས་ཅི། སེམས་ཁུར་ལས་ཅི། སྐྱོ་བ་ལས་གང་། ཁྱོད་ལ་དགའ་བ་སུའི་ཕྱིར། ཁྱོད་ལ་དུང་བ་སུའི་དོན། ལས་དབང་ཡིན་ནམ་སྟེས་དབང་ཡིན། དན་རྟགས་ཡིན་ནམ་སྐྱག་རྫུན་ཡིན། བརྩེ་དུང་ཡིན་ནམ་བསླུ་བྲིད་ཡིན། ངས་ཡེ་ནས་རྟོགས་སོང་། ཁྱོད་ཀྱིས་བདག་ལ་འཕངས་བ་བསླུ་བྲིད་ཀྱི་མིག་ཞགས་མིན་ནམ། ཁྱོད་ཀྱིས་བདག་ལ་བཤད་པ་རྫུན་གཏམ་མ་ཡིན་ནམ། ཁྱོད་ཀྱིས་གླེང་གླེང་ཞིང་བརྗོད་བརྗོད་པ་ཚང་མ་ཟློས་གར་རེད། བལྟས་བལྟས་རིག་རིག་ལ། སྙིང་སྡུག་བུ་མོ་ཞིག ང་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་བྱིན་སོང་། བརྩེ་དུང་དྲོད་མོ་ཞིག་ས་འོག་ཏུ་འཛུལ་སོང་། དམ་བཅའི་ཡི་གེ་དག་དྲག་ཆར་གྱིས་འཇིག་སོང་། ངའི་བསམ་ཚུལ་དེ་ནོར་འདུག ངའི་དྲན་ཚུལ་དེ་འཁྲུལ་སོང་། མ་གཞི། ཁྱོད་ཀྱིས་རྩེད་མོ་རྩེད་བཞིན་ཡོད། ཁྱོད་ཀྱིས་ང་བླུན་པོའ ི་ཚུལ་དུ་བཞག བདག་ཕྱི་མ་མཁྱེན་པའི་བླ་མ་མ་ཡིན་པས། མ་མཁྱེན། ཉམས་མྱོང་འཛོམས་པའི་རྒན་པོ་མ་ཡིན་པས། མ་གོ། 45


རང་མོས་སེམས་ཀྱི་གླུ་གཞས།

ཤེས་བྱས་ཕྱུག་པའི་མཁས་པ་མ་ཡིན་པས། མ་ཚོར། ང་ནི་རྡོ་ལོག་ཅིག་ཡིན། ཁྱོད་ཀྱིས་འུར་ཆ་ལས་གཡུག་པའི་རྡོ་ལོག་ལྟ་བུའི་དེ་ཡིན། ས་མཐར་གཡུག་སོང་། གཏན་དུ་གཡུག་སོང་། ཁྱོད་ཀྱི་ཕྱིར་དུ། བདག་གི་གསེར་ལས་དཀོན་པའི་ལོ་ཟླ་དག་ཤོར་ཟིན་པ་བརྗེད་སོང་ངམ། དེ་ལ་སྐྱིན་ཚབ་སུ་ཡིས་སྤྲོད། ཅི་ལྟར་སྤྲོད་དམ། ངའི་བརྩེ་བ་དྭངས་མོ་དེ། ངའི་དུང་བའི་ལྷག་མ་དེ། ངའི་དགའ་བ་རྣམ་དག་དེ། ཁྲེལ་མེད་མ་ཞིག་ལ་ཕུལ། རང་སྡུག་རང་གིས་ཉོས་པ་མིན་ནམ། ཁྲེལ་གཞུང་མེད་པའི་བུ་མོར། བརྩེ་དུང་གླེང་རན་མི་འདུག གནས་ལུགས་གླེང་རན་མི་འདུག སྤྱང་ཀིའི་རྣ་བར་ཆོས་བཤད་ལས་མི་འདུག ང་ལ་བསླུ་བྲིད་གཏོང་དོན་དང་། ང་ལ་རྫིན་གཏམ་བཤད་དོན་ལོབས་དང་། བརྩེ་དུང་དེ་ངོ་བོ་གཞན་དུ་འགྱུར་དོན་ཤོད་དང་། དངུལ་སྒོར་གྱི་ཕྱིར་རམ། གོ་ས་དང་ཐོབ་ཐང་གི་ཆེད། འོ་ན། ཕོ་སྒོ་དང་ཡོད་ཚད་ཀྱི་དོན། ང་ལ་ཇི་ཡང་མེད་པ་ངས་སྔ་མོ་ནས་རྟོགས་ཡོད། ང་ལ་འབྲི་དེབ་དང་སྨྱུ་གུ་ལས་མེད། ལྡོག་མེད་ལས་དབང་ཡིན། ང་ལ་ཁྲེལ་གཞུང་དང་བྱམས་སེམས་ལས་དབེན་པ། འགྱུར་མེད་ཀྱི་རང་གཤིས་ཡིན། ད་བདེ་མོ། གཏན་དུ་བདེ་མོ།

46


རང་མོས་སེམས་ཀྱི་གླུ་གཞས།

སྟག་ལོར་ཁ་བ་བོབས་ཤོག སྐར་མིག

(མཚོ་ལྷོ།)

སྟག་ལོར་ཁ་བ་བོབས་ཤོག སྟག་ལོར་ཁ་བ་སྟག་ལྟར་ངར་སྒྲ་སྒྲོགས་ཤོག སྟག་ལོར་སྟག་ཕྲུག་ཡིན་ན་གངས་རིའི་རྩེ་ནས་གད་རྒྱངས་གནམ་ལ་སྒྲོགས་རོགས། སྟག་ལོར་རྒྱང་འབོད་བྱེད་རོགས། སྟག་ལོར་ཁ་བ་བོབས་ཤོག ཁ་བའི་མེ་ཏོག་བོབས་ཤོག ཁ་བའི་རྟག་བརྟན་གྱི་རེ་སྨོན་བརྗོད་རོགས། སྟག་ལོའ ི་ཚེས་གཅིག་ཁ་བ་འབབ་ཀྱིན་ཡོད་ལ། མུ་མཐུད་དུ་འབབ་རོགས་གནོང་། བདག་གི་ཚེ་སྲོག་ཉག་གཅིག་སྟེ། ཁ་བ། ཁ་བ་སྟག་ལོར་བོབས་ཤོག སྟག་ལོར་སྟག་ཕྲུག་གཞོན་ནུའི་ཚོགས། སྟག་ཏུ་འགྱུར་དགོས་པ་མིན་ནམ། ཨ་རོགས། ཁ་བའི་སེམས་དེ་ཡོད་ན། ཁ་བའི་གཟུགས་ཕུང་དེ་ཡོད་ན། ཁ་བའི་རུས་རྐང་དེ་ཡོད་ན། ཁ་བའི་ཁྲག་དེ་ཡོད་ན། སྟག་ལོ་ནས་བབས་ན་ཆོག སྟག་གི་ལོ་རྒྱུས་བསྐྲུན་ན་ཆོག སྟག་གི་རྒྱལ་མཚན་བསྒྲེང་ན་ཆོག སྟག་ལོར་ཁ་བ་འབབ་པར་རེ་སྨོན་ཞུ། སྟག་ལོར་ཁ་བ་འབབ་པར་རྟེན་འབྲེལ་ཞུ། སྟག་ལོར་བདག་གིས་ཁ་བར་སྙན་ངག་འབྲི། སྟག་ལོར་བདག་གིས་ཁ་བར་བསྟོད་གླུ་ལེན། སྟག་ལོར་ཁ་བ། ཁ་བ། ཁ་བ་བོབས་ཤོག

47


རང་མོས་སེམས་ཀྱི་གླུ་གཞས།

འཁྲུལ་སྣང་གི་འཇིག་རྟེན། ཁྲི་རྐང་བསྟན་འཛིན་འཇིགས་མེད། (ཀླུ་ཚང་དགོན་ཆེན།)

འཇིག་རྟེན་གྱི་གནས་ལུགས་ཡོད་ཚད། སྒྱུ་མའི་སྣང་བ་བཞིན། ཡོད་ཚད་ནས་ཡོད་ཚད། སྐད་ཅིག་ནས་སྐད་ཅིག་ཙམ། བསྐལ་བ་ནས་བསྐལ་བ་དང་། སྐྱེ་བ་ནས་འཆི་བའི་བར། འཇིག་རྟེན་ལ་གནས་ཤིང་། འཇིག་རྟེན་འདིར་འཇིག ད་དུང་སྟོང་ལྷང་ལྷང་དང་། སྐྱོ་དུང་དུང་གི་རྨི་ལམ་བཞིན། འཁྲུལ་སྣང་ལས་ཐམས་ཅད་གྲུབ། དུས་ཚོད་ཉེར་བཞིའི་འགྱུར་ལྡོག་ལས། བརྟན་གཡོའ ི་འཇིག་རྟེན་ལ། ཡིད་རྟོན་མེད་པ་ནི། སྣང་བརྙན་ཁོ་ནའི་ངང་ཚུལ་ཙམ།

གངས། སྒ་མར་མེ།

དུས་བཞིའི་འགྱུར་བག་ཁྲོད། ཁ་ཆར་དང་བུ་ཡུག སད་དང་སེར་བ། རྒོལ་ངན་གྱི་ལྟ་བ་ཅི་ཙམ་བྱུང་ནའང་། ཁྱེད་ཀྱི་དཀར་བང་བང་གི་རང་མདངས་དང་། བརྗིད་ཏིག་ཏིག་གི་གཟི་བྱིན་ཏེ། གོ་ལ་ཟླུམ་པོ་འདིའི་ཡང་རྩེ་ནས། ཕྲན་ཙམ་ཡང་མ་འགྱུར་ལ། འགྱུར་ཀྱང་མི་སྲིད། རི་སྤྱང་གི་ཚོགས་ཀྱིས་ཡུལ་མཐའ་མྱུལ་ཞིང་། ཧམ་སེམས་ཀྱི་མེ་ལྕེ་དམར་པོས། རིགས་མཐུན་ཚོར་ངུ་ཟུག་བྱེད་དུས། ཁྱེད་ཀྱི་བྱམས་སེམས་ཀྱི་མིག་གོང་ནས། 48

(མཚོ་ལྷོ།)


རང་མོས་སེམས་ཀྱི་གླུ་གཞས།

མཆི་མའི་རྫ་ཆབ་བསིལ་མ་རེ་བྱུང་བའང་། སུ་ཞིག་གི་ཆེད་དུའམ། ཅི་ཞིག་གི་དོན་དུ་ཡིན་པ་རྟོགས་པར་ནུས་མོད། འོན་ཀྱང་། མཛེས་སྡུག་གི་སྤང་ལྗོངས་དང་ནགས་རི། ཡིད་འོང་གི་སེར་ཆེན་དང་རྒྱ་སེ་མེ་ཏོག ད་དུང་སྐྱེས་དངོས་གང་མང་མང་ཞིག ཁྱེད་ལ་དུངས་བའི་དབང་གིས། འདི་ལྟར་རང་ཤི་བརྒྱབ། ཁྱེད་ཀྱི་ཁེར་རྐྱང་གི་ལོ་ཟླའི་ཁྲོད་ན། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་། བཙན་པོའ ི་རི་དཔུང་གི་སྐྱོ་གར་རྒོད་པས། གངས། དུས་རབས་ཉེར་གཅིག་གི་གྲུ་ག་ན། རྔམ་བརྗིད་ཀྱིས་འགྱིངས་ཤིང་། སྤོབས་པའི་མགོ་བོ་དགྱེ་དུས། ཁྱེད་ཀྱིས་སུ་ཞིག་ལ། མདུན་བསྐྱོད་ཀྱི་གཏན་ཚིག་བསྒྲོག་ངེས། སུ་ཞིག་ལ། བརྡ་འཕྲིན་དང་ཁ་གཡང་རླུང་རྟ་བཞིན་འཕུར་ཞིང་། ཆུ་བོ་བཞིན་བརྡོལ་དུས། བདག་དང་རིགས་མཐུན་ཚོའི་བཅོས་མིན་གྱི་སེམས་པར་འཐིམ་སྟེ། ནང་སེམས་ལ་ཕྱི་དོར་ཐེངས་ཤིག་བགྱི་དུས། སླར་ཡང་། ན་ཟུག་གཞན་ཞིག་གི་སྙུང་གཞི་དཀྲུགས་སོང་བ། རྟོགས་པར་ནུས་སམ། གངས་ལགས།

བཀུར་འོས་པའི་ཨ་མ། འབྲུག་མོ་ཐར། (བོན་སྐོར་སློབ་གྲྭའི་ལོ་རིམ་དྲུག་པ།)

རིན་བྲལ་གྱི་དུས་ཚོད་སྣང་མེད་དང་། ཨ་མའི་རེ་བ་སྣང་མེད་དུ་བཅོམས། ང་རང་ད་ལྟ་ཤིན་ཏུ་འགྱོད། བཀུར་བར་འོས་པའི་ཨ་མ་ལགས། ཁྱེད་ནི་ངའི་མི་ཚེའི་ལམ་སྟོན་སྒྲོན་མེ་ཡིན། བཀུར་འོས་བྱམས་ལྡན་གྱི་ཨ་མ། ཁྱེད་ཀྱི་བྱམས་བརྩེ་དྲོན་མོ་ཡི་མཐུ་འོག་ནས་ང་ཡི་ལམ་ཚོའི་གཉོམ་ལག་རྒྱས། བཀུར་འོས་བྱམས་ལྡན་གྱི་ཨ་མལགས། ང་ལ་ཁྱེད་ཀྱི་དྲིན་ལན་འཇལ་རྒྱུའི་ཆོད་སེམས་ཡོད། 49


རང་མོས་སེམས་ཀྱི་གླུ་གཞས།

བྲག་གི་བུ་སད་ན་འགྲིག (ཞར་བཀོད་གཅིག) མིག་གཅིག

ཁ་སང་། མུན་ནག་གི་མཚན་མོ་དེར། གློ་བུར་དུ་སྒོ་ཁྱི་དང་ལུག་ཁྱུ་འདྲོགས། ཨ་ཕས་ཀི་ཇི་ལྟར་བཏབས་ཀྱང་། ལྷས་འདབས་སུ་སྔ་མོ་ནས་གྱོང་གུད་ཐེབས་འདུག རྒྱུ་རྐྱེན་དེའི་རྡུལ་རླུང་སྐྱ་བོ་ཞིག་གི་ངོ་གདོང་ནས། སྦྲ་ནག་གིས་ངུ་ཤུམ་འཐེན་ཞིང་སྙིང་ཆུང་གི་འཕར་སྒྲ་རེ་ཞིག་འཇགས་སོང་། བྲག་གི་བུ། སྔ་མོ་ནས་སད་ན་འགྲིག

ང་ཚོ་ནི་འདི་ལྟར་ཆས་སོང་། གནམ་བྱམས་ཚེ་རིང་། (དམའ་གསུམ་གཉིས་པ།)

ཟང་ཟིང་གི་འཇིག་རྟེན། འཇིག་རྟེན་གྱི་ཆོས་ཉིད། ཆོས་ཉིད་ཀྱི་བཀོད་སྒྲིག་ཅིག་གིས། ང་ཚོ་འདི་ལྟར་ཆས་འགྲོ། ཕུག་རོན་དཀར་མོའ ི་གཤོག་ཟུང་ལ་བརྟེན་ནས། ཆེས་མཚར་སྡུག་གི་ཡུལ་གྲུ་ཞིག་ལ་རྒྱལ་ཁའི་གླུ་དབྱངས་དང་ལང་ཚོའི་ཀི་སྒྲ་སྒྲོག་བཞིན། ཆས་ འགྲོ། གནས་དེ་རུ། ཤེས་རིག་གི་འོད་སྣང་འཁྱིལ་ལ། གནས་དེ་ན། མཐུན་སྒྲིལ་གྱི་ལག་རྡང་དམ། གནས་དེ་ནི། ང་ཚོའི་ཕུགས་བསམ་གྱི་ཡུལ་ལྗོངས་ཡིན་ལ། གནས་དེ་ནི། ང་ཚོའི་འབྱུང་འགྱུར་གྱི་འཚོ་བའི་ཁ་ཕྱོགས་ཡིན། དེར་བརྟེན། ང་ཚོ་འདི་ལྟར་བྱ་ཚང་འཐོར་བའི་བྱེའུ་ཆུང་བཞིན། ཆེས་ཡིད་ཀྱི་གནས་མཆོག་སྟེ། ཤམ་བྷ་ལའི་ཞིང་ཁམས་སུ་ཆས་འགྲོ། ང་ཚོའི་ཆས་སྟངས་འདི། ཆོས་ཉིད་ཅིག་གམ་འགན་འཁྲི་ཞིག་ཏུ་གྲུབ་འདུག་པས། བོད་ལྭ་གྲ་དག་ཅིག་གྱོན་ལ། བོད་སྐད་གཙང་མ་ཞིག་བཤད་ནས་ཆས་འགྲོ། 50


རང་མོས་སེམས་ཀྱི་གླུ་གཞས།

ང་ལ་བརྗེད་ཆུ་དཀར་ཡོལ་གང་གནང་རོགས། སངས་རྒྱས་ཚེ་རིང་།

འཇིག་རྟེན་གྱི་འཁོར་བར་ཞུགས་དུས། ངས་གོམ་ཁ་བསྒྱུར་ཐེངས་རེ་རེ་ལ། སྔོན་མ་མཆིས་པའི་སྒྲུང་གཏམ་གསར་བ་རེ། གཏམ་རྒྱུད་རེ་རེའི་ཕྲེང་བར་ནས། འཕྲད་མ་མྱོང་བའི་གཏམ་རྒྱུད་རྫུན་མ་རེ། རྫུན་མ་རྫུན་མའི་གྲོག་ཕྲེང་ནས། ང་ལ་འཁོར་བའི་སྡུག་བསྔལ་བྱིན། ཨ། གནམ་སྔོན་པོ། ས་དོག་མོ། ངས་སྔོན་བྱུང་གི་གཏམ་རྒྱུད་འདི་དག་བརྗེད་ཆེད། ང་ལ་བརྗེད་ཆུ་དཀར་ཡོལ་གང་གནང་རོགས། རིག་པའི་གླིང་ཀར་འགྲིམ་དུས། ངས་དཀའ་བ་སྤྱད་ཐེངས་རེ་རེ་ལ། སྔར་ལས་ཀྱང་བརྒྱུད་མ་མྱོང་བའི་སྡུག་བསྔལ་རེ་རེ། སྡུག་བསྔལ་དང་སྡུག་བསྔལ་ཁྲོད་ནས། ང་ལ་སྔོན་ལས་ཀྱང་སྦྱིན་མ་མྱོང་བའི་འཇིགས་སྐྲག་རེ། སྡུག་བསྔལ་དང་འཇིགས་སྐྲག་བར་ནས་མཆི་མ་འཐོར། མཆི་མ་བཞུར་ཐེངས་རེར། ང་ལ་བཤད་མི་ཚར་བའི་སྐྱོ་གཏམ་རེ། ཨ། གནམ་སྔོན་པོ། ས་དོག་མོ། སྡུག་བསྔལ་དང་སྐྱོ་གཏམ་འདི་དག་བརྗེད་ཆེད། ང་ལ་བརྗེད་ཆུ་དཀར་ཡོལ་གང་གནང་རོགས།

51


རང་མོས་སེམས་ཀྱི་གླུ་གཞས།

སློབ་གྲོགས་ལགས། ངས་ཁྱོད་རང་དྲན། ཤིང་མཚོ།

ཕྱི་རོལ་ན་གྲང་རླུང་འུར་འུར་དུ་ལྡང་གིན་འདུག སློབ་གྲོགས་རྣམས་ནི་ཀུ་རེ་དང་དགོད་སྒྲའི་ཁྲོད་ན་རྩེད་མཚར་ལ་རོལ་བཞིན་ཡོད། འོན་ཏེ། ང་རང་ཁེར་རྐྱང་ངང་སྒེའུ་ཁུང་གི་རྩར་འགྲེང་སྟེ་ཕྱི་རོལ་ལ་རྒྱང་ལྟ་ཞིག་བྱེད་དུས། ངས་ཡང་བསྐྱར་ཁྱོད་རང་དྲན་བྱུང་། སློབ་གྲོགས་ལགས། ཁྱོད་དང་བྲལ་རྗེས་ཀྱི་ཉིན་འདི་དག་གི་རིང་ལ་ངའི་སེམས་པ་སྟོང་བར་གྱུར་ཏེ་དྲན་གདུང་ དང་སྐྱོ་སྣང་ལས་ཅི་ཡང་མི་འདུག ཆུ་དང་འོ་མ་ལྟར་མཐུན་པའི་འུ་གཉིས་ཀྱི་བརྩེ་བ་དེ་དང་། ལུས་དང་གྲིབ་མ་བཞིན་འགྲོགས་པའི་སྤྲོ་སྐྱིད་ཀྱི་ལོ་ ཟླ་དག རྡོ་ལ་རི་མོ་བརྐོས་པ་ལྟར་ནམ་ཡང་བརྗེད་ཐབས་བྲལ། སློབ་གྲོགས་ལགས། གཞན་གྱིས་འཕྱ་དམོད་དང་བརྙས་བཅོས་བྱེད་དུས། ངས་ཁྱོད་ཀྱི་དག་གཙང་གི་ཁ་བ་ལྟ་བའི་ལྷག་བསམ་གྱི་རྒྱབ་དཔུང་དྲོན་མོ་དེ་དྲན་བྱུང་། སེམས་པ་སྡུག་བསྔལ་གྱི་མུན་པས་ཟིན་དུས་ཁྱོད་ཀྱི་འཛུམ་ཤིག་ཤིག་གི་བཞིན་རས་དེ་ངའི་མིག་ལམ་དུ་མངོན་ཏེ་ དྲོད་ལམ་ལམ་གྱི་སེམས་གསོ་ཞིག་ལ་གསན་ན་བསམ། ཡང་ན། ང་རང་རྨི་ལམ་དུ་ཁྱོད་ལ་ཐེངས་གཅིག་འཕྲད་ནའང་བསམ། སློབ་གྲོགས་ལགས། ངས་ཁྱོད་རང་ཧ་ཅང་དྲན། དྲན་དྲག་པའི་སེམས་བྱུང་གིས་ང་ཉམ་ཆུང་དུ་བཏང་ཞིང་། བག་འཁུམ་དུ་གྱུར། ངས་ད་ལྟ། སྔོན་ཆད་ཀྱི་རྣམ་རིག་རྒོད་པའི་རང་ཉིད་རྒྱང་དུ་བོར་ཏེ་དྲན་གདུང་གིས་ར་རོ་བར་གྱུར་ཟིན། དངོས་གནས། དྲན་གདུང་གི་ན་ཟུག་དེ་རང་ཉིད་མ་གཏོགས་སུ་ཡིས་ཤེས། ད་དུང་། དགོང་ཁའི་མཚམས་སྤྲིན་དཀར་པོ་དེ། ངས་ཁྱོད་རང་དྲན་པའི་སེམས་འགྱུ་ཡིན་ལ། དབྱར་ཁའི་སྤྲིན་དཀར་ཕང་ཕུང་དེ་ངས་ཁྱོད་ལ་བཅངས་པའི་ལྷད་་མེད་ཀྱི་བརྩེ་བ་ཡིན། མདོར་ན། ཁྱོད་མེད་པའི་ད་ལྟ། ངའི་ཁོར་ཡུག་འདི་སྟོང་ལྷང་ལྷང་། སེམས་པ་འདི་འཁྱག་སིབ་སིབ། འཚོ་བ་ཡང་བྲོ་བས་སྟོང་།

ཁྱོད་ཀྱི་ཆེད་དུ་ང་ད་དུང་ཐང་ཆད་མེད། ལྷ་བརྟན་རྒྱལ།

འཚོ་རྟེན་ལྟ་བུའི་གཙང་ཆབ་དེའི་འགྲམ་ནས། འདུན་པ་ལྟ་བུའི་གྲུ་གཟིངས་དེར་བསྡད་དེ། རང་ལ་དབང་ཆོག་ཆོག་གི་མགྲོན་པོ་རེ་འཚོལ་བཞིན། 52


རང་མོས་སེམས་ཀྱི་གླུ་གཞས།

མི་ལོ་དགུ་ཡི་འཚོ་བ་སྐད་ཅིག་ཉིད་འདས་ཀྱང་། ཁྱོད་ཀྱི་ཆེད་དུ་ང་དུང་ཐང་ཆད་མེད། ངས་ད་དུང་རང་ལ་དབང་ཆོག་ཆོག་གི་མགྲོན་པོ་དེ་འཚོལ་ངེས། རང་དབང་ལྟ་བུའི་རྩྭ་ཐང་དེའི་ངོགས་ནས། དྲང་བདེན་ལྟ་བུའི་རྟ་མཆོག་དེར་བཅིབས་ཏེ། རང་ལ་དབང་ཆོག་ཆོག་གི་ལུག་ཁྱུ་དེ་འཚོལ་བཞིན། མི་ལོ་བཅོ་ལྔའི་ལང་ཚོ་སྟོན་ལོ་བཞིན་འཐོར་ཡང་། ཁྱོད་ཀྱི་ཆེད་དུ་ང་ད་དུང་ཐང་ཆད་མེད། ངས་ད་དུང་རང་ལ་དབང་ཆོག་ཆོག་གི་ལུག་ཁྱུ་དེ་འཚོལ་ངེས། མི་རིགས་ལྟ་བུའི་ཨ་སྔོན་དེའི་དབྱིངས་ནས། སྐད་རིགས་ལྟ་བུའི་གཤོག་ཟུང་དེ་བརྐྱངས་བཞིན། རང་ལ་དབང་ཆོག་ཆོག་གི་ལམ་བུ་ཞིག་འཚོལ་བཞིན། གཞོན་དུས་ཀྱི་ལང་ཚོ་འཆི་བ་བཞིན་རྫོགས་ཀྱང་། ཁྱོད་ཀྱི་ཆེད་དུ་ང་ད་དུང་ཐང་ཆད་མེད། ངས་ད་དུང་རང་ལ་དབང་ཆོག་ཆོག་གི་ལམ་བུ་དེ་འཚོལ་ངེས།

རྒྱང་བཞུད་ཀྱི་རུ་དཔུང་ཞིག བཀྲ་ཤིས་འཚོ།

མཚར་སྡུག་གི་རླབས་ཕྲེང་རྒོད་པའི་ཡུལ་གྲུ་ཞིག་ན། ཡབ་མེས་ཀྱི་ཤུལ་བཞག་རིག་པའི་རླབས་རྒྱུན་འཕྱོ། སྤོབས་སེམས་ཀྱི་རེ་སྨོན་མཐོ་རུ་བཏེགས་པའི་རུ་དཔུང་ཞིག ངལ་དུབ་ཀྱི་གདུང་བ་རྒྱང་དུ་བསྐྱུར་ཏེ། མ་ཡུམ་གངས་ལྗོངས་ཀྱི་ཆེད་དུ། རང་ཉིད་ཀྱི་ཡོད་ཚད་དངོས་གྲུབ་འཕོ་བར་སྟ་གོན་བྱེད། འོན་ཀྱང་། ཁྲེལ་མེད་ཀྱི་རུ་དཔུང་ཞིག མ་ཡུམ་གྱི་རིག་གནས་བང་མཛོད་ལ་སྣང་ཆུང་བྱས་ཏེ། མ་ཡུམ་གྱི་ཡོད་ཚད་རྒྱང་དུ་དོར། ལྷོ་བཞུད་ཁྲུང་ཁྲུང་ཁྱུ་ཞིག་དང་འདྲ་བར་ལྷོ་རུ་བཞུད། རྒྱང་བཞུད་ཀྱི་རུ་དཔུང་ཚོ། ཁྱེད་ཚོས། མ་ཡུམ་གྱི་ལྷད་མེད་དྭངས་གཙང་གི་བརྩེ་བ་དེ་བསྐྱུར་ནས་འགྲོ་ཕོད་དམ། 53


རང་མོས་སེམས་ཀྱི་གླུ་གཞས།

ཁྱེད་ཚོས། མ་ཡུམ་གྱི་ཤུགས་ཀྱིས་འཕྱུར་བའི་སྤོབས་པའི་སེམས་རླབས་དེ་བསྐྱུར་ནས་འགྲོ་ཕོད་དམ། ངོ་མ། ཁྱེད་ཚོ་མ་ཡུམ་གྱི་དྲོད་ཁོལ་འཇམ་པོའ ི་ཟླ་འོད་འོག་ལང་ཚོའི་གཉོམ་ལག་རྒྱས་པ་མིན་ ནམ། ཡང་ན། ཁྱེད་ཚོར་མ་ཡུམ་ལ་དུང་བ་མེད་པས་ལན་ནམ། མ་ཡུམ་གྱི་རིག་པའི་ཉིང་བཅུད་ལ་བྲོ་ བ་མེད་པས་ཡིན། ངོ་མ། ཡིད་རེ་སྐྱོ། ཧ་རེ་ལས། རྒྱང་བཞུད་ཀྱི་རུ་དཔུང་ཚོ། མ་ཡུམ་གྱི་ཚེ་སྲོག་གི་བཞུར་རྒྱུན་དྭངས་མོ་དེ། འུ་ཅག་གི་རུས་པའི་ཟུངས་དང་ཁྲག་གི་བཅུད་མངར་ངོ་མ་ཡིན་པ་མ་ཚོར་རམ།

གྲོགས་མོ་ལགས། མདུན་དུ་བསྐྱོད་དང་། གངས་རིའི་བུ་མོ།

གྲོགས་མོ་ལགས། མདུན་དུ་བསྐྱོད་དང་། མདུན་ཕྱོགས་ན་ཤེས་རིག་གི་གཟི་བྱིན་འབར་བའི་རྒྱ་མཚོ་ཡོད་ལ། ཁྱོད་ལ་དབང་ཆོག་ཆོག་གི་བདེ་སྐྱིད་ཀྱི་འཚོ་བ་དེ་ཡོད། གྲོགས་མོ་ལགས། སྤོབས་པ་དང་ཡིད་ཆེས་ཀྱི་ངང་ནས་མདུན་དུ་བསྐྱོད་དང་། བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་བསྐུལ་བཞིན་མདུན་དུ་བསྐྱོད་དང་། མདུན་ཕྱོགས་ན་ཡབ་མེས་ཚོའི་ཤུལ་དུ་བཞག་པའི་ཤེས་བྱ་ཡི་འོ་མཚོ་འཁྱིལ་ཡོད་ལ། ཁྱོད་ཀྱིས་མཐོང་མ་མྱོང་བའི་ཕྱིའི་རྒྱལ་ཁབ་ཀྱི་རིག་གནས་ཡང་ཡོད། དེ་བས། གྲོགས་མོ་ལགས། མདུན་དུ་བསྐྱོད་དང་། སློབ་བུ་ང་ཁྱོད་ལ་ཡིད་ཆེས་བརྟན་པོ་ཡོད།

བསམ་གཞིགས། ནགས་ཙན་དན། (ཀླུ་ཚང་དགོན།)

(༡) དྲན་གདུང། མི་ཚེའི་བཞུར་རྒྱུན་ལས་འོང་ཞིང་། དེའི་རྩ་ལམ་ནས་ཤོར་བའི་འགྲུལ་བཞུད་ཀྱི་རྡོག་རྫིས་ནག་པོ། 54


རང་མོས་སེམས་ཀྱི་གླུ་གཞས།

དྲན་པ་དང་སྡུག་ཡས་ཀྱི་སོ་ཁ་རུ་འཐོར་བའི་ཁེར་རྐྱང་གི་གཏམ་རྒྱུད་ཐར་ཐོར། དྲན་པ་སྟོང་གི་གཞུ་རྒྱུད་ལས་འཕྱོ་བའི་སེམས་ཀྱི་ན་བུན། (༢) མིག་ཆུ། གོ་རིམ་ནོར་བའི་ཆགས་འཇིག་གི་ལོ་ཟླའི་ཁྲོད་དུ། བསྲན་མི་ཚུགས་པའི་ན་ཟུག་རེ་རེ། མིག་ཆུ་ཁོལ་མའི་རང་མདངས་ཡལ་དུ་མེད་པའི་ཡ་ང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སུ་འཚེར་འདུག གངས་རི་དང་གངས་སེང་ལ་བཅོལ་བའི་རེ་འབྲས་ཟབ་མོ། ང་དང་ངའི་སེམས་ཀྱི་རེ་སྨོན་གཙང་མ། (༣) ལྷན་འཛོམས། ཉི་ཟླ་ལྷན་འཛོམས་ཀྱི་འོད་ཀྱི་ཕོ་བྲང་། ང་ཚོའི་ཞིང་ཁམས་དང་བདེ་སྐྱིད་ཀྱི་ཕ་ས་ཡིན། སྐབས་དེར། ཉི་མ་དང་ཟླ་བ། ཉི་ཟླ་སྐར་གསུམ། ང་ཚོ་དང་ཉེ་སར་སླེབས་པས། མཇལ་འཛོམས་ཀྱི་མེ་ཏོག་གླིང་ཧ་ཅང་སྐྱིད། (༤) གྱེས་བྲལ།

གངས་རིའི་མེ་ཏོག་ཆུན་པོ། ལྷ་བཞུད་ཀྱི་སྤྲིན་པ་དཀར་པོ། ཁྱེད་ཉིད་ཕེབས་ཤུལ་དུ། ང་ཚོས་འཇིག་རྟེན་གྱི་ཁ་དོག་དང་ཆོས་ཉིད་རྣལ་མ་ཅིག་གི་ཁོར་ཡུག་གཏན་དུ་མ་མཐོང་། ནམ་ཡང་མཐོང་མི་སྲིད། འོད་མེ་ཏོག ང་ཚོའི་ལྟ་བ་དང་རེ་འདུན་དཀར་པོ། འོད་ཀྱི་ཕོ་བྲང་། རེ་སྨོན་དང་ཡིད་ཆེས་ཟབ་མོ། (༥) རེ་སྨོན། བླ་མ་དང་སློབ་མ། རེ་སྨོན་དང་ཡིད་ཆེས། དད་པ་དང་དམ་ཚིག ལྷད་མེད་ཀྱི་ཁ་བའི་ལྗོངས་སུ། རེ་སྨོན་གྱི་རླུང་རྟ་བསྐྱོད་དེ། རྒྱང་རིང་གི་སྤྲིན་པ་དཀར་པོ། རྨི་ལམ་གྱི་ཞིང་དུ་འཚོལ་གྱིན་ཡོད། 55


རང་མོས་སེམས་ཀྱི་གླུ་གཞས།

ཁྱེད། གནམ་མཚོ་བྱམས།

ཁྱེད། ངའི་སེམས་ནང་གི་མེ་ཏོག་ཡིན། ཁྱེད་མེད་ན། ངའི་འཚོ་བར་བཀྲག་མདངས་མེད་ལ། ཁྱེད་མེད་ན། ངའི་ལང་ཚོར་གསོན་ཤུགས་རྒྱས་མི་ཐུབ། ཁྱེད་མེད་ན། ངའི་ཡིད་སེམས་ཐམས་ཅད་སྟོང་བ་རེད། ངོ་མ། ཁྱེད་ང་ལ་ཧ་ཅང་མཁོ། ཁྱེད་མེད་པའི་མཚན་མོ་དེར། ངའི་ཉེ་འཁོར་ལ་དགུན་གསུམ་གྱི་ཁ་བ་བབས། ངའི་མལ་ཁང་དུ་གྲང་རླུང་འུར་འུར་ལྡང་། སྐབས་དེར། ངའི་བློ་ངོར་ཤར་བ་ནི་ཁྱེད་ཀྱི་གཟུགས་རིས། ཁྱེད་ཀྱི་འཛུམ་མདངས་དང་དགོད་སྒྲ་སོགས་རེད། མཚན་གཞུང་འདིར། ཁྱེད་ཀྱིས་ང་ལ་དྲོད་ཁོལ་ཞིག་སྦྱིན་ན་སྙམ། དུས་སྐབས་འདིར། ཁྱེད་ཀྱིས་ང་ལ་སྙིང་གཏམ་མངར་མོ་ཞིག་བཤད་ན་སྙམ། གང་ལྟར། ཁྱེད་དང་འུ་གཉིས་ཁ་ཐག་རིང་སོང་། དོན་གྲུབ། བསམ་ཞིང་བསམ་ཞིང་ན་བརྩེ་དུང་འདི་སེམས་ཁྲལ་རེད། བསམ་ཞིང་བསམ་ཞིང་ན་བརྩེ་དུང་འདི་སྡུག་བསྔལ་རེད། སྐྱོ་ཞིང་བསམ་ན། བརྩེ་དུང་འདི་མིག་ཆུ་རེད། སྐྱོ་ཞིང་བསམ་ན། བརྩེ་དུང་འདི་ལན་ཆགས་རེད། ངའི་ཕྱིར་མིག་གི་ཁྲོད་ན། འཇིག་རྟེན་ནི་སྐྱ་བོ་ཞིག ངའི་ཞིབ་འདང་གི་ཀློང་ན། དོགས་གཞི་ལྕི་མོ་ཞིག ཁྱེད་ནི་ནམ་ཡང་ངའི་རྨི་ལམ་ལ་འཁོར་བའི་དྲན་གདུང་གི་ན་ཟུག་ཅིག་རེད། ཁྱེད་ངའི་མིག་གི་མཐོང་ལམ་དུ་སླེབས་ཐེངས་རེར། ངའི་ཁ་བཏགས་དཀར་པོ་བཟུང་ནས་ཁྱེད་ལ་བསུ་བ་བྱེད། འཇའ་ཚོན་བཞིན་ཡལ་ཐེངས་རེར། ངའི་དགའ་སྐྱོ་འདྲེས་མས་ཁྱེད་རང་སྐྱེལ་མ་བྱེད། དོན་གྲུབ། ཁྱེད་རང་ངའི་མཐོང་ལམ་ན་རྒྱང་རིང་དུ་མཆིས། ངས་བརྗེད་ཐབས་མེད་པ་ནི་ཁྱེད་ཀྱི་གསལ་ལ་མི་གསལ་བའི་རྒྱབ་གཟུགས་དེ་རེད། ཁྱེད་ཀྱི་ཆ་མི་སྙོམ་པའི་འགྲོ་སྟངས་དེ་རེད། ཁྱེད་དང་འུ་གཉིས་ཀྱི་འགྲོ་ལུགས་འདི། 56


རང་མོས་སེམས་ཀྱི་གླུ་གཞས།

མཚོ་མོ་ལ་གྱེས་པའི་ངང་བ་བཞིན། མཚོ་སྔོན་པོའ ི་རླབས་སྒྲ་བཞག་ནས། ཉ་གསེར་ལོའ ི་མཛའ་བརྩེ་བསྐྱུར་ནས། གངས་རི་དང་ནགས་རིའི་ཁོངས་གསེང་བརྒྱུད་ནས་འཕུར་སོང་། དགོང་ནམ་འཕངས་བསྟོད་དུས། ངས་ཁྱེད་རང་དྲན། ཁྱེད་རང་བོས། ཁྱེད་རང་གླེང་། ངོ་མ། བརྩེ་དུང་ལ་སྙིང་རྗེ་མེད་པས། ང་དང་ཁྱེད་གཉིས་རྒྱང་དུ་གྱེས་སོང་། སྐབས་དེ་ནས་བཟུང་བརྩེ་དུང་ནི་རྒྱ་མཚོ་ཡིན་པ་དང་། འཁོར་བ་ནི་སྡུག་བསྔལ་ཡིན་པ་རྟོགས་སོང་། ངས་ཁྱེད་ལ་བཅངས་པའི་བརྩེ་དུང་དེ་ནམ་ཡང་མཇུག་མི་རྫོགས།

གཙང་བོའི་འགྲམ་གྱི་དྲན་པ། ཤེས་རབ་དར་རྒྱས། (མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ།)

གཙང་བོའ ི་ཕ་རོལ་གྱི་ལེ་དབར་ཁྲི་ཕྲག་གི་བར་ན། ཁྱོད་ཀྱི་ངང་རྒྱུད་གཙང་བོ་ལས་རིང་བའི་བདག་གི་དྲན་ཤིང་ལུས་ཡོད། ང་རང་། གཙང་བོ་འདིའི་ཉེ་རྒྱང་གང་རུང་གི་ས་བཅད་ཆུང་ངུ་དེ་རུ། གྲགས་མེད་འགུལ་མེད་ཀྱིས་ལྷགས། གཙང་བོ་འདིས། རྒྱུན་རིང་བའི་གཏམ་རྒྱུད་ཅིག་གམ་མནོ་བསམ་ཞིག་གིས་ཁུར་ཡོང་བའི་རོལ་དབྱངས་སྙན་མོ་ཞིག་གི་གདངས་ དབྱངས་སུ་འཐིམ་པར་རྩོམ་ཚེ། ཁྱོད་ཀྱི་བྱིས་སྒྲུང་བཞིན་མངར་བའི་མཛེས་སྡུག་གི་རྨི་ལམ་མང་པོ་ཞིག་གིས་འཁྱག་སིབ་སིབ་ཀྱི་གཙང་བོ་འདིའི་ ལྷིང་འཇགས་དཀྲོགས་ཀྱིན་ཡོད་ཅིང་། ཞི་འཇམ་དྭངས་གཙང་གི་མེ་ལོང་ལྟ་བུའི་སྒམ་བརླིང་གི་ངོས་སུ་ཡིད་འོང་གི་ཟླ་གསར་ཞིག་ཀྱང་འཛུམ་གྱིན་ཡོད་ པ་མཐོང་། ཟླ་བའི་བསིལ་བསེར་གྱིས་གཙང་བོའ ི་འདབ་ཕྲེང་ཤིག་ཤིག་ཏུ་གཡོ་བཞིན་འདུག གཙང་བོའ ི་གཡོ་སྐྱོམས་ཁྲོད་ཟླ་བ་ཡང་ལྷུག་ལྷུག་ཏུ་དགོད་ཀྱིན་ཡོད། དགའ་སྡུག་གི་འཚོ་བ་ནི་མཐའ་མེད་ཀྱི་གཙང་བོ་ཞིག་སྟེ། འདུ་བྲལ་གྱི་ཚོར་འདུ་འདི་ཡང་གཙང་བོ་ཡི་ཟླ་བ་ཉིད་དང་མཚུངས་།

57


རང་མོས་སེམས་ཀྱི་གླུ་གཞས།

སྙིང་ཉེ་མ། ལྷ་མོ་སྒྲོལ་དཀར། ཚེ་འབུམ་རྒྱལ། (མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ལོ་རིམ་གསུམ་པ།)

ཉི་ཟླ་དང་བར་ཐག་ཆེས་ཉེ་ཡང་། ང་ཚོའི་མཐོ་སྒང་འདི་མུན་ནག་གི་འཇིག་རྟེན་ཞིག ཡོད་ཚད་གཉིད་དྲག་པས་ཚན་རྩལ་གྱི་རྟ་ཕོ་དེའང་། བདག་འཛིན་མ་ཐུབ་པར་གཞན་རྒྱུར་གྱུར། རྐྱེན་དེ་དང་རྒྱུ་དེ་ཡིས། ང་ཚོའི་ཚོ་ཁག་ཆུང་ཆུང་འདིས། མདུན་ལམ་དང་རེ་འདུན་ཡོད་ཚད། སུ་ཞིག་གི་ཕྲག་ཁར་ལྷུང་འདུག སྙིང་ཉེ་མ། ལྷ་མོ་སྒྲོལ་དཀར། བཞུད་ཟིན་པའི་ཕུག་རོན་དེས། ངའི་ཁྱེད་རང་དྲན་པའི་ངག་འཕྲིན་གང་མང་ཞིག་བསྐུར་མྱོང་ལ། དྲོད་ལྡན་གྱི་ཉི་མ་དང་བསིལ་ལྡན་གྱི་ཟླ་བའང་ཁྱེད་ལ་འཁྲུལ་ནས་ལག་པ་བསྲིངས་མྱོང་། ཡིན་ཡང་། འགྲན་རྩོད་ཀྱི་དུས་རབས་འདིར་དབྱངས་གསལ་འཐུ་བའི་བྱིས་པའི་ཚོགས་དང་བསྡོངས་ནས། ང་ཁྱེད་ཀྱི་རྨི་ལམ་གྱི་ཞིང་ཁམས་ནས་མི་ཉལ་ཐབས་མེད་བྱུང་། སྙིང་ཉེ་མ། ལྷ་མོ་སྒྲོལ་དཀར། དབྱར་ཁ་སླེབས་ཏེ། ཁུ་བྱུག་དང་འཇོལ་མོའ ི་གདངས་སྙན་ཐོས་ཐེངས་རེར། ཁྱེད་དང་། ད་དུང་འུ་གཉིས་ཀྱི་འཚོ་བ་ལ་ལག་པ་བྲང་ཁར་སྦྱར་ཏེ། སྨོན་ལམ་བཏབས་མྱོང་། ཡིན་ཡང་། ཁྱེད་ཅག་ཕ་མ་ཡི་དངུལ་ལོར་གྱུར་དུས་ན། ངའི་སྨོན་ལམ་ཅི་ཙམ་ཞུས་ཀྱང་། ཅི་ཞིག་ཐོབ་སྲིད། སྙིང་ཉེ་མ། ལྷ་མོ་སྒྲོལ་དཀར། ང་རང་མདུན་སྐྱོད་ལ་མོས་དྲག་པས། ཁྱེད་ལ་སྐྱོ་གདུང་དང་དྲན་གདུང་གི་འཚོ་བ་རོལ་ཏུ་བཅུག བཟོད་བསྲན་གྱིས་དང་། སྤང་ཐང་འདིར་ཉི་ཟེར་འཕྲོ་ངེས།

58


རང་མོས་སེམས་ཀྱི་གླུ་གཞས།

ཕ་ཡུལ་འབྲོག་རུ་བོན་སྐོར་དྲན་པ། བདེ་སྐྱིད་སྒྲོལ་མ། (བོན་སྐོར།)

བདག་གི་ཕུགས་འདུན་གྱི་མགོ་རྩོམ་ས་དང་། མཐར་ཐུག་གི་ལོག་མལ་ནི། གནས་གཞན་གང་ཞིག་ཀྱང་མིན། རི་བོ་མཐོ་ཞིང་མཁའ་དབུགས་གཙང་བའི། ཕ་ཡུལ་བོན་སྐོར་ཡིན། དེ་རུ། གྲོང་ཁྱེར་ལྟ་བུའི་ཟང་ཟིང་དབེན་ལ། འབྲོག་ཐང་ལྟ་བུའི་སྦྲ་ནག་དང་ལུག་ཁྱུ་ཉུང་བ་བདེན་ཡང་། དེ་རུ། གསེར་མདོག་གི་སྙེ་མའི་མགོ་བོ་དུད་ལ། རྨ་ཀླུང་སྔོན་མོའ ི་འགྲམ་རྒྱུད་དུ། བདག་གི་རྩེད་ཆས་ལྟ་བུའི་གྲུ་ཆུང་མང་པོ་སྟར་ཕྲེང་བསྒྲིགས་ཡོད། ད་དུང་བྱེ་ཐང་དུ། ངའི་བྱིས་བློ་ལྟ་བུའི་རྐང་རྗེས་དག བགྲང་བྱ་ག་ཙམ་འགོར་ཡང་མངོན་པར་གསལ་འདུག ད་དུང་། ངའི་ཤེས་རིག་གི་ཨ་མ་སྟེ། མ་ཡུམ་སློབ་གླིང་གིས། གསར་སྐྱེས་ཀྱི་ལྗང་མྱུག་གང་མང་ཞིག་ལ། སྤོབས་པ་དང་ལང་ཚོ་སྦྱིན་བཞིན། སང་ཉིན་གྱི་ཁ་བའི་ལེགས་སྐྱེས་སུ་འབུལ་བར། སྟ་གོན་ལ་བྲེལ་བཞིན་གདའ། དེ་བས། མ་ཡུམ་ལགས་ཕ་ཡུལ། བརྩེ་ལྡན་གྱི་བོན་སྐོར། ཁྱེད་ཀྱི་པང་དུ་བདག་གིས་ཤེས་རིག་གི་འོ་དྲི་སྣོམ་མྱོང་ལ། མ་འོངས་བའི་ལམ་བུ་མཐོང་བྱུང་བས། ཕ་ཡུལ་བོན་སྐོར་གྱི་ཆུ་མིག་ཧུབ་གང་དང་། རྩྭ་ཕྲན་ཉག་གཅིག་ཡིན་ཡང་། ངའི་ལུས་སྟེང་གི་བ་སྤུ་རེ་རེ་དང་དམ་དུ་འབྲེལ་ཡོད་ཕྱིར། ཆུ་ཚོད་གྱི་མདའ་རྩེ་ག་ཙམ་ཟད་ཀྱང་། ཉིན་ཞག་གི་སོ་རྩེ་ཅི་ཙམ་འགོར་རུང་། བདག་གི་ཕ་ཡུལ་གྱི་གོམས་སྲོལ་རེ་རེ་དང་། མི་རིགས་ཀྱི་སྲོལ་རྒྱུན་རེ་རེ། གང་འདོད་དུ་ཆོམ་སེ་གཡུག་ཆོག་གམ། མ་ཡུམ་ལགས། ཕ་ཡུལ། བརྩེ་ལྡན་གྱི་བོན་སྐོར་ལགས། ངས་ཁྱེད་རང་དྲན་བྱུང་། 59


རང་མོས་སེམས་ཀྱི་གླུ་གཞས།

ཕ་ཡུལ། དཔའ་འབུམ་ཡག(མཚོ་ལྷོ་ཁུལ་མཐོ་འབྲིང་དང་པོའི་ལོ་རིམ་གསུམ་པ།)

ཁ་སང་། ང་སྟག་ལུང་རི་བོའ ི་ཡང་རྩེ་རུ་འགྲེང་སྟེ། ཁུ་སིམ་པའི་ཕ་ཡུལ་ལ་བལྟ་དུས། ངའི་ཕ་ཡུལ་གྱི་ནམ་མཁའ་གཡའ་དག་ལ། ངའི་ཕ་ཡུལ་གྱི་ས་གཞི་མཛེས་ཤིང་སྡུག ཡིན་ན་ཡང་། དེ་རིང་། ང་མལ་ལས་ལངས་ཏེ་ཕ་ཡུལ་ལ་བལྟ་དུས། ཕ་ཡུལ་གྱི་ནམ་མཁའ་ལ་སྤྲིན་ནག་འཁྲིགས་ཤིང་། ཕ་ཡུལ་གྱི་ས་གཞི་ལ་རྡུལ་རླུང་འཚུབ། ངའི་སྙིང་དང་འདྲ་བའི་ཕུ་ནུ་ཚོ། ཕ་ཡུལ་གྱི་ངོ་གདོང་ན་ཁྲག་དམར་འཛར་ཞིང་། ཕ་ཡུལ་གྱི་ལུས་བཅུད་ཤོར་བའི་སྣང་ཚུལ་ཚོར་བྱུང་། ད་ནི། ཕ་ཡུལ་ལ་སྲུང་སྐྱོབ་བྱེད་རན་འདུག ཕུ་ནུ་ཚོ། ང་ཚོའི་ཕ་ཡུལ་གྱི་སང་ཉིན། འོད་དུ་འཚར་བའི་སྐར་མ་འོད་ཆེན་དེ་ཡིན་ལ། དྲག་ཏུ་ལྡིང་བའི་སྙིང་གསོན་པོ་དེ་ཡིན་ངེས།

དག་ཞིང་མཐོང་བྱུང་། སྙིང་སྟག་རྒྱལ།

གནའ་བོའ ི་རུ་དར་དེའི་འགྲམ་ངོགས་ནས། ངས་ཡིག་དྲུག་ཟློ་བའི་རྒན་རྒོན་མང་པོ་ཞིག་མཐོང་བྱུང་། ཁོ་ཚོ་ཡིད་ཆེས་ཀྱིས་ཁེངས་འདུག ཁོ་ཚོ་སྤྲོ་འཛུམ་གྱིས་བརྟས་འདུག གསལ་ལ་འཚེར་བའི་གཙུག་ལག་ཁང་གི་ཅོང་བརྡ་སྙན་མོ་དེས། ངའི་རྣམ་ཤེས་རི་རབ་དེའི་ཕ་རོལ་དང་། ཆུ་བོ་དེའི་ཁུགས་སོ་ནས་སླར་ཡང་བཀུགས། 60


རང་མོས་སེམས་ཀྱི་གླུ་གཞས།

རི་བོས་བསྣུབས་ཀྱང་རུང་། ཆུ་བོས་བཅད་ཀྱང་ཆོག ཐ་ན་གནམ་ལྕགས་ཀྱིས་རྨེག་མེད་དུ་གཏོར་ནའང་། ངས་ད་དུང་། རྣམ་རྒྱལ་ཆོས་རྫོང་གླིང་གི་གཙུག་ལག་ཁང་ལ། བསྐོར་བ་བརྒྱག་དགོས། ཞོགས་དུས་སུ། གསེར་མདོག་གི་རྒྱ་ཕིབས་ཀྱིས། རི་ར་བ་ཁང་ཁྱིམ་བསྐྱུར་ཅིང་། མཐོང་དབྱིངས་གཤགས་ཏེ། ཆེས་གཡའ་དག་པའི་དག་ཞིང་དེར་ཆས་འགྲོ་བའི་བདེན་སྣང་སྟེར་མོད། དེ་ནི་མི་སྲིད་དེ། དེ་ནི་ངའི་ཚོར་བ་ཙམ་མོ། ། སྐད་ཅིག་མའི་ཚོར་བ་དེའི་རྗེས་སུ། ངས་དངོས་གནས་དག་ཞིང་ཡིད་དུ་འོང་བ་ཞིག་མཐོང་བྱུང་། དག་ཞིང་དེ་ནི། མཆོད་རྟེན་བརྒྱད་ལྡན་ཅན་གྱི་གནས་མཆོག་ཅིག་ཡིན་ལ། དག་ཞིང་དེ་ནི། རིག་ལྔའི་མེ་ཏོག་བཀྲ་བའི་སྐྱེད་ཚལ་ངོ་མཚར་ཅན་ཞིག་ཀྱང་ཡིན་འདུག ད་དུང་། ཐོས་ཚོད་ལ། དག་ཞིང་དེར་སྨྲ་ངན་ལོག་རྟོག་འཇོམས་པའི་རིག་པའི་རལ་གྲི་རྣོ་ངར་ལྡན་པ་ཞིག་ཀྱང་ཐོབ་ཡོད་སྐད། ངས་ལུས་ངག་ཡིད་གསུམ་གྱི་དད་པས། མུ་མཐུད་དུ་གཙུག་ལག་ཁང་ལ་བསྐོར་བ་བརྒྱག་རྒྱུ་ཡིན། ཕུང་བོ་འདི་རུལ་རག་བར། རྣམ་ཤེས་འདི་བཞུད་རག་བར། བསྐོར་བ་རྒྱག་རྒྱུ་ཡིན། ང་དང་ཁོ་མོ་ལའང་བརྗེད་མེད་ཀྱི་དུས་ཆད་ཅིག བྱ་གཞུང་བཙུན་ཐར་རྒྱལ། ཀྱེ། དྭངས་གཙང་གི་སེམས་པའི་ནང་ལ་སེམས་པ་དེ་ཞོག་དང་། དྲོད་འཇམ་གྱི་ལག་པའི་ནང་ལ་ལག་པ་དེ་ཞོག་དང་། དུས་ད་ལྟའང་སློབ་གླིང་གི་གྲུ་ཟུར་ཞིག་ནས་ཁྱོད་རང་དྲན་པའི་མོད་ལ་འུ་གཉིས་ཀྱི་དུས་ཆད་དེའང་དྲན་བྱུང་། དེ་བས་དབང་མེད་དུ་ཡིག་ངོས་ལ་ཟུར་ཙམ་འགོད་དགོས་བྱུང་སོང་། དུས་ཆད་ཅིག 61


རང་མོས་སེམས་ཀྱི་གླུ་གཞས།

ང་དང་ཁོ་མོའ ི་དུས་ཆད་དེ་རང་བཞིན་གྱི་དུས་ཆད་ཅིག་མ་ཡིན་པར། ལྷད་མེད་དྭངས་གཙང་གི་བརྩེ་མདངས་ལས་གྲུབ་པའི་རྣམ་དག་གི་དུས་ཆད་ཅིག ཡང་ན་མ་འོངས་ཁྱིམ་གཞི་དྲོན་མོ་ཞིག་གི་འཚོ་རྟེན་ལས་འཁྲུངས་བའི་རྟག་བརྟན་གྱི་དུས་ཆད་ཅིག དེ་བས་མ་བཟང་མོ་དེའི་འཛུམ་མདངས་དེ་མཐོང་ཕྱིར། མ་བཟང་མོ་དེའི་ལག་ཟུང་ལ་འཇུ་ཕྱིར། དུས་རྟག་དུ་ལོ་ཟླའི་ཕྲེང་བ་འཛུབ་མོས་བགྲང་ཞོར། རི་མཐོན་པོའ ི་རྩེ་ནས། ཐང་ཡངས་མོའ ི་ཁུགས་ནས། སྦྲ་མཐིང་སྨུག་གི་ཐུ་འོག་ནས། ལུག་གཡང་དཀར་གྱི་རྗེས་ནས། རྟ་འདོ་བའི་གོང་ཁ་ནས། ང་དང་ཁོ་མོའ ི་དུས་ཆད་ལ་རེ་ཞིང་སྒུག རྒྱུན་འགྲོགས་ཀྱི་ལོ་ཟླའི་འཁོར་བསྐྱོད་ཁྲོད་ནས། ང་དང་ཁོ་མོ་ལའང་ལྷད་མེད་བརྩེ་མདངས་ཀྱི་སྐྱེད་ཚལ་ནས་བརྩེ་དུང་གི་མྱུ་གུ་ཕྲ་མོ་དེ་འབུས་ཡོད། མཐའ་ཡས་རྒྱ་མཚོ་ལས་ཟབ་པའི་བརྩེ་བའི་དྭངས་མ་དེ་འཁྲུངས་ཡོད་ལ། ང་དང་ཁོ་མོ་ལ་ད་དུང་རྫོགས་མེད་ཀྱི་བརྩེ་དུང་གི་གཏམ་རྒྱུད་རིང་མོ་དེ་ཡོད། མི་འཇིག་བྲག་རི་ལྟ་བུའི་འགྱུར་མེད་ཀྱི་དམ་བཅའ་དེའང་རྡོ་ལ་རི་མོ་བྲིས་པ་ཇི་བཞིན་བརྐོས་ཡོད། ཡིན་ཡང་མི་འདོད་གྱེས་བྲལ་གྱི་ན་ཟུག་ཁྲོད་ནས་ང་དང་ཁོ་མོ་ལའང་བརྗེད་མེད་ཀྱི་དུས་ཆད་ཞིག དུས་ཆད་དེ་ནི་ང་དང་ཁོ་མོའ ི་ཟུངས་ཁྲག་ལ་བརྒྱུས་པའི་འགྱུར་མེད་གྱི་བརྩེ་བ་ཡིན། དེ་བས་ཁོ་མོའ ི་ཞལ་རས་དེ་མཐོང་ཕྱིར། བརྩེ་མདངས་དེ་རྟོགས་ཕྱིར། རེ་སྒུག་གི་ཉི་མ་རེ་རེ་རྒྱབ་ལ་བསྐྱུར་ཏེ་གངས་དཀར་བོའ ི་ཡངས་རྩེ་ནས། ཁོད་ཡངས་པའི་རྩྭ་ཐང་ནས། སྤང་སྔོན་མོའ ི་ཁུགས་སོ་ནས། མཚོ་ལྗང་ལོའ ི་འགྲམ་ངོགས་ནས། ནགས་རྒྱ་རྫོང་དཀྱིལ་ཁུགས་ནས། ང་དང་ཁོ་མོའ ི་དུས་ཆད་ལ་རྟག་ཏུ་རེ་སྒུག་གི་མངའ་ཐང་ལྕི།

62


རང་མོས་སེམས་ཀྱི་གླུ་གཞས།

གོམ་སྒྲ་དེ་ཨ་མ་མིན་ནམ། གཙང་གཡུ་སྲས་དོ་བྷ། (ཁུལ་མི་རིགས་སློབ་འབྲིང་གཉིས་པ།)

ཉིང་ལག་མཐའ་དག་ཟུག་གཟེར་གྱིས་བཅུམས་ཡོང་སྙམ་པའི་སེམས་ཀྱི་སྟོང་དབྱིངས་ཀྱི་བར་མཚམས་བརྒལ་ནས མཚན་མོ་དེའི་གཞིས་ཁྱིམ་གྱི་ཕྱི་ནང་ཀུན་ན། ངའི་སྙན་ངག་གི་ཐ་སྙད་དང་མཉམ་དུ་ཞོགས་པའི་གོམས་སྒྲ་དེ། གོམས་སྒྲ་དེ། ཨ་མ་མིན་ནམ། ཉན་ཀྱིན། ཉན་ཀྱིན། མོས་ལང་ཚོའི་དཔལ་ཡོན་མཐའ་དག་དུས་ཚོད་དང་མཉམ་དུ་གསུར་དུ་ཕུད་རྗེས། ཡང་སྙིང་གང་ཞིག་གི་ལས་གཞི་ད་དུང་འགྲུབ་མེད་དམ། ངག་གི་བཟློ་དབྱངས་དང་སེམས་ཀྱི་ཚིག་གྲུབ་ཁ་ཤས། སུ་ཞིག་གི་ཐོས་འཛིན་གྱི་གཞུང་བ་རུ་མར་ཁུ་བཞིན་འཁྱིལ་ཡོད། མཚམས་སྤྲིན་དང་ས་སྲོད་ཀྱི་འགྱུར་ཁུགས་ཁྲོད། མོའ ི་སྟོང་ཆེན་ལྟ་བུའི་སེམས་ཀྱི་སྒྲོམ་བུ་རུ། རང་ཉིད་ཀྱི་འབྱུང་འདས་གང་ཞིག་གི་ལས་དབང་དམར་རྗེན་དུ་སྦས་ཨེ་ཡོད། གློ་བུར། གློ་བུར་དུ། ངས་རྣམ་རིག་གི་ལྷོད་རྒྱ་ལྕགས་སྐུད་བཞིན་བསྒྲིམས་ནས། མོས་ཕྱི་ནས་འདུར་རྒྱུགས་ཀྱི་གོམ་པའི་འགུལ་སྟངས་རེ་རེ་ལ་ཞིབ་ཏུ་ཉན། ཞིབ་ཏུ་ཉན་པའི་གོ་རིམ་ཧྲིལ་བོའ ི་ཁྲོད། མོ་ཡང་འཇིག་རྟེན་འདིའི་འཁོར་བའི་གྲུ་ག་ན་བྱིས་པ་བཞིན། ཞབས་བྲོ་འཁྲབ་མཁན་ཞིག་ཡིན་པ་གཞི་ནས་རྟོགས། གཞི་ནས་རྟོགས།

63


དཔྱད་རྩོམ་རིག་པའི་གླེང་མོལ།

བོད་ཀྱི་རྣམ་ཐར་གྱི་རིན་ཐང་དང་དེའི་འཕེལ་འགྱུར་སྐོར་གླེང་བ།

བསྟན་ཁོ།

[ནང་དོན་གཙོ་བཏུས] རྩོམ་འདིར་བོད་ཀྱི་རྣམ་ཐར་ཡིག་ཆའི་ཁྲོད་ཡོད་པའི་སྐྱེས་བུ་དམ་པ་དག་གི་བསམ་

བློའ ི་རིན་ཐང་དང་། སྤྱིར་མིའི་རིགས་ཀྱི་དད་པ་དང་དག་སྣང་གི་རིན་ཐང་སྐོར་ནས་གླེང་ཡོད། [གནད་འགག་མིང་བརྡ] བོད། རྣམ་ཐར་གྱི་རིན་ཐང་། འཕེལ་འགྱུར། ང་ཚོ་བོད་ཀྱི་རིག་གཞུང་དང་མི་རིགས་ཀྱི་འདུ་ཤེས་སུ་གྲུབ་པའི་ཆོས་ལུགས་རིག་གནས་འདི་དག་ནི་ བོད་མི་རིགས་ཀྱི་ཤ་གསེང་རུས་གསེང་ལ་འཐིམ་པའི་བསམ་བློའ་ི རིག་གཞུང་དང་དེའི་ཁྱབ་ཁོངས་ཆེན་པོར་ འདྲེས་པའི་མི་རིགས་ཤིག་གི་བླ་སྲོག་ལྟ་བུར་གྱུར་ཡོད། འདིར་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ལྟ་བུར་ ཆགས་པའི་སྐྱེས་བུ་དམ་པའམ་བླ་མ་དག་གི་རྣམ་ཐར་ནི་ལམ་གྱི་རྩ་བ་དང་ཡོན་ཏན་གྱི་འབྱུང་ཁུངས་སུ་གཏོགས་ པའི་རིག་གཞུང་རྒྱ་ཆེན་པོ་ཞིག་ཡིན་ཞེས་བཤད་ན་ཡང་མི་ཆོག་རྒྱུ་མེད། དེ་ཡང་རྒྱུ་མཚན་དང་ལྡན་པའི་སྒོ་ནས་ གསུངས་ཡོད་དེ། ལམ་རིམ་ཆེན་མོ་ལས། ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་བསྟེན་པའི་བློ་ཇི་ ལྟར་སྦྱངས་པའི་རིམ་པའོ།། ཞེས་གསུང་པ་ལྟར། ཡོན་ཏན་ཐམས་ཅད་ལམ་གྱི་རྩ་བ་རུ་བཞག་པའི་རྒྱུ་མཚན་ལ་ བསམ་བློ་གཏོང་རྒྱུ་ཞིག་འདུག དེས་ན་ཐོག་མར་རྣམ་ཐར་ཟེར་བ་ནི་ཡོངས་གྲགས་སུ་སྐྱེས་བུ་དམ་པ་དེ་དང་དེའི་མཛད་པ་འཕྲིན་ལས་ སོགས་རྗོད་བྱེད་ཚིག་གི་ལམ་ནས་གསལ་བོར་བསྟན་པ་ན། ཀློག་མཁན་དང་ཉན་མཁན་དག་གི་སེམས་ལ་ཐར་ བའི་ས་བོན་ནམ། ཡིད་ཆེས་ཀྱི་དད་པ་དབང་མེད་དུ་བསྐྱེད་བྱེད་ཅིག་ལ་རྣམ་ཐར་ཟེར། སྐྱེས་བུ་དམ་པའི་མཛད་ རྣམ་དང་སྤྱི་བཏང་གི་མིའི་སྤྱོད་ལམ་གྱིས་རང་ཉིད་དང་མི་གཞན་དག་ལ་ཤུགས་རྐྱེན་བཟང་ངན་སྣ་ཚོགས་པ་ ཞིག་འཇོག་ཐུབ་པས། འདི་ནི་ཧ་ཅང་ནས་གལ་ཆེན་རེད། མི་རིགས་གཞན་དང་གཞན་གྱི་ལོ་རྒྱུས་དང་རྣམ་ཐར་ གྱི་དམིགས་ཡུལ་གཙོ་བོ་ནི་གནས་ཚུལ་དང་བྱུང་རིམ་གཙོ་བོ་བརྗོད་རྒྱུ་དེ་རེད་ལ། བོད་ཀྱི་རྣམ་ཐར་གྱི་རིན་ ཐང་གཙོ་བོ་ནི་ཀློག་མཁན་དང་གདུལ་བྱའམ་སློབ་མ་དེའི་བློར་ཕན་ཐོགས་དང་བསམ་བློ་ཡ་རབས་ཀྱི་ཕྱོགས་ལ་ ཁྲིད་རྒྱུ་དེ་གཙོ་བོར་བཟུང་ནས་བརྗོད་རྒྱུ་དེ་རེད། བརྩི་བཀུར་དང་གུས་ལུགས་འདི་ནི་མིའི་རིགས་ལ་ངེས་པར་ དུ་ཚང་དགོས་པའི་གནད་འགག་དང་གནས་ལུགས་སམ་རིན་ཐང་རྩ་ཆེན་ཞིག་རེད་ལ། འདི་ནི་སློབ་གསོ་དང་ ཟུང་དུ་འབྲེལ་བའི་མིའི་རིན་ཐང་ཞིག་གི་སྟེང་ནས་ཡོང་དགོས་པ་ཞིག་རེད་མ་གཏོགས་མི་རང་ག་བ་ཞིག་ལ་འདི་ བེད་སྤྱོད་བྱས་ན་བྲན་གཡོག་དང་མནར་གཅོད་ཀྱི་འདུ་ཤེས་ཤིག་ཡོང་རྒྱུ་མ་གཏོགས་ཧ་ལམ་ཁག་པོ་ཡིན་རྒྱུ་རེད། བོད་ཀྱི་རྣམ་ཐར་གྱི་བླ་སྲོག་ལྟ་བུར་གྱུར་བའང་འདི་རེད། བོད་ཀྱི་རྣམ་ཐར་ཡིག་ཆའི་བརྗོད་བྱར་གྱུར་བའི་སྐྱེས་བུ་དམ་པ་མང་ཆེ་བ་ནི་ཆུང་དུས་ནས་གཞན་དོན་ དང་གཞན་སྐྱོབ་འདོད་ཀྱི་བསམ་བློ་ཁུར་ཆེན་པོ་དེ་རང་ཉིད་ཀྱི་སྟེང་དུ་ལེན་རྒྱུའི་ལྷག་བསམ་མམ་སྙིང་སྟོབས་ དེས་བཅིངས་ནས་ཡོད་པས་ངང་ངམ་ཤུགས་ཀྱིས་གཞན་གྱི་ཡིད་དབང་མེད་དུ་འགུག་པའི་ནུས་པ་ལྡན་ལ། སློབ་ གསོ་ནུས་ཤུགས་མི་དམན་པ་ཞིག་ཡོད། དཔེར་ན། ཆ་ཧར་དགེ་བཤེས་མཛད་པའི་རྗེ་རིན་པོ་ཆེ་རྣམ་ཐར་ལས། དེ་ ནས་དགུང་ལོ་བཅུ་བདུན་པའི་ཆུ་གླང་ལོའ་ི སྟོན་གྱི་དུས་སུ་འབྲུ་གུང་དཔལ་གྱི་ནགས་ཁྲོད་ཅེས་པའི་དགོན་པར་ ཕེབས། འབྲི་གུང་གི་སྤྱན་སྔ་ཆོས་ཀྱི་རྒྱལ་བོ་དང་མཇལ། ཐེག་ཆེན་སེམས་བསྐྱེད་དང་། ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ 64


དཔྱད་རྩོམ་རིག་པའི་གླེང་མོལ།

དང་། རྡོ་རྗེ་ཕྲེང་བ་སོགས་ཀྱི་བཀའ་ཆོས་མང་དུ་གསན། དེར་བླ་མ་དེས་རྗེ་འདི་ལ། ངས་ཁྱོད་ལ་རྟེན་ཅིག་འབུལ་ བ་ཡིན། ཁྱོད་ལ་གང་འདོད་ཅེས་གསུངས་བར། བླ་མའི་རྟེན་གྲལ་དུ་བཞུགས་པའི་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཞིག་ གིས། ཁོང་གི་རྟེན་དུ་ང་འགྲོ་ང་འགྲོ་ཞེས་གསུངས་བྱོན་པས་ལྷ་སྐུ་དེ་ཉིད་གནང་སྟེ། རྟེན་འདི་ནི་ད་ལྟ་བྱང་རྩེ་ གཟིམས་ཁང་ན་མཆོད་ཅིང་ཡོད་དོ།། རྗེ་རིན་པོ་ཆེས་འདིར་བཞུགས་པའི་སྐབས་ཤིག་ཏུ། ཐོག་མཐའ་བར་དུ་དགེ་ བའི་སྨོན་ལམ་རྩོམ་པར་མཛད། སྨོན་ལམ་འདི་ནི་སྐྱེ་བ་ཐམས་ཅད་དུ་ངན་འགྲོར་མི་ལྷུང་བར་རྟེན་བཟང་ཐོབ་པ་ དང་། བཤེས་གཉེན་བཟང་བོ་དང་མཇལ་ཞིང་བླ་མས་བརྩེ་བའི་ཚོགས་གསུང་བ་དང་། ཐོས་བསམ་སྒོམ་གསུམ་ ཚུལ་བཞིན་དུ་བྱེད་པ་དང་། བསྟན་འགྲོར་ཕན་ཐོགས་པ་སོགས་ཀྱི་དོན་ཕུན་སུམ་ཚོགས་པ་ཤིན་ཏུ་ཕུལ་དུ་བྱུང་ སྟེ། འདུས་སྟེ་ཐམས་ཅད་དུ་དར་བར་སྣང་ངོ་།། སྨོན་ལམ་འདིར་ཆོས་བྱེད་པའི་ཚུལ་གསལ་བར་གསུངས་པས་ད་ ལྟ་རང་ཅག་གིས་འདིའི་རྗེས་འབྲངས་ནས་ཆོས་བྱས་ན་ལེགས་ཞེས་མཁས་པ་དག་གསུང་ངོ་།། ཞེས་གསུང་བ་འདི་ ནི་རྗེ་རིན་པོ་ཆེའི་རྣམ་དཔྱོད་སྙིང་སྟོབས་འདི་དག་ནི་ཆུང་དུས་ནས་བློ་ཧ་ཅང་སྒམ་པོ་དག་གིས་ཀྱང་ཁ་མིག་ ཡར་ལྟ་བྱེད་པའི་གནས་དམ་པ་ཞིག་ཡིན་པར་གསལ་བར་བསྟན་འདུག ད་ལྟ་ང་ཚོས་བོད་ཀྱི་རྣམ་ཐར་ཡིག་ཆ་ཡིན་ནའང་འདྲ། སངས་རྒྱས་ཆོས་གཞུང་དང་འབྲེལ་བའི་ཆོས་ འབྱུང་ལོ་རྒྱུས་ཡིག་ཆ་གང་དང་གང་ཡིན་ན་ཡང་གཙོ་བོ་དད་པ་དང་དག་སྣང་ཡོད་པ་གཞིར་བཞག་ནས་ཞིབ་ འཇུག་དང་བལྟ་ཀློག་བྱས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གོ་བ་དང་དཔྱད་པ་གཏོང་སྟངས་དེ་ལ་ཧ་གོ་རྒྱུ་ ཞིག་འདུག འདི་དག་ཕྱིའི་གོ་བ་ནི་གློག་བརྙན་ལ་བལྟ་སྟངས་བྱས་ནས་བལྟ་ཀློག་བྱས་ན་གོ་བ་ཅུང་ཟད་རེ་ལེན་ ཐུབ་ན་ཡང་། ནང་དོན་སྙིང་བོའ ི་གོ་བ་ཟབ་མོ་དག་ནི་ནང་བསམ་བློ་དང་འབྲེལ་བའི་སྙིང་བོ་ཅན་ཡིན་ལ། དེ་ཡང་ ལས་རྒྱུ་འབྲས་དང་སྐྱེས་བ་སྔ་ཕྱི་དཀོན་མཆོག་གསུམ་ལ་ཡིད་ཆེས་ཡོད་པ་དང་། དེ་དག་ལ་ཡིད་ཆེས་ཀྱིས་དད་ པ་དང་དག་སྣང་ཡོད་པ་གཞིར་བཞག་ནས་བཤད་པ་ཤ་སྟག་ཡིན་པས། དཔྱད་པ་དང་གོ་བ་ལེན་དུས་སུ་ཡང་ ཡིད་ཆེས་ཀྱི་དད་པ་དང་དག་སྣང་ཡོད་པ་གཞིར་བཞག་ནས་གོ་བ་དང་དཔྱད་པ་གཏོང་དགོས་པ་རེད། འདི་ ནི་ཆོས་ལུགས་དང་དད་པའི་ཆེད་དུ་དད་པ་དག་སྣང་བྱེད་དགོས་པ་མིན་པར་རང་ཉིད་ཀྱི་བསམ་བློའ་ི སྟེང་གི་ གོ་བ་དང་དཔྱད་པ་གཏོང་ཆེད་དུ་དད་པ་དག་སྣང་སྦྱངས་དགོས་པ་རེད། འདི་ནི་གཞན་ཞིག་གི་ཆེད་དང་བྲན་ གཡོག་གི་འདུ་ཤེས་ཤིག་མིན་པར་རང་ཉིད་ཀྱི་མི་གཤིས་དང་རང་ཉིད་ཀྱི་རིན་ཐང་གི་ཆེད་དུ་ཡིན་པ་གསལ་ བོར་ངེས་དགོས་པ་གནད་ཀྱིས་དོད་པ་རེད། སྤྱིར་ན་དད་པ་དང་དག་སྣང་ཟེར་བ་འདི་ནི་ཆོས་ལུགས་པ་དག་གི་ གསར་གཏོད་བྱས་པ་དང་ཆོས་ལུགས་པ་དག་གིས་གཞན་བྲན་གཡོག་ཏུ་འགོད་པའི་ལག་ཆ་ལྟ་བུར་གསར་བཅོས་ དང་གློ་བུར་ཏུ་བྱུང་བ་ཞིག་མིན་པར་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་བྲག་དང་ཆུ་ཤིང་སོགས་ལ་དད་མོས་ དག་སྣང་བྱས་པའི་ས་བོན་ལས་འགོ་བརྩམས་ཏེ་རིམ་བཞིན་འཕེལ་རྒྱུས་སུ་སོང་བ་ཞིག་ཡིན་པས། དད་པ་དང་ དག་སྣང་ཞེས་གླེང་དུས་ཐམས་ཅད་ཀྱིས་ཆོས་ལུགས་པ་དང་དད་པ་ཆོས་ལུགས་ཀྱི་འདུ་ཤེས་ཞེས་བློ་འཚུབ་ གཏན་ནས་སྐྱེས་མི་དགོས། དད་པ་དང་དག་སྣང་འདི་ནི་སྟོད་མངའ་རིས་ནས་བར་དབུས་གཙང་སྨད་མདོ་ ཁམས་གང་དུ་སོང་ཡང་བོད་མི་རིགས་ཀྱི་འཚོ་གནས་དང་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན། བོད་མི་རིགས་བརྒྱ་ ཆའི་དགུ་བཅུ་ཡན་ཆད་ནི་ཆོས་ལུགས་ལ་དད་པ་བྱེད་མཁན་ཡིན་པས་དད་པ་འདི་ནི་བོད་མི་རིགས་ཐུན་མོང་ གི་ལོངས་སུ་སྤྱོད་ཆོག་པའི་ཁྱད་ཆོས་སམ་རིག་གནས་ཤིག་ལ་འདེམས་ན་མི་ཆོག་རྒྱུ་མེད། དད་པ་དང་དག་སྣང་ འདི་ནི་ཆོས་སྲིད་གང་གི་ཐད་ལའང་མེད་དུ་མི་རུང་བ་ཞིག་ཡིན། བོད་ཀྱི་རྣམ་ཐར་དག་ཀྱང་འདིར་གཞིར་བཞག་ ནས་གོ་བ་རེ་བླངས་ན་ཧ་ལས་པའི་གཏིང་ཟབ་མོ་ཞིག་གོ་རྒྱུ་ཡོད། དད་པའི་སྟོབས་ཤུགས་ནི་མདོ་དབུས་ཁམས་ 65


དཔྱད་རྩོམ་རིག་པའི་གླེང་མོལ།

གསུམ་གཅིག་གྱུར་གྱི་སྡོམ་ཐག་ལྟ་བུ་དང་ཁྱད་ཆོས་ལྟ་བུར་གྱུར་ཡོད། ནམ་ཡིན་ཡང་ང་ཚོའི་དད་པ་དང་དག་ སྣང་བྱེད་པ་དང་བླ་མ་དགེ་རྒན་ལ་བརྩི་བཀུར་བྱེད་སྟངས། སྐྱེས་བུ་དམ་པའི་རྣམ་ཐར་ལ་སློབ་སྦྱོང་བྱེད་སྟངས་ འདི་ཐམས་ཅད་གཞན་བསྟེན་བསམ་བློ་དང་བྲན་གཡོག་བསམ་བློ། ལེ་ལོ་དང་སྒྱུད་ལུག་གི་བྱ་སྤྱོད་ཅིག་ཡིན་པར་ གཏན་ནས་གོ་བ་ལེན་མི་རུང་། འདི་ནི་སྙིང་སྟོབས་དང་བློ་སེམས་རྩེ་གཅིག་གི་བསམ་བློའ ི་རིན་ཐང་དང་སྤོབས་ པ་ཞིག་ལ་བརྩིས་ན་འགྲིག་འདུག ད་ལྟ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་མང་བོ་ཞིག་གིས་དད་པ་མེད་པའི་མི་ རྣམས་ནི་འཇིགས་སྐུལ་རིང་ལུགས་རེད་ཅེས་ཟེར་བཞིན་ཡོད་པ་རེད། བྲན་གཡོག་ཟེར་བ་ནི་བཙན་ཤུགས་ཀྱི་བྱ་ སྤྱོད་ཅིག་རེད་ལ། སངས་རྒྱས་ཆོས་ལུགས་དང་དེའི་འཁོར་ཡུག་གི་སྐྱེས་བུ་དམ་པ་དེ་དང་དེའི་རྣམ་ཐར་དག་ ལས་བཙན་ཤུགས་ཀྱིས་དད་པ་བྱེད་དུ་བཅུག་པ་དང་དད་པའི་འོག་ཏུ་འཇུག་པའི་བསམ་བློ་དང་གནས་ཚུལ་དེ་ འདྲ་ཞིག་རྩ་བ་ཉིད་ནས་མེད། ང་ཚོས་བོད་ཀྱི་རྣམ་ཐར་ལ་ལྟོས་ཀྱིན་ལྟོས་ཀྱིན་སེམས་ནས་དད་པ་འཕེལ་ཡོང་བ་ དང་བྱ་སྤྱོད་ཡང་དག་པའི་ལམ་དུ་འགྲོ་བཞིན་པ་དེ་དག་ནི་བསམ་བློའ་ི སྟོབས་ཤུགས་དང་མི་རིགས་ཡོངས་ལ་ མཁོ་གལ་ཆེ་བའི་རིག་གནས་ཡ་མཚན་པོ་ཞིག་ཡིན་པ་ཧ་གོ་དགོས་པ་ཞིག་རེད། དད་པ་ཡོད་ན་བསམ་བློའ ི་སྟེང་ གི་དཀའ་ཁག་མང་བོ་ཞིག་སེལ་ཐུབ་ལ། བྲན་གཡོག་མ་ཡིན་པའི་གུ་ཡངས་དང་རང་དབང་གི་འདུ་ཤེས་ཤིག་ ངང་གིས་འདྲེན་ཡོང་ཐུབ། བོད་ཀྱི་རྣམ་ཐར་རིག་གནས་ཀྱི་རིན་ཐང་གཙོ་བོ་ཡང་འདི་རེད། ཡང་དཔེར་ན། སྔོན་ ཆད་རྗེ་རིན་པོ་ཆེའི་སྐབས་སུ། ཨ་ཡེ་རྒན་མོ་ཞིག་གི་གསེར་སྒྱེ་མོ་གང་ཁུར་ནས་ག་ས་གང་དུ་སོང་ནའང་མིག་གིས་ བལྟ་མཁན་ཞིག་ཡང་མེད་ཅེས་ཆོས་འབྱུང་དག་ན་གསུང་ཡོད། སྤྱིར་ན་ལོ་རྒྱུས་གཙོ་བོར་བཟུང་ནས་བཤད་ན་དེ་ ནི་བྱུང་རིམ་ཙམ་ཞིག་རེད་ལ། བསམ་བློའ ི་རིན་ཐང་གཙོ་བོར་བཟུང་ནས་བཤད་ན། དེ་ནི་སྐབས་དེའི་མིའི་ཀུན་ སྤྱོད་དང་བསམ་བློའ ི་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་ཡོད་པའི་མཚོན་རྟགས་ལྟ་བུ་རེད། ད་ལྟ་ང་ཚོའི་བོད་ཀྱི་ རྣམ་ཐར་འབྲི་སྟངས་ལ་དུས་རབས་དང་འཚམ་པའི་བསྒྱུར་བཅོས་འགའ་རེ་གཏོང་དགོས་ན་ཡང་ཀློག་སྟངས་དང་ བལྟ་སྟངས་ཀྱི་ཐད་ལ་འོས་འཚམ་གྱི་གོ་བ་ལེན་སྟངས་ཤིག་འདུག་སྙམ། དེ་ཡང་བསམ་བློའ ི་ཚད་གཞི་ཡོད་པའི་སྟེང་ནས་འགྲོ་དགོས་པ་རེད་མ་གཏོགས། ཀློག་མཁན་ཡོད་ཚད་ ཀྱི་གོ་བ་བླངས་པ་གཞིར་བྱས་དེ་བཤད་ན་ནོར་འཁྲུལ་ཡང་མི་ཉུང་བ་ཞིག་འབྱུང་སྲིད་པ་རེད། རྣམ་ཐར་འབྲི་

སྟངས་ཐད་ལ་རི་མོ་བས་བྲིས་པའི་ཞིབ་ཚགས་ཡོད་པའི་རིས་བྲིས་ཁྱད་ཆོས། མི་རྒྱུད་ལྷ་དང་ཆུ་རྒྱུད་གངས་ལ་ གཏུགས་པ་ལྟ་བུའི་གནས་ཚུལ་ཁུངས་ལྡན་གྱི་ཁྱད་ཆོས། དོན་དངོས་གནས་ཚུལ་དང་སྤྱི་ཚོགས་དུས་རབས་དང་ མཐུན་པ་བདེན་པ་ལྷད་མེད་ཀྱི་ཁྱད་ཆོས། ལོ་རྒྱུས་རྒྱབ་ལྗོངས་དང་གཏན་ཚིག་རང་བཞིན་ལྡན་པའི་དངོས་ཡོད་ གནས་ལུགས་ཀྱི་ཁྱད་ཆོས། དད་པ་དག་སྣང་འདྲེན་པ་དང་ཡིད་ཆེས་གཙང་མ་འཕེལ་ཐུབ་པའི་བསམ་བློ་རིན་ ཐང་གི་ཁྱད་ཆོས། བརྗོད་བྱ་དོན་དང་ལྡན་ལ་རྗོད་བྱེད་ཚིག་གི་འབྲེལ་ཆགས་པ་བསྟན་བཅོས་རང་བཞིན་གྱི་ཁྱད་ ཆོས་བཅས་ཚང་དགོས་པའི་བརྒྱུད་རིམ་ལས་བོད་ཀྱི་རྣམ་ཐར་བྲིས་ན་ཧ་ཅང་གི་རིན་ཐང་དང་འཕེལ་འགྱུར་ཞིག་ གི་བརྒྱུད་རིམ་དེ་རེད་བསམ་ཡོད། རྣམ་ཐར་ལ་ཞིབ་འཇུག་དང་འཕེལ་རིམ་གླེང་དུས་དད་པས་ཀུན་བསླངས་ དགོས་རྒྱུ་དེ་གཙོ་བོ་རེད། དད་པ་ཟེར་དུས་མང་ཆེ་བས་ཆོས་ལུགས་རྨོངས་དད་ཅིག་ལ་བསམ་གིན་འདུག་ལ་ དེ་ནི་མ་བརྟག་མ་དཔྱད་པའི་སྐད་ཆ་རེད། སྤྱིར་ན་དད་པ་ཟེར་བ་ནི། ཆོས་གཞུང་དུ་དཀར་ཆོས་ཐམས་ཅད་ཀྱི་ གཞི་མར་གསུངས་ཡོད་ལ། མིའི་རིགས་ཀྱི་འཚོ་གནས་མཚན་ཉིད་རིག་པའི་དེབ་ནང་དུ། དད་པ་ནི་མིའི་སེམས་ ནང་གི་ཆེས་མཐོ་བའི་ཞེན་རིག་གམ་དགའ་ཞེན་རེད་ཅེས་བཤད་འདུག བོད་མིའི་སེམས་ཀྱི་དད་པ་དེ་ནི་ཡིད་ ཆེས་ཀྱི་རྣམ་པ་ཚུལ་མཐོ་བ་ཞིག་དང་ཞེན་རིག་གི་ཉིང་བཅུད་ཁོ་ན་ཞིག་རེད་ཅེས་བཤད་ཆོག་ཆོག་རེད། མདོར་ 66


དཔྱད་རྩོམ་རིག་པའི་གླེང་མོལ།

ན་བོད་མི་རིགས་རང་གི་ཤ་གསེང་རུས་གསེང་ལ་འཐིམ་པའི་ཆོས་ལུགས་རིག་གནས་དང་སྤྱི་ཚོགས་གོམས་གཤིས། བསམ་བློའ ི་འཕེལ་རིམ་དང་ལོ་རྒྱུས་བརྒྱུད་རིམ་གང་ལ་བརྟག་ནས་བཤད་ན་བོད་ཀྱི་རྣམ་ཐར་ཡིག་ཆའི་རིན་ཐང་ ནི་མིའི་རང་གཤིས་དང་བསམ་བློ་ལ་འབྲེལ་བའི་རིག་གནས་ཁྱད་པར་ཅན་ཞིག་ཡིན་པའི་ངོས་འཛིན་གསལ་བོར་ གནང་རྒྱུ་དེ་ནི་གལ་ཆེ་བོ་རེད།

དཔྱད་གཞི་ཡིག་ཆ།

《རྗེ་ཡེ་ཤེས་རྒྱ་མཚོའི་རྣམ་ཐར།》

ཨ་ཁུ་བཤད་སྒྲུབ།

《ལོ་རྒྱུས་ཀུན་དགའི་མེ་ལོང་།》

རྗེ་དམུ་དགེ་རིན་པོ་ཆེ།

《རྗེ་རིན་པོ་ཆེའི་རྣམ་ཐར་ཆེན་མོ།》

ཆ་ཧར་དགེ་བཤེས།

《ཆོ་ལོ་དགུ་མིག》

གངས་འཚོ།

《ཨ་ལགས་མ་ཎི་བའི་རྣམ་ཐར།》

བྱ་མདོ་རིན་བཟང་།

《ལམ་རིམ་ཆེན་མོ།》 《མིའི་རིགས་ཀྱི་འཚོ་གནས་མཚན་ཉིད་རིག་པའི་དེབ།》 《རྗེ་གསེར་ཁང་བའི་རྣམ་ཐར།》 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།》 《བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ།》

དཔལ་མཁར་རྒྱལ།

67


དཔྱད་རྩོམ་རིག་པའི་གླེང་མོལ།

རྒྱའི་ཐ་སྙད་བསྒྱུར་བ་ལས་བརྩམས་ཏེ་བོད་སྐད་དག་མོ་བཤད་པའི་གོམ་པ་དང་པོ་སྤོ། བྱ་མདོ་སྨྱུག་བཞད། (མཚོ་ལྷོ།)

ཇི་སྐད་དུ།

བདག་ནི་སངས་རྒྱས་ཕྱོགས་མི་འཛིན།། སེར་སྐྱ་སོགས་ལ་མི་སྡང་ཡང་།། གང་ཕྱིར་རིག་པར་ལྡན་པའི་ཚིག། དེ་ནི་སྟོན་པར་ཡོངས་སུ་འཛིན།། ཞེས་པའོ།

༡ སྔོན་གྱི་ཡབ་མེས་ནས་བཟུང་ད་བར་དུ་བོད་མི་རིགས་འདི་འཛམ་གླིང་ན་ཉམས་དམས་སུ་མ་སོང་བར་ འཚོ་སྡོད་བྱས་པ་དང་སྲིད་འབྱོར་རིག་གསུམ་སོགས་རྒྱུན་མཐུད་དེ་དེ་རིང་བར་དུ་གསོན་པ་རེད། རྒྱུ་རྐྱེན་ནི་ཚང་ མས་བོད་རང་གི་སྐད་སྤྱད་དེ་རྒྱུན་བསྲིངས་ཐུབ་པ་བྱུང་བ་དང་བོད་མིའི་འདུ་ཤེས་མ་དོར་བས་རེད། འདས་པའི་ ལོ་རྒྱུས་ལ་ཟུར་ལྟ་ཞིག་བྱས་ན་སྔོན་ཆད་རང་རེའི་དམངས་ཁྲོད་ལ་མི་རིགས་གཞན་དང་སྐད་ཆའི་གཞི་རྩ་མི་ མཚུངས་པ་གཏན་ཆགས་སུ་གནས་བསྡད་མེད་པས་མི་རིགས་ཀྱི་སྐད་ཡིག་ཡུལ་སྲོལ་གོམས་འདྲིས་ཏེ་རྒན་བཀུར་ གཞོན་གཅེས་ལ་སོགས་པའི་བསམ་བློར་ཆག་གྲུམ་མ་ཤོར་བ་རེད། དེ་བས་མང་བོ་ཞིག་གིས་སྐད་ཡིག་ནི་བླ་སྲོག་ རེད་ཁྲག་རྒྱུན་རེད་སྲོག་དབང་རེད་ཅེས་གང་མང་ཞིག་སྨྲས་ཀྱང་དོན་ལའང་གནས་སོ། ཅིའི་ཕྱིར་ཞེ་ན། མི་རིགས་ འདི་གསོན་དགོས་ན་སྐད་ཡིག་ལ་བརྟེན་དགོས་པ་རེད། བོད་མི་ཞིག་ཡིན་ཚེ་ངེས་པར་དུ་བོད་ཀྱི་སྐད་ཡིག་དང་ ཡི་གེ་ལ་གོ་བ་ཡོད་དགོས་པར་མ་ཟད་བོད་པར་འཇོག་ཚེ་ཡང་བོད་ཀྱི་སྐད་ཡིག་དང་ཡི་གེ་ལ་བརྟེན་ནས་འཇོག་ དགོས། དེ་མིན་བོད་ལ་གྱོན་པ་དང་རྩམ་པ་བརྫི་བ་ཙམ་གྱིས་བོད་པར་མི་འགྲོ། མདོར་ན་དེ་རིང་ནས་སང་ཉིན་ དང་ལོ་གཅིག་ནས་ལོ་བརྒྱ། ལོ་བརྒྱ་ནས་གྲངས་མེད་ཀྱི་བར་འཚོ་དགོས་ན་ངེས་པར་དུ་བསྲུང་དགོས་པའི་སྲོག་ རྩ་སྟེ་བོད་ཀྱི་སྐད་དང་ཡི་གེ་འདི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སྤྱོད་པ། སྤྱོད་པ་ནས་འཕེལ་རྒྱས་ཀྱི་གོ་ རིམ་ལ་ནུས་པས་བདེན་དཔང་བྱེད་དགོས་སོ།། ༢ དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཙམ་ནས་རང་རེའི་ཡུལ་གྲུ་འདིར་སྐད་ཡིག་གཞན་ཆེ་ཆེར་སྤྱོད་པའི་ འགོ་བརྩམས་ཤིང་མི་ལོ་ལྔ་བཅུ་ལྷག་འདས་པའི་དེ་རིང་སློབ་མ་རྣམས་ཀྱིས་སློབ་གྲྭ་ནས་སྐད་ཆ་བསྲེས་མ་སྟེ་ བོད་སྐད་དང་རྒྱ་སྐད་མཉམ་བཤད་བྱེད་པ། ལ་ལ་གྲོང་ཁྱེར་ལ་འཁྱམས་དྲགས་པས་ཆ་ལུགས་ཡ་མ་ཟུང་དང་ བསྒྲགས་སྐད་བཤད་པ། ཡང་ལ་ལས་ཆ་ལུགས་དེ་དག་དང་བསྒྲགས་སྐད་དེ་དག་ཡོན་ཏན་དུ་རློམ་ནས་ལད་མོ་ སོགས་བྱེད་པའི་ཤུགས་རྐྱེན་གྱིས་སྐྱོན་གང་མང་ཞིག་ཕ་ཡུལ་ལ་བསྒོས། ད་ལྟ་ཞིབ་དུ་བསམ་ན་བོད་སྐད་དག་མོ་ བཤད་པའི་བོད་ཁྱིམ་མདོ་དབུས་ཁམས་གསུམ་ན་ག་ཚོད་ཡོད། གནས་ཚུལ་འདི་དག་ལ་བསམ་ནས་ཕྱོགས་ག་གེ་ མོ་ན་བོད་སྐད་ཉམས་གསོ་ཚོགས་པ་འཛུགས་པ་དང་། འགའ་རེ་ན་བོད་སྐད་བཤད་པའི་ཚེ་རྒྱའི་ཐ་སྙད་ཅི་ཙམ་ བསྲེས་ན་དེ་ཙམ་གྱིས་ཁུ་ཚུར་གཞུས་པ་ལ་སོགས་པའི་ཆད་པ་གཅོད་པ་དང་། བོད་སྐད་གཙང་མ་བཤད་མཁན་ དག་ལ་བྱ་དགའ་སྟེར་བའི་བྱ་འགུལ་སོགས་སྤེལ་བཞིན་ཡོད། ཐབས་བཀོད་འདི་ལྟ་བུ་ལེགས་མོད། འོན་ཀྱང་ངོས་ 68


དཔྱད་རྩོམ་རིག་པའི་གླེང་མོལ།

གཞན་ཞིག་ནས་ལྟོས་ན་བོད་སྐད་གཙང་མ་བཤད་མཁན་བོད་ལྭ་འགྲིག་པོ་གྱོན་མཁན་ཕ་མར་བརྩི་བཀུར་བྱེད་ མཁན་རྣམས་ལ་བྱ་དགའ་སྟེར་བ་ནི་ཆེས་ཡིད་སྐྱོ་དགོས་པ་ཞིག་རེད། ཅི་ཞེ་ན། བོད་པ་རྣམས་ཀྱིས་བོད་སྐད་མི་ བཤད་པར་ག་རེ་བཤད་གི་རེད། བོད་ལྭ་འགྲིག་པས་བོད་མིའི་ཆ་ལུགས་ལ་དུང་པ་དང་རྒན་བཀུར་གཞོན་གཅེས་ ཀྱི་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་པའི་བསམ་བློ་ལ་སོགས་པའི་སྲོལ་རྒྱུན་གང་མང་ཞིག་རང་ཆགས་སུ་མངའ་ བའམ་ལྷན་སྐྱེས་སུ་གྲུབ་པ་ཞིག་ཡིན་པས་དེ་དང་འདྲ་བ་རྣམས་ལ་བྱ་དགའ་སྟེར་བ་ནི་ངོ་གནོང་དགོས་པ་ཞིག་ རེད། ང་ཚོའི་མང་བོ་ཞིག་གིས་སྐད་ཆ་བསྲེས་མ་ལ་བརྟགས་ནས་རྒྱུན་བཀོལ་གྱི་རྒྱའི་ཐ་སྙད་རྣམས་བོད་ཡིག་ ལ་བསྒྱུར་བ་དང་དེབ་དང་ཚགས་པར་སོགས་པར་བསྐྲུན་བྱས། དེབ་མེས་པོའ ི་ཞལ་ལུང་དང་དེབ་གཞན་ཚགས་ པར་བརྙན་འཕྲིན་ཁང་དང་རླུང་འཕྲིན་སོགས་སུ་བསྒྱུར་སྟངས་དང་སྤྱོད་སྟངས་མི་འཚམས་པ་མང་བོ་བརྒྱུད་ བསྒྲགས་དང་འགྲེམས་སྤེལ་བྱས་འདུག དཔེར་ན། 方便面ལྟ་བུ་ལ་མི་རྐྱང་ཐུག་པ་དང་སྟབས་ཐུག་སྐམ་ཐུག་ སྦངས་ཐུག་སོགས་དང་། 百事可乐ལ་བརྒྱ་བརྒྱའི་བཏུང་བ་དང་བྱ་བརྒྱ་ལེགས་འགྲུབ་ཟས་བརྒྱའི་ཉིང་བཅུད་ ནག་ཁུ་སོགས་དང་། 辣子ལ་ཚུར་པིན་དང་ལ་ཙི་ཁ་ཚ། 摩托车ལ་མོའ ོ་ཐོའ ོ་འཁོར་ལོ་དང་འཕྲུལ་རྟ་སྦག་སྦག་ འཁོར་ལོ་སོགས་མང་བོ་ཞིག་བསྒྱུར་འདུག་ལ་རྒྱའི་ཐ་སྙད་གཅིག་ལ་བོད་ཀྱི་མིང་དུ་མར་བསྒྱུར་ན་ཕན་ཚུན་བར་ བརྡ་སྤྲོད་པ་ལ་གོ་དཀའ་བའི་རྙོག་རྙོག་པར་བྱས་པ་ཙམ་རེད། གཞན་ཡང་དེབ་མེས་པོའ ི་ཞལ་ལུང་ལས་咱们俩个走吧!ཞེས་པའི་吧ལ་འཁྲུལ་ནས་ངེད་གཉིསའགྱོ་ པ་ཞེས་པའི་པ་ཡིག་ཀྱང་རྒྱ་སྐད་ཡིན་པར་བྱས་འདུག དེ་ནི་ངེད་གཉིས་འགྲོ་བ་ཞེས་པའི་རྨང་གཞི་གའི་ནུས་ པས་དྲངས་པའམ་ཁ་སྐད་ཀྱི་གདངས་ཐོན་པ་ལས་རྒྱ་སྐད་ནི་མིན་ནོ། དེར་མ་ཟད། 喂!你是谁?ལྟ་བུའི་喂 ཡང་ཝ་ཡེ་ཞེས་པའི་སྒྲ་ཅུང་འགྱུར་བའམ་བཀླག་མགྱོགས་པས་སྒྲ་རང་ཚིགས་སུ་བེད་ལྟ་བུ་འབྱུང་ལས་喂ལྟ་བུའི་ སྒྲ་ག་ལ་ཐོན། འདི་དག་ནི་རང་སྐད་རྣལ་མ་ཡིན་ལ་རྒྱའི་ཐ་སྙད་སྤྱོད་པ་ནི་མ་རེད། རྒྱའི་ཐ་སྙད་ལ་སྒྲ་དང་དོན་ མཚུངས་ཙམ་གྱི་རྒྱའི་ཐ་སྙད་ཡིན་པར་མི་བསམ་སྟེ་དཔེར་ན། 爸妈ལྟ་བུ་བོད་ཀྱིས་ཕ་མ་ཞེས་དང་路ལྟ་བུ་ལམ་ དང་口ལྟ་བུ་ཁ་དང་三ལྟ་བུ་གསུམ་ཞེས་པས་དེ་ན་འདི་ཡང་རྒྱ་སྐད་དུ་འདོད་དགོས་པར་འགྱུར་རོ། ༣ ང་ཚོའི་ད་ལྟའི་གནས་བབས་ལ་གཞིགས་ན་རང་རིགས་ནི་མི་རིགས་གཞན་དང་བསྲེས་སྡོད་བྱས་ཡོད་ པས་སྐད་ཆ་བསྲེས་མ་དང་གྱོན་ཆས་གཞན་ལུགས་འཆང་ཡོད་ལ་ལྟོས་ཚོད་ཀྱི་བོད་པ་ཞིག་རེད་བསམ་སྤྱད་ཡེ་ ནས་མི་འདུག ད་དུང་རྫོང་དང་ཁུལ་ཞིང་ཆེན་ན་གཏན་སྡོད་ཀྱི་བོད་ཁྱིམ་དག་གིས་རང་ཉིད་ཀྱི་བྱིས་པ་རྣམས་ རྒྱའི་སློབ་གྲྭར་སྐྱེལ་ཅི་ཐུབ་དང་རྒྱ་སྐད་བཤད་ཅི་ཐུབ་དང་རྒྱའི་འཚོ་བར་གོམས་ཅི་ཐུབ་བྱེད་བཞིན་ཡོད་པས་ བོད་མིའི་འདུ་ཤེས་དང་རིགས་རྒྱུད་ལ་དུང་ཞེན། སྐད་ཡིག་རྒྱུན་འཛིན་གྱི་ལས་སམ་ཕ་ཤུལ་བུ་འཛིན་གྱི་ལམ་ ལུགས་ཉམས་དམས་སུ་གཏོང་བཞིན་པ་རེད། ནར་མ་སོན་པའི་བྱིས་པའི་བསམ་བློ་ཕྱོགས་གཞན་ཁོ་ན་ལ་གསོས་ པ་དེ་བུ་ཕྲུག་གི་མི་ཚེའི་བགྲོད་ལམ་ནང་ངོ་གནོང་དགོས་པའི་འགྱོད་གདུང་ཞིག་རེད། དེ་བས་འདི་ལྟར་རང་ སྐད་བཤད་པར་མ་བརྩོན་པར་བསྒྲགས་སྐད་ངང་འཚོ་སྡོད་བྱེད་ཚེ་ལ་བརྒྱའི་རྗེས་སུ་བོད་པ་རེད་ཅེས་འཛུབ་ མོ་འཛུགས་ས་ཞིག་མེད་པ་དང་ལོ་ལྔ་བརྒྱའི་རྗེས་སུ་འཛམ་གླིང་ན་བོད་མི་ཟེར་བ་ཞིག་འཚོ་སྡོད་བྱས་མྱོང་ཞེས་ གནའ་གཏམ་ཙམ་ལས་མེད། དེ་ན་ང་ཚོར་མཁོ་བ་ནི་དུས་དེབ་དང་ཚགས་པར་སོགས་འདོན་སྤྲོད་བྱེད་པ་ཙམ་ 69


དཔྱད་རྩོམ་རིག་པའི་གླེང་མོལ།

མ་ཡིན་པར་ཆ་ལུགས་དང་སྐད་ཡིག་མ་དོར་བའི་མཁའ་དབུགས་གཙང་མ་ཞིག་གི་ལམ་ནས་རང་ཉིད་སྟོབས་ ལྡན་ངང་འཚར་ལོངས་འབྱུང་དགོས་པ་དེ་ཡིན། དེར་བརྟེན་གསོན་ཡོད་པ་སང་ཉིན་དང་མི་རིགས་རིག་གཞུང་ གི་ཕྱིར་ཡིན་པས། བོད་སྐད་དག་མོ་བཤད་པ། བོད་ཡིག་སྦྱོང་བ། གཞུང་ལུགས་ལ་ཞིབ་འཇུག་བྱེད་པ། སྐད་ཆའི་ སྤྱོད་སྟངས་བཅས་ལ་བརྩོན། རང་ཉིད་ཀྱང་བོད་པ་ཞིག་ཡིན་པས་ཕྲག་ཏུ་ལྷུང་བའི་འོས་འགན་རང་ཉིད་ཀྱི་ཐེག་ དགོས་པས། དེ་རིང་ནས་བཟུང་བོད་སྐད་དག་མོ་བཤད་པའི་གོམ་པ་དང་པོ་སྤོའ ོ། །

70


བསྒྱུར་རྩོམ་མེ་ལོང་རང་གསལ།

གདུག་རྩུབ་ཅན་གྱི་ལམ་ལུགས་ལ་ང་ཚོས་མུ་མཐུད་དེ་བཟོད་བསྲན་བྱེད་མི་ཐུབ། ---མཱར་ཁྲུན•ལོའུ་ཟིར•ཁེན་གྱིས་བརྩམས་ཤིང་ཁ་བ་རྣམ་རྒྱལ་གྱིས་དབྱིན་ཡིག་ལས་བསྒྱུར།

རོའུ་ཟྭ ཕཱར་ཁའུ་སི་བཟུང་ཟིན་པའི་སྐོར་གྱི་གསར་འགྱུར་དེ་ཁྱིམ་ནས་ཁྱིམ་དང་ལས་ཁུངས་ནས་ལས་ ཁུངས་བརྒྱུད་དེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་སོང་། དེ་དང་བསྟུན་ནས་མོའ ི་སྐོར་གྱི་གནས་ཚུལ་དེ་མི་ནག་ཚོའི་ཡུལ་ ཚོ་སོ་སོར་ཁ་པར་ལས་ཕན་ཚུན་ལ་སྒྲོག་བཞིན་ཡོད་ལ་མི་རྣམས་ཀྱི་སེམས་སུ་ཡང་ཐེངས་འདིར་དོན་ཞིག་བསྒྲུབ་ དགོས་བསམ་བྱུང་། སྐུ་ཞབས་ནེའུ་ཁའུ་སིན་གྱིས་ཆོས་ལུགས་འགོ་བ་འགའ་དང་དམངས་ཀྱི་འགོ་བ་འགར་ཞལ་ཏ་གནངས་ པ་དང་སྐབས་འདི་ནི་དུས་ལ་འགྱུར་ལྡོག་ཡོང་བར་སྐུལ་མ་བྱེད་པའི་དུས་ཤིག་ཡིན་པ་ཁོ་ཚོར་མོས་མཐུན་བྱུང་། ཡིན་ནའང་ཅི་ལྟར། ཅི་ལྟར་བྱས་ན་ད་གཟོད་སྤྱི་སྤྱོད་རླངས་འཁོར་སྟེང་དུ་མི་ནག་ཚོར་འདྲ་མཉམ་གྱི་རང་དབང་ ཐོབ་ཐུབ་བམ། ཅི་འདྲ་བྱས་ན་ཞི་རྒོལ་གྱི་བྱ་འགུལ་སྤེལ་ཐུབ་བམ། མཇུག་མཐར་ཚོགས་པ་དེས་ཞི་རྒོལ་ཞིག་སྤེལ་རྒྱུ་ཐག་གིས་བཅད། གལ་སྲིད་མོན་ཁྲི་སྒོ་མུ་རེ་ཡུལ་ཚོའི་ མི་ནག་ཚོས་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པར་ངོ་རྒོལ་བྱེད་པ་ཡིན་ན་སྤྱི་སྤྱོད་རླངས་འཁོར་མཐུན་གཉེར་གྱི་ཚོང་ དོན་ལ་དེའི་སྤྱིའི་བརྒྱ་ཆའི་དོན་ལྔ་ཙམ་གྱི་ཆག་སྒོ་འབྱུང་སྲིད་ཅིང་སྤྱི་སྤྱོད་རླངས་འཁོར་མཐུན་གཉེར་དེ་ཕམ་ སྲིད་པས་ན་དེས་མི་ནག་ཚོར་མི་བསྟུན་རང་བསྟུན་བྱེད་དགོས་འདུག ཟླ་བ་བཅུ་གཉིས་པའི་ཚེས་གཉིས་ཏེ་གཟའ་པ་སངས་ཀྱི་ཉིན་ཞིག་ལ་ཆོས་ལུགས་འགོ་བ་དང་དམངས་ ཀྱི་འགོ་བ་ཞེ་ལྔ་ཙམ་གྱིས་མི་སེམས་སྐུལ་བའི་ཚོགས་འདུ་ཞིག་ལ་གླེང་བསླངས་པ་རེད། ཞི་རྒོལ་སྤེལ་བ་ཡིན་ན་ བྱ་བ་དེ་འགྲུབ་ཐུབ་པས་ཁོང་ཚོས་ཅི་ལྟར་ཞི་རྒོལ་རྩ་འཛུགས་བྱེད་པར་གྲོས་བྱས། ཞི་རྒོལ་དེར་རྒྱལ་ཁ་ཐོབ་པར་ འགོ་བ་རྣམས་ཀྱིས་མོན་ཁྲི་སྒོ་མུ་རེ་ཡི་མི་ནག་ཚང་མས་འདིའི་སྐོར་ཤེས་དགོས་པ་ཐག་གིས་བཅད་ཅིང་ཚང་མས་ བྱ་བ་མཉམ་དུ་སྒྲུབ་པར་མོས་མཐུན་ཨེ་ཡོང་ལ་བལྟས། ཁོ་ཚོའི་བསམ་པར་སྦྱོར་བ་འདི་བརྩམ་ན་མི་ནག་ཚོར་ སྟོབས་ཤུགས་སྦྱིན་ནུས་ཡང་སྦྱོར་བ་རྩོམ་མཁན་གྱི་ཁྲོད་ཞུགས་པའི་མི་མང་ཆེ་བར་རླངས་འཁོར་མེད་པས་བྱ་ བ་འདི་སྒྲུབ་པར་དཀའ་ཚེགས་ཆེ་བ་ལ་ཡང་ངེས་ཟིན་ཐོབ། འདི་ནི་ཞི་རྒོལ་གྱི་བྱ་འགུལ་ཞིག་ཡིན་ནའང་སྟོབས་ ཤུགས་ཡོད་པའི་སྒོ་ནས་རླངས་འཁོར་མཐུན་གཉེར་རྣམས་ལ་བརྡ་གཏོང་ཐབས་ཤིག་རེད། ཚོགས་འདུ་མཇུག་ རྫོགས་རྗེས་མཱར་ཁྲུན•ལོའུ་ཟིར•ཁེན་ཁོང་གི་རྐུབ་སྟེགས་ལ་བསྙེས་པ་དང་ཁང་པའི་ངོས་སུ་ལྟ་བཞིན་གྱང་ངོས་ཀྱི་ ཆུ་ཚོད་ཀྱིས་ང་ཚོར་ནམ་གུང་རེད་ཅེས་ཤོད་ཀྱིན་ཡོད་ནའང་ང་ཚོའི་རྣམ་ཤེས་ཀྱི་ཆུ་ཚོད་ལས་མངོན་པ་ནི་སྐྱ་ རེངས་ཀྱི་དུས་ཤིག་རེད་ཅེས་བརྗོད་བྱུང་། གཟའ་པ་སངས་ཉིན་གྱི་ཕྱི་དྲོའ་ི དུས་སུ་ཁྱབ་སྒྲག་བྱང་བུ་རྣམས་ལམ་སེང་དཔར་ནས་བཀྲམས་བྱུང་ལ་

དེའི་སྟེང་དུ་བྲིས་ཡོད་པ་ནི།

གཟའ་ཟླ་བའི་ཉིན་ལས་ཀར་འགྲོ་བ་དང་།

ཁྲོམ་སྲང་ལ་འགྲོ་བ།

སྤྱོད་རླངས་འཁོར་ལ་མི་འདུག་པར་ཞུ།

71

སློབ་གྲྭར་འགྲོ་བ་སོགས་གང་ལ་འགྲོ་དུས་ཡང་སྤྱི་


བསྒྱུར་རྩོམ་མེ་ལོང་རང་གསལ།

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། མི་ནག་སྐྱེས་མ་གཞན་ཞིག་གིས་མོ་སྡོད་སའི་སྤྱི་སྤྱོད་རླངས་འཁོར་གྱི་འདུག་གནས་ མི་དཀར་ལ་མ་སྤྲད་པས་མོ་རང་བཟུང་ཟིན་པ་དང་བཙོན་འཇུག་བྱས་ཟིན། གཟའ་ཟླ་བའི་ཉིན་ལས་ཀར་འགྲོ་བ་དང་།

ཁྲོམ་སྲང་ལ་འགྲོ་བ།

སློབ་གྲྭར་འགྲོ་བ་སོགས་གང་ལ་འགྲོ་དུས་ཡང་སྤྱི་

སྤྱོད་རླངས་འཁོར་ལ་མི་འདུག་པར་ཞུ། གལ་སྲིད་ཁྱོད་རང་ལས་ཀར་འགྲོ་བ་ཡིན་ན་གླ་གཏོང་ལ་སྡོད་རྒྱུའམ་གཞན་ དང་མཉམ་དུ་སྡོད་པ་དང་ཡང་ན་རྐང་ཐང་ལ་འགྲོ་དགོས། གཟའ་ཟླ་བའི་ཕྱི་དྲོའ ི་ཆུ་ཚོད་བདུན་སྟེང་དུ་ཧོལ་ཁྲི་ལམ་གྱི་ཆོས་ཁང་དེར་ཚོགས་འདུ་ཆེན་པོར་འདུས་ནས་མུ་མཐུད་ པའི་བྱ་བའི་མཛུབ་སྟོན་ལ་ཞུགས་དགོས།

ཞེས་བཀོད་འདུག།

མཱར་ཁྲུན་གྱིས་དེང་ཐོག་བྱ་འགུལ་གྱི་སྦྱོར་བ་རྩོམ་པ་ཐོས་དུས་དེ་ནི་དྲན་ཚུལ་བཟང་པོ་ཞིག་ཡིན་པ་ཤེས་ མ་བྱུང་། སྤྱི་སྤྱོད་རླངས་འཁོར་མཐུན་གཉེར་ལ་དངུལ་སྒོར་མང་པོའ ི་གྱོང་གུད་ཐེབས། སྤྱི་སྤྱོད་རླངས་འཁོར་གྱི་ ཁ་ལོ་བ་དང་བཅས་པའི་ཁོ་ཚོའི་ཁྱིམ་མི་རྣམས་ཀྱི་ལྟོ་གོས་ནི་སྤྱི་སྤྱོད་རླངས་འཁོར་མཐུན་གཉེར་གྱི་དངུལ་སྒོར་ ལ་བརྟེན་དགོས་པ་རེད། མཱར་ཁྲུན་གྱིས་དཔྱད་གཞིའི་རྒྱུ་ཆར་ལྟ་བ་དང་རང་ཉིད་ལ་དྲི་བ་འདོན་ཞོར་དུ་ལྷ་ ལ་སྐྱབས་འཇུག་ཞུས་ནས་གནད་དོན་དེ་དག་ལ་ལན་བཙལ་བ་རེད། མཱར་ཁྲུན་གྱིས་བསམ་བློ་བཞི་གསུམ་བཅུ་ གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཏངས་རྗེས་ཤེས་ཚོར་བྱུང་བ་ནི་ཁོའ་ི སྤུན་ཟླ་རྣམས་ཀྱིས་སུ་ལའང་རྨས་མི་ཕོག་ པར་བྱེད་པ་དེ་རེད། དེ་ལས་ལྡོག་སྟེ་ཁོས་ཁོང་ཚོའི་འདྲ་མཉམ་མིན་པའི་ལམ་ལུགས་ལ་མཉམ་འབྲེལ་བྱེད་མི་ འདོད་པའི་བསམ་ཚུལ་དེར་བསྔགས་པ་བརྗོད་པ་རེད། (མུ་འགོད། འགྱུར་ཡིག་འདིའི་མ་ཕྱི་ནི 上海外语教育 出版社出版的 <<马丁•路德•金>>

ཡི་ཤོག་གྲངས་༣༤ནས༤༤བར་གསལ། )

72


མཇུག་བྱང་།

གནམ་ལོ་འབྲུག་གིས་ཚེས་པའི་ལོ་གསར་བའི་ནང་བྱ་ཆུའི་འགྱུར་ཁུགས་ཀྱི་རྩོམ་སྒྲིག་ཚན་ཆུང་གིས་གངས་ཅན་ས་ལའི་ལྗོངས་ ཀྱི་མི་ཕྱུགས་ལོ་གསུམ་འཕེལ་བའི་རྟེན་འབྲེལ་གྱི་ལེགས་སྐྱེས་ཐོག་མ་རུ་བྱ་ཆུའི་འགྱུར་ཁུགས་འདོན་ཐེངས་བདུན་པ་ཕུལ་བས་ ཁྱེད་ཀློག་མཁན་དང་རྩོམ་མཁན་རྣམས་ཀྱི་དགའ་བའི་དཔྱིད་དུ་སྨིན་ཞིང་ཆུང་བའི་སྲི་ཞུ་ཆུ་ཐིགས་ཙམ་འདི་ཡང་ཤེས་རིག་རྒྱ་

མཚོ་འཕེལ་བའི་རྒྱུ་ཙམ་དུ་འགྱུར་བར་སྨོན།

དེ་ཡང་ཇི་སྐད་དུ་༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བའི་ཞལ་ནས། མི་རིགས་ཤིག་གི་སློབ་གསོ་གོང་དུ་

སྤེལ་དགོས་ན། ཐོག་མར་མི་རིགས་དེའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་དགོས་ཞེས་དང་དེ་མཚུངས་སུ་ སྤྱི་ལོ་༢༠༡༢ལོའི་ཟླ་༡པོར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་མེ་ཧྲེ་གྷན་སློབ་ཆེན་དུ་སློབ་གསོའི་གལ་ཆེན་རང་བཞིན་གླེང་

དུས་གསུང་རྒྱུར།

ང་ཚོས་ཅི་ལྟར་བྱས་ཏེ་མི་སྒེར་རང་ཉིད་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད་རྒྱལ་ཁབ་ཀྱང་བསྐྲུན་ཐུབ་པའི་

སློབ་གསོ་དེ་སྤེལ་ཐུབ་བམ།

དཔལ་འབྱོར་གྱི་དུས་རབས་འདིར་ཡང་སློབ་གསོ་ལས་ལྷག་པའི་ཕུགས་བསམ་མངོན་འགྱུར་བྱེད་

པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡོད་པ་མ་རེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ཏེ་ནན་བཤད་བྱེད་པར་བལྟས་ནའང་སློབ་གསོ་

ནི་ལོ་བརྒྱའི་ཇུས་ཆེན་ཡིན་ལ་ཀུན་གྱི་རྩ་བ་ཡིན་པ་རྟོགས་ཐུབ།

དེ་བས་ན་བྱ་ཆུའི་འགྱུར་ཁུགས་ཀྱི་རྩོམ་བསྡུ་བའི་ཁྱབ་ཁོངས་

གཙོ་བོ་ནི་བོན་སྐོར་གྱི་སློབ་ཆུང་སློབ་མ་དང་རྩོམ་འབྲིར་དགའ་བའི་ན་གཞོན་དག་ཡིན་ལ་

དོན་སྲིད་འགལ་མིན་ལ་སློབ་གསོར་ཁ་ཕྱོགས་ཤིང་སློབ་གསོའི་སྐོར་གྱི་བྲིས་རྩོམ་ཡིན་དགོས།

རྩོམ་གྱི་ཁ་ཕྱོགས་གཙོ་བོ་ནི་ནང་ རྩོམ་པ་པོས་རང་གི་རྩོམ་ལ་དང་

དོད་དང་ཞུ་དག་གང་ལེགས་བགྱིས་རྗེས་ཧི་གཟུགས་གྱིས་གཏགས་ནས་གཤམ་གྱི་གླེང་མོལ་བྱང་བུའམ་གློག་རྡུལ་ཡིག་ཟམ་སྟེང་

བསྐུར་དགོས།

ཐེངས་འདིའི་རྩོམ་བསྡུའི་ཁྲོད་ངེད་རྩོམ་སྒྲིག་ཁང་དུ་ཕུལ་དུ་བྱུང་བའི་རྩོམ་ཡིག་མི་ཉུང་བ་ཞིག་འབྱོར་ཡང་།

བརྗོད་བྱ་དང་

བརྗོད་དོན་ཐད་དུས་དེབ་ཀྱི་ཁ་ཕྱོགས་དང་མི་འཐུན་པ་འགའ་ཞིག་ཐེངས་འདིའི་དེབ་དུ་བཀོད་ཐུབ་མེད་པས་ལྷག་བསམ་རྣམ་ དག་གིས་དགོངས་དག་ཞུ་བ་ལེགས། (QQ:

420686812 ཡང་ན nangchukja@friendshipcharity.org) དེ་མིན་ད་དུང་རི་མོ་ཡག་པོ་དང་མཚོན་དོན་

ཅན་འབྲི་མཁན་ཡོད་ཚེ་བསྐུར་ཤོག་དང་དེབ་ཀྱི་བར་བཅུག་གི་རི་མོར་བཀོད་རྒྱུ་ཡིན། ངེད་རྩོམ་སྒྲིག་ཚན་ཆུང་གིས་སྔར་བཞིན་ ལོ་རེའི་སྤྱི་ཟླ་གཉིས་པའི་ཚེས་གཅིག་ནས་སྤྱི་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བར་རྩོམ་ཡིག་སྡུད་རྒྱུ་ཡིན་པ་དང་།

སྤྱི་ཟླ་བཅུ་

གཅིག་པའི་ཚེས་གཅིག་ནས་སྤྱི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་ནི་རྩོམ་སྒྲིག་གི་སྐབས་ཡིན་པས་རྩོམ་ཡིག་སྡུད་ མཚམས་འཇོག་རྒྱུ་ཡིན། རྩོམ་ལུས་ཀྱི་ཆ་ནས་སྒྲུང་གཏམ་དང་། སྲོལ་རྒྱུན། ལྷུག་རྩོམ། དཔྱད་རྩོམ། བསྒྱུར་རྩོམ་བཅས་གཙོ་ བའི་སློབ་གསོར་ཁ་ཕྱོགས་པའི་རྩོམ་ཡིག་གང་རུང་ལས་ཕུལ་བྱུང་རྩོམ་ཡིག་དག་གདམ་རྒྱུ་ཡིན།

དེར་མ་ཟད་བོན་སྐོར་སྡེ་བའི་མ་སྐད་གཙང་མའི་བགྲོ་གླེང་དང་ཕ་ཡུལ་ནང་མིའི་ལྷན་འཛོམ་གྱི་ལོ་སར་སྤྲོ་ཚོགས་དེ་ནམ་ཡང་

གོང་ནས་གོང་དུ་འཕེལ་བ་དང་ང་ཚོ་དུས་ལྟར་ལྷན་འཛོམ་ཐུབ་པའི་སྨོན་འདུན་ཞུ། ཡུལ་ལ་དགེ་མཚན་དཔལ་དུ་རྒྱས་པར་ཤོག

མཐར་ཆུ་ཕོ་འབྲུག་ལོར་རང་ཅག་ཁ་བའི་

བྱ་ཆུའི་འགྱུར་ཁུགས་ཀྱི་རྩོམ་སྒྲིག་པས། སྤྱི་ལོ་ 2012 ལོའ ི་ཟླ་ 1 ཚེས་ 21 ཉིན།

73


74


བོན་སྐོར་སྡེ་བའི་སྡེ་མི་རྣམས་ཀྱིས་ལྷན་དུ་རང་སྡེ་བའི་ལབ་རྩེ་སྟོད་པ།

ལོ་རེའི་དགུན་ཁར་བོན་སྐོར་སྡེ་བའི་མདའ་བ་རྣམས་ཀྱིས་མདའ་རྩལ་འགྲན་པ།


༢༠༡༢-༡ སྤྱིའི་དེབ་གྲངས་བདུན་པ། བློ་འདོན་པ། བྱ་མདོ་རིན་བཟང་། རྣམ་ཐར་འབུམ། ཐར་རེ་རྒྱལ། གཙོ་སྒྲིག་པ། མཛའ་མཐུན་དགེ་རྩ་ཚོགས་པ། རྩོམ་སྒྲིག་པ། བུན་ཁྲང་རྒྱལ། སྙིང་ལྕགས་རྒྱལ། གློག་འཕྲུལ་ཡི་གེ་བ། སངས་རྒྱས་དོན་འགྲུབ། རྣམ་རྒྱལ་ཚེ་རིང་། ཞུ་དག་པ། བུན་ཁྲང་རྒྱལ། སྙིང་ལྕགས་རྒྱལ།

རྣམ་རྒྱལ་ཚེ་རིང་། ལྷ་དགའ། སངས་རྒྱས་དོན་འགྲུབ། རྩོམ་སྒྲིག་ཁོངས་མི། བྱ་གཞུང་སྙིང་མོ་སྐྱིད། འབྲུག་ལྷ་རྒྱལ། ཚེ་དཔའ་རྒྱལ།

The Rhythm of Byachu (Issue 7) བྱ་ཆུའི་འགྱུར་ཁུགས།  

The journal includes non-political poetic and literary works, non-fiction essays, and short stories translated from Chinese and English. A m...

Advertisement