ལ་དྭགས་གསར་འགྱུར།
རབ་བྱུང་༡༧་པ།
མེ་མོ་བྱ་ལོ།
ལ་དྭགས་གསར་འགྱུར།
ཡེལ་བི་ཨེ་ ལྷ་མོ་ཁང་། ཀམ་པེ་ལེཀས། ཌི་བི་གྲུ, གླེ ལ་དྭགས ༡༩༤༡༠༡ ཇ�་ཀཤྨིར་
ཁ་པར་ཨང་གྲངས། ༠༡༩༨༢-༢༥༢༤༡༥
བོད་ཟླ་ ༣ ་ཚེས་ ༤། སྤྱི་ལོ་ ༢༠༡༧།
Ladakh Sargyur
LBA, Lhamo Khang Complex DB2, leh Ladakh 194101 Jammu & Kashmir Phone No. 01982 252415 ladakhsargyur@gmail.com
April 30th 2017
#O61
Monthly Newsletter
Free Distribution Bodyig Editor Sechoe Palmo Layout Designer Chamspa Rinchen Dorje Owned and Published Ladakh Buddhist Association Youth Wing Leh, Ladakh
ཡུ་ཊིའི་འདོད་དོན་ཐོག་ལོ་མང་ཞིག་གི་རྗེས་སུ་དྲན་བསྐུལ་གྱི་ཁྲོམ་སྐོར་ཆེན་པོ་ཞིག་ལེགས་གྲུབ་བྱུང་བ།
༄༅།། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༨ ཉིན་ ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་གཙོས་ པའི་འཐུས་མི་རྣམས་ནས་གོ་སྒྲིག་མཛད་དེ་ ལ་དྭགས་ཀྱི་ཕྱོགས་ལྔ། གཤམ་དང་། བྱང་ ཐང་། ལྡུམ་ར། ཟངས་དཀར། གླེ་བཅས་ནས་ བསྐྱོད་པའི་མི་དམངས་ཀུན་གཅིག་སྒྲིལ་ཐོག་ གླེ་ཇོ་བོའི་གཙུག་ལག་ཁང་ནས་རྒྱལ་རབས་ ཀྱི་གླེའི་པོ་ལོའི་རྩེད་ཐང་བར་ལག་ལ་ཕྲད་དར་ རེ་བསྣམས་ཏེ་ཞི་བའི་ཁྲོམ་སྐོར་ཀྱི་ནང་འཐུས་ ཐུབ་པར་བྱུང་། ཞི་བའི་ཁྲོམ་སྐོར་འདིའི་གནད་ དོན་ནི་ལ་དྭགས་ཀྱི་ནང་པའི་མི་དམངས་ཀུན་ ལ་ལུས། སེམས། སྤྱི་ཡོངས་ཀྱི་ཐོག་ནད་དང་ མ་བཟུང་སེལ་ཕྱིར་དང་དམིགས་བསལ་གྱི་ཕྱི་ ལོ་ ༡༩༤༧ ནས་ལ་དྭགས་ནང་ཚོགས་ནས་ འབད་བཞིན་པའི་ཡུ་ཊི་སྐོར་ལ་བསྐྱར་ལེན་ ཞིག་དང་དྲན་བསྐུལ་ཐོག་ཁྲོམ་སྐོར་རྒྱས་པ་ ཞིག་མཛད། དེ་ཡང་ཁྲོམ་སྐོར་ནང་ས་ཕྱོགས་ ཀུན་ནས་བསྐྱོད་པའི་ཡུལ་སོ་སོའི་འགོ་བ་ དང་། སེར་སྐྱ། གཞུང་ཀྱི་ལས་བྱེད་བཅས་པོ་ ལོའི་རྩེད་ཐང་དུ་སྔར་འཛོམས་མ་མྱོང་པའི་མི་ མང་པོ་ཞིག་འཛོམས། དེ་དུས་ལ་དྭགས་ནང་ ཚོགས་ཀྱི་དབུ་གཞོན་སྐུ་ཞབས་པི་ཀྲི་ཀུན་ བཟང་མཆོག་ནས་འཚམས་འདྲི་དང་མཉམ་པོ་ དགའ་བསུའི་གསུང་བཤད་མཛད་ཅིང་། རང་
ཡུལ་གྱི་གནས་ལུགས་མང་པོ་ཞིག་གི་ཐོག་ འབྲེལ་བརྗོད་མཛད་པས་མི་དམངས་ཀུན་གྱིས་ སེམས་འཐད་པོའི་ངང་ཕྱག་བརྡབ་གནང་། དེ་ སྐབས་ལ་དྭགས་ནང་ཚོགས་ཀྱི་བུ་མོའི་ཡན་ ལག་གི་དྲུང་ཆེ་ལྕམ་སྒྲོལ་མ་ཚེ་རིང་དང་། ལ་ དྭགས་ནང་ཚོགས་གཞོན་ནུའི་ཡན་ལག་གི་ དབུ་གཞོན་སྐུ་ཞབས་དཀོན་མཆོག་ཡེ་ཤེས་ སྟག་རྣམ་གཉིས་ནས་ཀྱང་ཁུངས་སོ་སོའི་ ལས་འགུལ་སྤེལ་ཕྱོགས་ཀྱི་ཐོག་གསུང་བཤད་ སྩལ། དེ་ཡང་ནང་ཚོགས་བུ་མོའི་ཡན་ལག་ ནས་ཁམས་བདེའི་ལས་འགུལ་འགྲུལ་བཞིན་ པའི་སྐོར་དམིགས་བསལ་གྱི་འབྲེལ་བརྗོད་ དང་། ལ་དྭགས་གཞོན་ནུའི་ཡན་ལག་ནས་ གཞོན་ནུ་རྣམས་ལ་རང་རེའི་ཡུལ་སྲུང་མཁན་
གྱི་ངོ་བོ་ཞིག་ཡིན་པའི་ཆ་ནས་ལས་ཇི་བྱུང་ ཐོག་གདེང་སྤོབས་དང་འབད་དགོས་པའི་སྐོར་ གསུང་བཤད་སྩལ། དེ་སྐབས་ལ་དྭགས་ནང་ ཚོགས་ཀྱི་དབུ་སྐྱོང་སྐུ་ཞབས་ཚེ་དབང་འཕྲིན་ ལས་ནས་གོང་གི་ཡུ་ཊིའི་གནད་དོན་ཙམ་མིན་ པར་རང་ཡུལ་གྱི་མི་དམངས་ཀུན་ལ་ཐུགས་ བརྩེ་བ་ཆེན་པོ་དང་ཕྱི་ལུགས་མངའ་སྡེའི་ལས་ ཚིར་འགྲུལ་ཕྱོགས་ཀྱི་ཐད་སེམས་འཚབ་ཆེན་ པོ་ཡོད་པའི་སྐོར་དང་འབྲེལ་ཏེ་གསུང་བཤད་ མཛད། ཡུ་ཊིའི་སྐོར་ལ་དྭགས་ཀྱི་ཆོས་ཚོགས་ ཀུན་ནས་མགྲིན་གཅིག་གི་ཐོག་ནས་ན་ནིང་གི་ ལོར་མངའ་སྡེའི་ནང་སྲིད་བློན་ཆེན་རཇ་ནཱཐ་ སིང་མཆོག་ལ་མཇལ་ཕྲད་བྱུང་བ་དང་དུས་དེ་ རིང་ཡང་རྒྱལ་ཁབ་ཀྱི་སྲིད་བློན་ནརན་དཱར་མུ་
དྷིའི་མཚན་ཐོག་དྲན་བསྐུལ་ཞུ་ཤོག་ཕུལ་བའི་ སྐོར་དང་། དེ་མིན་གྱི་རང་ཡུལ་གྱི་མི་དམངས་ ཀུན་ལ་མངའ་སྡེ་གཞུང་གི་ངོས་ནས་ཕྱོགས་ དང་ཡ་ཕྱེས་ཀྱིས་མིག་མཐོང་ལག་འཛིན་བྱེད་ པ་ནི་སེམས་ཕམ་གྱི་གནས་ཤིག་ཡིན་མོལ། དེ་ བཞིན་གཤམ་གསལ་གྱི་གནས་ལུགས་ཀུན་ ལའང་གསལ་བཤད་མཛད། • ལས་ཁུངས་སོ་སོའི་ལས་བྱེད་པ་མང་པོ་ ཞིག་ལ་གཏན་འཇག་གི་ཚིར་མ་བཅོས་པ་ དང་། • གནམ་གྲུའི་རིན་ཚད་ཆ་སྙོམ་མེད་པ། • ས་ཆའི་ཆ་བགོས་ཀྱི་འབྲེལ་ཡོད་ལས་ བྱེད། ༼པ་ཊ་ཝ་རི།༽ འདེམས་འཇོག་ ཐད་ཆོས་ལུགས་ལ་དམིགས་པ། • ཀཤ་མིར་འཇིགས་བསྐུལ་གནས་ལུགས་ དང་འབྲེལ་རང་ཁུངས་ཀྱི་སློབ་ཕྲུག་ཀུན་ ལ་དུས་ཐོག་ཏུ་རྒྱུག་སྤྲོད་གཏང་མ་ཐུབ་པ། • གངས་རིན་པོ་ཆེའི་གནས་སྐོར་ཐོག་ འདོད་དོན། • མ་འོངས་པར་རང་ཡུལ་དུ་རྫོང་དཔོན་ དམིགས་དཔེ་འོས་པ་དང་ཆ་འཇོག་ཅན་ ཞིག་དགོས་གལ། • མི་སྒེར་ཁག་ནས་སྤྱི་ཚོགས་ལ་གནོད་ བསྐྱལ་ཅན་མི་དགོས་པ།
ཌག་ཊར་བིམ་རའོ་ཨམ་བེཌ་ཀར་ཀྱི་འཁྲུངས་ཞག་ ༡༢༦ ཁག་ཅན་གྱི་ངང་སྲུང་བརྩི་ཞུས། ཚུད་དགོས་པའི་སྐོར་དང་ཌག་ཊར་གྱི་འཁྲུངས་ཞག་ དང་འབྲེལ་ཏེ་ཁྲོམ་སྐོར་རྒྱས་པ་ཞིག་དང་། མཛད་ སྒོའི་ཐོག་སྐུ་མགྲོན་གཙོ་བོ་ ༸ སྐྱབས་རྗེ་ཁམས་ དྲག་རིན་པོ་ཆེ་མཆོག་དང་། བརྩི་བའི་སྐུ་མགྲོན་ ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་ཆེན་གྱི་སྡེ་ དཔོན་ཌག་ཊར་བསོད་ནམས་ཟླ་བ། དེ་བཞིན་ཨེས་
ཨང་།
༡ ༢ ༣ ཌག་ཊར་བིམ་རའོ་ཨམ་བེཌ་ཀར་མཆོག་ནི་ཚད་ དང་ལྡན་པའི་སྐྱེས་བུ་དམ་པ་ཞིག་ཡིན་པས། ཁོང་ གི་འཁྲུང་སྐར་དུས་ཆེན་ནི་རྒྱ་གར་རྒྱལ་ཡོངས་ལ་ སྲུང་བརྩི་ཞུ་སྲོལ་ཡོད་པ་བཞིན། རང་ཡུལ་དུ་ལ་ དྭགས་ནང་ཚོགས་གཞོན་ནུའི་ཡིག་ཚང་ངོས་ནས་ ལོ་ལྟར་བཞིན་ཕྱི་ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་
གྱི་ཁོང་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ པ་ལྟར། འདི་ལོ་ཡང་ཁོང་གི་འཁྲུངས་ཞག་ ༡༢༦ ཁག་ཅན་བརྩིས་ཏེ། སྔ་ཏོག་ཆུ་ཚོད་བཅུ་པའི་ཐོག་ གླེ་ཇོ་ཁང་ནས་གླེ་པོ་ལོ་རྩེད་ཐང་བར་མི་དམངས་ དང་སློབ་ཕྲུག་བསྡོམས་སྟོང་ལྔ་ཞིག་ནས་བྷོ་ཊིའི་ སྐད་ཡིག་ནི་རྒྱ་གར་གྱི་རྩ་ཁྲིམས་བརྒྱད་པའི་ནང་དུ་
འཛིན་གྲྭ
འཛིན་གྲྭ་ལྔ་པ་དང་དྲུག་པ། འཛིན་གྲྭ་བདུན་པ་དང་བརྒྱད་པ། འཛིན་གྲྭ་དགུ་པ་དང་བཅུ་པ།
(འཕྲོས་ཤོག་ལྷེ་༢་པར་གཟིགས་)
ཨེས་པི། འཛིན་སྐྱོང་། སྤྱི་འཐུས། སྐུ་མགྲོན་པ་ མང་པོ་ཞིག་འཐུས་ཡོད། ཁྲོམ་སྐོར་དང་མཛད་སྒོའི་ སྔོན་དུ་སློབ་གྲྭ་ཁག་གི་སློབ་ཕྲུག་བསྡོམས་ཆིག་ སྟོང་ལྔ་བརྒྱ་ཙམ་ནས་བྷོ་ཊིའི་རྩོམ་འགྲན་བསྡུར་ གྱི་ནང་དུ་ཁག་ལེནཔས་རྩོམ་གྱི་འགོ་རྒྱན་ཡང་ན་ བརྗོད་བྱ་ནི་གཤམ་གསལ་ལྟར།
བརྗོད་བྱ།
གནམ་ཟླའི་འཕོ་འགྱུར། ཞིང་འབད་པའི་མི་ཚེ། ཁོར་ཡུག་སྲུང་སྐྱོབ།
(འཕྲོས་ཤོག་ལྷེ་༢་པར་གཟིགས་)
1
Flip to English