Issuu on Google+

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་ སྐོར་ལ་སྩལ་བའི་བཀའ་སློབ། ༄༅།།སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་༡༩༩༧ཕྱི་ཟླ་༧ཚེས་ ༢༩ཉིན་ཞོགས་པའི་ཆུ་ཚོད་༩པའི་ཐོག་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་ཚོགས་པ་ ཁག་དང༌།བཞུགས་སྒར་ཁུལ་གྱི་མི་མང་གི་འཐུས་མི་བཅས་ལ་དེ་གོང་གང་གི་སྐུའི་ ཡང་སྲིད་ཕེབས་ཕྱོགས་སྐོར་བཀའ་གནང་བའི་གལ་ཆེའི་གནད་དོན་ཐོག་གསལ་ བཤད་བཀའ་སློབ་སྩལ་དོན།དེ་རིང་ཁྱེད་རང་ཚོ་ཐུག་ན་བསམ་བྱུངཁྱེད་རང་ཚོས་ བརྟན་བཞུགས་འབུལ་ཆོག་པ་ཞེས་བརྗོད་པའི་རྒྱུ་མཚན་ནི་ཉེ་ཆར་ངོས་ནས་ཨ་ རིར་བཙན་བྱོལ་ལ/གནས་པའི་རིང་གལ་ཏེ་ྋརྒྱལ་བ་རིན་པོ་ཆེར་ཤ ི་རྐྱེན་འདྲ་བྱུང་ བ་ཡིན་ན་ཡང་སྲིད་ཕེབས་ཕྱོགས་སྐོར་སྐད་ཆ་བཤད་པ་དེ་དག་ལ་ཁྱེད་རང་ཚོ་བློ་ གཡེང་ཆེན་པོ་བྱུང་བ་ཡིན་འདུགདེའི་སྐོར་དངོས་ཡོད་གནས་ཚུལ་གང་ཡིན་གསལ་ བཤད་བྱས་ན་སྙམ་བྱུང༌།དེ ར ་ཁྱེ ད ་རང་ཚོ ་ བློ ་ གཡེ ང ་བྱེ ད ་དགོ ས ་དོ ན ་མེ ད །སྤྱི ་ ཡོངས་ཀྱི་ཆ་ནས་ང་སེམས་ཤུགས་ཆག་པ་དེ་འདྲ་གང་ཡང་མིན་པ་ཁྱེད་རང་ཚོས་ ཤེས་གསལ་རེད།ཆེ་ས་ང་རང་ཚོ་བོད་སྤྱི་པའི་དོན་དག་ནས་བཤད་ན་འགལ་རྐྱེན་ མང་པོ་ཞིག་ཡོད།གང་ལྟར་ཆེ་ཆུང་གནམ་ས་ཐུག་པ་ལྟ་བུའི་ཁྱད་པར་གྱི་འགལ་ རྐྱེན་ཆེན་པོ་ཞིག་ཡོད་ཀྱང༌།ང་ཚོས་བདེན་པ་ལ་སྙེས་ཏེ་འགྲོ་གི་ཡོད།བདེན་པ་ཞེས་ པ་འདིར་དྲག་པོའ་ི སྟོབས་ཤུགས་ཆེ་ཆུང་གི་དབྱེ་བ་མེད་ཅིང༌།ང་ཚོས་བདེན་པར་ སྔས་བཅོལ་ནས་འཚེ་མེད་ཞི་བའི་ལམ་ལ་འགྲོ་གི་ཡོད།འཚེ་མེད་ཞི་བའི་ལམ་ལ་ དཔུང་སྟོ བ ས་ཆེ ་ ཆུང་གི ་ སྐད་ཆ་མེ ད །འཚེ ་ བའི ་ ལམ་ལ་བརྟེ ན ་ནས་འཁྲུགས་པ་ བརྒྱབ་སྟེ ་ གྲུབ་འབྲས་སམ་རྒྱལ་ཁ་ལེ ན ་ཐབས་བྱེ ད ་མཁན་ཞི ག ་ཡི ན ་ན་དཔུང་ སྟོབས་ཆེ་ཆུང་ལ་ཧ་ཅང་རག་ལས་ཀྱི་ཡོད། ང་རང་ཚོ་དང་པོ་ཉིད་ནས་བདེན་པར་ ཡིད་ཆེས་བྱས་ཏེ་བདེན་པ་བདེན་ཐོག་ཏུ་འཁྱོལ་བ་བྱ་རྒྱུའི་དམིགས་ཡུལ་བཟུང་བ་ དང༌།ཐབས་ལམ་ཡང་དེ་དང་མཐུན་པ་ཞིག་ལག་ལེན་བསྟར་ཏེ་དུས་ད་ལྟ་བར་དུ་ ཕྱིན་པ་རེད།དཔུང་གི་ཆ་ནས་བོད་པས་རྒྱ་མིའི་དཔུང་གི་དོ་ཡ་རྩ་བ་ནས་ཡོང་ཐབས་ མེད་ཀྱང༌། ང་ཚོར་བདེན་པ་ཡོད་དུས་བདེན་པའི་ལམ་ལ་བརྟེན་ནས་རྒྱ་ནག་གཞུང་

1


ལ་བོད་པའི་གནས་ཚུལ་གྱི་ཐོག་ནས་སུན་པོ་དང་མི་བདེ་བ་ཞིག་ཡོང་གི་ཡོད་པ་ རེད།ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་སུམ་ཅུ་སོ་བརྒྱད་ཕྱིན་པ་དང༌།ང་ཚོར་རྩ་ བའི་གོད་ཆགས་བྱུང་ནས་ལོ་བཞི་བཅུ་ཞེ་གྲངས་འགྲོ་གི་ཡོད།འོན་ཀྱང་ད་ལྟ་བར་དུ་ ང་རང་ཚོ་ཚང་མ་སེམས་ཤུགས་མ་ཆག་པར་བསྡད་པའི་ཉེར་ལེན་གྱིས་འདས་པའི་ གནས་ཚུལ་ལ་ཕྱི་མིག་བལྟས་ན།འགལ་རྐྱེན་སྣ་མང་ཞིག་གི་འོག་ང་རང་ཚོ་བོད་ པའི ་ བདེ ན ་དོ ན ་འདི ་ ཧ་ཅང་ཚད་མཐོ ་ པོ ་ ཞི ག ་ལ་སླེ བ ས་ཡོ ད ་པ་འདི ་ ལས་སླ་པོ ་ གཏན་ནས་མིན།སྤྱིའི་གནས་ཚུལ་གྱི་ཐོག་ནས་བཤད་ནའང་གང་ལྟར་རེ་བ་ཡོད་པ་ ཞིག་ཡིན་པ་ལས་རེ་བ་མེད་པ་ཞིག་གཏན་ནས་མིན།ངོས་ནས་རྣམ་ཀུན་རྟག་པར་ བརྗོད་ཀྱི་ཡོད། དངོས་ནས་བདེན་མཐའ་གསལ་ལ་ཉེ་བ་ཞིག་ལ་སླེབས་ཡོད་པར་ད་ ལྟའང་ཡིད་ཆེས་གཙང་མ་བྱས་ཏེ་བསྡད་ཡོད།འདི་ལ་འགྱུར་བ་གང་ཡང་མེད། རྒྱ་ ནག་གི་འགྲོ་སྟངས་ལ་འགྱུར་བ་རྩ་བ་ནས་མ་ཕྱིན་པའི་འོག་བོད་ཀྱི་བདེན་མཐའ་ གསལ་རྒྱུ་ཞེས་པ་འདི་ཡང་ཁག་པོ་ཡིན།རྒྱ་ནག་གི་འགྱུར་བར་ལྟོས་ནས་བོད་ཀྱི་ བདེན་དོན་ལ་འགྱུར་བ་ཡོང་རྒྱུ་འདི་དངོས་ཡོད་གནས་ཚུལ་ཆགས་ཡོད།རྒྱ་ནག་ལ་ ཆ་བཞག་ན་རྩ་བ་གུང་ཁྲན་ཏང་གི་འགོ་ཁྲིད་པའི་གཞུང་གི་འགྲོ་སྟངས་ལ་འགྱུར་བ་ ཕྱི ན ་མེ ད །ཕྱི འི ་ སྒྲོ མ ་གཞི ་ གུང་ཁྲན་ཏང་གི ས ་འགོ ་ ཁྲི ད ་པའི ་ སྲི ད ་གཞུང་གི ་ སྒྲི ག ་ འཛུགས་འདིའི་འོག་དང༌། ནང་དོན་དཔལ་འབྱོར་གྱི་ལས་དོན་ཐད་འགྱུར་བ་ཆེན་པོ་ བཏང་ནས་འཛམ་གླིང་ཕྱི་ལ་འབྲེལ་བ་བྱེད་པའི་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད། དེའི་དབང་གིས་རང་བཞིན་དུ་ཕྱི་ནང་གི་གནས་ཚུལ་ཤ ེས་རྟོགས་བྱེད་པའི་ཆ་རྐྱེན་ བཟང་དུ་ཕྱིན་ནས་རྒྱ་ནག་གི་ཕྱིའི་སྒྲོམ་གཞི་སྔོན་ལྟར་ཡིན་ནའང་ནང་གི་གནས་ སྟངས་ལ་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་པ་ཚང་མས་མཐོང་གསལ་ཡིན།ད་ཕན་ངོས་ ནས་ད་ལྟའི་རྒྱ་ནག་གཞུང་འདི་དང་ལོ་ཉི་ཤུའི་གོང་གི་རྒྱ་ནག་གཞུང་གཉིས་བསྡུར་ ན་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད།རྒྱ་ནག་སྟོབས་ཆེན་ རྒྱལ་ཁབ་འདི་ལོ་རེ་བཞིན་མི་སྡོད་པར་འགྱུར་བ་འགྲོ་དང་འགྲོ་བཞིན་པ་རེད།དེ་སྔ་ ལོ་རབས་ལྔ་བཅུ་དང༌།དྲུག་ཅུ་པ།བདུན་ཅུ་པ་དེ་ཚོའི་སྐབས་ལ་གཅིག་སྡུད་ཀྱི་ལམ་ ལུགས་དེར་གང་འཚམས་ཀྱི་རྒྱུ་མཚན་འགྲེལ་བཤད་རྒྱག་རྒྱུ་ཡོད་ཅིང༌།མར་ཁེ་སི་

2


ལེ་ནེན་རིང་ལུགས་ཟེར་བའི་གཅིག་སྡུད་ཀྱི་ལམ་ལུགས་འདིའི་འོག་ནས་སྤྱི་ཚོགས་ རི ང ་ལུགས་ཀྱི ་ དུས་རི མ ་བརྒྱུད་དེ ་ གུང་ཁྲན་རི ང ་ལུགས་འཛུགས་སྐྲུན་བྱ་རྒྱུའི ་ དམིགས་ཡུལ་བརྗོད་ཀྱི་ཡོད་ལ།དེར་ཡིད་ཆེས་ཀྱང་ཡོད་པ་རེད། གང་ལྟར་མ་ འོངས་པར་འགྲོ་སའི་མདུན་ལམ་གྱི་བརྒྱུད་རིམ་ཆ་ཚང་གི་རྣམ་པ་བློ་ལ་འཆར་རྒྱུ་ ཡོད་པ་ཞིག་དང༌།དེ་དང་འབྲེལ་པའི་ལྟ་བ་དང་ལམ་ལུགས་ལ་ཡིད་ཆེས་བྱས་ནས་ འགྲོ་གི་ཡོད་པ་རེད།ད་ཆ་དེ་ལ་འགྱུར་བ་ཆེན་པོ་ཕྱིན་ནས་རྒྱ་ནག་མི་མང་ནང་གུང་ ཁྲན་རིང་ལུགས་ལ་ཡིད་ཆེས་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་ནས་ཕལ་ཆེར་མེད་པ་ ལྟ་བུ་ཆགས་ཡོད།གུང་ཁྲན་རིང་ལུགས་ཟེར་བ་འདི་ལག་ལེན་འཁེལ་ཐབས་མེད་ པའི ་ ལྟ་གྲུབ་ཅི ག ་ཡི ན ་པ་དེ ང ་སང་ཧ་ཅང་གསལ་པོ ་ ཆགས་པ་འདི ་ དངོ ས ་ཡོ ད ་ གནས་ཚུལ་རེད།ལྟ་བ་དང་དམིགས་ཡུལ་ངེས་ཅན་ཞིག་གིས་དེ་ལ་ཡིད་ཆེས་དང་ རྒྱབ་སྐྱོར་ཡོད་པ་འདི་ནི་གཅིག་སྡུད་ལམ་ལུགས་ཀྱི་ཕྱི་ནང་གི་ཆ་རྐྱེན་ཡིན་ཞིང༌།དེ་ དག་མེ ད ་པ་ཆགས་དུས་གཅི ག ་སྡུད་ཀྱི ་ ལམ་ལུགས་གནས་རྒྱུ་ཧ་ཅང་ཁག་པོ ་ རེ ད །ད་ལྟ་གང་འདྲ་ཞིག ་གི་ ཐོ ག ་གནས་ཡོ ད ་དམ་ཞེ ་ ན།ངས་རྣམ་ཀུན་བརྗོ ད ་ཀྱི ་ ཡོད།གཅིག་སྡུད་ཀྱི་ལམ་ལུགས་ཐོག་འགྲོ་བའི་རྒྱབ་རྟེན་མེད་པ་ཆགས་ཟིན་པ་རྒྱ་ ནག་གི་འགོ་ཁྲིད་ཚོས་ཤེས་ཀྱི་ཡོད་པ་རེད།འོན་ཀྱང་ལམ་སང་འགྱུར་བ་ཆེན་པོ་ ཞིག་གཏོང་བར་ཕྱིན་ན།དེ་སྔ་ཨུ་རུ་སུའི་ནང་སྒྲིག་འཛུགས་སྦོ་ལུགས་པ་དང༌།དེས་ རྐྱེ ན ་པས་དཔལ་འབྱོ ར ་གྱི ་ དཀའ་ངལ་དང༌།ལུང་པའི ་ ནང་མི ་ གསོ ད ་མཁན་དང་ ཁྲི མ ས་འགལ་གང་བྱུང་བྱེ ད ་མཁན་ཧ་ཅང་མང་དུ་སོ ང ་ནས་སྤྱི ་ ཚོ ག ས་ཡོ ང ས་ རྫོགས་བག་ཕེབས་མེད་པའི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པ་ཤ ེས་གསལ་རེད།དེ་ འདྲའི་ཉེན་ཁ་ཆེན་པོ་ཡོད་པར་བརྟེན་ད་ལྟའི་རྒྱ་ནག་འགོ་ཁྲིད་ཚོས་གཅིག་སྡུད་ཀྱི་ ལམ་ལ་ཕྱིན་ན་ཁུངས་འཁྱོལ་ཐབས་མེད་པ་ཤ ེས་ཀྱི་ཡོད་ནའང་ལམ་སང་འགྱུར་བ་ ཆེན་པོ་བཏང་ན་འགན་མི་བཟོད་པའི་གནས་ཚུལ་ཞིག་ཡིན་དུས།ང་ཚོས་བོད་དོན་ དཀའ་ངལ་སེལ་ཐབས་སུ་དབུ་མའི་ལམ་ཞིག་འཚོལ་བ་ལྟར་རྒྱ་ནག་རྒྱལ་ཁབ་ཀྱིས་ ཀྱང་དེའི་ཐད་དབུ་མའི་ལམ་ཞིག་འཚོལ་གྱི་ཡོད་པ་རེད།ད་ཕན་ལོ་བཞི་བཅུ་ལྷག་ ཙམ་རིང་གཅིག་སྡུད་ཀྱི་ལམ་ལུགས་ལ་ཡིད་ཆེས་རྩེ་གཅིག་ཏུ་བྱས་ཏེ་སོང་ཡོད་

3


ཀྱང༌། ད་ཆ་ཁུངས་འཁྱོལ་ཐབས་མེད་པ་ཧ་ཅང་གསལ་པོ་ཆགས་ཡོད།ལམ་སང་ འགྱུར་བ་ཞི ག ་བཏང་ན་ཁྲ་གེ ་ འཁྲུག་གེ ་ ཆེ ན ་པོ ་ ཡོ ང ་རྒྱུའི ་ ཉེ ན ་ཁ་མཐོ ང ་གི ་ ཡོད།གནས་ཚུལ་འདིའི་འོག་རིམ་པས་འགྱུར་བ་འགྲོ་རྒྱུའི་རེ་བ་བྱས་ནས་ཐབས་ ཤེས་ཚོལ་གྱི་ཡོད་པ་རེད།འདི་འདྲའི་གནས་སྐབས་ལ་ང་ཚོ་བོད་པས་དབུ་མའི་ ལམ་ལ་བརྟེན་ནས་བདེན་དོན་འཚོལ་བ་འདི་རྒྱང་རིང་གི་གནས་ཚུལ་ཐོག་རྒྱ་ནག་ རྒྱལ་ཁབ་ཆེན་པོ་དེ་ཐོར་ཞིག་འགྲོ་བའི་ཡ་སེ་ཡོ་ལངས་ཆེན་པོ་མེད་པའི་གནས་ ཚུལ་འོག་འགྱུར་བ་འགྲོ་རྒྱུའི་ཐད་ང་ཚོའི་ཐབས་ལམ་འདིས་དོན་གྱི་ཆ་ནས་རྒྱ་ནག་ ལ་ཕན་གྱི་ཡོད་པ་རེད།ད་ལྟའི་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ད་ཕན་སྲིད་བྱུས་ ནོར་འཁྲུལ་ཕྱིན་པ་དང༌།ཕམ་ཉེས་བྱུང་བ་དེ་དག་ཁ་ནས་ངོས་ལེན་བྱེད་མ་དགོས་ པའི ་ ཐོ ག ་ནས་རི མ ་པས་འགྱུར་བ་གཏོ ང ་ཐབས་ཤི ག ་མ་བྱས་པར་སྡོ ད ་ཐབས་ མེད།དེ་ནི་བོད་པའི་ངོ་ལ་བལྟས་ནས་འགྱུར་བ་གཏོང་གི་མེད་ལ།འཛམ་གླིང་ཕྱིའི་ གནོན་ཤུགས་ལ་བརྟེན་ནས་འགྱུར་བ་བཏང་བ་རེད་ཅེས་མཐའ་གཅིག་ཏུ་བརྗོད་མི་ ཐུབ་ཀྱང༌།འཛམ་གླིང་སྤྱིའི་མཐོང་ཚུལ་དང་བསམ་ཚུལ་གྱི་ཤུགས་རྐྱེན་ཞིག་ཐེབས་ ཀྱི་ཡོད་པ་རེད། རྒྱ་ནག་རྒྱལ་ཁབ་ཆེན་པོ་འདི་འཛམ་གླིང་སྤྱི་ཡོངས་ཀྱི་མོས་པ་ཡོད་ པ་དང༌། ཡིད་ཆེས་ཡོད་པ། སྙན་གྲགས་ཡོད་པ་ཞིག་འདོད་ཀྱི་ཡོད་པ་རེད། དེ་འདྲའི་ ཆ་ནས་ཀྱང་ཕྱིའི་གནས་ཚུས་ལ་བལྟ་དགོས་ཀྱི་ཡོད་པས་གཙོ་བོ་རྒྱ་ནག་རང་གི་ཁེ་ ཕན་གྱི ་ གནས་ཚུལ་ནས་ཀྱང་འགྱུར་བ་མ་བཏང་ཐབས་མེ ད ་ཡི ན ་པ་གསལ་པོ ་ ཆགས་ཡོད།ད་བར་ལོ༣༨ལྷག་ཙམ་རིང་ང་རང་ཚོ་ཚང་མས་རིག་པ་བསྒྲིམས་ཏེ་ བསྡད་པའི་ཉེར་ལེན་ལ་བརྟེན་ནས་ང་ཚོ་གཟུགས་མེད་ས་ནས་གཟུགས་གསར་པ་ ཞིག་ཆགས་པ་དང༌།གཟུགས་དེ་ཡང་རིམ་པས་འཕེལ་རྒྱས་ཕྱིན་ཡོད།དཀའ་ངལ་ དང་འགལ་རྐྱེན་ཡང་མང་པོ་ཞིག་ཡོད་པ་དེ་གཅིག་པུར་བལྟས་ཏེ་བསྡད་ན་དངོས་ གནས་གང་འདྲ་ཡིན་ནམ་བསམ་པ་ཞིག་འཆརཡང༌། ང་ཚོར་མཐུན་པའི་རྐྱེན་ཡང་ མང་པོ་ཞིག་ཡོད་པ་དེ་དག་མཐོང་བ་བྱས་ཏེ་ཕྱོགས་གཉིས་ཀའི་གནས་ཚུལ་ལ་རྟོག་ ཞིབ་ཀྱིས་ཁོག་ཏུ་ཆུད་པའི་ཐོག་ནས་ཕྱོགས་བསྡོམས་དང་ཞིབ་འཇུག་བྱས་པ་ཡིན་ ན།ང་ཚོར་རེ་བ་ཏན་ཏན་ཡོད་པ་ལས་རེ་བ་མེད་པ་ཞིག་རྩ་བ་ནས་མིན།དེར་བརྟེན་

4


ངོ ས ་རང་སེ མ ས་ཤུ གས་ཆག་དགོ ས ་དོ ན ་རྩ་བ་ནས་མི ་ འདུགང་རང་སྒེ ར ་ལ་ཆ་ བཞག་ན།རྒྱ་མིས་ཏཱ་ལའི་ལོག་སྤྱོད་པ་ཟེར་བའི་ཅ་ཅོ་མང་པོ་སྒྲོག་པ་འདི་དག་ལ་ཧ་ ལས་ཀྱི་མི་འདུག། དེ་ནི་རྒྱའི་འགོ་ཁྲིད་ཚོ་ཁ་སྐྱེངས་ནས་བརྗོད་པ་ཞིག་རེད།ཁོང་ ཚོའི་བསམ་བློའ་ནང་ཏཱ་ལའི ་བླ་མའི་མིང་བཏོན་ནས་སྐྱོན་བརྗོད་ཤུགས་ཆེ་ཙམ་བྱས་ ི ན་བོད་པའི་བསམ་བློར་འགྱུར་བ་འགྲོ་གི་རེད་སྙམ་གྱི་ཡོད་ཀྱང༌།ད་ལྟའི་དངོས་ཡོད་ གནས་ཚུལ་ལ་ཏཱ་ལའི་བླ་མར་དགའ་ཞེན་ཆེ་རུ་འགྲོ་བ་དང༌། རྒྱ་དཔོན་ཚོར་མི་དགའ་ བ་ཆེ་རུ་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད།ལོ་རབས་དྲུག་ཅུ་པའི་ནང་སྲིད་བྱུས་ དེ་དག་ལག་ལེན་བསྟར་ཡོད་ཀྱང་ཡོངས་སུ་ཕམ་ཉེས་ཕྱིན་པ་རེད། ད་ལྟའི་སྲིད་ བྱུས་དེ་དག་ཀྱང་ཕམ་ཉེས་འགྲོ་རྒྱུ་ལས་ཁོང་ཚོར་ཕན་ཐོགས་གང་ཡང་ཡོང་རྒྱུ་མེད་ པ་ཧ་ཅང་གསལ་པོ་རེད། སྔོན་མ་ཁོང་ཚོས་ཏཱ་ལའི་བླ་མ་ཆོས་གོས་གྱོན་པའི་སྤྱང་ ཀི་རེད་ཟེར་བ་དང༌།ཏཱ་ལའི་བླ་མས་མི་བསད་པ་དང༌། བཙན་གཡེམ་བྱས་པ་རེད་ ཟེར་འདྲ་མིན་བཤད་ཡོད།ང་རང་ལ་སྐྱོན་དེ་དག་མེད་པ་ང་རང་གིས་ཤ ེས་ཀྱི་ཡོད་ པས་མ་བདེ་བ་གང་ཡང་མི་འདུག་ལ། ཁོང་ཚོས་ག་རེ་བཤད་ཀྱང་གནད་འགག་རྩ་ བ་ནས་མཐོང་གི་མི་འདུགབོད་ནང་དེ་རིང་ཁ་སང་ཆོས་སྡེ་ཁག་གི་སྒྲིག་འཛུགས་ དམ་དུ་གཏོང་བ་དང༌། དམིགས་བསལ་སྔོན་མའི་དམར་པོའ་ལྟ་བ་དེ ་ཚོ་བསྐྱར་དུ་ ི སློབ་པའི་ལས་འགུལ་སྤེལ་གྱི་ཡོད་པ་དེ་དག་གིས་མིའི་སེམས་ལ་འགྱུར་བ་འགྲོ་རྒྱུ་ ཧ་ཅང་ཁག་པོ་ཡིན།ཕྱོགས་ཡོངས་ཀྱི་གནས་ཚུལ་གང་ལ་བལྟས་ཀྱང་ང་རང་ཚོ་རེ་ བ་ཡོད་པ་ཞིག་ཡིན་པས་ང་སེམས་ཤུགས་ཆག་དགོས་པའི་རྒྱུ་མཚན་གང་ཡང་ མེ ད །བར་སྐབས་ང་ཚོ ་ རྒྱ་གར་ནང་ཆ་བཞག་ན་སྐད་ཆ་ཕྲན་བུ་ལྷགས་ཡོ ང ་གི ་ ཡོད།དེ་ནི་དེ་རིང་ཁ་སང་གཅིག་པུ་མ་ཡིན་པར།ཕྱི་ལོ་༡༩༦༠ ནས་བཟུང་སྟེ་གནས་ ཚུལ་ཕྲན་བུ་བྱུང་ཡོད་པ་འདི་ནི་མིའི་ཆོས་ཉིད་རེད།ད་ལྟ་ང་ཚོས་ཕྱོགས་གཅིག་ནས་ མང་གཙོའི་ལམ་ལ་འགྲོ་གི་ཡོད་པས་གཏམ་བརྗོད་རང་དབང་རེད།ང་རང་ཚོ་རྒྱ་ གར་ལུང་པའི་ནང་བསྡད་ཡོད་པའི་གནས་ཚུལ་འོག་བློ་མཐུན་མ་མཐུན་ཡོད་པ་དེ་ཁ་ ནས་གསལ་པོ་འདོན་རྒྱུའི་སྤོབས་པ་དང་གོ་སྐབས་ཤ ིག་ཡོང་གི་ཡོད་པ་རེད།དེ་ལ་ དགའ་བསུ་ཞུ་རྒྱུ་ལས་སྐྱོན་གང་ཡང་མེད།བར་སྐབས་དོལ་རྒྱལ་གྱི་ཐོག་ནས་གནས་

5


ཚུལ་མང་པོ་ཞིག་ཡོང་གི་ཡོད་ཅིང༌།ངའི་མིང་ནས་སྨྲོས་ཏེ་གནས་ཚུལ་བཤད་ཀྱི་ ཡོད་པ་དེ་ལ་ཐལ་ཆ་གང་ཡང་མི་འདུགགཏམ་བརྗོད་རང་དབང་རེད། ངས་འདི་ཧ་ ཅང་ཡག་པོ་རེད་ཅེས་ཤོད་ཀྱི་ཡོད།གང་ལྟར་ངའི་བསམ་ཚུལ་དང་ངས་ལམ་སྟོན་ བྱས་པ་ལ་ཡིད་ཆེས་མེད་མཁན་གྱི་མི་ཏན་ཏན་ཡོང་གི་རེད། མི་དེ་དག་གིས་སོ་ སོའ་ི སེམས་ནང་ཡིད་ཆེས་མེད་པའི་གནས་ཚུལ་ཁ་ནས་ཡིད་ཆེས་མེད་ཅེས་བརྗོད་ པ་འདི་ཧ་ཅང་ཡག་པོ་རེད། ཁ་ནས་ྋརྒྱལ་བ་རིན་པོ་ཆེར་ཡིད་ཆེས་ཡོད་མདོག་ མདོག་དང༌།སེམས་ནང་ཡིད་ཆེས་མེད་ན་འདི་ཡག་པོ་མིན། དེ་ནི་ཆོས་ཀྱི་ཐོག་ནས་ གཤད་ན་ངོ་ལྐོག་ཅེས་པ་འདི་ཆགས་ཡོད།དམ་ཚིག་མ་གཙང་བ་ཡང་འདིའི་ཐོག་ ནས་ཡོང་གི་ཡོད། སེམས་ནང་ནས་ྋརྒྱལ་བ་རིན་པོ་ཆེས་བཤད་པ་ལ་ཡིད་ཆེས་ མེད་པ་ཇི་བཞིན་ཁ་ནས་ཀྱང་ྋརྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱས་པ་འདི་ཕྱི་གསལ་ ནང་གསལ་ཆགས་པར་བརྟེན་ཧ་ཅང་ཡག་པོ་རེད་སྙམ་གྱི་ཡོད་ལ།བློ་མ་མཐུན་མ་ དེ་དག་གིས་དངོས་སུ་ངོ་རྒོལ་བྱས་ཏེ་བཤད་པ་དགའ་བསུའི་གནས་རེད།གནད་ འགག་ཆེ་ཤོས་མང་ཚོགས་རྣམས་ད་བར་མགོ ་ སྐོ ར ་འོག ་མ་ཚུད་པར་ཚང་མས་ འགྲེང་འགྲེང་བྱས་ཏེ་བསྡད་ཡོད་ཅིང༌། ད་དུང་ཡང་མགོ་སྐོར་མ་ཐེབས་བ་བྱེད་ དགོས། ངོས་ནས་བཤད་པ་འདི་དག་ལ་རྒྱུ་མཚན་གང་འདུག ཕར་ཕྱོགས་ནས་ བཤད་པ་ལ་རྒྱུ་མཚན་གང་འདུག ཁྱེད་རང་ཚོས་བསམ་བློ་ཡག་པོ་བཏང༌།ངས་ བརྗོད་པ་འདི་དག་ལ་རྒྱུ་མཚན་མང་པོ་མཐོང་བ་དང༌།ཡིད་ཆེས་ཡོང་གི་འདུག་ན་སོ་ སོའ་ི ལངས་ཕྱོགས་འདི་བཟུང༌།ད་བར་ཚང་མས་ཧུར་ཐག་བྱས་ཡོད་པ་རེད།ད་དུང་ ཡང་དེ་བཞིན་ཧུར་ཐག་བྱེད་དགོས། མགོ་འཚོས་ལ་མ་འཚོས་ཀྱི་ཡིག་ཆ་འདྲ་མིན་ དང་སྙོན་འཛུགས་ཧམ་པ་བཤད་པ་དེ་ཚོར་མགོ་སྐོར་ཐེབས་ཀྱི་མ་རེད་ལ། མགོ་ སྐོར་མ་ཐེབས་པའི་ཐོག་ནས་གསལ་བཤད་གང་བྱེད་དགོས་ཀྱང་བྱ་རྒྱུ་ལས།གཞན་ གྱི་གནད་འགག་མཐོང་གི་མི་འདུགགོང་དུ་བརྗོད་པ་ལྟར་ཡག་པོ་རེད་བསམ་གྱི་ འདུགངས་རྣམ་ཀུན་བཤད་པ་བཞིན་སོ་སོའ་ངོ ི ས་ནས་ཕྱོགས་ཚང་མའི་གནས་ཚུལ་ ལ་བལྟས།གནས་ཚུལ་མང་པོ་ཞིག་མཐོང༌། ཉམས་མྱོང་མང་པོ་ཞིག་བསགས་ཏེ་ གསལ་བཤད་བྱེད་ཀྱི་ཡོད།གསལ་བཤད་མ་བྱས་ན་ངའི་ནོར་འཁྲུལ་ཡིན།གསལ་

6


བཤད་བྱས་པ་དེར་ཉན་དང་མ་ཉན་ཁྱེད་ཚོ་སོ་སོའ་ི བསམ་བློ་རེད།མང་ཆེ་བས་ཉན་ གྱི་ཡོད་ཅིང༌།ཉུང་ཤས་ཤིག་གིས་མི་ཉན་པ་ཡོང་ངེས་རེད། དེ་སྔོན་ྋརྒྱལ་བ་སྐུ་གོང་ མའི་སྐབས་ལའང་སྐུ་གོང་མར་ཁ་གཏོང་མཁན་ཡོད་པ་ལས་མེད་པ་མིན།ྋགོང་ས་ ལྔ་པ་ཆེན་པོའ་སྐབས་ལ་དེ ་བས་ཀྱང་ཡོད། དེ་ནས་ཡར་འདེད་ན་སྟོན་པ་བཅོམ་ལྡན་ ི འདས་ཞལ་བཞུགས་པའི ་ སྐབས་སུ་ཡང་སྟོ ན ་པ་བཅོ མ ་ལྡན་འདས་ལ་སྐུར་བ་ འདེབས་མཁན་ཡོད་པ་རེད། ང་རང་ལ་དཔགས་པའི་དྲང་པོས་གཞུང་བསྲང་སྟེ་འགྲོ་ སྐབས་ཕྲན་བུ་བློ་མ་རང་བ་ཁག་གཅིག་གིས་སྒྲོ་སྐུར་འདྲ་མིན་བྱེད་པ་ནི་ག་དུས་ ཡིན ་ཡང་ཡོ ང ་སྲིད ་པ་ལས་ཡོ ང་མི ་ སྲི ད ་པ་མི ན །དེ ་ ལ་ཡ་མཚན་སྐྱེ ་ དགོ ས ་དོ ན ་ དང༌།དེ་འདྲའི་གནས་ཚུལ་གྱིས་རྐྱེན་པས་ངོས་རང་སེམས་ཤུགས་ཆག་དགོས་དོན་ རྩ་བ་ནས་མེད།ཤེས་སོང་ངམ།ད་ལྟ་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་སྐོར་བརྗོད་པ་ འདིའི་ཐད་ངོས་ནས་ཁྱོད་ཚོར་འགྲེལ་བཤད་བྱ་རྒྱུར། ཕལ་ཆེར་ད་ཕན་ལོ་བཅོ་ལྔ་ཉི་ ཤུ་ཙམ་གོང་ལ་ྋརྒྱལ་བ་རིན་པོ་ཆེ་སྐུ་ཕྲེངབཅུ་བཞི་པ་འདི་སྐུ་ཕྲེང་མཐའ་མ་ཡིན་ སྲིད་ཀྱི་རེད་ཅེས་བརྗོད་ཡོད། དེའི་རྒྱུ་མཚན་ནི་ཕ་རོལ་རྒྱ་ནག་ཕྱོགས་ནས་ང་ཚོས་ བོད་རང་དབང་རྩོད་ལེན་བྱེད་པའི་ལས་འགུལ་འདི་ཚང་མ་ྋརྒྱལ་བ་རིན་པོ་ཆེའི་ཁེ་ ཕན་དོན་དག་རེད་ཟེར་བ་དང༌། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་པའི་དོན་དག་རེད་ ཟེར་བཤད་ཀྱི་ཡོད་པ་རེད། དེ་ལ་དོན་སྙིང་ལན་འདེབས་བྱ་རྒྱུ་གང་ཡོད་ཅེ་ན། ���ྱི་ལོ་ ༡༩༦༡ལོ་ཙམ་ནས་མ་འོངས་བོད ་ཀྱི་ རྩ་ཁྲིམ ས་ཀྱི་ ཐོག ་མའི་ ཟིན་བྲིས ་བཀོ ད ་པ་ དང༌།ཕྱི་ལོ་༡༩༦༣ལོར་རྩ་ཁྲིམས་སྙིང་བསྡུས་ཤིག་གསལ་བསྒྲགས་བྱས་པ་དེའི་ ནང་གལ་ཏེ་དགག་བྱ་དང་དགོས་པའི་གནད་འགག་བྱུང་ན་ྋརྒྱལ་བ་རིན་པོ་ཆེའི་ དབང་ཆ་འདོར་རྒྱུ་ཞེས་པ་ཞིག་བཀོད་ཡོད།ཁྱོད་རང་ཚོ་རྒན་པ་ཁ་ཤ ས་ཡོད་ན་དྲན་ གྱི ་ རེ ད །སྐབས་དེ ར ་ྋརྒྱལ་བ་རི ན ་པོ ་ ཆེ འི ་ སྐུ་དབང་ལ་བསྒྱུར་བཅོ ས ་བཏང་ན་ འགྲི ག ས་ཀྱི ་ མི ་ འདུག་ྋརྒྱལ་བ་རི ན ་པོ ་ ཆེ ས ་འགན་མ་འཁྱེ ར ་ན་འགྲི ག ས་ཀྱི ་ མི ་ འདུག་ཅེས་བསམ་ཚུལ་མང་པོ་ཞིག་བྱུང་མྱོང་ཡོད།དེ་དུས་སུ་གཅིག་གིས་བཤད་ མཁན་མེད་ཀྱང་ང་རང་ཚོ་མང་གཙོའི་ཐོག་འགྲོ་དགོས་པར་བརྟེན་དགོས་པའི་དབང་ གིས་ྋརྒྱལ་བ་རིན་པོ་ཆེའི་དབང་ཆ་བཞག་དགོས་པ་ང་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་

7


གནས་ཚུལ་ཆགས་ཀྱི་འདུག་ན་གྲོས་ཚོགས་ཀྱི་སུམ་ཆ་གཉིས་མང་མོས་ཀྱི་ཐོག་ ནས་ྋརྒྱལ་བ་རི ན ་པོ ་ ཆེ འི ་ དབང་ཆར་བསྒྱུར་བཅོ ས ་གཏོ ང ་རྒྱུ་ཡོ ད ་པ་ཞི ག ་རྩ་ ཁྲིམས་ཀྱི་ཟིན་བྲིས་ནང་བཀོད་ཡོད་པ་རེད། དེ་ནས་༡༩༦༩ལོའ་གསུམ་བཅུའི ་དུས་ ི དྲན་གྱི་གསུང་བཤད་ནང༌། དགའ་ལྡན་ཕོ་བྲང་ངམ་ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་ པའི་གཞུང་གི་སྲོལ་ལུགས་འདི་མ་འོངས་པར་གནས་དང་མི་གནས་བོད་རྒྱ་ཆེའི་མི་ མང་གིས་ཐག་གཅོད་བྱ་རྒྱུ་རེད་ཅེས་བཀོད་ཡོད།ང་ཚོས་བདེན་དོན་འཐབ་རྩོད་བྱེད་ པ་འདི་བོད་དང་བོད་མི་རིགས་ཀྱི་དོན་དག་ཡིན་པ་ལས་སྤྱི་ཚོགས་རྙིང་པ་རོ་ལངས་ རྒྱག་པའི ་ དོ ན ་དག་དང༌།ྋརྒྱལ་བ་རི ན ་པོ ་ ཆེ འི ་ ཁེ ་ ཕན་གྱི ་ དོ ན ་དག་རྩ་བ་ནས་ མིན།མདོར་ན།ཏཱ་ལའི་བླ་མའི་བླ་བྲང་ངམ་གཞུང་གི་སྒྲིག་འཛུགས་ཤ ིག་ཡོད་པ་འདི་ མ་འོངས་པར་གནས་དང་མི་གནས་ཐག་གཅོད་བྱ་རྒྱུའི་དབང་ཆ་བོད་མི་མང་གི་ ལག་པར་ཡོ ད །འདི ་ གནས་རྒྱུར་ཨུ་ཚུགས་རྒྱག་དགོ ས ་པ་དང་ཐབས་ཤེ ས ་བྱེ ད ་ དགོ ས ་དོ ན ་གང་ཡང་མེ ད ་ཅེ ས ་བཤད་ཡོ ད ་ལ།གནད་འགག་ཀྱང་འདི ར ་ཐུག་ ཡོད།རང་རེ་བོད་སྤྱི་པའི་དོན་དག་ཡིན་པ་ལས། བླ་བྲང་གི་གནས་ཚུལ་ཞིག་མ་རེད། གཉི ས ་ནས་འཛམ་གླི ང ་ཐོ ག ་མི ་ མང་པོ ་ ཞི ག ་གི ས ་ཧ་ལམ་ཏཱ་ལའི ་ བླ་མའི ་ སྒྲི ག ་ འཛུགས་འདི ་ མེ ད ་པ་ཆགས་ན་སངས་རྒྱས་ཀྱི ་ བསྟན་པར་འགྱུར་བ་འགྲོ ་ རྒྱུ་ དང༌།བོད་མི་རིགས་ལའང་འགྱུར་བ་འགྲོ་རྒྱུ་ལྟ་བུ་ཞིག་བརྗོད་ཀྱི་ཡོད་ཅིང༌། དེ་དག་ ལ་ངས་འགྲེལ་བཤད་གསལ་པོ་ཞིག་རྒྱག་གི་ཡིན།བསམ་བློ་ཞིག་ཐོངས་དང༌།བོད་ མི་རིགས་ཞེས་པ་འདི་བོན་པོའ་ི གཞུང་དང་འབྲེལ་བའི་ལོ་རྒྱུས་ནས་བཤད་ན་ཉུང་ ཤོས་ལའང་ལོ་བཞི་སྟོང་ལྔ་སྟོང་སོང་བའི་མི་རིགས་ཤིག་ཆགས་ཡོད།ཆོས་རྒྱལ་ གཉའ་ཁྲི ་ བཙན་པོ ་ ནས་བཟུང་ནང་པའི ་ གཞུང་དང་འབྲེ ལ ་བའི ་ རྒྱལ་རབས་ནས་ བཤད་ན་ལོ་ཉིས་སྟོང་བརྒྱ་ལྷག་ཙམ་སོང་བའི་མི་རིགས་ཤ ིག་ཆགས་ཡོད།སངས་ རྒྱས་ཀྱི་བསྟན་པར་ཆ་བཞག་ན་ལོ་ཉིས་སྟོང་མ་ཟིན་ཙམ་གྱི་གོང་བོད་དུ་སངས་རྒྱས་ ཀྱི་བསྟན་པ་ཐོག་མར་དར་ནས་བར་དུ་ཡར་རྒྱས་སོང་སྟེ་ད་བར་ལོ་ཡུན་འདི་ཙམ་ ཕྱིན་ཡོད་པ་རེད།ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་ྋརྒྱལ་དབང་དགེ་འདུན་གྲུབ་པ་ ནས་བརྩིས་ན་ལོ་དྲུག་བརྒྱ་ལྷག་ཙམ་སོང་བ་དང༌། ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་

8


ཆགས་པ་ནི་ྋགོང་ས་ལྔ་པའི་སྐབས་ཡིན་ཞིང༌།དེ་ནས་ད་བར་ལོ་གསུམ་བརྒྱ་ལྷག་ ཙམ་སོང་ཡོད། དེར་བརྟེན་བོད་མི་རིགས་འདི་ལོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་ ཞིག་དང༌།ཆོས་སྲིད་ཟུང་འབྲེལ་ཞེས་པ་འདིར་ཡང་ཕལ་ཆེར་ལོ་ཉིས་སྟོང་མིན་ཙམ་ གྱི་ལོ་རྒྱུས་ཡོད་པ་རེད།དེ་བཞིན་ནང་པའི་ཆོས་ལ་ཆ་བཞག་ན།ལོ་སྟོང་ཕྲག་གཉིས་ མ་ཟིན་ཙམ་སོང་ཡོད།ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་འདི་ཡོད་ན་བོད་ མི་རིགས་ཡོད་པ་དང༌།བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཡོད་པ་ཞིག་དང༌།འདི་མེད་ ན་བོད་མི་རིགས་བརླག་འགྲོ་བ་དང༌།བོད་ཀྱི་སངས་རྒས་ཀྱི་བསྟན་པ་ཡང་བརླག་ འགྲོ་བ་ཞིག་རྩ་བ་ནས་མིན།འདས་པའི་ལོ་རྒྱུས་ཐོག་གནས་ཡོད་ལ།མ་འོངས་པར་ ཡང་བོད་མི་རིགས་དང་བོད་མི་རིགས་ཀྱི་རིག་གཞུང༌།བོད་མི་རིགས་ཀྱི་སངས་ རྒྱས་ཀྱི་བསྟན་པ་བཅས་གནས་རྒྱུ་རེད།ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ འདི་ནམ་ཞིག་དགོས་པ་མེད་པ་ཆགས་ན་མེད་པར་འགྲོ་རྒྱུ་ཡིན་ཞིང༌།མུ་མཐུད་དེ་ གནས་རྒྱུར་འབད་བརྩོན་དང༌།སེམས་འཁུར་བྱེད་དགོས་དོན་རྩ་བ་ནས་མེད་ཅེས་ ངོས་ནས་ཤོད་ཀྱི་ཡོད། དེར་བརྟེན་མ་འོངས་པར་གཞིས་བྱེས་མཉམ་དུ་འཛོམས་ ནས་ལོ་ཉི་ཤུ་སུམ་ཅུ་ཙམ་སོང་མཚམས་ཚང་མ་དངོས་གནས་འདོད་པ་ཚིམས་པ་ ཞིག་དང༌། བོད་མི་རིགས་དང་བོད་ཀྱི་རིག་གཞུང༌།བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ བཅས་ཚང་མ་སྲ་ཐག་ཐག་ཆགས་པའི་གནས་ཚུལ་འོག་གཅིག་བྱས་ན་མི་མང་མང་ ཆེ་བའི་བསམ་བློའ་ི ནང་ཡིན་གཅིག་མིན་གཅིག་ཏཱ་ལའི་བླ་མའི་སྒྲིག་འཛུགས་འགྲོ་ སྟངས་འདི་མཐའ་གཅིག་ཏུ་དགོས་དོན་མི་འདུག་བསམ་པ་ཡོང་མི་སྲིད་པ་མིན།དེ་ འདྲ་བྱུང་ན་ཏཱ་ལའི་བླ་མའི་སྒྲིག་འཛུགས་འགྲོ་སྟངས་འདི་རང་བཞིན་མེད་པ་ཆགས་ འགྲོ་གི་རེད།གལ་ཏེ་དེ་འདྲ་ཆགས་པ་ཡིན་ན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་འདི་ ཏཱ་ལའི་བླ་མ་མཐའ་མ་ཆགས་པ་རེད་ཅེས་བཤད་ཀྱི་ཡོད།ཏཱ་ལའི་བླ་མ་མཐའ་མ་ ཆགས་ན་ང་ནི་དེ་ལ་དགའ་པོ་དང་དགའ་བསུ་ཡོད་ཅེས་རྩེད་མོ་དང་སྦྲགས་བརྗོད་ ཀྱི་ཡོད།ད་བར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བྱུང་བའི་ནང་ནས་ང་རང་ལ་ཆ་བཞག་ ན་ཏཱ་ལའི་བླ་མ་ཡག་ཤོས་དང༌།སྙག་གྲགས་ཆེ་ཤ ོས་ཤ ིག་ཆགས་མེད་ཀྱང་ཞབས་ འདྲེན་ཞུ་མཁན་ཞིག་ཆགས་མེད་ཅེས་བརྗོད་ཀྱི་ཡོད། ཏཱ་ལའི་བླ་མ་ཞབས་འདྲེན་ཞུ་

9


མཁན་མ་ཆགས་པའི་སྐབས་ལ་ཏཱ་ལའི་བླ་མའི་སྒྲིག་འཛུགས་འགྲོ་སྟངས་དབྱིན་ཇིའི་ སྐད་ནང་(INSTITUTION) ཨིན་སི་ཊོ་ཤུན་ཞེས་པ་འདི་མཇུག་བསྒྲིལ་བ་ཡིན་ན་ དེ་ནི་གཟི་བརྗིད་ངང་ནས་མཇུག་བསྒྲིལ་བ་ཡིན་པས་ཡག་པོ་རེད། ཞབས་འདྲེན་ ལུང་པ་གང་ཞུས་ནས་མཇུག་བསྒྲིལ་བ་ཡིན་ན་ལོ་རྒྱུས་ནང་ཏཱ་ལའི་བླ་མས་ཞབས་ འདྲེན་ཞུས་ཏེ་ཏཱ་ལའི་བླ་མའི་ལེའུ་རྫོགས་པ་རེད་ཅེས་བརྗོད་རྒྱུ་དེ་ནི་ངོ་ཚ་པོ་དང་ ཐབས་སྐྱོ་པོ་ཡིན།ཏཱ་ལའི་བླ་མ་གཟི་བརྗིད་དང་རྒྱལ་ཁའི་ངང་ནས་ཏཱ་ལའི་བླ་མའི་ སྒྲི ག ་འཛུགས་འགྲོ ་ སྟངས་མཇུག་རྫོ ག ས་ན་འགྲི ག ་གི ་ འདུག་ཅེ ས ་བཤད་ཀྱི ་ ཡོད།ཡང་ཕྱོགས་གཞན་ཞིག་ནས་ཏཱ་ལའི་བླ་མའི་(INSTITUTION) ཨིན་སི་ཊོ་ ཤུན་ནམ་སྒྲི ག ་འཛུགས་འགྲོ ་ སྟངས་འདི ་ མུ་མཐུད་གནས་ན་དགེ ་ མཚན་དང་རྒྱུ་ མཚན་གང་ཡོད་ཅེ་ན།དེ་སྔ་ཏཱ་ལའི་བླ་མའི་སྒྲིག་འཛུགས་འགྲོ་སྟངས་འདི་བོད་དང་ སོག་པོ་གཉིས་ལ་འབྲེལ་བ་ཡོད་པ་དང༌།དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ལ་འབྲེལ་བ་ ཕྲན་བུ་ཡོད་པ་དེ་ཙམ་ཡིན། བར་ལམ་ང་ཚོ་བཙན་བྱོལ་བ་ཆགས་པ་དང་འཛམ་ གླིང་སྟེང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་སོང་བའི་འགྱུར་བ་གསར་པའི་ གནས་ཚུལ་འོག་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་ཡང་ཕལ་ཆེར་འཛམ་གླིང་ སྟེང་གི་ནང་པ་ཡོངས་རྫོགས་ཞེས་བརྗོད་མ་ཐུབ་ཀྱང༌། འཛམ་གླིང་སྟེང་གི་ཐེག་ཆེན་ ཆོས་བརྒྱུད་ཀྱི་ངོས་ནས་བཤད་ན་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་འཛམ་གླིང་ ཡོངས་གྲགས་ཀྱི་ངོས་འཛིན་ཆ་འཇོག་ཡོད་པའི་ནང་པའི་འགོ་ཁྲིད་ཅིག་ཆགས་ ཡོད།འདི་འདྲའི་ཆ་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་བོད་གཅིག་པུའི་གནས་ ཚུལ་མ་ཡིན་པར་འཛམ་གླིང་གི་ནང་པ་སྤྱི་དང༌། བྱེ་བྲག་ཐེག་ཆེན་པ་ཡོངས་ལ་ཁྱབ་ པའི་ཡོངས་གྲགས་ཆ་འཇོག་ཡོད་པའི་འགོ་ཁྲིད་ཀྱི་སྒྲིག་འཛུགས་གསར་པ་ཞིག་ ཆགས་ཡོད། དེར་བརྟེན་དེ་སྔོན་རྒྱ་གར་བ་ངོ་ཤ ེས་འགས་དེ་སྐོར་ངོས་ལ་འགྲེལ་ བརྗོད་ཀྱིས་ང་ཚོ་གོ་བསྡུར་དང་བསམ་ཚུལ་ཤ ོད་རེས་བྱེད་མྱོང་ཞིང༌། ཡེ་ཤུའི་བླ་ ཆེན་པོབ་ཀྱི་སྒྲིག་འཛུགས་ཨི་ཊ་ལིའི་རྒྱལ་ས་རོམ་ལ་���ོད་པ་དེ་འཛམ་གླིང་སྟེང་གི་ ཡེ་ཤུ་ཁེ་ཏོ་ལེཀ་ཆོས་ཚོགས་ཡོངས་ཀྱི་གཙོ་འཛིན་ཆགས་ཡོད།དེ་བཞིན་ཏཱ་ལའི་བླ་ མའི་སྒྲིག་འཛུགས་འདི་ལྷ་སར་གནས་ཀྱང་ངོ་བོ་འཛམ་གླིང་སྟེང་གི་ནང་པ་ཡོངས་

10


སམ་ཡང་ན་ཐེག་ཆེན་པ་ཡོངས་ཀྱི་འགོ་ཁྲིད་ལྟེ་གནས་ཤ ིག་ཆགས་ཀྱི་ཡོད་པ་རེད་ ཅེ ས ་བརྗོ ད ་མཁན་ཡོ ད །དེ ར ་བརྟེ ན ་གལ་སྲི ད ་ཏཱ་ལའི ་ བླ་མའི ་ བླ་བྲང་ངམ་སྒྲི ག ་ འཛུགས་འདི་མུ་མཐུད་དགོས་པའི་གནས་ཚུལ་ཞིག་ཆགས་པ་ཡིན་ན།ཏཱ་ལའི་བླ་ མའི་མཇུག་མཐུད་མཁན་དེ་གང་འདྲ་བྱེད་ཀྱི་ཡིན་འདི་ཡང་བསམ་བློ་གཏོང་དགོས་ པའི་གནད་དོན་ཞིག་ཡིན།དགའ་ལྡན་ཁྲི་པ་ལྟར་བསླབ་པ་བགྲེས་གཞོན་གྱི་ཐོག་ ནས་ཏཱ་ལའི ་ བླ་མའི ་ ཁྲི ་ འཛི ན ་མཁན་ཡོ ང ་མི ་ ཆོ ག ་པ་མི ན ་པས་འདི ་ ཐབས་ཤེ ས ་ གཅིག་ཡིན། ཡང་ན་ཡེ་ཤུའི་བླ་ཆེན་གཤེགས་སྐབས་བླ་ཆེན་གྱི་འགན་འཁུར་མཁན་ གཙོ་བོ་དེ་ཚོའི་ནང་ནས་འོས་བསྡུ་བྱས་ཏེ་བླ་ཆེན་བསྐོ་གི་ཡོད། འདི་འདྲའི་གནས་ ཚུལ་ཡང་ཡོང་མི་སྲིད་པ་མིན་ལ་ཡོང་ཆོག་པ་ཡིན།ཡང་དེ་སྔ་ལོ་རྒྱུས་ནང་བྱུང་མྱོང་ བར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བདག་པོ་བརྒྱབ་པ་གང་ཞིག་ལ།བདག་པོ་རྒྱག་ སྟངས་དེ ་ ཡང་བླ་མ་མ་གཤེ ག ས་གོ ང ་འདི ་ ངའི ་ ཡང་སྲི ད ་ཡི ན ་ཞེ ས ་ངོ ས ་འཛི ན ་ གནང་པ་དེ་འདྲ་ཡོང་གི་ཡོད།དཔེར་སྔོན་མ་ཏི་ཛུ་ཁུལ་དུ་གཏེར་སྟོན་གྱི་བླ་མ་ཡག་ པོ་ཞིག་ཡོད་པ་ཁོང་མ་གཤེགས་གོང་ཁོང་རང་གི་སྤུན་མཆེད་མིན་ནམ་དེ་འདྲ་ཞིག་ ལ་ཕྲུ་གུ་གྲུང་པོ་ཞིག་ཡོད་པ་འདི་ངའི་ཡང་སྲིད་ཡིན་ཞེས་ངོས་འཛིན་ཐག་གཅོད་ གནང་ཡོ ད །རྗེ ས ་སུ་ཕྲུ་གུ་དེ ་ ཡང་བླ་མ་གོ ང ་མའི ་ ཀུན་སྤྱོ ད ་ཇི ་ ལྟ་བ་བཞི ན ་བྱེ ད ་ མཁན་ཞིག་ཆགས་འདུགདེ་ལྟར་ཉེ་བའི་ལོ་རྒྱུས་དང་སྔ་མོའ་དུས་སུ་བླ་མ་གོ ང་མ་མ་ ི འདས་གོང་ནས་སྤྲུལ་སྐུའི་ཡང་སྲིད་ཡོང་མྱོང་བ་དེ་ལྟར་མ་འདས་སྤྲུལ་སྐུ་ཞེས་པ་ ཡོ ང ་ཆོ ག ་པ་འདུག་སྙམ།ངོ ས ་རང་མ་ཤི ་ གོ ང ་ངའི ་ ངོ ས ་ནས་ལས་དང་སྨོ ན ་ ལམ།བསོད་ནམས་བཅས་གང་ཅིའི་ཆ་རྐྱེན་འཛོམས་པའི་རེ་བ་ཡོད་པ་ཞིག་ལ་འདི་ ངའི་མཇུག་སྐྱེལ་མཁན་ཡིན་ཞེས་བརྗོད་ན་བརྗོད་ཆོག་པ་ཡིན།དེ་ཙམ་དུ་མ་ཟད་བླ་ མ་གོང་མ་འདས་རྗེས་ཡང་སྲིད་འཚོལ་ཞིབ་བྱེད་པ་འདི་ཡང་དེ་སྔ་ཕན་ཆད་ཀྱི་འགྲོ་ སྟངས་དང་ཐབས་ཤེས་ཤིག་རེད།རྩ་བ་ྋརྒྱལ་བ་རིན་པོ་ཆེའི་སྒྲིག་འཛུགས་འདི་མུ་ མཐུད་གནས་དགོས་མིན་མི་མང་གིས་ཐག་གཅོད་བྱ་རྒྱུ་རེད།གལ་སྲིད་མུ་མཐུད་ གནས་པ་ཡིན་ན།ཏཱ་ལའི་བླ་མའི་མཇུག་མཐུད་ནས་ཡོང་བའི་ཡོང་སྟངས་གང་འདྲ་ བྱས་ཏེ་ཡོང་བའི་ཐད་བསམ་བློ་མང་པོ་གཏོང་རྒྱུ་འདུག་ཅེས་ངས་ལོ་ཉི་ཤུའི་གོང་

11


ནས་བཤད་ཡོད།བར་སྐབས་ཕྱི་རྒྱལ་གྱི་མི་སྣའི་ནང་བུད་མེད་ཀྱི་ཐོབ་ཐང་སྐོར་ཤ ོད་ མཁན་མང་པོ་ཡོད། ཁོང་ཚོས་བོད་ཀྱི་བླ་མའི་ནང་བུད་མེད་མི་འདུགམ་འོངས་པར་ ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཀྱི་ཏཱ་ལའི་བླ་མ་ཞིག་ཡོང་གི་རེད་དམ་ཞེས་བརྗོད་ མཁན་འདུག ངོས་ནས་དེ་སྔ་བོད་ཀྱི་ལོ་རྒྱུས་ནང་བུད་མེད་ཀྱི་བླ་སྤྲུལ་མེད་པ་མ་ རེ ད །དཔེ ར ་ན་བསམ་སྡི ང ས་རྡོ་རྗེ ་ ཕག་མོ་ནི ་ བོད་ཀྱི ་ བླ་ཆེ ན ་གྲས་ཆགས་ ཡོད།བསམ་སྡིངས་རྡོ་རྗེ་ཕག་མོ་མཇལ་ཁ་སོགས་ལ་ཕེབས་སྐབས་བཞུགས་ཁྲི་ མཐོན་པོ་རྒྱག་དགོས་པ་དང༌། ཁོང་ལ་སྐུ་འཁོར་གསོལ་གཟིམ་མཆོད་གསུམ་ཆ་ ཚང་ཡོད་པ་རེད།ངོས་ནས་དངོས་སུ་མཇལ་མ་མྱོང་ཡང་རྡོ་རྗེ་ཕག་མོའ་ཡང་སྲི ད་ངོ་ ི མ་ལ་ཕག་པའི་ཟེ་ཡོད་པ་རེད་ཅེས་བརྗོད་སྲོལ་འདུགཕྱི་ལོ་༡༩༥༠ལོར་ང་རང་གྲོ་ མོར་བསྐྱོད་སྐབས་བསམ་སྡིངས་ལ་ཕྱིན་པ་ཡིན།རྡོ་རྗེ་ཕག་མོ་དང་མཇལ་མྱོང༌། ཡོངས་འཛིན་དང་གསོལ་གཟིམ་མཆོད་གསུམ་གཟིམ་འགག་བཅས་བླ་ཆེན་གྱི་ཐོབ་ གོ་ས་ཆ་ཚང་འདུགདུས་འགྱུར་སྐབས་རྡོ ་ རྗེ ་ ཕག་མོ ་ ཁོ ང་སྐབས་ཤིག སྤང་མདའ་ བྲོས་འགྲོ་སྐབས་མཉམ་དུ་ཡིན་ནམ་ཡང་ན་དེའི་གོང་དུ་ཡིན་གང་ལྟར་ཕྱིར་ལོག་ གནང་བ་རེད།རྩ་བའི་བླ་ཆེན་ནང་བུད་མེད་མེད་པ་མིན། དེས་མཚོན་པའི་སྟོད་ཁུལ་ དུའང་བུད་མེད་ཀྱི་སྤྲུལ་སྐུ་གསུམ་བཞི་ཞིག་ཡོད་སྐོར་ཐོས་མྱོང༌།དེ་དག་ལ་ང་ཚོས་ ཞིབ་འཇུག་བྱེད་དགོས་པ་ཡིན། དེ་སྔའི་ལོ་རྒྱུས་ཐོག་བླ་མ་སྤྲུལ་སྐུའི་ཡང་སྲིད་ནང་ བེུད་མེད་པ་མིན།བསམ་སྡིངས་རྡོ་རྗེ་ཕག་མོའ་ི ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ སྲོལ་དེ་ཕལ་ཆེར་ཀརྨ་པ་དུས་གསུམ་མཁྱེན་པ་དང་རང་བྱུང་རྡོ་རྗེ་དེ་ཚོའི་རྗེས་སུ་ བྱུང་བའི་རྙིང་ཤོས་ཀྱི་གྲས་ཤིག་ཆགས་ཡོད་ཅེས་ངས་དེ་ལྟར་འགྲེལ་བཤད་རྒྱག་གི་ ཡོད།མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ཕེབས་དགོས་པ་དང༌།ཏཱ་ལའི་ བླ་མའི་སྒྲིག་འཛུགས་འདི་གནས་རྒྱུ་དང༌།དེའི་མཇུག་མཐུད་མཁན་ཡང་སྔོན་ཆད་ཀྱི་ འགྲོ་སྟངས་ལྟར་ཡང་སྲིད་ངོས་འཛིན་གྱི་ཐོག་ནས་ཡོང་དགོས་པ་ཞིག་གལ་སྲིད་ ཆགས་ཀྱི་ཡོད་པ་ཡིན་ན།མ་འོངས་པའི་ཡང་སྲིད་དེ་ཡང་དེའི་ཚེ་དེའི་དུས་ཀྱི་དངོས་ ཡོད་གནས་ཚུལ་ལ་བསྟུན་ནས་གལ་སྲིད་བུད་མེད་ཀྱི་རྟེན་ཞིག་ལ་ཡོང་བ་ཡིན་ ན།བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེ་བ་ཡོད་ཚེ་ཏཱ་ལའི་བླ་མ་བུད་མེད་ཀྱི་རྟེན་

12


ལ་ཡོང་གི་རེད་ཅེས་བཤད་ཡོད་ལ།ཡོང་ཡང་ཆོག་པ་ཡིན།གོང་དུ་བརྗོད་པ་བཞིན་ ཡང་སྲི ད ་ཕེ བ ས་པའི ་ དགོ ས ་པ་རྒྱུ་མཚན་གཙོ ་ བོ ་ སྐུ་གོ ང ་མ་དེ ས ་ལས་ཀ་འགོ ་ འཛུགས་གནང་བའི་བསྟན་པ་དང་འགྲོ་བའི་དོན་ལ་ཕན་ཐོགས་པའི་ཞབས་འདེགས་ ཞུ་རྒྱུ་དེའི་མུ་མཐུད་པའི་དོན་དུ་ཡང་སྲིད་ཕེབས་ཀྱི་ཡོད་པ་རེད།དེར་བརྟེན་དེའི་ཚེ་ དེའི་དུས་ཀྱི་གནས་སྟངས་ལ་བུད་མེད་ཀྱི་རྟེན་གྱི་ཡང་སྲིད་ཅིག་བྱུང་ན་ཕན་ཐོགས་ ཆེ་བ་ཡོད་ཚེ་བུད་མེད་ཀྱི་རྟེན་ངེས་པར་དུ་ཡོང་གི་རེད།དཔེར་ན་ནང་པའི་གཞུང་ ནང་སྟོན་པ་བཅོམ་ལྡན་འདས་མཉམ་མེད་ཤཱཀྱ་སེང་གེ་རྒྱལ་རིགས་སུ་འཁྲུངས་ ཡོད།གང་ཡིན་ཞེ་ན་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་གྱི་ཡུལ་སྲོལ་ནང་རྒྱལ་རིགས་དེ་ གཙོ་ཆེ་བ་ཆགས་ཡོད།མ་འོངས་པར་འབྱུང་འགྱུར་གྱི་སངས་རྒྱས་བྱམས་པ་དེ་བྲམ་ ཟེའི་རིགས་སུ་ཕེབས་ཀྱི་ཡོད། གང་ཡིན་ཟེར་ན་དེའི་ཚེ་དེའི་དུས་བྲམ་ཟེའི་རིགས་ གཙོ་ཆེ་བ་ཆགས་ཀྱི་ཡོད་པས་རེད། དེར་བརྟེན་རྒྱལ་རིགས་ལ་ཕེབས་དང་བྲམ་ ཟེ འི ་ རི ག ས་ལ་ཕེ བ ས་སྤྱི ་ ཚོ ག ས་ལ་གང་ཞི ག ་ཕན་ཐོ ག ས་ཆེ ་ བ་དང༌།གང་ཞི ག ་ བསྟན་པ་དང་འགྲོ་བའི་དོན་ལ་ནུས་པ་ཆེ་བ་ཡོང་གི་ཡོད་པ་འདིའི་གནས་ཚུལ་ལ་ གཟིགས་ཏེ་སྐབས་རེ་རྒྱལ་རིགས་ལ་ཕེབས་པ་དང༌།སྐབས་རེ་བྲམ་ཟེའི་རིགས་ལ་ ཕེབས་ཀྱི་ཡོད་པ་གསུངས་ཡོད།དཔེ་འདི་བཞིན་མ་འོངས་པར་སྤྱི་ཚོགས་ཀྱི་གནས་ སྟངས་གང་འདྲ་ཡོ ད ་པ་དེ ་ དང་འབྲེ ལ ་བའི ་ ཐོ ག ་ནས་ཡང་སྲི ད ་ཕེ བ ས་རྒྱུའི ་ རྣམ་ འགྱུར་ཞི ག ་ཡོ ང ་གི ་ ཡོ ད །དཔེ ར ་ན།ྋརྒྱལ་བ་རི ན ་པོ ་ ཆེ ་ སྐུ་ཕྲེ ང ་རི མ ་བྱོ ན ་ལ་ཆ་ བཞག་ན་སྔར་དེའི་ཚེ་དེའི་དུས་སོག་པོའ་ི འབྲེལ་བ་གལ་ཆེ་པོ་ཆགས་ཡོང་དུས་ ྋརྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་པོའ་ི དཔོན་རིགས་ཀྱི་སྲས་སུ་འཁྲུངས་ཡོད།ཁོང་ ཚོ་ནི་བོད་པ་མིན་པར་སོག་པོ་ཡིན་ཡང་ྋརྒྱལ་བའི་ཡང་སྲིད་ལ་མ་བརྩིས་པ་བྱས་ མེད། དེར་བརྟེན་འགྲོ་སྟངས་དེ་འདྲ་ཡོང་གི་ཡོད།མ་འོངས་པའི་ཡང་སྲིད་དེ་གལ་ སྲིད་བུད་མེད་ཀྱི་རྟེན་ལ་བྱུང་ན་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེ་བ་ཡོང་གི་ ཡོ ད ་ཚེ ་ དེ ་ བས་ཀྱང་ཡོ ང ་གི ་ རེ ད །ངས་རྩེ ད ་མོ ་ དང་སྦྲགས་བུད་མེ ད ་ཀྱི ་ རྟེ ན ་ལ་ ཕེབས་པ་ཙམ་དུ་མ་ཟད་དེ་ཡང་རྣམ་པ་ཡག་པོ་ཞིག་ལ་ཕེབས་ཀྱི་རེད་ཅེས་བརྗོད་ ཀྱི་ཡོད།འདི་ལ་རྒྱུ་མཚན་ཡོད།མདོག་ཉེས་པོ་ཞིག་ལ་ཕེབས་ན་ང་ཚོའི་ཆོས་ཀྱི་

13


གཞུང་ནང་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ཅེས་གཟུགས་བཟང་བ་དང༌། དབང་ཆེ་བ། ཚིག་བཙུན་པ། སྟོབས་ཆེ་བ་སོགས་གསུངས་ཡོད། དེ་དག་ནི་དོ་བདག་དབང་ཆེ་ བའི་སྐད་ཆ་མ་རེད། གཞན་ལ་ཕན་ཐོགས་བྱེད་ཐུབ་པའི་དོན་དུ་ཡིན། གཞན་ཕན་ སྒྲུབ་པ་ལ་གཞན་གྱི་ བློ ་ འགུགས་པ་དང་གཞན་ཡི ད ་འཕྲོ ག ་པ་ཞི ག ་དགོ ས ་པས། གཟུགས་བཟང་བ་དང༌། ཚིག་བཙུན་པ་འདི་དག་གནད་འགག་ཆགས་ཡོད། དེར་ བརྟེན་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ལྡན་ཞེས་བཤད་ཡོད། ཡང་ང་རང་ཚོས་མཚན་ དང་དཔེ་བྱད་ཀྱི་ཡོན་ཏན་བཤད་དུས་མཐོང་ན་མི་མཐུན་པ་མེད་པ་དང༌།ལྟ་བས་ ཆོག་མི་ཤེས་པ་ཞེས་བཤད་པ་འདི་མཛེས་པོའ་ི སྐད་ཆ་རྐྱང་པ་མ་རེད།བུད་མེད་ཀྱི་ རྟེན་ལ་ཡང་སྲིད་ཕེབས་པ་ཡིན་ན་རྣམ་པ་ཡག་པོ་ཡོང་མདོག་ཁ་པོ་རེད་ཅེས་ཕྱེད་ ཀ་རྩེད་མོ་དང་ཕྱེད་ཀ་ངོ་མ་བྱས་ནས་བཤད་པ་འདིར་རྒྱུ་མཚན་ཡོད།དེ་སྐོར་ཁ་ སྔོན་ཕ་རན་སིར་བུད་མེད་ཅིག་གིས་སྐད་ཆ་མང་པོ་དྲིས་བྱུང༌།ངོས་ནས་ཡང་སྲིད་ དེ་དགོས་པ་ཡོད་ན་ཏན་ཏན་བུད་མེད་ཀྱི་རྟེན་ལ་ཕེབས་ཆོག་པར་མ་ཟད། དེ་ཡང་ མཛེས་པོ་ཞིག་ཕེབས་ཀྱི་རེད། མཛེས་པོ་ཕེབས་དགོས་པར་རྒྱུ་མཚན་གཞན་ཞིག་ ཡོད། ཕལ་ཆེར་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ལ་ཕེབས་པ་ཡིན་ན་འདི་བཙུན་མ་ ཞིག་བྱེད་དགོས་པ་ལས་ཁྱིམ་པ་བྱེད་ཀྱི་མ་རེད། དེར་བརྟེན་གདོང་ལ་ཚོས་བྱུག་རྒྱུ་ ཡོང་གི་མ་རེད།ཚོས་བྱུག་རྒྱུ་མེད་དུས་རང་བཞིན་གྱི་རྣམ་པ་ཡག་པོ་ཞིག་མེད་ན་ བཟོ་ལྟ་བཟོ་རྒྱུའི་ཆ་རྐྱེན་མེད་པ་རེད་ཅེས་བརྗོད་ཡོད།བསམ་བློ་ཡག་པོ་བཏང་ན་རྒྱུ་ མཚན་ཡོད།ཕྱེད་ཀ་རྩེད་མོ་དང་ཕྱེད་ཀ་ངོ་མའི་བསམ་བློ་ཡིན།འདས་པའི་ལོ་བཅོ་ལྔ་ ཉི་ཤུའི་ནང་ཕྱི་རྒྱལ་གྱི་མིས་ཡང་སྲིད་ཕེབས་ཕྱོགས་སོགས་ཀྱི་གནས་ཚུལ་སྐོར་ སྐད་ཆ་འདྲི་མཁན་མང་པོ་བྱུང་།ཁོང་ཚོར་དེ་ལྟར་འགྲེལ་བཤད་རྒྱག་གི་ཡོད། བོད་ པའི་སྤྱི་ཚོགས་ནང་སྐད་ཆ་འདི་འབྲེལ་བ་མེད་པར་བརྟེན་རྣམ་ཀུན་ཤ ོད་ཀྱི་མེད།ཁ་ སྔོན་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་གལ་ཏེ་ཕེབས་དགོས་པའི་གནས་ཚུལ་ཞིག་ དང༌།དེ་ཡང་བཙན་བྱོལ་གྱི་གནས་སྟངས་འོག་བྱུང་བ་ཡིན་ན།རྒྱ་མིའི་ལག་པར་སྐྱེ་ གི ་ མ་རེ ད ་ཅེ ས ་བརྗོ ད ་དགོ ས ་པ་འདི ་ ཕལ་ཆེ ར ་ལོ ་ བཅུ་གྲངས་གོ ང ་ནས་རྒྱ་ནག་ གཞུང་གིས་བོད་པའི་གནས་ཚུལ་འདི་མི་གཅིག་ལ་རག་ལས་ཡོད་པ་རེད།དེ་ནི་

14


རྒས་པོ་ཆགས་ཀྱི་ཡོད་པ་དང་མགྱོགས་པོ་ཤ ི་འགྲོ་གི་རེད།དེ་ཤ ི་བའི་སྐབས་ལ་ཁྱེད་ རང་ཚོ་བོད་པའི་གནས་ཚུལ་རེ་བ་རྒྱག་ས་མེད་པ་རེད་ཅེས་ཁ་ཤ ས་ཀྱིས་འུད་ཆེན་ པོས་ཤོད་ཀྱི་ཡོད་ལ། སྔོན་མ་པེ་ཅིང་ལ་ལྟ་སྐོར་ཚོགས་པ་ཞིག་འགྲོ་སྐབས་ཀྱང་རྒྱ་ མིའི་དཔོན་རིགས་ཁ་ཤས་ཀྱིས་དེ་ལྟར་བཤད་འདུག དེ་རྗེས་སྤྱིར་བཏང་སྐད་ཆ་ཤ ོད་ མཁན་དེ་འདྲས་ཀྱིས་ཀྱང་དེ་ལྟར་ཤ ོད་ཀྱི་འདུག བོད་མིའི་ནང་ནས་ཀྱང་དེ་འདྲ་ཤ ོད་ མཁན་ཁ་ཤས་ཡོང་གི་འདུག རྒྱ་མིས་རྩིས་ངན་བརྒྱབ་སྟེ་པཎ་ཆེན་རིན་པོ་ཆེའི་ཡང་ སྲིད་ངོས་འཛིན་བྱེད་པ་དེ་ཡང་འདི་དང་འབྲེལ་བ་ཡོད་པ་རེད་ཅེས་ཤ ོད་མཁན་ཡོང་ གི་འདུག དེང་སྐབས་རྒྱ་གར་ལ་ཡོད་པའི་བླ་ཆེན་ངོས་དང་ནང་མའི་འབྲེལ་བ་ཡོད་ པ་དེ་འདྲ་ཁ་ཤ ས་ནས་ངོས་ལ་ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚེར་སྡུག་པ་ཞིག་ཡོང་གི་ མ་རེད་ཀྱང༌།གལ་སྲིད་སྟོང་ཟུར་གྱི་ཆ་ལ་གནས་ཚུལ་སྡུག་པ་ཞིག་བྱུང་བའི་དབང་ དུ་བཏང་ན།ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་ཕྱོགས་སྐོར་འདི་འདྲ་ཡིན་ཞེས་ ཕྱག་བྲིས་འཇོག་པ་གནང་དགོས་ཀྱི་ཡོད་ནའང་འདྲ།གང་ལྟར་གཞི་འཛིན་ས་ཡོད་པ་ ཞིག་གནང་རོགས་ཞེས་གསུངས་མཁན་ཡོང་མྱོང༌།འདི་ནི་ཡག་པོ་རེད།ངས་ཀྱང་ ཁོང་རྣམ་པར་འགྲེལ་བཤད་ཞུས་ཡོད།ང་ལ་ཁ་ཆེམས་ལྟ་བུའི་ཡིག་ཆ་འཇོག་རྒྱུ་ མེད་པར་གང་ལྟར་ཡོང་བསྒྲགས་ཀྱིས་གལ་ཏེ་ང་ཚོ་བཙན་བྱོལ་ལ་སྡོད་རིང་ང་ཤ ི་བ་ དང་གཅིགགཉིས་ནས་བོད་མི་མང་གིས་ངའི་ཡང་སྲིད་ཅིག་མུ་མཐུད་དགོས་འདོད་ བྱེད་ཀྱི་ཡོད་པ་ཡིན་ན།ཡང་སྲིད་དེ་ནི་སྐྱེ་བ་སྔོན་མས་འགོ་བརྩམས་པའི་ལས་ཀའི་ འཕྲོ་བསྐྱང་རྒྱུར་ལུས་པ་དེའི་འཕྲོ་སྐྱོང་བའི་དོན་ལ་ཡང་སྲིད་ཡོང་གི་ཡོད་པ་ལས་དེ་ གཏོར་བཤིག་གཏོང་བར་ཡོང་གི་ཡོད་པ་མ་རེད།དེ་ལ་བསམ་བློ་ཡག་པོ་ཞིག་བཏང་ ན་སྐྱེ་བ་སྔོན་མས་ལས་ཀ་འགོ་བཙུགས་པ་འཕྲོ་ཅན་དུ་ལུས་པ་དེའི་མཐུན་པའི་རྐྱེན་ ལ་འགྲོ་བའི་ཡང་སྲིད་ཅིག་ཡོང་དགོས་པ་ལས།དེའི་འགལ་རྐྱེན་ལ་འགྲོ་བའི་ཡང་ སྲིད་ཅིག་ཡོང་ཤེས་སྟངས་མེད། རྒྱུ་མཚན་དེ་དག་ལ་ཕྱོགས་བསྡོམས་བྱེད་ སྐབས།གལ་སྲིད་ྋརྒྱལ་བ་རིན་པོ་ཆེ་གློ་བུར་བཙན་བྱོལ་ལ་སྡོད་རིང་འདས་གྲོངས་ ཀྱི་གནས་ཚུལ་བྱུང་བའི་དབང་དུ་བཏང་ན།དེའི་ཡང་སྲིད་མུ་མཐུད་དགོས་ཀྱི་ཡོད་ ཚེ་ཡང་སྲིད་ཡོང་ས་དེ་རྒྱ་མིའི་ལག་པར་ཡོང་རྒྱུ་མིན་པར་འདི་ཕྱོགས་རང་དབང་

15


ལུང་པའི་ནང་ཡོང་གི་རེད་ཅེས་ངས་ཚིག་ཐག་བཅད་ནས་ཤ ོད་དགོས་པའི་གནས་ ཚུལ་དེ་དག་ལ་ཐུག་ཡོད།སྤྱི་ཡོངས་ལ་འགྲེལ་བཤད་རྒྱག་རྒྱུ་གནད་འགག་ཆགས་ ཏེ་གསལ་བཤད་བྱས་པ་ཞིག་ལས།ང་སེམས་ཤུགས་ཆགས་ཏེ་ྋརྒྱལ་བ་རིན་པོ་ཆེ་ དག་ཞིང་ལ་ཕེབས་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད་པ་མ་རེད།བླ་མ་ཁ་ཤ ས་ཀྱི་དེ་འདྲའི་ བརྗོད་སྲོལ་ཡོད་པ་རེད།རྣམ་ཀུན་བླ་མས་ཁྱེད་རང་ཚོ་སྡུག་པ་མ་གཏོགས་ང་དག་ ཞིང་ལ་འགྲོ་ཆོག་ཡིན་ཞེས་གསུང་གི་ཡོད།ཉིན་གཅིག་བླ་མ་ཕྲན་བུ་སྙུང་སྐབས་ སློབ་མ་ཚོས་ཁྱེད་རང་ནི་དག་ཞིང་ལ་ཕེབས་ཆོག་གི་རེད།ང་ཚོ་སྡུག་པས་སྐྱབས་ འཇུག་གནང་རོགས་ཞེས་ཞུས་པར། བླ་མས་མ་ཤ ི་ན་མ་ཤ ི་བ་རང་དགའ་བ་འདུག་ ཅེས་བརྗོད་པའི་སྐད་ཆ་ཡོད། བག་གྲོ་བོ་བྱས་ཏེ་སྡོད་སྐབས་དག་ཞིང་ལ་འགྲོ་ཆོག་ ཡིན་ཞེས་བརྗོད། དངོས་སུ་ན་བའི་སྐབས་ལ་མ་ཤ ི་བར་བསྡད་ན་སྙམ་གྱི་ཡོད་པ་ རེད།ང་རང་ལ་ཆ་བཞག་ན་རྣམ་ཀུན་ནས་ད་ལྟའི་གནས་སྟངས་འདི་འདྲ་ཞིག་གི་ འོག ་ང་ཤི ་ ཡང་དབུགས་འགྲོ ་ ཐུབ་པ་མི ་ འདུག་ཅེ ས ་བཤད་ཀྱི ་ ཡོ ད །ཤེ ས ་སོ ང ་ ངམ།དངོས་གནས་བོད་མི་མང་གི་སེགས་ཤུགས་དང༌། དམ་ཚིག་ལ་རྒྱ་ཆིག་བསྒྲིལ་ འདི་ཙམ་ཡོད་པ་རེད།ལམ་སང་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཤ ིག་སོན་གྱི་མེད་ ཀྱང༌།བོད་རྒྱ་ཆེའི་མི་མང་དེ་དག་གི་བློ་བཞག་ས་ཞིག་དང༌།བསམ་བློའ་ནང་སེ མས་ ི གསོ་གཏོང་མཁན་ཞིག་ལས་མ་བྱུང་ཡང་ང་ཡོད་པ་འདིས་ཕན་གྱི་ཡོད།གནས་ཚུལ་ འདི་འདྲའི་འོག་ལུས་ན་ཚས་བརྡུང་ནས་ཤ ི་རྒྱུའི་ཉེན་ཁ་བྱུང་བ་ཡིན་ན་ང་ནི་དབུགས་ འགྲོ་ཐུབ་པ་མི་འདུག་ཅེས་བརྗོད་ཀྱི་ཡོད།ང་རང་སེམས་ཤུགས་བསྐྱེད་དེ་བསྡད་ ཡོད་ལ།གཟུགས་པོ་ནི་བདེ་ཐག་ཆོད་དང༌།སེམས་ནི་སྐྱིད་ཐག་ཆོད་ཡོད།གཉིད་ ཡང་སྐྱི ད ་པོ ་ ཁུག་གི ་ འདུགལྟོ ་ ཆས་ནི ་ བྲོ ་ བ་ཆེ ན ་པོ ་ འདུགཁྱེ ད ་རང་ཚོ ས ་བརྟན་ བཞུགས་ཕུལ་ནས་དངངས་སྐྲག་བྱེད་དགོས་དོན་རྩ་བ་ནས་མེད།བློ་བདེ་པོ་བྱས་ཏེ་ སྡོ ད །བརྟན་བཞུགས་རྗེ ས ་སུ་བལ་ཡུལ་བོ ད ་མི ་ སྐྱི ད ་སྡུག་ཐུན་མོ ང ་ནས་ཕྱི ་ ཟླ་ ༡༠པའི་ནང་འབུལ་གྱི་ཡོད་པ་དེ་དུས་མཉམ་དུ་ཕུལ་ན་འགྲིགས།ཆོ་ག་བཏོན་སྨོན་ ལམ་བརྒྱབ་ནས་རྟེན་འབྲེལ་སྒྲིག་རྒྱུ་ཞིག་ཡོད་པ་དེ་ལྟར་བྱས་ན་འགྲིགས།ཁྱེད་རང་ ཚོ ་ ཛ་དྲག་དང་དངངས་སྐྲག་བྱེ ད ་དགོ ས ་དོ ན ་རྩ་བ་ནས་མེ ད །བློ ་ བདེ ་ པོ ་ བྱས་ཏེ ་

16


སྡོད།ཤེས་སོང་ངམ།སྔོན་མ་ལྷ་སར་སྡོད་སྐབས་ཕོ་བྲང་གསར་པ་བརྒྱབ་ཚར་རྗེས་ ཉི ན ་གཅི ག ་ལྷ་ཀླུའི ་ རྨོ ་ བོ ་ ༼ལྕམ་གཡང་འཛོ མ ས་ཚེ ་ རི ང ་༽ལགས་མཇལ་ཁར་ སླེབས་བྱུང༌། སྙིང་རྗེ་ཁོང་གིས་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པའི་དགོངས་པ་ བཞེས་དགོས།སྐུ་ཚེ་མ་བརྟན་ཚེ་ཡང་སྲིད་ཅིག་ཕེབས་དགོས་པ་རེད། ཡང་སྲིད་ ཕེབས་ནས་ཀྱང་ཕྱག་དཔེ་འདི་ཙམ་བསླབ་གནང་དགོས་པ་དང༌། སྐུ་ལས་འདི་ཙམ་ བསྐྱོན་དགོས་པས་ཆོ་གང་ཡོད། ད་ལྟ་ཕྱག་དཔེ་གཟིགས། སྐུ་ལས་ཚང་མ་བསྐྱོན་ ཚར་བ་འདི་སྐུ་ཚེ་རིང་པོ་བཞུགས་ན་ཡག་གི་རེད་མ་གཏོགས།ཡང་སྲིད་གཉིས་པ་ ཞིག་ཕེབས་ཏེ་གཞི་ནས་སློབ་སྦྱོང་གནང་དགོས་བྱུང་ན་སྐུ་མཉེལ་རོགས་རེད་ཅེས་ བརྗོད་མྱོང༌།དེ་དག་འཕྲོས་བཤད་ཡིན།ཁྱེད་རང་ཚོ་བློ་བདེ་པོ་བྱས་ཏེ་སྡོད།ཤེས་ སོ���་ངམ། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སྩལ་པ་བཅས་སོ།། །།

17


next life,