Page 1

ཇོར་ན་ལིསཊི།

རིམ་ཨང་ ༢ པའི་ཐོན་རིམ་ ༡༣ པ།

ལྕགས་ཡོས་ཟླཝ་༢ པའི་ཚེས་ ༢༣།

རེས་གཟའ་ཟླ་བ།

སྤྱི་ལོ་ ༢༠༡༡ ཟླཝ་ ༣ ཚེས་ ༢༧།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ ཕེབས་པའི་སྐབས་ལུ་ གནམ་ཐང་ནང་ སྲིད་འཛིན་དང་ དམག་སྡེ་གིས་ གནམ་མཁར་ཀྲོབ་མདའ་ རྐྱབ་ཐོག་ལས་ ཕེབས་བསུ་ཞུ་ཡོད་པའི་གནས་ཚུལ།

འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ ས་གནས་གཞུང་གི་ བཙག་འཐུའི་གསལ་བསྒྲགས། ༉ རྒྱལ་ཁབ་ནང་ དམངས་ གཙོའི་གཞུང་ དབུ་བརྙེས་ཏེ་ ལོ་ངོ་ ༣ དེ་ཅིག་ ཡར་སོང་སྟེ་ འབད་རུང་ ད་ཚུན་གྱི་བར་ན་ ས་ གནས་གཞུང་གི་ འགོ་དཔོན་ ཚུ་ བཙག་འཐུ་འབད་མ་ཚུགས་ པར་ ལུས་ཡོད་མི་དེ་ མགྱོགས་ པ་རང་ འགོ་འདྲེན་འཐབ་ནི་ ཨིན་པས། དེ་ཡང་ འབྲུག་གི་བཙག་འཐུ་ ལྷན་ཚོགས་ལས་ ས་གནས་ གཞུང་གི་ བཙག་འཐུ་ཐེངས་ ༢ པ་དེ་ དུས་མཉམ་འབད་ ཉིནམ་ ༡ གི་ནང་ འགོ་འདྲེན་འཐབ་ནི་

ཨིན་པའི་སྐོར་ལས་ སྤྱི་ཟླ་ ༤ པའི་ བདུན་ཕྲག་ ༡ པ་དང་ ༢ པ་ གང་རུང་ཅིག་ནང་ གསལ་ བསྒྲགས་འབད་ནི་ཨིན་པས། བཙག་འཐུ་ལྷན་ཚོགས་ཀྱི་མདོ་ ཆེན་ ཟླ་བ་བསྟན་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ ༤ གི་ ཁྲོམ་སྡེ་ཀ་ པའི་ ཁྲོམ་དཔོན་དང་ ཚོགས་ པ་ཚུ་ བཙགས་འཐུ་འབད་ཡོད་ རུང་ རྫོང་ཁག་ ༡༦ གི་ ཁྲོམ་ སྡེ་ཁ་པ་དང་ རྒེད་འོག་ ༢༠༥ གི་ རྒཔོ་དང་ དམངས་ཨཔ་ དེ་ལས་ ཚོགས་པ་ཚུ་ བཙགས་

འཐུ་འབད་ནི་ཡོད་ཟེར་ཨིན་པས། མདོ་ཆེན་གྱིས་ བཙག་འཐུའི་ དོན་ལུ་ ཚོགས་རྒྱན་བཙུགས་ སའི་ ས་གནས་ ༡༠༩༩ ཡོད་ མིའི་ནང་ རྒྱལ་ཡོངས་ལྟ་ རྟོགས་པ་ ༥༥ དང་ ལྟ་ རྟོགས་པ་ ༡༠༠ ཚོགས་རྒྱན་ ལོག་སྤྲོད་པའི་སྐབས་ལུ་ ལྟ་ རྟོགས་པ་ ༤༧ དང་ ལྟ་ རྟོགས་ལས་རོགས་ ༤༧ བཙུག་ནི་གི་ འཆར་གཞི་ཡོདཔ་ ལས་ ག་དེམ་ཅིག་སྦེ་ ས་སྒོ་ གིས་ མ་ལངས་པ་ཅིན་ རང་ སོའི་གཡུས་སྒོ་ལུ་ཡོད་མི་ སྨན་

སྤྲོད་ཁང་ཚུ་ ལག་ལེན་འཐབ་ ནི་གི་ འཆར་གཞི་ཡོད་ཟེར་ བཤདཔ་ཨིན་པས། བཙག་འཐུ་མ་རན་པའི་ཧེ་མར་ འདེམས་ངོ་ཚུ་གིས་ བསྐུལ་ བསྒྲགས་འབད་ནི་གི་དོན་ལས་ དངུལ་ཀྲམ་སྟོང་ཕྲག་ ༥༠ ཚུན་ ལག་ལེན་འཐབ་ཆོག་ ནི་ཨིན་རུང་ ག་དེམ་ཅིག་ སྦེ་ དངུལ་ཀྲམ་སྟོང་ཕྲག་ ༥༠ ལས་ལྷག་པ་ཅིན་ བཙག་འཐུའི་ བཅའ་ཁྲིམས་དང་ རྒྱབ་འགལ་ ཨིནམ་ལས་ ཉེས་ཁྲིམས་ཕོག་ ཟེར་ཨིན་པས།

ས་གནས་གཞུང་གི་ བཙག་ འཐུའི་དོན་ལུ་ འབྲི་ལྷག་ཤེས་ ཡོན་གྱི་ བརྟག་དཔྱད་ཆོས་ རྒྱུགས་ ལན་ཐེངས་ ༢ དེ་ རེ་ འགོ་འདྲེན་འཐབ་ཡོདཔ་ ལས་ འདེམས་ཁོངས་ཚུ་ ནང་ འདེམས་ངོ་གིས་ མ་ ལངས་པའི་ དཀའ་ངལ་ཡོད་ མི་དེ་ བསལ་ཚུགས་ཡོདཔ་ ད་ བཙགས་འཐུ་དེ་ དྲང་བདེན་ གྱི་ཐོག་ལུ་ ལེགས་ཤོམ་ འབད་འགྱོ་བའི་ རེ་བ་ཡོད་ཟེར་ བཀོདཔ་ཨིན་པའི་གནས་ཚུལ།


༠༢

ཇོར་ན་ལིསཊི། སྤྱི་ལོ་ ༢༠༡༡ ཟླཝ་ ༣ ཚེས་ ༢༧ རེས་གཟའ་ཟླ་བ།

Journalist the

རང་ལུགས་དཔལ་ལྡན་འབྲག ུ ་པའི་ གཟའ་སྐར་འཕྲདོ ་སྦརོྱ ་མདོར་བསྡས ུ །

༄། རང་ལུགས་གནམ་ལོ་ལྕགས་ཡོས་ཟླ་དང་པའི་ཚེས་ ༡ ལས་ ༣༠ ཚུན་གྱི་ཚེས་གྲངས་དང་ གཟའ་སྐར་འཕྲོད་སྦྱོར། ཟླ་བཤད། ལྕགས་ཡོས་རང་ཟླ་དང་པའི་ཚེས་ ༡ ལས་ ༡༩ ཚུན་བུམ་པ་གང་བ་བྱང་

དང་ དེ་ལས་ཚེས་ ༢༠ ལས་ཟླཝ་ ༢ པའི་ཚེས་༢༠ ཚུན་བུམ་པ་གང་བ་ཤར་ཁ་ཐུག་ལུ་ཕོགཔ་ལས་ རྟེན་འབྲེལ་བརྩི་སྲུང་གི་སྐབས་ལུ་ གདོང་ཕྱོགས་དེ་ཁར་བཏོན་ཏེ་ལཱ་འགོ་བཙུགས་པ་ཅིན་ལེགས་ཤོམ་འོང་ནི་

ཨིན་པས། ཟླཝ་འདི་ནང་ལུ་ས་བདག་འབྲུག་རྗེ་ནས་བང་ལུ་གནསཔ་ལས་ བཅོས་ན་འབྲུ་ནོར་འཐོར་བས་ངན། ཟླཝ་དང་པའི་ཚེས་ ༡ ནས་ ༡༥ འི་བར་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་ཆེན་ཕོགཔ་ལས་སྡིག་ སྤོང་དགེ་སྒྲུབ་ཀྱི་ཕྱག་ལཱ་སོགས་མཛད་གནང་ཟེར་ཞུ་ནི་ཨིན་ལགས།

ལྕགས་ཡོས་ཟླཝ་གཉིས་པའི་ཚེས་ ༢༣ ལུ།

སྤྱི་ཚེས་༢༧/༠༣/༢༠༡༡

གཟའ་ ཟླ་བ་ སྐར་མ་ སྣྲུབས་ ཉིནམ་ ལྕགས་རྟ་ རྟེན་འབྲེལ་ སྲེད་པ་ འཕྲོད་སྦྱོར་ ཆུ་གཉིས་ཕྲད་པ། འབད་བཏུབ་ གཟའ་སྐར་འཕྲོད་སྦྱོར་བཟང་བས། ལྷ་བསངས་ཁྲུས་གསོལ་འབད་ནི་དང་ ལྷ་སྲུང་གསོལ་ནི་ ཚེ་ ཆོག་གཏང་ནི་དང་ ཚེ་གཟུངས་ལྷག་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ སྡོད་གནས་སྤོ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ སྨན་བཟོ་ནི་དང་བསྟེན་ནི་ བྲན་གཡོག་བཙུགས་ནི་ ས་

ཁ་དབྱེ་ནི་ ཞིང་ཁར་སོན་བཏབ་ནི་དང་ སྐྱེ་ཤིང་མེ་ཏོག་བཙུགས་ནི་ཚུ་ ལེགས་ཤོམ་ཡོད། འབད་མ་བཏུབ་ ཕྱྭ་འགུགས་བརྐྱབ་ནི་དང་ ཨ་ལོ་གསར་སྐྱེས་ཕྱི་ཁར་གཏོན་ནི་ བཙས་སྟོན་འབད་ནི་ཚུ་ མི་བཏུབ་པས། བླ་ གཟའ་ ཁྱི་ལོ་པ། སྲོག་གཟའ་ ལུག་ལོ་པ། གཤེད་གཟའ་ མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་དང་ དབྱངས་འཆར་གཉིས་ཆ་ར་ལས་ལྷོ་ནུབ་ཁ་ཐུག་ལུ་ཐེབས། དུས་ཚོད་ དྲོ་པ་ཆུ་ཚོད་ ༦ ལས་ ༨ དང་ ༡༠ ལས་ ༢ ཚུན་བཟང་།

ལྕགས་ཡོས་ཟླཝ་གཉིས་པའི་ཚེས་ ༢༤ ལུ།

སྤྱི་ཚེས་༢༨/༠༣/༢༠༡༡

གཟའ་ མིག་དམར་ སྐར་མ་ ཆུ་སྟོད་ ཉིནམ་ ཆུ་ལུག་ རྟེན་འབྲེལ་ ཚོར་བ་ འཕྲོད་སྦྱོར་ མེ་ཆུ་ཕྲད་པ། འབད་བཏུབ་ གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་ནས་ངན་པས། ནམ་རྒྱུན་གྱི་གསོལ་མཆོད་ཚུ་རྐྱངམ་ཅིག་ནི་མ་ གཏོགས། འབད་མ་བཏུབ་ ལྷ་བསངས་ཁྲུས་གསོལ་འབད་ནི་དང་ ལྷ་སྲུང་གསོལ་ནི་ ཕྱྭ་འགུགས་བརྐྱབ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ སྡོད་གནས་སྤོ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ཁྱིམ་གསར་པའི་ ནང་འཛུལ་ནི་ དམག་དཔོན་གསརཔ་བསྐོས་ནི་དང་ གཉེན་བརྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ཚུ་ མི་བཏུབ་པས། མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་དང་ དབྱངས་འཆར་གཉིས་ཆ་ར་ལས་ནུབ་ཁ་ཐུག་ལུ་ཕོགཔ་ ཨིན་པས།

ལྕགས་ཡོས་ཟླཝ་གཉིས་པའི་ཚེས་ ༢༥ ལུ།

སྤྱི་ཚེས་༢༩/༠༣/༢༠༡༡

གཟའ་ ལྷག་པ་ སྐར་མ་ ཆུ་སྨད་ ཉིནམ་ ཤིང་སྤྲེལ་ རྟེན་འབྲེལ་ རེག་པ་ འཕྲོད་སྦྱོར་ ས་ཆུ་ཕྲད་པ། གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཁར་ མར་ངོའི་དུས་བཟང་ཡང་ཕོགཔ་ལས། འབད་བཏུབ་ ཕྱག་མཆོད་དང་

སྦྱིན་གཏོང་ལ་སོགས་པའི་ ཚོགས་འཁོར་བསྐོར་ནི་ ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་བརྐྱབ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ སྡོད་གནས་སྤོ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ལེགས་པའི་བསྟུན་གྲོས་འབད་ ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ གོ་གནས་གསརཔ་བཀལ་ནི་དང་ རྟེན་འབྲེལ་བརྩི་ནི་ བྲན་གཡོག་བཙུགས་ནི་ ཞིང་ཁར་སོན་བཏབ་ནི་དང་ སྐྱེ་ཤིང་མེ་ཏོག་བཙུགས་ནི་ཚུ་ ལེགས་ཤོམ་ཡོད། འབད་མ་བཏུབ་ མནའམ་གཏོང་ལེན་འབད་ནི་དང་ ཀླུ་མཆོད་ནི་ཚུ་མི་བཏུབ་པས། བླ་གཟའ་ བྱི་ཕག་ལོ་པ། སྲོག་གཟའ་ གླང་དང་ཁྱི་འབྲུག་ལོ་པ། གཤེད་གཟའ་ རྟ་སྦྲུལ་ལོ་པ། མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་ལས་ལྷོ་དང་ དབྱངས་འཆར་ལས་ནུབ་བྱང་ཁ་ཐུག་ལུ་ཐེབས། དུས་ཚོད་ དྲོ་པ་ཆུ་ཚོད་ ༨ ལས་ ༡༠ ཚུན་བཟང་།

ལྕགས་ཡོས་ཟླཝ་གཉིས་པའི་ཚེས་ ༢༦ ལུ།

སྤྱི་ཚེས་༣༠/༠༣/༢༠༡༡

གཟའ་ ཕུར་བུ་ སྐར་མ་ བྱི་བཞིན་ ཉིནམ་ མེ་བྱ། རྟེན་འབྲེལ་ སྐྱེ་མཆེད་ འཕྲོད་སྦྱོར་ ས་རླུང་ཕྲད་པ། འབད་བཏུབ་ གཟའ་སྐར་འཕྲོད་སྦྱོར་ངནམ་ལས། དུས་རྒྱུན་གྱིགསོལ་མཆོད་ཕུལ་ནི་ཚུ་མ་གཏོགས། འབད་ མ་བཏུབ་ རབ་གནས་འབད་ནི་དང་ ཕྱྭ་འགུགས་བརྐྱབ་ནི་ ཁྱིམ་ཐོག་བཀབ་ནི་ སྡོད་གནས་སྤོ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ གོ་གནས་ གསརཔ་བཀལ་ནི་ ས་ཐག་རིང་སར་འགྲོ་འགྲུལ་འབད་ནི་ གཉེན་བརྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ཚུ་ མི་བཏུབ་པས། མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་ལས་ནུབ་བྱང་དང་ དབྱངས་འཆར་ལས་བྱང་ཁ་ཐུག་ལུ་ ཐེབས།

ལྕགས་ཡོས་ཟླཝ་གཉིས་པའི་ཚེས་ ༢༧ ལུ།

སྤྱི་ཚེས་༣༡/༠༣/༢༠༡༡

གཟའ་ པ་སངས་ སྐར་མ་ མོན་དྲེ་ ཉིནམ་ ས་ཁྱི། རྟེན་འབྲེལ་ མིང་གཟུགས་ འཕྲོད་སྦྱོར་ ས་ཆུ་ཕྲད་པ། གཟའ་སྐར་འཕྲོད་སྦྱོར་བཟང་པོ་ཡོད། འབད་བཏུབ་ ལྷ་བསངས་ཁྲུས་གསོལ་ནི་དང་ ལྷ་སྲུང་གསོལ

ནི་ རབ་གནས་འབད་ནི་ ཕྱྭ་འགུགས་བརྐྱབ་ནི་ དགེ་སློང་ནང་འཛུལ་ནི་ གོ་གནས་གསརཔ་བསྐོས་ནི་ ནོར་ལྷ་མཆོད་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ སྡོད་གནས་སྤོ་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ ཚོང་ལཱ་

གསརཔ་འགོ་བཙུགས་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ ས་ཐག་རིང་སར་འགྲོ་འགྲུལ་འབད་ནི་ བྲན་གཡོག་བཙུགས་ནི་ ཞིང་ཁར་སོན་བཏབ་ནི་དང་ སྐྱེ་ཤིང་མེ་ཏོག་བཙུགས་ནི་ཚུ་ ལེགས་ཤོམ་ཡོད། འབད་ མ་བཏུབ་ མནའམ་གཏོང་ལེན་འབད་ནི་དང་ རྟེན་འབྲེལ་བརྩི་ནི་ཚུ་ མི་བཏུབ་པས། བླ་གཟའ་ ལུག་དང་བྱ་སྤྲེལ་ལོ་པ། སྲོག་གཟའ་ རྟ་སྦྲུལ་ལོ་པ། གཤེད་གཟའ་ སྟག་ཡོས་ལོ་པ། མཁའ་འགྲོའི་རྒྱུ་ལམ་ དུས འཁོར་དང་ དབྱངས་འཆར་གཉིས་ཆ་ར་ལས་བྱང་ཤར་ཁ་ཐུག་ལུ་ཐེབས། དུས་ཚོད་ དྲོ་པ་ཆུ་ཚོད་ ༡༠ ལས་ ༢ ཚུན་བཟང་། ལྕགས་ཡོས་ཟླཝ་གཉིས་པའི་ཚེས་ ༢༨ ལུ།

སྤྱི་ཚེས་༠༡/༠༤/༢༠༡༡

གཟའ་ སྤེན་པ་ སྐར་མ་ མོན་དྲུ་ ཉིནམ་ ལྕགས་ཕག་ རྟེན་འབྲེལ་ མ་རིག་ འཕྲོད་སྦྱོར་ ས་གཉིས་ཕྲད་པ། གཟའ་སྐར་འཕྲོད་སྦྱོར་ལེགས་ཤོམ་ཡོད། འབད་བཏུབ་ ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་བརྐྱབ་

ནི་ ནོར་ལྷ་མཆོད་ནི་ དྲག་ལས་ཀྱི་བཟློག་པ་རིམ་གྲོ་འབད་ནི་ སྡོད་གནས་སྤོ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ གོ་གནས་གསརཔ་བཀལ་ནི་

གཉེན་བརྐྱབ་ནི་ བང་མཛོད་བཙུགས་ནི་ ས་ཁ་དབྱེ་ནི་ ས་ཞིང་གི་ཡུལ་མཁར་དང་ མིང་བཏགས་ནི་ ཞིང་ཁར་སོན་བཏབ་ནི་དང་ སྐྱེ་ཤིང་མེ་ཏོག་བཙུགས་ནི་ཚུ་ ལེགས་ཤོམ་ཡོད། འབད་མ་བཏུབ་ ས་ཞིང་ཕྱི་ཁར་ བཙོང་ནི་ ས་ཐག་རིང་སར་འགྲོ་འགྲུལ་འབད་ནི་དང་ ས་བརྐོ་རྡོ་སློག་འབད་ནི་ཚུ་ མི་བཏུབ་པས། བླ་གཟའ་ གླང་ལོ་པ། སྲོག་གཟའ་ སྟག་ཡོས་ལོ་པ། གཤེད་གཟའ་ བྱི་ཕག་ལོ་པ། མཁའ་འགྲོའི་རྒྱུ་ལམ་ དུས་ འཁོར་ལས་བྱང་དང་ དབྱངས་འཆར་ལས་ཤར་ཁ་ཐུག་ལུ་ཐེབས། དུས་ཚོད་ དྲོ་པ་ཆུ་ཚོད་ ༧ ལས་ ༡༠ ཚུན།


࣮ ࣬ ࣬ ࣮ ࣫ ࣯࣮࣫ ࣫ ࣯ ࣯ ࣫ ࣬ ࣬ ࣮ ࣮ ࣯࣯ ࣫ ࣫ ࣬ ࣬ ࣮ ࣮ ࣯ ࣯ ࣫ ࣫ ࣮ ࣮ ࣫ ࣯ ࣫ ࣬࣬ ࣮

࣯ ࣯ ࣮ ࣬ ࣬ ࣫ ࣯ ࣯ ࣯ ࣯ ࣯ ࣯༠༣࣯ ࣮

บ๩ᆸ ภ๬ຉภ๹ᆸภ๹ᆸ๴๿ภഽຉ๗ภ୛ງ๷ย ࣭ ࣭  บ๩ᆸ ภ ๬ ภ ຉ ๹ ภ ᆸ ๹ ๴ ᆸ ภ ๿ க ๹ภ ୛ ๷ ງ ย ࣭ ࣭ ࣭ ࣭   ภ๬ຉภ๹ᆸภ๹ᆸ๴๿ภ๥๪๙ภ୛ງ๷ย บ๩ᆸ ࣭ ࣭  บ๩ᆸ ภ๬ຉภ๹ᆸภ๹ᆸ๴๿ภſ๙ภ୛ງ๷ย ࣭ ࣭ ࣭ ࣭ ࣭  บ๩ᆸ ภ๬ຉภ๹ᆸภ๹ᆸ๴๿ภࣧภ୛ງ๷ย ࣭ the   บ๩ᆸ ๴๿ภ๪๪๹ภഗᆧย ๖๬๗ᆩཇོར་ན་ལིསཊི ๧ ๳๿๧། ๳ຉ  ๷ᆩཟླཝ་  ༣๖ᆸ๧ཚེས་  ‫ڧ‬๖ᆮ ๧  ๖๬ ๗ᆩ๧๳๿๧๳ຉ๧๷ᆩ སྤྱི་ལོ་๧༢༠༡༡ ༢༧ རེས་གཟའ་ཟླ་བ།  บ๬ຉ ๷ᆩ๳ຉ๧  ๳๿๧  ๗ᆩ๧  ๖๬  ๖ᆮ๧  ‫ڧ‬๖ᆸ๧  ๷ᆩ๳ຉ๧๳๿๧๗ᆩ๧๖๬  ๴๿ภ๪๪๹ภഗᆧย ึฺ ϶฻฽฻฽ฺฺ฾฾฼฻  ภ๬ຉ๴๿ภ๪๪๹ภഭງย บ๩ᆸ

Journalist             

བདུན་ཕྲག་ཧེ་མའི་འཕྲོ་མཐུད།

གནམ་ལོ་ལྕགས་མོ་ཡོས་ལོའི་ ལོ་མོའི་འབྲས་བཤད།

บࡲ๿ภ๷ᆸย

฻฻฻฼ ฻฽ ฻฾  ฼ี ฼ึ ฼ื ฼ุ  ฼ู ฼ฺ  ฼฻  ฼฼ ฼฽ ϭภ๙๩ภࣟ๗ϭภ ࣟ஺๞ภ୑ഖ஺๞ภ ງ๷๹ภகഡ๗๹ภ ᆸ๹๸ᆩ๙ภࣟภೲ๿ ๗ϭภ ๸ᆩ๙Ȭภഖ๿ງ๷஺๗๹ภ ϭภக๗ϭภ ๷஺๞ภ୑๴๬ງ ࣡๗๹ภ๵ภഡᆸ๹๷๬ງ ๹ภภ๴ೲ࣡๗๸ᆩ ๗๬ງ๙ภˣภ๵๙๬ງ ๸ᆩˣ๙๙ϭภ ภ๩๗๸ᆩ๙ภࣟȬ๿ บ๪୶๿ภࣟภᆧ๙ภᆧ๙ภ๗ᆩภ๷ᆸภ๥๙ภುງ๹ภഭ๬ງ ງย ๸ᆩ๙ภȬࣟ๿๸ᆩ

฾ึ ื ุ ู ฺ ฻ ฼ ฽ ฾ ึ ื ุ

࣮ ࣫࣫ ࣮ ࣬ ࣮ ࣯ ࣯ ࣮ ࣮ ࣫ ࣮ ࣯࣯࣬࣬ ࣮ ࣮ ࣫࣫ ࣮ ࣬

࣮ ࣮ ࣮ ࣮ ࣯࣯ ࣮ ࣬ ࣯࣫ ࣯࣫ ࣯࣬ ࣫࣫ ࣯࣯࣫ ࣮ ࣮ ࣮ ࣫ ࣯ ࣯ ࣫ ࣮ ࣮࣬࣪ ࣪ ࣯࣯ ࣮

บ๩ᆸภ๬ຉภ๹ᆸภ๹ᆸ๴๿ภഽຉ๗ภ୛ງ๷ย ࣭ ࣭ บ๩ᆸภ๬ຉภ๹ᆸภ๹ᆸ๴๿ภக๹ภ୛ງ๷ย ࣭ ࣭ บ๩ᆸภ๬ຉภ๹ᆸภ๹ᆸ๴๿ภ๥๪๙ภ୛ງ๷ย ࣭ ࣭ บ๩ᆸภ๬ຉภ๹ᆸภ๹ᆸ๴๿ภſ๙ภ୛ງ๷ย ࣭ ࣭ ࣭ บ๩ᆸภ๬ຉภ๹ᆸภ๹ᆸ๴๿ภࣧภ୛ງ๷ย บ๩ᆸ๴๿ภ๪๪๹ภഗᆧย ๖ᆸ๧‫ڧ‬๖ᆮ๧๖๬๗ᆩ๧๳๿๧๳ຉ๧๷ᆩ๖ᆸ๧‫ڧ‬๖ᆮ๧๖๬๗ᆩ๧ บ๬ຉ๴๿ภ๪๪๹ภഗᆧย ๖ᆮ๧‫ڧ‬๖ᆸ๧๷ᆩ๳ຉ๧๳๿๧๗ᆩ๧๖๬๖ᆮ๧‫ڧ‬๖ᆸ๧๷ᆩ๳ຉ๧ ϲฺ ϲฺึึฺ฼฻฽฻฽ฺ บ๩ᆸภ๬ຉ๴๿ภ๪๪๹ภഭງย ༤༡༽ སྐྱེས་པ་ལྕགས་ཕག་ལོ་པ།

ཟླ་དོག་དང་ཞག་དོག་གཉིས་ཀར་ཟླ་

དང་ཞག་དོག་ ༨ པར་ཕོག་པས་

དར། གཞན་རྣམས་གུད། བབས་

བསྐོར་སྨེ་ ༥ སེར། བདུན་ཟུར་ཁེལ་

ཐང་དང་རླུང་རྟ་གུད། བསྐོར་སྤར་ལི་

༤༡༽ ཟ་མ་ལྕགས་ཕག་ལོ་མ།

༤༢༽ སྐྱེས་པ་ལྕགས་ཁྱི་ལོ་

གནམ་སྒོར་བབས་པས། བ་གམ་མི་

རྫས་དམར་ཤས་འདུ་ལོང་གཟབ།

ལུས་དར་། བླ་དང་སྲོག་འབྲིང་། དབང་ མེ། བསྐོར་སྨེ་བརྒྱད་དཀར། མཐུན་

གསུམ་དང་སྤར་ཁའི་དགུ་མིག་བཅས་ ཁེལ་བས། ཁང་ནག་བཤུ་དང་ལམ་

རིང་སྤང་། མེ་ལས་ལྕགས་སྤྱད་ལེན་ པ་དང་དམར་རྫས་བསྲུང་། ཡུགས་

ཟས་དང་བུ་སྲིང་གི་ཟས་མི་ཟ། མཁར་ ལས་ས་བརྐོ་རྡོ་སློག་དང་ཁང་རྨང་

འདིངས་སོགས་སྤང་། ཉམས་གྲིབ་ ཡུག་ཟས་ཁོན་སོགས་མི་གཙང་

འཛེམ། སེམས་འཕྲལ་ན་ཚ་འབྱུང་ཉེན་

ཡོད་པས། ལམ་འཕྲང་བཅོས་དང་ཟམ་ པ་འཛུགས། བླ་བསླུ་ཚེ་འགུགས་དང་ བརྒྱ་བཞི་གཡང་ལོན་བྱ། སཱཙྪ་བཏབ། སྨན་ཆོག་ཅི་མང་བྱ། སྐྱབས་འགྲོ་ཅི་

དྲག་འདོན། མཐུན་གསུམ་ལྟོ་བཅོས་

བྱ། མཆོད་རྟེན་སྐུ་དཀར་གསོལ། ལྷ་ སྲུང་གསོལ་བསང་ཁྲུས་གང་མང་

བསྐྱར། དགུ་མིག་ནས་འདོན། རླུང་ དར་འཕྱར། རླུང་རྟ་བསག ཆོས་ཉི་ ཁྲི་དང་བརྒྱད་སྟོང་པ། གཙུག་ཏོར།

སྟོབས་པོ་ཆེ། མཚན་བརྒྱ། ཕྱོགས་

བཅུ་མུན་སེལ་བཅས་བཀླག སྤར་

ཁའི་ཕྱོགས་བཟང་ནི། ཤར་སྲོག་འཚོ། ཤར་ལྷོར་དཔལ་བསྐྱེད། ལྷོར་ཕྱྭ་ལོན། བྱང་དུ་གནམ་སྨན་བཅས་གནས་པའི་ པྱོགས་སུ་དགེ ཕྱོགས་ངན་ནི། ལྷོ་

ནུབ་ལུས་ཆད། ནུབ་ཏུ་འདྲེ་ལྔ། ནུབ་

བྱང་བདུད་གཅོད། བྱང་ཤར་གནོད་པ་

བཅས་གནས་པའི་ཕྱོགས་སུ་ངན་ནོ།།

༨ པར་ཁེལ་བས་སྐུ་རིམ་ལ་བརྩོན།།

ལུས་དར་། བླ་དང་སྲོག་འབྲིང་། དབང་ ཐང་དང་རླུང་རྟ་གུད། བསྐོར་སྤར་ཁམ་ ཆུ། བསྐོར་སྨེ་བརྒྱད་དཀར། མཐུན་

གསུམ་དང་སྤར་ཁའི་དགུ་མིག་བཅས་ ཁེལ་བས། ཁང་ནག་བཤུ་དང་ལམ་ རིང་སྤང་། དམར་དང་རོ་བག་ཐབ་

གཞོབ་འདུ་ལོང་འཛེམ། ཆུ་ཆེན་བརྒལ་ དང་ཆུ་ལས་བསྲུང༌། ཕྱིང་པ་དང་རྟ་

གཡུ་མི་ཉོ། ཡུགས་ཟས་དང་བུ་སྲིང་

གི་ཟས་མི་ཟ། མཁར་ལས་ས་བརྐོ་རྡོ་ སློག་དང་ཁང་རྨང་འདིངས་སོགས་

སྤང་། སེམས་འཕྲལ་ན་ཚ་འབྱུང་ཉེན་

ཡོད་པས། སྨན་ཆོག་ཅི་མང་བྱ། དགྲ་ ལྷ་དང་ལྷ་སྲུང་གསོལ། སྐྱབས་འགྲོ་ ཅི་དྲག་འདོན། བརྒྱ་བཞི་བྱ། མཐུན་ གསུམ་ལྟོ་བཅོས་བྱ། གནམ་སྒོ་

བསྐྱལ། མཆོད་རྟེན་སྐུ་དཀར་གསོལ། བླ་བསླུ་ཚེ་ཆོག་བྱ། ལྷ་སྲུང་གསོལ་ བསང་ཁྲུས་གང་མང་བསྐྱར། དགུ་ མིག་ནས་འདོན། རླུང་དར་འཕྱར།

རླུང་རྟ་བསག ཆོས་ཉི་ཁྲི་དང་བརྒྱད་ སྟོང་པ། གཙུག་ཏོར། སྟོབས་པོ་ཆེ།

མཚན་བརྒྱ། སྤར་ཁའི་ཕྱོགས་བཟང་

ནི། ཤར་དཔལ་བསྐྱེད། ཤར་ལྷོར་སྲོག་ འཚོ། ལྷོར་གནམ་སྨན། བྱང་དུ་ཕྱྭ་ལོན་ བཅས་དགེ ཕྱོགས་ངན་ནི། ལྷོ་ནུབ་

བདུད་གཅོད། ནུབ་ཏུ་གནོད་པ། ནུབ་

བྱང་ལུས་ཆད། བྱང་ཤར་འདྲེ་ལྔ་བཅས་ པའི་ཕྱོགས་སུ་ངན་ནོ།ཟླ་དོག་ ༦ པ་

གཟབ་པར་གཅེས་སོ།།

པ། ལུས་དར། གཞན་རྣམས་གུད། བབས་སྤར་ཁོན་ས། བབས་སྨེ་ ༥

སེར། ས་སྒོ་ཁེལ་བས། མཁར་ལས་ ས་བརྐོ་རྡོ་སློག་འཛེམ། མནའ་སྐར་

དང་ཁྱི་གསར་གསོ་བ་བསྲུང༌། གྲིབ་

དང་མི་གཙང་འགོ་ནད་འཛེམ། ལུས་ ལ་ནད་འཁོར་སེམས་སྡུག་ཆེ། སྨན་

བླའི་མདོ་ཆོག་དང་སྐྱབས་འགྲོ་ཅི་མང་

འདོན། སྲོག་བསླུ་དང་ལུས་བསྒྱུར་བྱ། བླ་བསླུ་ཚེ་ཆོག་བྱ་ཚེ་དབང་ཞུ། ལམ་ འཕྲང་བཅོས་དང་ཟམ་པ་འཛུགས།

རྒྱལ་མཚན་རྩེ་མོ་དང་རླུང་དར་ཅི་མང་ འཕྱར། ལྷ་སྲུང་ལ་གསོལ་ཁ་དང་

བསང་ཁྲུས་གང་མང་བསྐྱར། དུར་སྲི་ མནན། ས་སྒོ་བསྐྱལ། ཆོས་འབུམ་

དང་ཏོག་གཟུངས། མཚན་བརྒྱ། ནམ་ སྙིང༌། བླ་གྲོས་མི་ཟད་པའི་མདོ། ལྷ་

མོ་ནོར་རྒྱུན་མ་དང་ཚེ་ལྷ་རྣམ་གསུམ་ གང་མང་གསོག སྤར་ཁའི་ཕྱོགས་ བཟང་ནི། ལྷོ་ནུབ་ཕྱྭ་ལོན། ནུབ་ཏུ་

དཔལ་བསྐྱེད། ནུབ་བྱང་གནམ་སྨན།

བྱང་ཤར་སྲོག་འཚོ་བཅས་གནས་པའི་ ཕྱོགས་སུ་བཟང༌། ཕྱོགས་ངན་ནི།

ཤར་གནོད་པ། ཤར་ལྷོར་འདྲེ་ལྔ། ལྷོར་ ལུས་ཆད། བྱང་དུ་བདུད་གཅོད་བཅས་

གནས་པའི་ཕྱོགས་སུ་ངན་ནོ། ཟླ་དོག་ ༣ པ་དང་ཞག་དོག་ ༧ པར་ཁེལ་ བས་སྐུ་རིམ་ལ་བརྩོན།།

༤༢༽ ཟ་མ་ལྕགས་ཁྱི་ལོ་མ། ལུས་

སྤར་ཁེན་གནམ། བབས་སྨེ་ ༥ སེར། བཏེག ཁྱིམ་ཐོག་མི་འབུབས། ཁྱི་

གསར་གསོ་དང་མནའ་སྐར་འཛེམ། གྲིབ་དང་མི་གཙང་ཁོན་ལ་གཟབ། ལུས་ལ་ནད་འཁོར་སེམས་སྡུག་

ཆེ། སྨན་བླའི་མདོ་ཆོག་དང་སྐྱབས་ འགྲོ་ཅི་མང་འདོན། སྲོག་བསླུ་དང་

ལུས་བསྒྱུར་བྱ། བླ་བསླུ་ཚེ་ཆོག་བྱ་

ཚེ་དབང་ཞུ། ལམ་འཕྲང་བཅོས་དང་

ཟམ་པ་འཛུགས། རྒྱལ་མཚན་རྩེ་མོ་

དང་རླུང་དར་ཅི་མང་འཕྱར། ལྷ་སྲུང་ལ་ གསོལ་ཁ་དང་བསང་ཁྲུས་གང་མང་

བསྐྱར། དརུ་སྲི་མནན། ས་སྒོ་གནམ་ སྒོ་བསྐྱལ། ཆོས་འབུམ་དང་ཏོག་

གཟུངས། མཚན་བརྒྱ། ནམ་སྙིང༌། བླ་ གྲོས་མི་ཟད་པའི་མདོ། ལྷ་མོ་ནོར་རྒྱུན་ མ་དང་ཚེ་ལྷ་རྣམ་གསུམ་གང་མང་

གསོག སྤར་ཁའི་ཕྱོགས་བཟང་ནི།

ལྷོ་ནུབ་གནམ་སྨན། ནུབ་ཏུ་སྲོག་འཚོ། ནུབ་བྱང་ཕྱྭ་ལོན། བྱང་ཤར་དཔལ་

བསྐྱེད་བཅས་གནས་པའི་ཕྱོགས་སུ་

བཟང༌། ཕྱོགས་ངན་ནི། ཤར་དུ་འདྲེ་ལྔ། ཤར་ལྷོར་གནོད་པ། ལྷོར་བདུད་གཅོད། བྱང་དུ་ལུས་ཆད་བཅས་གནས་པའི་

ཕྱོགས་སུ་ངན་ནོ། ཟླ་དོག་ ༥ དང་

ཞག་དོག་ ༧ པར་ཕོག་པས་སྐུ་རིམ་ ལ་བརྩོན།།

༤༣༽ སྐྱེས་པ་ས་བྱ་ལོ་པ། ལུས་ གུད། དབང་ཐང་འབྲིང་། གཞན་

གསུམ་པོ་དར། བསྐོར་སྤར་དྭ་ལྕགས།

བས། མགར་ཚང་དུ་འགྲོ་དང་མགར་ མཁར་ལས་ས་བརྐོ་རྡོ་སློག་འཛེམ།

གྲིབ་དང་མི་གཙང་འཁོན་ལ་གཟབ།

སྲོག་གཅད་སྤང་ཞིང་འཆི་ངེས་སྲོག་ བསླུ་བྱ། ལྕགས་སྤྱད་མདའ་མདུང་

རལ་གྲི་སོགས་ཀྱི་མཚོན་ཆའི་རིགས་ མི་ཉོ། སཱཙྪ་ལོ་གྲངས་བདུད་གཅོད་

དང་མར་མེ་ལོ་གྲངས་འདྲེ་ལྔའི་སར་

བསྐྱལ་ཏེ་སྨོན་ལམ་དང་སྲུང་མཚམས་ བྱ། ཐུགས་རྟེན་སྐུ་དཀར་གསོལ། ཚེ་ འགུགས་གཡང་ལོན་དང་བརྒྱ་བཞི་

བླ་བསླུ་བྱ། ཤ་བརྒྱ་ཟན་བརྒྱ་གཏོང༌།

ལུས་བསྒྱུར་བྱ་དང་སྐྱབས་འགྲོ་འདོན། ཚེ་གཡང་འགུགས། ལྷ་སྲུང་གསོལ། སཱཙྪ་ལོ་གྲངས་བཏབ། བདུན་ཟུར་

གཅད། བཙན་མདོས་བསྐྱལ། རླུང་དར་ འཕྱར། ཆོས་དཀོན་བརྩེགས་དང་ ཏོག་ གཟུངས་ མཚན་བརྗོད་ སྣང་བརྒྱད་ ཚེ་ གཟུངས་ གསེར་འོད་གཡང་སྐྱབས་

ཁྱིའུས་ཞུས་མདོ་བཅས་བཀླག། སྤར་ ཁའི་ཕྱོགས་བཟང་ནི། ལྷོ་ནུབ་དཔལ་

བསྐྱེད། ནུབ་ཏུ་ཕྱྭ་ལོན། ནུབ་བྱང་སྲོག་ འཚོ། བྱང་ཤར་གནམ་སྨན་བཅས་ གནས་པའི་ ཕྱོགས་སུ་བཟང་ངོ༌།

ཕྱོགས་ངན་ནི། ཤར་བདུད་གཅོད། ཤར་ ལྷོར་ལུས་ཆད། ལྷོར་འདྲེ་ལྔ། བྱང་དུ་

གནོད་པ་བཅས་ཁེལ་བས་ངན་ནོ། ཟླ་ དོག་ ༡༡ པ་དང་ཞག་དོག་ ༦ པར་ ཕོོག་པས་གཟབ་པར་གཅེས་སོ།།

འཕྲོ་མཐུད་བདུན་ཕྲག་ཤུལ་མར།


Journalist the

༠༤

ཇོར་ན་ལིསཊི། སྤྱི་ལོ་ ༢༠༡༡ ཟླཝ་ ༣ ཚེས་ ༢༠ རེས་གཟའ་ཟླ་བ།

ཐིམ་ཕུ་ལུ་ སྡོད་ཁྱིམ་མ་ཐོབ་པའི་ དཀའ་ངལ་ཡོདཔ།

༉ རྒྱལ་ས་ཐིམ་ཕུ་ལུ་ སྡོད་ཁྱིམ་གསརཔ་ ག་དེམ་ ཅིག་རང་ རྐྱབ་སྟེ་འབད་རུང་ ལོ་ གཅིག་བ་ལོ་གཅིག་ སྡོད་ཁྱིམ་ མ་ཐོབ་པའི་ དཀའ་ངལ་ཐོནམ་ མ་ཚད་ འོང་འབབ་ཆུང་ཀུ་ཚུ་ གིས་ ཁང་གླ་སྤྲོད་མ་ཚུགས་ པའི་ དཀའ་ངལ་ཚུ་ཡང་ ཐོནམ་ ཨིན་པས། དེ་བཟུམ་མའི་ དཀའ་ངལ་ཐོན་ མི་དེ་ཡང་ དང་པར་དུ་ ཐིམ་ཕུ་ ལུ་ མི་རློབ་ཡར་སེང་འགྱོ་བའི་

ཁར་ གཉིས་པ་ཟེརཝ་ད་ ཁྱིམ་ གྱི་ཇོ་བདག་ཚུ་གིས་ ཁོང་རའི་ བློ་འདོད་ལྟར་དུ་ ལོ་རེའི་བར་ན་ ཚར་རེ་ ཁང་གླ་ཡར་སེང་འབདཝ་ ལས་ འོང་འབབ་ཆུང་ཀུ་ཚུ་ གིས་ བཟའ་འཐུང་ལུ་ དམ་ དྲགས་འབད་དེ་ ཁང་གླ་སྤྲོདཔ་ ཨིན་རུང་ དཀའ་ངལ་ཐོན་མས་ ཟེར་ཨིན་པས། གཞུང་གི་ཁ་ཐུག་ལས་ སྡོད་ ཁྱིམ་ཆེ་ཆུང་དང་འཁྲིལ་ཏེ་ ཁང་ གླའི་ཚད་གཞི་ཅིག་ བཟོ་གནང་

པ་ཅིན་ གཞུང་གཡོགཔ་ཉམ་ ཆུང་དང་ འོང་འབབ་ཆུང་ཀུ་ཚུ་ ལུ་ ཁེ་ཕན་འབྱུང་ནི་ཨིན་རུང་ གཞུང་ཞབས་ལས་ ཐང་གཏང་ བཞག་མི་དེ་ ཧ་གོ་མི་ཚུགས་ པས་ཟེར་ འོང་འབབ་ཆུང་ཀུའི་ ཞི་གཡོགཔ་ཅིག་གིས་ སླབ་ ཨིན་པས། ཐིམ་ཕུ་ལུ་ སྒྲིང་ཁྱིམ་ཅིག་ནང་ སྡོད་མི་ སྐལ་བཟང་གིས་ སླབ་ དོ་བཟུམ་འབད་བ་ཅིན་ ཁོ་ ལུ་ ཁང་གླ་སྤྲོད་མ་ཚུགས་པའི་

དཀའ་ངལ་ཐོན་ཏེ་རང་འབད་ རུང་ ཁང་གླ་འཇམ་ཏོང་ཏོ་འབད་ མི་ སྡོད་ཁྱིམ་མ་ཐོབ་ནི་དེ་གིས་ བྱ་ཐབས་རང་མེད་པར་ ལྐོདམ་ སྡམ་སྟེ་ སྡོད་དགོ་པས་ཟེར་ཨིན་ པས། གཞུང་གཡོགཔ་ཚུ་གི་ནང་ལས་ དངུལ་ཕོགས་སྦོམ་ ཐོབ་མི་དང་ གཞུང་གི་ཁྱིམ་ནང་ སྡོད་མི་ཚུ་ ལུ་ ཁང་གླ་སྤྲོད་མ་ཚུགས་པའི་ དཀའ་ངལ་མེད་རུང་ ཞི་གཡོག་ དང་ སྒེར་སྡེའི་ནང་ ལཱ་འབད་མི་ འོང་འབབ་ཆུང་ཀུ་ཚུ་ལུ་ དཀའ་ ངལ་སྦོམ་རང་འདུག་ཟེར་ཨིན་ པས། སྒེར་སྡེའི་ནང་ ལཱ་འབད་མི་ བསོད་ནམས་ཀྱིས་ དངུལ་ ཕོགས་ལས་ བརྒྱ་ཆ་ ༧༠ དེ་ ཅིག་ ཁང་གླ་སྤྲོད་དགོ་ནི་དེ་ གིས་ བཀབ་བགོ་ཕར་བཞག་ བཟའ་འཐུང་ཡང་ མ་ལངས་པའི་ དཀའ་ངལ་སྦོམ་ཡོད་ཟེར་ སླབ་ ཨིན་པས། གཞུང་གི་ཁྱིམ་ནང་སྡོད་མི་ ཨམ་ཅིག་གིས་ སླབ་དོ་བཟུམ་ འབད་བ་ཅིན་ ཧེ་མར་ སྒེར་ གྱི་ཁྱིམ་ནང་ ཟླ་རིམ་ཁང་གླ་ དངུལ་ཀྲམ་ ༥༠༠༠ དེ་རེ་ སྤྲོད་ དགོཔ་ཨིན་རུང་ ད་རེས་ནངས་

པར་ གཞུང་གི་ཁྱིམ་ནང་ ཁང་ གླ་དངུལ་ཀྲམ་ ༢༠༠༠ རེ་མ་ གཏོགས་ སྤྲོད་མིན་དགོ་ཟེར་ ཨིན་པས། ཁྱིམ་གྱི་ཇོ་བདག་ཚུ་གིས་ སླབ་ དོ་བཟུམ་འབད་བ་ཅིན་ ཁྱིམ་ནང་ སྡོད་མི་རྐྱངམ་ཅིག་ལུ་ དཀའ་ ངལ་ཡོདཔ་མིན་པར་ ང་བཅས་ ལུ་ཡང་ དཀའ་ངལ་སྦོམ་ཡོད་ ཟེར་ཨིནམ་ད་ དེ་ཡང་ ཁྱིམ་ རྐྱབ་པའི་སྐབས་ལུ་ དངུལ་ཁང་ ཚུ་ལས་ བསྐྱིན་འགྲུལ་ལེན་ཏེ་ བརྐྱབས་ནི་དེ་གིས་ བསྐྱིན་ཚབ་ སྤྲོད་ནི་ལུ་ ལཱ་ཁག་གཏང་མས་ ཟེར་ཨིན་པས། ག་དེ་སྦེ་ཨིན་རུང་ རྒྱལ་ཡོངས་ ཁྱིམ་བཟོ་གོང་འཕེལ་ལས་ འཛིན་གྱིས་ རྒྱལ་ཁབ་ནང་ ཁང་ཚན་ ༨༠༠ དེ་ཅིག་ བཟོ་ བསྐྲུན་འབད་ནི་གི་ འཆར་གཞི་ ཡོད་པའི་ནང་ལས་ རྒྱལ་ས་ ཐིམ་ཕུ་ལུ་ བཟའ་ཚང་གི་དོན་ ལས་ ཁང་ཚན་ ༢༥༠ དེ་ཅིག་ བཟོ་སྐྲུན་འབད་ནི་ཨིནམ་ལས་ དུས་ཡུན་མ་རིངམོ་ཅིག་གི་ནང་ རང་ ཞི་གཡོགཔ་ཉམ་ཆུང་ ཚུ་གི་ དཀའ་ངལ་དེ་ བསལ་ ཚུགས་ནི་ཨིན་པའི་གནས་ ཚུལ།

ནང་སྲིད་དང་ སྲོལ་འཛིན་ལྷན་ཁག། ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་ ཞི་བའི་ཐོ་དེབ་དང་ མི་རྩིས་ལས་ཁུངས་ཀྱི་དོན་ལུ་ གཤམ་གསལ་ཁྱད་ཆོས་ཚང་མི་ མཛོད་ཁང་གི་ ས་ཁོངས་ཅིག་དགོཔ་ཡོད། ༡་ ཁྱིམ་ཐོག་འོག་མ་ཁག་༢ དགོ་པའི་ཁར་ ཡང་ཅིན་ ཅ་ལ་བཞག་ཁང་སྟོངམ། ༢་ ཐིམ་ཕུ་ཁྲོམ་དང་ ཡན་ལག་ཁྲོམ་སྡེ་ ཡང་ཅིན་ སྡོད་ཁྱིམ་ས་ཁོངས་ལུ། ༣་ སྣུམ་འཁོར་བཞག་ཐང་ཡོད་པའི ལྕགས་ར་འགོར་ཡོད་མི་དང་ ཉེན་སྲུང་ཅན་གྱི ས་ཁོངས་སུ་གོ་སྐབས་ཐེབས་ཡོད། ༤་ ཁྱེད་རའི་རེ་འདོད་ཡོད་མི་ ཁང་གླའི་གོང་ཚད་ཚུ་དང་སྦྲགས་ས་ཏེ་ གནས་འབྲེལ་འཐབ་ཨང་ཁ་བྱང་(དཔར་དང་ ཡང་ཅིན་ ས་ཁོངས་ཚུ་ གསལ་བཀོད་འབད་དགོ་) སྤྱི་ ཚེས་ ༢/༤/༡༡ གི་ ནང་འཁོད་ལུ་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་ མཁོ་སྒྲུབ་ལས་ཚན་ནང་བཙུག་གནང་། ༥་ གལ་སྲིད་ ད་ལྟོ་ཡོད་མི་ གཞུང་གི་གོང་ཚད་ཐོག་ལུ་ བྱིན་ནི་ཨིན་བ་ཅིན་ འཕྲལ་རང་དགོ་ནི་ཨིནམ་ལས་ ( བརྒྱུད་འཕྲིན་ཨང་ ༣༢༤༥༣༨ དང་ པར་འཕྲིན་ ༣༢༤༦༠༥ གི་ཐོག་ལས་ མཁོ་སྒྲུབ་དང་ ༣༢༢༣༠༡ གི་ཐོག་ལས་ ཞི་བའི་ཐོ་དེབ་དང་ མི་རྩིས་ལས་ཁུངས་ནང་ བཀྲིས་དབང་འདུས་དང་ དེ་ལས་ ༣༢༦༨༣༩ གི་ཐོག་ལས་ མདོ་ཆེན་དང་ འབྲེལ་བ་མཛད་གནང་།

dzongkha paper  

dzongkha paper

Read more
Read more
Similar to
Popular now
Just for you